Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གསང་སྔགས་དགྲ་ཆོས་ཐོག་པ་སྡེ་དགུ་དགྲ་བྲུབ་ནག་པོའི་གཡབ་མོ་གཏོ་ནག་དགྲ་ཟོར།
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousགསང་སྔགས་དགྲ་ཆོས་ཐོག་པ་སྡེ་དགུ་དགྲ་བྲུབ་ནག་པོའི་གཡབ་མོ་གཏོ་ནག་དགྲ་ཟོར།next

གསང་སྔགས་དགྲ་ཆོས་ཐོག་པ་སྡེ་དགུ་དགྲ་བྲུབ་ནག་པོའི་གཡབ་མོ་གཏོ་ནག་དགྲ་ཟོར།


CMR047_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་དགྲ་ཆོས་ཐོག་པ་སྡེ་དགུ་དགྲ་བྲུབ་ནག་པོའི་གཡབ་མོ་གཏོ་ནག་དགྲ་ཟོར་བཞུགས་སོ། །


CMR047_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫ་ཤྲཱི་ཡེ། འཇམ་དཔལ་རིགས་གསུམ་ཞབས་ལ་ཕྱག་འཚལ་ནས། །འགྲོ་ལ་ཕན་ཕྱིར་དགྲ་ཆོས་མདོ་ཙམ་བྲི། །ཡི་དམ་ཆོས་སྐྱོང་ཝེར་མས་བཀའ་གནང་སྩོལ། །སྔོན་ཚེ་ཡེ་སྨོན་རྒྱལ་པོའི་སྐུ་རིང་ལ། །བདུད་པོ་ངམ་རྗེ་རྩོལ་པོ་དགྲ་རུ་ལངས། །འཛམ་གླིང་མི་ལ་དམག་སྣ་ལྡང་བའི་དུས། །སྲིད་པ་ཡེ་སྨོན་རྒྱལ་པོ་ཁོ་རང་གིས། །གཤིན་པོ་རང་གཏོ་རང་གིས་བྱས་པ་ལ། །ས་ལས་རྡོ་བླངས་དགྲ་བོའི་བླ་རྡོ་བྱས། །ལུང་ལས་ཤིང་བཅད་དགྲ་བོའི་བླ་ཤིང་བྱས། །དགྲ་བོའི་རྐང་ལག་གཟུགས་བཞི་མགོ་དང་ལྔ། །ལིངྒ་བྲིས་ནས་འགུགས་གཞུག་ཟིལ་གྱིས་མནན། །གཡག་རུའི་ནང་བཅུག་རྡོ་ནག་ཤིང་ནག་དང་། །མི་ཁའི་ཡས་བསགས་ཤིང་ནག་མི་གཟུགས་གཅིག །དྲོད་པར་ཁྲག་བླུགས་དགྲ་ལིང་མཚོན་ཆས་གཏུབ།


CMR047_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིས་ངམ་རྗེ་རྩོལ་པོ་རླུ་གབ་ནོན། །དམག་རྣམས་ཕར་ལ་བཟློག་སྟེ་དགྲ་བྲུབ་སོང་། །དེ་ཕྱིར་མིའུ་རུས་དྲུག་བཀྲ་ཤིས་སོ། །དེང་སང་གཏོ་མཁན་འགའ་ཡི་བྱེད་ཚུལ་ལ། །སྔོན་གྱི་དེ་ཡིན་ཟེར་བའི་དགྲ་ཆོས་བྱེད། །བཅའ་ཚོགས་འདོན་རྒྱུ་གཉིས་པོ་ཡ་བྲལ་ཏེ། །རྡོ་ནག་ཡོན་བདག་ཚང་གི་ཁྱིམ་ནས་ལེན། །ཤིང་ནག་ཡིན་ཟེར་གླང་མ་དུམ་བུ་དགུ། །ལིངྒ་མེད་པ་གཡག་རུ་སྟོང་པ་ཞིག །འདོན་ཆ་མེད་པའི་གླང་གཟུགས་ཁྲག་དྲོད་བཏགས། །གོང་ནོན་མི་དགོས་དེ་ནུབ་མཚོན་ཆས་གཏུབ། །དཔེ་མེད་ལུང་མེད་རྟ་ཡི་ཡིག་དྲུག་འདྲ། །དེ་འདྲས་ཕན་གནོད་ཅི་འགྱུར་ཆ་མ་མཆིས། །དེ་ལ་ཕན་ཕྱིར་དགྲ་ཆོས་འདི་བྲིས་པ། །གྲུབ་ལྟར་ལག་ཏུ་ལན་བདེ་བཀོད་པར་བྱ། །དང་པོ་ཡི་དམ་ཆོས་སྐྱོང་བཀའ་སྲུང་དང་། །གཞུང་ལྟར་


CMR047_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཕྲེང་ཚོགས་མཆོད་བསྐང་བསྡུས་དང་། །བཟློག་གཞུང་འདོན་ལ་བསྙེན་པ་ཅི་མང་བྱེད། །དཔེར་ན་རྒྱལ་པོར་ཞུས་ནས་བཀའ་ཁྲིམས་བླང་། །དེ་ནས་གཞན་ལ་བཙོད་པ་ལྟ་བུའོ། །མར་གཞི་དགྲ་བོའི་བཅའ་ཚོགས་འདི་ལྟ་སྟེ། །ཧོམ་ཁུང་ནང་དུ་གཡག་རུ་གཡོན་པ་བཞག །གཡག་རུའི་ནང་དུ་དགྲ་ལིང་མན་ངག་ལྟར། །བྲིས་པ་བཅུག་ལ་གླང་མར་བྱོ་ཁྲམ་བྲིས། །ཚྭ་གཡེར་རམ་རུག་གོ་གསུམ་ཐལ་བ་དང་། །མི་དང་དུད་འགྲོས་མ་འགོང་རྡེལ་བུ་རྣམས། །དེ་འདྲའི་དགུ་ཚོམ་བཤམས་ལ་དགྲ་བྲུབ་བྱ། །གླང་གཟུགས་མགུལ་དུ་ཁྲག་དྲོད་གཡག་རུ་བཏགས། །མདའ་ཟོར་རྒྱོབ་ལ་དགྲ་ཕྱོགས་ཟོར་ཡང་འཕོངས། །གཞུང་ལྟར་བྱེད་ན་བསྲུང་བ་བསྐང་ཟློག་སོགས། །ཞག་མང་བཅའ་ན་ནུབ་རེ་བཟློག་པའི་མཇུག །ཚར་རེ་བཏོན་ནས་དགྲ་བྲུབ་བྱ་བ་དང་། །མནན་པ་བྱ་བ་དགྲ་མནན་མཆོག་ཡིནཏེ། །བྱད་དང་དགྲ་ངོ་མང་དང་ཇག་རྐུན་བཅིང་། །ཁ་མཆུ་མི་ཁ་ལྡང་བ་ལ་སོགས་པ། །ཕན་ཆེན་ལག་ཏུ་བླངས་བའི་གཏོ་ནག་ཡིན། །གོང་དུ་དགྲ་ཟློག་དགྲ་བགེགས་ཚར་གཅོད་འདོན། །འདི་ནི་གཏིང་ཕུལ་ཡིན་པ་ཤེས་པར་གྱིས། །ཞིབ་པར་སྔགས་པ་ཁྱོད་ལ་ཞལ་ཁྲིད་བྱེད། །འདོན་ཆ་བཅས་དང་མཐུན་པ་འདི་ལྟར་རོ། །ཨོཾ་སྭ་བྷ་ཝས་སྦྱངས། གཏོ་ནག་མི་དམིགས་པ་སྟོང་པའི་ངང་ལས། བདུད་ཤིང་ནག་པོ་གླང་གཟུགས་དང་། ཤིང་མི་ནག་པོ་ཁ་སྨྲས་གླེང་གཞིའི་ཁྲག་གྲོད་མགུལ་དུ་བཏགས་པ། དེ་ཡི་མདུན་དུ་


CMR047_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཁང་ནག་པོའི་ནང་དུ། དགྲ་བོ་འགུགས་པའི་གཡག་རུ་ནག་པོ་ཚ་ལ་རྩུབ་པ། ནག་ལ་འཇིགས་པ། དེའི་ནང་དུ་ཐད་དུ་ལང་བའི་དགྲ་བོ་ཐམས་ཅད་ཀྱི་བླ་དང་སྲོག་གི་ལིངྒ་གཟུགས་དང་སྐྱེ་མཆེད་ཚང་བ་སྔོ་བ་སྐྱ་བ་ཧམ་པ་རིད་པ། མིག་ནས་ཁྲག་གི་མཆི་མ་ཤོར་བ། རྐང་ལག་ལྕགས་སྒྲོག་གིས་བསྡམས་པ། མགོན་སྐྱབས་ཀྱི་ལྷ་དང་བྲལ་བ། འདར་ཕྲི་ལི་ལི་བསྔངས་ཧ་ཧ་བྱེད་པ། ཉམས་ཐག་ཉོན་མོངས་པ། ཁ་ནས་སྡུག་བསྔལ་གྱི་ཆོ་ངེས་འདེབས་པ་ཞིག་ཏུ་གྱུར། གཞན་ཡང་སྔགས་འཆང་རྣལ་འབྱོར་པ་བདག་དང་ཡོན་བདག་འཁོར་དང་བཅས་པ་ཐམས་ཅད་ལ། ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅས་པ་ཐམས་ཅད་ནས། སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། ལེན་པ་མེད་པའི་ནོར་འཕྲོག་པ། བཟློས་པ་མེད་པའི་སྲོག་ལ་རྒོལ་བ། ཟོས་པ་མེད་པའི་བུ་ལོན་སྙག་ལྷོ་པ། དོ་བསྡོ་ཤིང་ཕོད་བཙུགས་པའི་དགྲ་ཡ་གྱོད་ཡ་འཛིང་ཡ་འཁོན་ཡ་བྱེད་པའི་དགྲ་བོ། ལ་ཁ་ནས་ཇག་པ་རྟ་སྒ་བཏོད་མི། ལུང་ཁུང་ནས་རྐུན་མ་ཤེད་སྤུ་ཁུར་མི། རྐུན་ཁ་


CMR047_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཤོར་བྱེད་མི། འཇབ་ལག་ཤོམ་བྱེད་མི། ཁ་མཆུ་དང་བཙོད་ཡ་བྱེད་པའི་དགྲ་བོ། གདོན་བགེགས་འབྱུང་པོ་དམ་སྲི་ཐམས་ཅད་ཀྱི་བླ་རྡོ་ནག་པོ། བླ་ཤིང་ལིང་དགུ་གྲུབ་པའི་ཚྭ་སྒོག་རམ་པ། གོ་གསུམ་ཐལ་བ། ཡས་སྟགས་དེ་དག་ཐམས་ཅད་ལ་དགྲ་བགེགས་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་དབྱེར་མེད་དུ་ཐིམ་པར་གྱུར། ཛཿ ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཡི་དམ་རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས་ཀྱི་བཀའ་བདེན་པ་དང་། བཀའ་སྲུང་དམ་ཅན་རྒྱ་མཚོ་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཕོ་ལྷ་དགྲ་བླ་ཝེར་མ་ཡུལ་ལྷ་ཟོ་དོར་རྣམས་ཀྱི་བཀའ་བདེན་པ་དང་། སྔགས་འཆང་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པའི་མཐུས། སྔགས་འཆང་རྣལ་འབྱོར་པ་བདག་ཅག་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ལ། ཉི་


CMR047_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅས་པ་ཐམས་ཅད་ནས། སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་བསམ་པ། ད་དགྲ་དངོས་སུ་བྱེད་པའི་གནོད་བྱེད་དགྲ་བོ། ལེན་པ་མེད་པའི་སྲོག་ལ་རྒོལ་བ། བསྡོས་པ་མེད་པའི་ནོར་འཕྲོག་པ། ཟོས་པ་མེད་པའི་བུ་ལོན་བསྙག་པ། དོ་བསྔོ་ཞིང་ཕོད་བཙུགས་པའི་དགྲ་ཡ་གྱོད་ཡ་འཛིང་ཡ་འཁོན་ཡ་བྱེད་པའི་དགྲ་བོ། ལ་ཁ་ནས་ཇག་པ་རྟ་སྒ་བཏོད་མི། ལུང་ཁུང་ནས་རྐུན་མ་ཤེད་སྤུ་ཁུར་མི། རྐུན་ཁ་ཤོར་བྱེད་མི། འཇབ་ལག་ཤོམ་བྱེད་མི། ཁ་མཆུ་དང་རྩོད་ཡ་བྱེད་མི། མི་མེད་དང་ལྷ་མེད་ཟེར་བའི་དགྲ་བོ་ཐམས་ཅད་ཀྱི་བླ་སྲོག་རྣམ་པ་ཤེས་པ་མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་འགྲམ། བར་ཉི་ཟླའི་སྐྱབས། སྔགས་པ་ནུས་པ་ཅན་གྱི་གུར་ཁང་། སྲིད་པ་གསུམ་གར་གནས་ཀྱང་སྐད་ཅིག་རང་དབང་མེད་པར་གཟུགས་ལིངྒ། བླ་རྡོ་ནག་པོ་མིང་བྱང་གླང་གཟུགས་ཐལ་རམ་འདི་ལ་ཁུག་ཅིག་ཕོབ་ཅིག །བཛྲ་ཨཾ་ཀུ་ཤ་ཛཿ རཏྣ་པཱ་ཤ་ཧཱུྃ༔ པདྨ་སྥོ་ཊ་བཾ། ཀརྨ་གྷནྡྷེ་


CMR047_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ། །ཅེས་རོལ་ཆེན་དང་བཅས་པས་ལན་གསུམ་བཀུག་པར་བྱས་ལ་དང་པོ་གཟུ་དཔང་མི་འགལ་བ་རྣམས་ཚུལ་བཞིན་ཉམས་སུ་བླངས་ནས། ཧཱུྃ། དཀོན་མཆོག་གསུམ་པོ་གཟུ་དང་དཔང་། །བླ་མ་ཡི་དམ་གཟུ་དང་དཔང་། །མཁའ་འགྲོ་ཆོས་སྐྱོང་གཟུ་དང་དཔང་། །བཀའ་སྲུང་དམ་ཅན་གཟུ་དང་དཔང་། །ནོར་ལྷ་གཏེར་བདག་གཟུ་དང་དཔང་། །ཕོ་ལྷ་དགྲ་ལྷ་གཟུ་དང་དཔང་། །ལྷ་བཙན་ཤན་པ་གཟུ་དང་དཔང་། །དགྲ་ལྷ་ཡེ་བརྫུ་གཟུ་དང་དཔང་། །སྣང་སྲིད་ལྷ་འདྲེ་གཟུ་དང་དཔང་། །ཡུལ་ལྷ་གཞི་བདག་གཟུ་དང་དཔང་། །གནས་བདག་དགེ་བསྙེན་གཟུ་དང་དཔང་། །ཁྱེད་རྣམས་གཟུ་དང་དཔང་མཛོད་ཅིག །གཏོར་མ་འབྲུ་སྣ་འདོད་ཡོན་ལྔས། །མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང་། །ཇ་ཕུད་ཆང་ཕུད་བདུད་རྩི་ལྔས། །གཟུ་དཔང་ལྷ་ལ་མཆོད་པར་འབུལ། །དགྲ་བགེགས་ཤ་ཁྲག་ལིངྒ་ཡིས། །བཀའ་སྲུང་དམ་ཅན་མཉེས་གྱུར་ཅིག །བདུད་རྩི་གསེར་སྐྱེམས་མཆོད་པ་ཡིས། །ཕོ་ཉ་ལས་ལ་རྒྱུག་པ་བརྔན། །དཀར་གསུམ་མངར་གསུམ་མཆོད་པ་ཡིས། །ཡུལ་ལྷ་གཞི་བདག་གཉན་པོ་མཆོད། །ཕྱི་ནང་གསང་བའི་བསྐང་རྟེན་གྱིས། །ཁྱད་པར་


CMR047_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་སྲུང་མ་བརྔན། །ཚ་གཡེར་རམ་པ་ཐལ་འཇིམ་འདིས། །དགྲ་བོ་བྱད་མ་ཐམས་ཅད་བྲུབ། །ཤིང་ནག་གླང་མའི་ལིང་དགུ་དང་། །གྲི་ཤ་འཕང་དམར་རུ་ཅོ་ལ། །དགྲ་བོ་མི་ནོར་ཁྲམ་ལ་ཐོབ། །གླང་གཟུགས་ངར་མི་ནག་པོ་ལ། །མོ་ངན་རྨི་ངན་ལྟས་ངན་སྒྱུར། །ཕུང་ལྟས་ཁྲག་གི་གྲོད་པ་ལ། །དགྲ་ངོ་གྲི་ངོ་རྨེ་ངོ་སྒྱུར། །གཡའ་རུ་ནང་གི་ལིངྒ་ལ། །དགྲ་རྐུན་ཇག་པའི་བླ་སྲོག་ཁུག །དོ་ནུབ་ཉི་མའི་དགོང་འཚམས་ལ། །ཡི་དམ་ཆོས་སྐྱོང་བསྙེན་གྲངས་ཐེམ། །སྔགས་འཆང་བཟླས་བརྗོད་གྲངས་ཀྱང་ཚང་། །བཀའ་སྲུང་དམ་ཅན་རྒྱུག་པའི་སྲང་། །ཕོ་ཉ་ལས་མཁན་དམག་ལ་ཆོས། །དགྲ་བླ་ཝེར་མ་དགྲ་ལ་རྒྱུག །ཡུལ་ལྷ་གཞི་བདག་དགྲ་ལ་ཆོས། །ཁྱད་པར་སྲུང་མས་ཕྲིན་ལས་མཛོད། །ཀུ་དང་བསོ་ལ་དགའ་བ་དང་། །དར་ལ་འདུ་བ་དགྲ་བླའི་ལུགས། །སེར་ཆགས་ཡོངས་ཀྱི་དགྲ་བླ་རྣམས། །དར་ནག་ཕྱར་ནས་ད་འདུས་ཤིག །རྔ་སྒྲ་ལྡིར་ལྡིར་ཆས་རེ་རན། །གོ་ཁྲབ་གྱོན་ལ་རྣོ་མཚོན་ཐོགས། །མགྱོགས་པ་ཞོན་ལ་རིང་པར་རྒྱུག །ཞེ་སྡང་ཕྱུང་ལ་ང་རྒྱལ་བསྐྱེད། །དགྲ་གཟུགས་ལིངྒ་


CMR047_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གཉིས་དང་། །གང་ལ་དམིགས་པའི་དགྲ་བོ་གསུམ། །མཉམ་པོར་བཞེས་ལ་མེད་པར་མཛོད། །དགྲ་ངོ་བབ་ན་དགྲ་བོ་བྲུབ། །ཇག་ངོ་བབ་ན་ཇག་པ་བྲུབ། །རྐུན་ངོ་བབ་ན་རྐུན་མ་བྲུབ། །གྱོད་ངོ་བབ་ན་གྱོད་ཡ་བྲུབ། །སྨྲས་ངོ་བབ་ན་སྨྲས་ཡ་བྲུབ། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ། །དུས་ལ་བབ་བོ་ས་མ་ཡ། །དགྲ་ལ་རྦད་དོ་མཐུ་མ་ཆུང་། །ཞེས་ཡི་དམ་ཆོས་སྐྱོང་དང་བཀའ་སྲུང་རྣམས་ཀྱི་ཆད་སྔགས་དྲག་ཏུ་བཟླའོ། །དེ་ནས་བྱུང་ཁུངས་ཀྱི་སྒྲུང་ནི་འདི་སྐད་དོ།། ཀྱཻ། དགྲ་བྲུབ་བྱེད་པ་གར་སྲིད་ན། །སྔོན་གྱི་བསྐལ་པའི་དང་པོ་ལ། །ཕ་གནམ་མཐའ་ལྕགས་ཀྱི་རྒན་པོ་དང་། །མ་ས་མཐའ་ཟངས་ཀྱི་རྒན་མོ་གཉིས། །དེ་གཉིས་རྫུ་འཕྲུལ་བསྡེབས་པ་ལས། །དེ་ལ་སྒོ་ང་བཞི་རུ་སྲིད། །དུང་སྒོང་ཤར་དུ་བརྡོལ་བ་ལས། །ཤར་ཕྱོགས་རྒྱ་ཡི་དགྲ་སྲི་སྲིད། །གཡུ་སྒོང་ལྷོ་རུ་བརྡོལ་བ་ལས། །ལྷོ་ཕྱོགས་འཇང་གི་དགྲ་སྲི་སྲིད། །ཟངས་སྒོང་ནུབ་ཏུ་བརྡོལ་བ་ལས། །ནུབ་ཕྱོགས་མོན་གྱི་དགྲ་སྲི་སྲིད། །ལྕགས་སྒོང་བྱང་དུ་བརྡོལ་བ་ལས། །བྱང་ཕྱོགས་ཧོར་གྱི་དགྲ་སྲི་སྲིད། །ཕྱོགས་བཞིའི་དགྲ་སྲི་རྣམ་བཞི་དེ། །གོ་གྱོན་


CMR047_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཐོགས་སྣ་ལ་ལོང་། །མཁས་པ་མི་བཞིའི་རྫུ་འཕྲུལ་གྱིས། །སྡང་བའི་དགྲ་བོ་ཐམས་ཅད་ཀུན། །འོད་ཟེར་ཤུགས་ཀྱིས་བསྡུས་ནས་ནི། །གཡག་རུ་གཡོན་མའི་ནང་དུ་བྲུབ། །ཚྭ་སྒོག་རམ་པ་དགུ་ཡིས་བྲུབ། །རྡོ་ནག་རྡེལ་བུ་དགུ་ཡིས་བྲུབ། །གླང་མའི་ལིང་ཙེ་དགུ་ཡིས་བྲུབ། །གཡེར་མ་ཁ་ཆེ་དགུ་ཡིས་ཁྲུབ། །བྲུབ་བོ་བྲུབ་བོ་མཱ་ར་ཡ། ཀྱཻ། དེ་ནས་བསྐལ་པ་བར་མ་ལ། །སྲིད་པ་ཡེ་སྨོན་རྒྱལ་པོ་ལ། །ངམ་རྗེ་རྩོལ་པོ་དགྲ་རུ་ལངས། །བོང་བུ་ནག་པོ་རྟ་རུ་ཞོན། །ཁྱི་ནག་ལྕགས་མགོ་རྗེས་སུ་ཁྲིད། །འཛམ་གླིང་མི་ལ་དམག་སྣ་དྲངས། །དེར་སྲིད་པ་ཡེ་སྨོན་རྒྱལ་པོ་དེས། །གཤིན་པོ་རང་གཏོ་རང་གིས་བྱས། །ས་ལས་རྡོ་བླང་དགྲ་བོའི་བླ་རྡོ་བྱས། །ལུང་པར་ཤིང་བཅད་དགྲ་བོའི་བླ་ཤིང་བྱས། །དགྲ་བོའི་བླ་ཤིང་བླ་རྡོ་ཚྭ་རམ་རྣམས། །གཡག་རུའི་ནང་གི་དགྲ་ལིང་ཐོག་ཏུ་བྲུབ། །སྡང་དགྲ་གནོད་བྱེད་བྲུབ་བོ་མཱ་ར་ཡ། ཀྱཻ། དེ་ལྷོ་ནས་བསྐལ་པ་ཐ་མ་ལ། །སྲིད་པ་རྒྱལ་བུ་མཐིང་གེ་ལ། །ཐེལ་མོ་སྣ་ནག་དགྲ་རུ་ལངས། །དྲིལ་ནག་རྐངགསུམ་རྟ་རུ་ཞོན། །འཛམ་གླིང་མི་ལ་དམག་སྣ་དྲངས། །དེར་


CMR047_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་རྒྱལ་བུ་མཐིང་གེ་དེས། །གཤིན་པོ་རང་གཏོ་རང་གིས་བྱས། །ས་ལས་རྡོ་བླངས་དགྲ་བོའི་བླ་རྡོ་བྱས། །ལུང་པར་ཤིང་བཅད་དགྲ་བོའི་བླ་ཤིང་བྱས། །དགྲ་བོ་བླ་རྡོ་བླ་ཤིང་ཚྭ་ཐལ་རམ། །གཡག་རུ་ནང་གི་དགྲ་ལིང་ཐོག་ཏུ་བྲུབ། །སྡང་དགྲ་གནོད་བྱེད་བྲུབ་བོ་མཱ་ར་ཡ། ཀྱཻ། ཐུགས་ཀར་བུ་དགུའི་སྐུ་རིང་ལ། །ཐུགས་དམར་བུ་དགུ་དགྲ་རུ་ལངས། །བཙན་རྟ་དམར་པོ་རྟ་རུ་ཞོན། །འཛམ་གླིང་མི་ལ་དམག་སྣ་དྲངས། །དེར་ཐུགས་ཀར་བུ་དགུ་བྱ་བ་དེས། །གཤིན་པོ་རང་གཏོ་རང་གིས་བྱས། །ས་ལས་རྡོ་བླངས་དགྲ་བོའི་བླ་རྡོ་བྱས། །ལུང་པར་ཤིང་བཅད་དགྲ་བོའི་བླ་ཤིང་བྱས། །དགྲ་བོའི་བླ་རྡོ་བླ་ཤིང་ཚྭ་ཐལ་རམ། །གཡག་རུའི་ནང་གི་དགྲ་ལིང་ཐོག་ཏུ་བྲུབ། །སྡང་དགྲ་གནོད་བྱེད་ཐུབ་བོ་མཱ་ར་ཡ། ཀྱཻ། ཡབ་ལྷ་གདལ་དྲུག་སྐུ་རིང་ལ། །བདུད་ཁྱུང་རུ་ནག་པོ་དགྲ་རུ་ལངས། །གླང་རུ་ནག་པོ་རྟ་རུ་ཞོན། །འཛམ་གླིང་མི་ལ་དམག་སྣ་དྲངས། །དེར་ཡབ་ལྷ་གདལ་དྲུག་བྱ་བ་དེས། །གཤིན་པོ་རང་གཏོ་རང་གིས་བྱས། །ས་ལས་རྡོ་བླངས་དགྲ་བོའི་བླ་རྡོ་བྱས། །ལུང་པར་ཤིང་བཅད་དགྲ་བོའི་བླ་ཤིང་


CMR047_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། །དགྲ་བོའི་བླ་རྡོ་བླ་ཤིང་ཚྭ་ཐལ་རམ། །གཡག་རུའི་ནང་གི་དགྲ་ལིང་ཐོག་ཏུ་བྲུབ། །སྡང་དགྲ་གནོད་བྱེད་བྲུབ་བོ་མཱ་ར་ཡ། །དེ་ནས་དགྲ་ཆོས་བྱ་བ་ནི། ཡོན་མཆོད་རྣམས་ཀྱིས་གོ་གྱོན་མཚོན་ཐོགས་རོལ་མོ་ཧམ་སྒྲ་དི་རི་རི་དང་བཅས་པས་འདི་སྐད་དོ། །གཡབ་བོ་དར་ནག་གཡབ་མོས་གཡབ། །ལྷ་དང་སྲུང་མའི་དམག་ཚོགས་རྣམས། །ཆོས་ཤིག་དགྲ་བགེགས་སྟེང་དུ་ཆོས། །ཆོས་སྐྱོང་མགོན་པོ་ནག་པོ་ནི། །སྐུ་མདོག་མཐིང་ནག་རྔམ་པའི་གཟུགས། །ཟ་བྱེད་རྔམ་པའི་མཆེ་བ་གཙིགས། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །སྣང་སྲིད་ལྷ་འདྲེ་དམག་ལ་ཆོས། །དགྲ་བགེགས་སྟེང་དུ་དམག་ལ་ཆོས། །དམ་ཅན་རྡོ་རྗེ་ལེགས་པ་ཁྱོད། །དགྲ་བླ་ཝེར་མའི་དམག་དཔོན་ཏེ། །ཝེར་མ་སུམ་བརྒྱ་དྲུག་ཅུའི་ཚོགས། །ཆོས་ཤིག་དགྲ་བགེགས་སྟེང་དུ་ཆོས། །རྒྱུག་ཅིག་སྡང་བའི་དགྲ་ལ་རྒྱུག །ད་རེས་མཐུ་རྩལ་ཅི་འདུག་ལྟ། །ལྷ་དང་སྲུང་མའི་དམག་ཚོགས་རྣམས། །གོ་ཁྲབ་གྱོན་ལ་རྣོ་མཚོན་བརྡར། །མགྱོགས་པ་ཞོན་ལ་རིང་པར་རྒྱུག །ཞེ་སྡང་བྱུང་ལ་ང་རྒྱལ་བསྐྱེད། །ལིངྒ་


CMR047_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །ཅེས་མགོན་པོའི་དམག་འགྱེད་དམ་ཅན་གྱི་འཁོར་ཝེར་མའི་ཚོགས་དང་བཅས་པའི་དགྲ་ཆོས་ཚང་བའོ། །རྒྱས་པར་གཞུང་ལྟར་ལས། ཀྱཻ། ཤར་གྱི་ཝེར་མ་དགྲ་ལ་ཆོས། །ལྷོ་ཡི་ཝེར་མ་དགྲ་ལ་ཆོས། །ནུབ་ཀྱི་ཝེར་མ་དགྲ་ལ་ཆོས། །བྱང་གི་ཝེར་མ་དགྲ་ལ་ཆོས། །དགྲ་ཆོས་སྤྱན་དགུ་དགྲ་ལ་ཆོས། །དགྲ་ལ་ཆད་དོ་ཆོས་རེམ་རེམ། །མཐོ་ནམ་མཁའ་ཁྱུང་གི་རེ་འབྱམས་དགྲ་ལ་ཆོས། །བར་སྣང་རླུང་གི་རེ་འབྱམས་དགྲ་ལ་ཆོས། །ས་གཞི་སྦྲུལ་གྱི་རེ་འབྱམས་དགྲ་ལ་ཆོས། །དགྲ་ལ་རྦད་དོ་ཆོས་རེམ་རེམ། ཀྱཻ། དགྲ་བོ་སྤུན་དགུའི་ས་མཐའ་ཡིན། །ས་མཐའ་མ་ཡིན་དགྲ་མཐའ་ཡིན། །དགྲ་བོའི་བླ་སྲོག་ཁུག་ལ་ཤོག །བདུད་ཁུར་སྤུན་དགུའི་ས་མཐའ་ཡིན། །ས་མཐའ་མ་ཡིན་དགྲ་མཐའ་ཡིན། །དགྲ་བོའི་བླ་སྲོག་ཁུག་ལ་ཤོག །གླང་ནག་བདུད་ཁུག་ས་མཐའ་ཡིན། །ས་མཐའ་མ་ཡིན་དགྲ་མཐའ་ཡིན། །དགྲ་བོའི་བླ་སྲོག་ཁུག་ལ་ཤོག །ལྟ་བ་མིག་རྣོན་ས་མཐའ་ཡིན། །ས་མཐའ་མ་ཡིན་དགྲ་མཐའ་ཡིན། །དགྲ་བོའི་བླ་སྲོག་ཁུག་ལ་ཤོག །སྤྲེལ་དམར་རྟ་ཐོག་ས་མཐའ་ཡིན། །ས་


CMR047_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མ་ཡིན་དགྲ་མཐའ་ཡིན། །དགྲ་བོའི་བླ་སྲོག་ཁུག་ལ་ཤོག །ར་དམར་ཟོར་ཐོགས་ས་མཐའ་ཡིན། །ས་མཐའ་མ་ཡིན་དགྲ་མཐའ་ཡིན། །དགྲ་བོའི་བླ་སྲོག་ཁུག་ལ་ཤོག །མཆིལ་པ་མེ་མཆེད་ས་མཐའ་ཡིན། །ས་མཐའ་མ་ཡིན་དགྲ་མཐའ་ཡིན། །དགྲ་བོའི་བླ་སྲོག་ཁུག་ལ་ཤོག །བོང་བུ་སྟག་ཐོགས་ས་མཐའ་ཡིན། །ས་མཐའ་མ་ཡིན་དགྲ་མཐའ་ཡིན། །དགྲ་བོའི་བླ་སྲོག་ཁུག་ལ་ཤོག །རླུང་བུ་ཞགས་ཐོགས་ས་མཐའ་ཡིན། །ས་མཐའ་མ་ཡིན་དགྲ་མཐའ་ཡིན། །དགྲ་བོའི་བླ་སྲོག་ཁུག་ལ་ཤོག །སྤྱང་རི་ཁྱི་སྔོན་མོ་ས་མཐའ་ཡིན། །ས་མཐའ་མ་ཡིན་དགྲ་མཐའ་ཡིན། །དགྲ་བོའི་བླ་སྲོག་ཁུག་ལ་ཤོག །དགྲ་ལ་རྦད་དོ་ཆོས་རེམ་རེམ། །ཞེས་དང་། དེ་ནས་བླ་རྡོ་དང་བླ་ཤིང་ལ་དམིགས་ནས་འགུགས་གཞུག་ལན་གསུམ་བྱེད། སྐྱེས་པ་སྟག་ལོ་པ་གཅིག་གི་རྐང་པ་གཡོན་པས་གཡག་རུ་རྫིས་ནས་ཐམས་ཅད་ཀྱིས་དམོད་པ་བྱས་ལ་འདི་སྐད་དོ། །ཧཱུྃ། ང་ནི་ཁྲོ་རྒྱལ་ཆེན་པོ་སྟེ། །ང་ནི་གསང་བ་ཀུན་གྱི་རྗེ། །ང་ནི་དགྲ་བགེགས་ཀུན་གྱི་གཤེད། །ང་ཡི་བཀའ་ལ་མི་ཉན་མེད། །སྲིད་པའི་ཆུ་ལ་མི་འཐུང་མེད། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི། །སྡང་


CMR047_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགྲ་བོ་ཐམས་ཅད་ཀུན། །གོ་གྱོན་མཚོན་ཐོགས་སྣ་ལ་ལོངས། །འོད་ཟེར་ཤུགས་ཀྱིས་བསྡུས་ནས་སུ། །གཡག་རུ་གཡོན་པའི་ནང་དུ་བྲུབ། །ཚྭ་སྒོག་རམ་པ་དགུ་དང་རྡོ་ནག་རྡེལ་བུ་དགུ་དང་ཁུག །གླང་མའི་ལིང་ཚེ་དགུ་དང་ཁུག །གཡེར་མ་ཁ་ཆེ་དགུ་དང་ཁུག །ལིངྒ་འདི་ལ་ཐིམ་པར་གྱིས། །ཁུག་ཅིག་ཛ་ཛ་ཛན་ནན། ཀྱཻ། སྔོན་གྱི་བསྐལ་པ་དང་པོ་ལ། །དགྲ་བྲུབ་བྱེད་པ་གར་སྲིད་ན། །ལྷ་ཚ་བུ་དགུ་བྱ་བ་ལ། །སྲིན་ཚ་བུ་དགུ་དགྲ་རུ་ལང་། །ལྷ་ཚ་བུ་དགུ་བྱ་བ་དེས། །ཐུགས་ཀར་སློབ་དཔོན་གདན་དྲངས་ནས། །གཡག་རུ་གཡོན་པའི་ནང་ཤེད་ན། །རྡོ་ནག་དེ་ནི་རྡེལ་བུ་དགུ །གླང་མ་དེ་ནི་ལིང་དགུ་ཡིས། །སྲིན་ཚ་བུ་དགུའི་བླ་མར་ཁུག །དགྲ་བྲུབ་བྱེད་པ་དེ་ནས་སྲིད། །སྲིད་པ་དེ་ལ་དཔེ་བླངས་ནས། །དོ་ནུབ་ཉི་མའི་དགོང་འཚམས་ལ། །དགྲ་ངོ་བབ་ན་དགྲ་མར་བྲུབ། །རྐུན་ངོ་བབ་ན་རྐུན་མ་བྲུབ། །གྱོད་ངོ་བབ་ན་གྱོད་མར་བྲུབ། །དགྲ་སྲི་རྨི་ལམ་ངན་པ་བྲུབ། །མོ་ངན་ཐན་ལྟས་ངན་པ་བྲུབ། །བྱད་ཁ་ཕུར་ཁ་ངན་པ་བྲུབ། །མི་ཁ་བྲམ་མཆུ་ངན་པ་བྲུབ། །བྲུབ་བོ་མནན་ནོ་མ་ལྡང་ཞིག །


CMR047_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་རྦད་དོ་ཆོས་རེམ་རེམ། ཀྱཻ། བསྐལ་པ་དེ་ཡི་བར་མ་ལ། །དགྲ་བྲུབ་བྱེད་པ་གར་སྲིད་ན། །ཐུགས་ཀར་བུ་དགུ་བྱ་བ་ལ། །ཐུགས་དམར་བུ་དགུ་དགྲ་རུ་ལང་། །ཐུགས་ཀར་བུ་དགུ་བྱ་བ་དེས། །ཀོང་ཚེ་འཕྲུལ་རྒྱལ་གདན་དྲངས་ནས། །གཡག་རུ་གཡོན་མའི་ནང་ཤེད་ན། །རྡོ་ནག་དེ་ནི་རྡེལ་དགུ་དང་། །གླང་མ་དེ་ནི་ལིང་དགུ་ཡིས། །ཐུགས་དམར་བུ་དགུའི་བླ་མར་བྲུབ། །དགྲ་བྲུབ་བྱེད་པ་དེ་ནས་སྲིད། །སྲིད་པ་དེ་ལ་དཔེ་བླངས་ནས། །དོ་ནུབ་ཉི་མའི་དགོང་འཚམས་ལ། །དགྲ་ངོ་བབ་ན་དགྲ་མར་བྲུབ། །རྐུན་ངོ་བབ་ན་རྐུན་མར་བྲུབ། །གྱོད་ངོ་བབ་ན་གྱོད་མར་བྲུབ། །དགྲ་སྲི་རྨི་ལམ་ངན་པ་བྲུབ། །མོ་ངན་ལྟས་ངན་ཐམས་ཅད་བྲུབ། །བྱད་ཁ་ཕུར་ཁ་ངན་པ་བྲུབ། །མི་ཁ་བྲམ་མཆུ་ངན་པ་བྲུབ། །བྲུབ་བོ་མནན་ནོ་མ་ལྡང་ཞིག །དགྲ་ལ་རྦད་དོ་ཆོས་རེ་རེམ། ཀྱཻ། བསྐལ་པ་དེ་ཡི་ཐ་མ་ལ། །དགྲ་བྲུབ་བྱེད་པ་གར་སྲིད་ན། །སྲིད་པ་ཡེ་སྨོན་རྒྱལ་པོ་ལ། །ངམ་རྗེ་རྩོལ་པོ་དགྲ་རུ་ལང་། །སྲིད་པ་ཡེ་སྨོན་རྒྱལ་པོ་དེས། །གཏོ་མཁན་རྒྱལ་པོ་སྤྱན་དྲངས་ནས། །གཡག་རུ་གཡོན་མའི་ནང་


CMR047_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཤེད་ན། །རྡོ་ནག་དེ་ནི་རྡེལ་དགུ་དང་། །གླང་མ་དེ་ནི་ལིང་དགུ་ཡིས། །ངམ་རྗེ་རྩོལ་པོའི་བླ་མར་བྲུབ། །དགྲ་བྲུབ་བྱེད་པ་དེ་ནས་སྲིད། །སྲིད་པ་དེ་ལ་དཔེ་བླངས་ནས། །དོ་ནུབ་ཉི་མའི་དགོང་འཚམས་ན། །དགྲ་ངོ་བབ་ན་དགྲ་མར་བྲུབ། །རྐུན་ངོ་བབ་ན་རྐུན་མར་བྲུབ། །གྱོད་ངོ་བབ་ན་གྱོད་མར་གྲུབ། །དགྲ་སྲི་རྨི་ལམ་ངན་པ་བྲུབ། །མོ་ངན་ལྟས་ངན་ཐམས་ཅད་བྲུབ། །བྱད་ཁ་ཕུར་ཁ་ངན་པ་བྲུབ། །མི་ཁ་བྲམ་མཆུ་ངན་པ་བྲུབ། །བྲུབ་བོ་མནན་ནོ་མ་ལྡང་ཞིག །དགྲ་ལ་རྦད་དོ་ཆོས་རེམ་རེམ། །དེ་ནས་ཡོན་བདག་ཐམས་ཅད་ཀྱིས་གོ་གྱོན་མཚོན་ཐོགས་ལ་ཐམས་ཅད་གྲལ་ལ་འཁོད་ནས། ཁྲམ་བཏབ་པའི་གླང་མ་དུམ་བུ་རེ་དང་། རྗེལ་བུ་ནག་པོ་རེ། ཚྭགཡེར་རམ་གསུམ། གོ་གསུམ་ཐལ་བ་དེ་ཐམས་ཅད་གཅིག་ཏུ་རྩིས་པའི་ཆ་དགུ་བཤམས་ནས། ཚེས་གཅིག་ནས་ཉི་ཤུ་དགུའི་བར་གྱི་ཚིག་མཚམས་སུ་འོག་ནས་འབྱུང་བའི་སྔགས་དང་མི་ཐམས་ཅད་ཀྱིས་ཁ་ལོས་ལག་ལོས་བྱས་ཏེ། སྐྱིད་ཁུག་གཡོན་ནས་དྲངས་ཤིང་། གོང་གི་མི་སྟག་ལོ་པ་ལ་གཏད་ལ། དེ་གཡག་རུ་ནང་གི་ལིངྒའི་སྟེང་དུ་ཐུབ་བོ། །ཧཱུྃ། ང་ནི་ཁྲོ་རྒྱལ་འཇིགས་པའི་སྐུ། །ང་ནི་ཁམས་གསུམ་ཡོངས་ཀྱི་རྗེ། །ང་ཡི་བཀའ་ལ་མི་ཉན་མེད། །སྲིད་པའི་ཆུ་ལ་མི་འཐུང་མེད། །


CMR047_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཕྱོགས་རྒྱ་ཡི་དགྲ་སྲི་དེ། །དྲེད་མོང་རལ་ཐོད་ནང་དུ་གྲུབ། །དེ་ཕྱིར་དགྲ་བོ་མ་ལྡང་ཞིག །ལྷོ་ཕྱོགས་འཇང་གི་དགྲ་སྲི་དེ། །ཁྱི་མགོ་སྨུག་ཐོད་ནང་དུ་བྲུབ། །དེ་ཕྱིར་དགྲ་བོ་མ་ལྡང་ཞིག །ནུབ་ཕྱོགས་མོན་གྱི་དགྲ་སྲི་དེ། །རྟ་རྨིག་འཁོར་མོའི་ནང་དུ་བྲུབ། །དེ་ཕྱིར་དགྲ་བོ་མ་ལྡང་ཞིག །བྱང་ཕྱོགས་ཧོར་གྱི་དགྲ་སྲི་དེ། །གཡག་རུ་གཡོན་མའི་ནང་དུ་བྲུབ། །དེ་ཕྱིར་དགྲ་བོ་མ་ལྡང་ཞིག །དགྲ་ལ་ཆད་དོ་ཆོས་རེམ་རེམ། ཀྱཻ། ད་ནི་དགྲ་བོ་བྲུབ་བོ་དུས་ལ་བབ། །རྐུན་ངོ་བྲུབ་པའི་དུས་ལ་བབ། །ཇག་ངོ་བྲུབ་པའི་དུས་ལ་བབ། །གྱོད་ངོ་བྲུབ་པའི་དུས་ལ་བབ། །རྨེ་ངོ་བྲུབ་པའི་དུས་ལ་བབ། །མི་ཁ་བྲུབ་པའི་དུས་ལ་བབ། །དུས་ལ་བབ་བོ་ཆོས་རེམ་རེམ། །ཀྱཻ། ཚེས་གཅིག་བཅུ་གཅིག་ཉི་ཤུ་གཅིག །གཅིག་གསུམ་དག་ལ་ཆས་པའི་དགྲ་བོ་དེ། །གཡག་རུ་གཡོན་མའི་ནང་དུ་དགྲ་བོ་བྲུབ། །དྲེད་མོ་རལ་ཐོད་ནང་དུ་དགྲ་བོ་གྲུབ། །ཁྱི་མགོ་རྨུག་ཐོད་ནང་དུ་དགྲ་བོ་བྲུབ། །རྟ་རྨིག་འཁོར་མོའི་ནང་དུ་དགྲ་བོ་བྲུབ། །རྡོ་ནག་རྡེལ་བུ་དགུ་ཡིས་བྲུབ། །གླང་མའི་ལིང་རྩེ་དགུ་ཡིས་བྲུབ། །ཚྭ་སྒོག་


CMR047_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རམ་པ་དགུ་ཡིས་བྲུབ། །གཡེར་མ་ཁ་ཆེ་དགུ་ཡིས་བྲུབ། །དམ་ཉམས་དགྲ་བོའི་བླ་རྡོ་འདི། །འཕེན་པ་རྒྱ་མཚོའི་གཏིང་དུ་འཕེན། །རྒྱ་མཚོའི་ཁ་ལ་མ་འཕར་ཅིག །དགྲ་བོ་བྲུབ་བོ་མཱ་ར་ཡ། །ཏཱཾ་བྷ་ཡ་ནན། ཚེས་གཉིས་བཅུ་གཉིས་ཉི་ཤུ་གཉིས། །གཉིས་གསུམ་དག་ལ་ཆས་པའི་དགྲ་བོ་དེ། །གཡག་རུ་གཡོན་མའི་ནང་དུ་དགྲ་བོ་བྲུབ། །དྲེད་མོ་རོལ་ཐོད་ནང་དུ་དགྲ་བོ་བྲུབ། །ཁྱི་མགོ་རྨུག་ཐོད་ནང་དུ་དགྲ་བོ་བྲུབ། །རྟ་རྨིག་འཁོར་མོའི་ནང་དུ་དགྲ་བོ་བྲུབ། །རྡོ་ནག་རྡེལ་བུ་དགུ་ཡིས་བྲུབ། །གླང་མའི་ལིང་རྩེ་དགུ་ཡིས་བྲུབ། །ཚྭ་སྒོག་རམ་པ་དགུ་ཡིས་བྲུབ། །གཡེར་མ་ཁ་ཆེ་དགུ་ཡིས་བྲུབ། །དམ་ཉམས་དགྲ་བོའི་བླ་རྡོ་འདི། །འཕེན་པ་རྒྱ་མཚོའི་གཏིང་དུ་འཕེན། །རྒྱ་མཚོའི་ཁ་ལ་མ་འཕར་ཅིག །དགྲ་བོ་བྲུབ་བོ་མཱ་ར་ཡ། །སྟཾ་བྷ་ཡ་ནན། ཚེས་གསུམ་བཅུ་གསུམ་ཉི་ཤུ་གསུམ། །གསུམ་གསུམ་དག་ལ་ཆས་པའི་དགྲ་བོ་དེ། །གཡག་རུ་གཡོན་མའི་ནང་དུ་དགྲ་བོ་བྲུབ། །དྲེད་མོ་རལ་ཐོད་ནང་དུ་དགྲ་བོ་བྲུབ། །ཁྱི་མགོ་སྨུག་ཐོད་ནང་དུ་དགྲ་བོ་བྲུབ། །རྟ་རྨིག་འཁོར་མོའི་ནང་དུ་དགྲ་བོ་བྲུབ། །རྡོ་ནག་རྡེལ་བུ་དགུ་ཡིས་བྲུབ། །


CMR047_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གླང་མའི་ལིང་རྩེ་དགུ་ཡིས་བྲུབ། །ཚྭ་སྒོག་རམ་པ་དགུ་ཡིས་བྲུབ། །གཡེར་མ་ཁ་ཆེ་དགུ་ཡིས་བྲུབ། །དམ་ཉམས་དགྲ་བོའི་བླ་རྡོ་འདི། །འཕེན་པ་རྒྱ་མཚོའི་སྟེང་དུ་འཕེན། །རྒྱ་མཚོའི་ཁ་ལ་མ་འཕར་ཅིག །དགྲ་བོ་བྲུབ་བོ་མཱ་ར་ཡ། །ཙཱ་བྷ་ཡ་ནན། ཚེས་བཞི་བཅུ་བཞི་ཉི་ཤུ་བཞི། །བཞི་གསུམ་དག་ལ་ཆས་པའི་དགྲ་བོ་དེ། །གཡག་རུ་གཡོན་མའི་ནང་དུ་དགྲ་བོ་བྲུབ། །དྲེད་མོ་རལ་ཐོད་ནང་དུ་དགྲ་བོ་ཐུབ། །ཁྱི་མགོ་སྨུག་ཐོད་ནང་དུ་དགྲ་བོ་བྲུབ། །རྟ་རྨིག་འཁོར་མོའི་ནང་དུ་དགྲ་བོ་བྲུབ། །རྡོ་ནག་རྡེལ་བུ་དགུ་ཡིས་བྲུབ། །གླང་མའི་ལིང་རྩེ་དགུ་ཡིས་བྲུབ། །ཚྭ་སྒོག་རམ་པ་དགུ་ཡིས་བྲུབ། །གཡེར་མ་ཁ་ཆེ་དགུ་ཡིས་བྲུབ། །དམ་ཉམས་དགྲ་བོའི་བླ་རྡོ་འདི། །འཕེན་པ་རྒྱ་མཚོའི་གཏིང་དུ་འཕེན། །རྒྱ་མཚོའི་ཁ་ལ་མ་འཕར་ཅིག །དགྲ་བོ་བྲུབ་བོ་མཱ་ར་ཡ། །སྟཾ་བྷ་ཡ་ནན། ཚེས་ལྔ་བཅོ་ལྔ་ཉི་ཤུ་ལྔ། ལྔ་གསུམ་དག་ལ་༈ ཆས་པའི་དགྲ་བོ་དེ། །གཡག་རུ་གཡོན་མའི་ནང་དུ་དགྲ་བོ་བྲུབ། །དྲེད་མོ་རལ་ཐོད་ནང་དུ་དགྲ་བོ་བྲུབ། །ཁྱི་མགོ་རྨུག་ཐོད་ནང་དུ་དགྲ་བོ་བྲུབ། །རྟ་རྨིག་འཁོར་མོའི་ནང་དུ་


CMR047_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོ་བྲུབ། །རྡོ་ནག་རྡེལ་བུ་དགུ་ཡིས་བྲུབ། །གླང་མའི་ལིང་རྩེ་དགུ་ཡིས་བྲུབ། །ཚྭ་སྒོག་རམ་པ་དགུ་ཡིས་བྲུབ། །གཡེར་མ་ཁ་ཆེ་དགུ་ཡིས་བྲུབ། །དམ་ཉམས་དགྲ་བོའི་བླ་རྡོ་འདི། །འཕེན་པ་རྒྱ་མཚོའི་གཏིང་དུ་འཕེན། །རྒྱ་མཚོའི་ཁ་ལ་མ་འཕར་ཅིག །དགྲ་བོ་བྲུབ་བོ་མཱ་ར་ཡ། །ཙཱ་བྷ་ཡ་ནན། ཚེས་དྲུག་བཅུ་དྲུག་ཉི་ཤུ་དྲུག །དྲུག་གསུམ་དག་ལ་ཆས་པའི་དགྲ་བོ་དེ། །གཡག་རུ་གཡོན་མའི་ནང་དུ་དགྲ་བོ་བྲུབ། །དྲེད་མོ་རལ་ཐོད་ནང་དུ་དགྲ་བོ་བྲུབ། །ཁྱི་མགོ་སྨུག་ཐོད་ནང་དུ་དགྲ་བོ་བྲུབ། །རྟ་རྨིག་འཁོར་མོའི་ནང་དུ་དགྲ་བོ་བྲུབ། །རྡོ་ནག་རྡེལ་བུ་དགུ་ཡིས་བྲུབ། །གླང་མའི་ལིང་རྩེ་དགུ་ཡིས་བྲུབ། །ཚྭ་སྒོག་རམ་པ་དགུ་ཡིས་བྲུབ། །གཡེར་མ་ཁ་ཆེ་དགུ་ཡིས་བྲུབ། །དམ་ཉམས་དགྲ་བོའི་བླ་རྡོ་འདི། །འཕེན་པ་རྒྱ་མཚོའི་གཏིང་དུ་འཕེན། །རྒྱ་མཚོའི་ཁ་ལ་མ་འཕར་ཅིག །དགྲ་བོ་བྲུབ་བོ་མཱ་ར་ཡ། །སྟཾ་བྷ་ཡ་ནན། ཚེས་བདུན་བཅུ་བདུན་ཉི་ཤུ་བདུན། །བདུན་གསུམ་དག་ལ་ཆས་པའི་དགྲ་བོ་དེ། །གཡག་རུ་གཡོན་མའི་ནང་དུ་དགྲ་བོ་བྲུབ། །དྲེད་མོ་རལ་ཐོད་ནང་དུ་དགྲ་བོ་བྲུབ། །ཁྱི་མགོ་རྨུག་ཐོད་ནང་དུ་དགྲ་


CMR047_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བོ་བྲུབ། །རྟ་རྨིག་འཁོར་མོའི་ནང་དུ་དགྲ་བོ་བྲུབ། །རྡོ་ནག་རྡེལ་བུ་དགུ་ཡིས་བྲུབ། །གླང་མའི་ལིང་རྩེ་དགུ་ཡིས་བྲུབ། །ཚྭ་སྒོག་རམ་པ་དགུ་ཡིས་བྲུབ། གཡེར་མ་ཁ་ཆེ་དགུ་ཡི་བྲུབ། །དམ་ཉམས་དགྲ་བོའི་བླ་རྡོ་འདི། །འཕེན་པ་རྒྱ་མཚོའི་གཏིང་དུ་འཕེན། །རྒྱ་མཚོའི་ཁ་ལ་མ་འཕར་ཅིག །དགྲ་བོ་བྲུབ་བོ་མཱ་ར་ཡ། །སྟཾ་བྷ་ཡ་ནན། ཚེས་བརྒྱད་བཅོ་བརྒྱད་ཉི་ཤུ་བརྒྱད། །བརྒྱད་གསུམ་དག་ལ་ཆས་པའི་དགྲ་བོ་དེ། །གཡག་རུ་གཡོན་མའི་ནང་དུ་དགྲ་བོ་བྲུབ། །དྲེད་མོ་རལ་ཐོད་ནང་དུ་དགྲ་བོ་བྲུབ། །ཁྱི་མགོ་སྨུག་ཐོད་ནང་དུ་དགྲ་བོ་བྲུབ། །རྟ་རྨིག་འཁོར་མོའི་ནང་དུ་དགྲ་བོ་བྲུབ། །རྡོ་ནག་རྡེལ་བུ་དགུ་ཡིས་བྲུབ། །གླང་མའི་ལིང་རྩེ་དགུ་ཡིས་བྲུབ། །ཚྭ་སྒོག་རམ་པ་དགུ་ཡིས་བྲུབ། །གཡེར་མ་ཁ་ཆེ་དགུ་ཡིས་བྲུབ། །དམ་ཉམས་དགྲ་བོའི་བླ་རྡོ་འདི། །འཕེན་པ་རྒྱ་མཚོའི་གཏིང་དུ་འཕེན། །རྒྱ་མཚོའི་ཁ་ལ་མ་འཕར་ཅིག །དགྲ་བོ་བྲུབ་བོ་མཱ་ར་ཡ། །ཏཱཾ་བྷ་ཡ་ནན། ཚེས་དགུ་བཅུ་དགུ་ཉི་ཤུ་དགུ། །དགུ་གསུམ་དག་ལ་ཆས་པའི་དགྲ་བོ་དེ། །གཡག་རུ་གཡོན་མའི་ནང་དུ་དགྲ་བོ་བྲུབ། །དྲེད་མོ་རལ་


CMR047_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ནང་དུ་དགྲ་བོ་བྲུབ། །ཁྱི་མགོ་སྨུག་ཐོད་ནང་དུ་དགྲ་བོ་བྲུབ། །རྟ་རྨིག་འཁོར་མོའི་ནང་དུ་དགྲ་བོ་བྲུབ། །རྡོ་ནག་རྡེལ་བུ་དགུ་ཡི་བྲུབ། །གླང་མའི་ལིང་རྩེ་དགུ་ཡི་བྲུབ། །ཚྭ་སྒོག་རམ་པ་དགུ་ཡི་བྲུབ། །གཡེར་མ་ཁ་ཆེ་དགུ་ཡི་བྲུབ། །དམ་ཉམས་དགྲ་བོའི་བླ་རྡོ་འདི། །འཕེན་པ་རྒྱ་མཚོའི་གཏིང་དུ་འཕེན། །རྒྱ་མཚོའི་ཁ་ལ་མ་འཕར་ཅིག །དགྲ་བོ་བྲུབ་བོ་མཱ་ར་ཡ། །སྟཾ་བྷ་ཡ་ནན། ཞེས་རིམ་བཞིན། གཡག་རུའི་ནང་དུ་རྡེལ་ནག་རྫས་སོགས་བླུགས་ནས། ཆོས་སྐྱོང་རྣམས་ཀྱི་དྲག་སྔགས་མཇུག་ཏུ། དགྲ་བོ་བྱད་མ་ཐམས་ཅད་མཱ་ཚེར་ཡ་རྦད་ནན། དགྲ་རྐུན་ཇག་གསུམ་ཐམས་ཅད་དུན་ཤིག་ཤིག་རྦད་ནན། དགྲ་ཡ་གྱོད་ཡ་ཐམས་ཅད་ཤིག་ཤིག་དུམ་དུམ་ཆད་ནན། འཛིན་ཡ་འཁོན་ཡ་ཐམས་ཅད་ཚལ་པ་ཚལ་པ་རྦད་ནན། བྱད་ཁ་ཕུར་ཁ་ཐམས་ཅད་ཁྲམ་རྦད་བྷྱོ་ཆད་ནན། མི་ཁ་བྲ་མཆུ་ཐམས་ཅད་ཏིར་ཏིར་རྦད་ནན། ཆག་ཆེན་ཉམ་ང་ཐམས་ཅད་མཱ་ར་ཡ་ཆད་ནན། མཱ་ར་ཡ་བྲུབ་ནན། མཱ་ར་ཡ་བྷྱོ་ནན། དེ་ལྟར་དྲག་ཏུ་བཟླས་སོ། །ཞེས་དགྲ་ཁ་ལ་རྒྱས་འདེབས་ཀྱི་དགྲ་བྲུབ་སྔགས་ཀྱི་རྒྱུད་ནས་བསྡུས་སོ། །དེ་ནས་གཡག་རུའི་ཁ་དེ་བཅད་པའི་ཡས་ལ། ཕུང་ཤུལ་གྱི་ས། གོ་གསུམ་ཐལ་བ།


CMR047_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་གསུམ་དྲེག་པ་བུད་མེད་ཀྱིས་བསྡུས་པ་བསྲེས་ལ། རི་རབ་ཀྱི་གཟུགས་གཅིག་བྱ། དེ་ལ་སྐྱེར་པའི་ཕུར་ཆུང་དགུའི་གཟུགས་བྱས་ལ། གཟུགས་དེའི་རྩེ་ལ། མཛོ་ཁལ་དྲེལ་གསུམ། ཁྱི་ར་ཕག་གསུམ། བ་གླང་བོང་བུ་གསུམ་དང་དགུའི་གཟུགས་བྱ་ལ་བཙུགས། དེ་རྡོ་གཅིག་གི་སྟེང་དུ་བཤམས་ལ་འདི་སྐད་དོ། །ཧཱུྃ། ང་ནི་ཟིལ་གནོན་པདྨའི་སྐུ། །དགྲ་བགེགས་བྲུབ་ནས་ཟིལ་གྱིས་མནན། །ལྷ་དང་སྲུང་མ་གཉན་པོ་རྣམས། །མ་གཡེལ་དགྲ་བགེགས་ཟིལ་གྱིས་མནན། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི། །དགྲ་ངོ་རྐུན་ངོ་བབ་པ་རྣམས། །གནམ་ལྕགས་ཁང་སྒྲོམ་འཁར་བའི་ནང་། །གཡག་རུ་ནག་པོའི་ནང་དུ་ཁུག །རི་རབ་ཆེན་པོས་སྟེང་ནས་མནན། །ནམ་ཡང་ཐར་བར་མ་བྱེད་ཅིག ཀྱཻ། ཡས་སྟགས་དེ་སོང་གོང་རོལ་ན། །ཡས་ལ་སྔ་བ་ཐལ་འཇིམ་ཡིན། །ཡས་ཀྱི་ཐལ་འཇིམ་མགོ་དགུ་ཡིན། །ཕ་ནི་གནམ་གྱི་ཁ་ཆར་ཡིན། །མ་ནི་ས་གཞི་ལས་སྐྱེས་བཙལ། །བུ་ནི་རྩི་ཐོགས་གཡུ་ལྗང་རྩྭ། །དུད་འགྲོ་སྒོ་ཕྱུགས་ཀྱི་ཁ་ཟས་བྱས། །ཟོས་པ་མ་ཟོས་རོ་ཅིག་བྱུང་། །འབྱུང་བ་མེ་ལ་བསྲེགས་པ་ཡི། །ཐལ་བ་གནས་པའི་དངོས་པོ་ནི། །བུད་མེད་འཕྱོར་མ་རྣམས་ཀྱིས་བསྡུས། །གོ་


CMR047_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཐལ་བ་བསྡུས་བསམ་ནས། །འབྲས་དཀར་ཕྱེ་མ་གཤིབ་པ་འདྲ། །སྐྱེད་གསུམ་དྲེག་པ་བཞར་ཙ་ན། །ཟན་ལ་སྤོས་རྩི་བཏབ་པ་འདྲ། །རི་རབ་གཟུགས་སུ་གཏོད་ཙ་ན། །མཐུ་སྟོབས་ནམ་མཁའི་གློག་ཆེན་འདྲ། །དྲག་པོའི་ཕུར་པ་བཞིན་ཙམ་ན། །དགྲ་བགེགས་བསྒྲལ་བའི་མཚོན་ཆ་འདྲ། །མགོ་དགུ་གཟུགས་སུ་གཏོད་ཙམ་ན། །སྲིད་པའི་འདྲེ་དགུ་གཟུགས་དང་མཚུངས། །མགོ་གསུམ་མཛོ་ཁལ་དྲེལ་གསུམ་མགོ །མགོ་གསུམ་ཁྱི་ར་ཕག་གསུམ་མགོ །མགོ་གསུམ་བ་གླང་བོང་གསུམ་མགོ །མགོ་དགུ་ཁ་ལ་དགྲ་བོ་ཟོས། །སྣ་དགུ་རླུང་འཚུབ་མི་ཁ་གཏོར། །མིག་ནས་མེ་འབར་ཇག་རྐུན་བསྲེགས། །སྲིད་པའི་ཐལ་འཇིམ་མགོ་དགུ་ཁྱོད། །མི་ཐུབ་པ་ལ་གཅིག་ཀྱང་མེད། །བན་བོན་བརྒྱ་ཡི་བསྔགས་བརྗོད་མཁས། །ཁྲབ་ཆེན་བརྒྱ་ཡི་ངོ་དུག་ཚ། །མདའ་ཟུག་བརྒྱ་ཡི་རྣོ་མྱུར་ཚ། །མདུང་བཟུང་བརྒྱ་ཡི་ཁ་དུག་ཚ། །དགྲ་ལ་རྦད་དོ་ལས་ལ་རྒྱུག །ཐལ་འཇིམ་ཅི་ཐུབ་སྨྲས་ཙམ་ན། །སྲིད་པའི་འདྲེ་དགུ་ཁོས་ཐུབ་ཟེར། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི། །དགྲ་སྲི་ལངས་བ་ཐམས་ཅད་ཐུབ། །རྨིས་ལྟས་མཚན་མ་ངན་


CMR047_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐུབ། །བརྒྱ་སྟོང་ལྷག་པའི་མི་ཁ་ཐུབ། །འགོང་པོ་བསེ་རག་བསྒྲེན་འདྲེ་ཐུབ། །མི་མཐུན་ཕྱོགས་རྣམས་ཐམས་ཅད་ཐུབ། །གཡག་རུ་ཕོ་ཁར་བཅད་པའི་ཡས། །དམ་ཉམས་དགྲ་བོ་ལས་ངན་ལ། །ཐལ་བ་སྐྱ་བོའི་སྤྲིན་གྱིས་གཡོགས། །ཐལ་འཇིམ་ཆོས་ཆོས་དགྲ་ལ་ཆོས། །ཐལ་འཇིམ་རྒྱུག་རྒྱུག་དགྲ་ལ་རྒྱུག །དགྲ་ལ་རྦད་དོ་ཆོས་རེམ་རེམ། །ཞེས་རི་རབ་ཕུར་པ་མགོ་ཡི་གཟུགས་དང་བཅས་པས་གཡག་རུའི་ཁ་དེ་བཅད། དེ་ནས་རེ་བ་ནག་པོ་སྐུད་པ་ཁྲ་ཁྲིས་བསགས་ལ། ཀྱཻ། ད་ནི་དགྲ་ལ་རླུ་གབ་བཀོན། །ཡེ་སྨོན་རྒྱལ་པོའི་རྨུ་གབ་དེ། །ངམ་རྗེ་རྩོལ་པོའི་མགོ་ལ་ཁོབ། །ཡར་ལྷ་གདལ་དྲུག་རླུ་གབ་དེ། །ཁྱུང་རུ་འཛུགས་པའི་མགོ་ལ་ཁོབ། །རྒྱལ་བུ་མཐིང་གེའི་རླུ་གབ་དེ། །ཐིལ་མོ་སྣ་ནག་མགོ་ལ་ཁོབ། །ཡེ་གཤེན་དབང་རྫོགས་རླུ་གབ་དེ། །ངམ་བོན་འུ་རིའི་མགོ་ལ་ཁོབ། །དུང་ཁྱུང་དཀར་པོའི་རྨུ་གབ་དེ། །སོག་ཁྲ་རོག་པོའི་མགོ་ལ་ཁོབ། །ལྗང་ཁྲ་དཀར་སྐྱོ་པོའི་གླུ་གབ་དེ། །ངམ་རྗེ་འུག་རྒན་མགོ་ལ་ཁོབ། །ལྷ་དང་སྲུང་མའི་གླུ་གབ་དེ། །བདུད་དང་འབྱུང་པོའི་མགོ་ལ་ཁོབ། །ཕོ་ལྷ་དགྲ་བླའི་གླུ་གབ་དེ། །དགྲ་ཇག་ཆོམ་རྐུན་


CMR047_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ལ་ཁོབ། །རྣལ་འབྱོར་བདག་གི་གླུ་གབ་དེ། །ཐད་ལོང་དགྲ་བོའི་མགོ་ལ་ཁོབ། །ཡོན་བདག་འདི་ཡི་གླུ་གབ་དེ། །སྡང་བའི་དགྲ་བོའི་མགོ་ལ་ཁོབ། །དགྲ་མགོ་རེ་བས་ད་ཐུམ་ཞིག། །དགྲ་མིག་ཁྲག་གི་ད་ཆོད་ཅིག །དགྲ་བོའི་སྐེ་ནས་ཐག་པས་ཆིངས། །དགྲ་སྲོག་ཆོད་ལ་དགྲ་དབུགས་བསྡུས། །བདེན་སྟོབས་བརྗོད་ལ། ཐད་དུ་ལང་བའི་དགྲ་བོ་ལས་ངན་ལ། རྟ་དཀར་པོ་ལ་སྟན་ནག་པོ་བསྟད་པ་བཞིན་དུ་སོང་ཞིག །མོ་ངན་པ་དང་། རྨི་ལམ་ངན་པ་དང་། ཐན་ལྟས་ལ་ཉེ་ངན་པ། བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཐད་དུ་ལང་བའི་དགྲ་བོ་ཐམས་ཅད་ཀྱི་མགོ་ལ་ཁོབ་ཅིག་བསྒྱུར་ཅིག །ཅེས་སོགས་བརྗོད་ལ་གཡག་རུ་ཐལ་འཇིམ་དང་བཅས་པའི་ཁ་དེ། རེ་བས་གཡོག་ལ་སྐུད་པ་ཁྲ་ཁྲིས་ཀྱིས་དཀྲིས་མདུད་པ་དགུ་བྱས་གླང་གཟུགས་ཀྱི་མགུལ་དུ་བཏགས་ལ་དེ་སྐད་གྱེར་བར་བྱ། །དེ་ནས་ཤ་རུ་ལ་རོ་སོལ་གྱི་ཁྲམ་རེ་བློ་རེ་ཛ་རེ་བྲིས་ཤིང་འདི་སྐད་དོ། ཀྱཻ། སྔོན་གྱི་བསྐལ་པའི་དང་པོ་ལ། །ཤ་རུ་ཁྲམ་འདེབས་འདི་ལྟར་སྲིད། །གྲི་ལ་སྔ་བ་སྟོང་གྲི་ཡིན། །ཡས་ལ་སྔ་བ་ཤ་རུ་ཡིན། །འཕུར་ལ་སྔ་བ་གྲི་བྱ་ཡིན། །ཁྱི་ལ་སྔ་བ་རི་སྤྱང་ཡིན། །ངམ་གྱི་ཤ་མཐའ་བྲག་དཀྱིལ་


CMR047_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ཤ་བ་བསད་པའི་ལོ་རྒྱུས་ནི། །གྲི་མཐའ་དམར་པོའི་དཀྱིལ་ཤེད་ན། །རི་བྲག་མཐའ་ལ་བཙུད་རྗེས་སྣང་། །དེ་རི་དྭགས་གང་གི་རྒྱུག་རྗེས་རེད། གྲི་མཐའ་དེ་ཡི་རྩེ་མོ་ན། །འདབ་ཆགས་གཅིག་གི་འཕུར་རྗེས་སྣང་། །དེ་འདབ་ཆགས་གང་གི་འཕུར་རྗེས་རེད། །གྲི་མཐའ་དེ་ཡི་རྩ་བ་ནས། །གཅན་གཟན་གང་གི་སོང་རྗེས་རེད། ཀྱཻ། དང་པོ་སྨན་པས་ངམ་ཤ་བཀྱེས་པ་ལ། །གྲི་མཐའ་དེ་ཡི་དཀྱིལ་ཤེད་ནས། །རི་དྭགས་རྒྱུག་རྗེས་སྣང་བ་དེ། །གྲི་ཤ་འཕང་དམར་རྒྱུག་རྗེས་རེད། །གྲི་མཐའ་དེ་ཡི་རྩེ་མོ་ན། །འདབ་ཆགས་འཕུར་རྗེས་སྣང་བ་དེ། །གྲི་བྱ་ཕོ་རོག་འཕུར་རྗེས་རེད། །གྲི་མཐའ་དེ་ཡི་རྩ་བ་ན། །གཅན་གཟན་སོང་རྗེས་སྣང་བ་དེ། །གྲི་ཁྱི་སྤྱང་ཀི་སོང་རྗེས་རེད། །དེར་གྲི་ཁྱིས་གྲི་ཤ་མཐའ་ལ་འཕོང་། །གྲི་བྱ་ཕོ་རོག་སྟེང་ན་བབ། གྲི་ཁྱི་སྤྱང་ཀིའི་རྗེས་སུ་འབྲང་། །ངམ་གྱི་ཤ་མཐའ་བྲག་དམར་ལ། །དང་པོ་ཤ་སྲིད་དེ་ལྟར་སྲིད། །བར་དུ་ཤ་གནས་དེ་ལྟར་གནས། །ཐ་མ་ཤ་བསད་དེ་ལྟར་བསད། །གྲི་ངོ་སྨྲས་ངོ་བསྒྱུར་བའི་ཕྱིར། །ཤ་རུ་ཁྲམ་འདེབས་དེ་ལྟར་སྲིད། ཀྱཻ། ཨེ་མ་ཡས་


CMR047_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སྟགས་ངོ་མཚར་ཆེ། །ཡས་ལ་སྔ་བ་བྱུང་ཁུངས་བཤད། །ཡས་སྟགས་བྱུང་ཁུངས་མ་བཤད་ན། །འདྲེ་དང་ཡས་གཉིས་ག་ལ་འཕྲད། །དང་པོ་ཤིས་ཆུང་རི་མོ་བཀྲག་ཙ་ན། །མོ་བཙུན་བག་ལ་ཆས་པ་འདྲ། །ཤ་རྒྱས་ལ་ཁར་བྱུང་ཙ་ན། །དམག་དཔོན་ཆས་སུ་ཞུགས་པ་འདྲ། །ཨེ་མ་ཡས་སྟགས་ངོ་མཚར་ཆེ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི། །གནོད་པར་བྱེད་པའི་དགྲ་བོ་རྣམས། །མ་ཡོ་མ་འཛུལ་ཁྲམ་ལ་ཐོབས། །ཤ་རུ་འདི་ལ་ཁྲམ་ལ་ཐོབས། །ཁྲམ་ལ་བཏབ་པའི་དགྲ་བོ་འདི། །འཆི་བདག་གཤིན་རྗེ་ཁྱོད་ལ་གཏད། ཀྱཻ། དཀོན་མཆོག་གསུམ་གྱི་བདེན་པ་ཡི། །ཤ་རུའི་ཡལ་ག་ཤར་དུ་བརྟེན། །ཤར་ཕྱོགས་རྒྱ་ཡི་དགྲ་སྲི་དེ། །མ་ཡོ་མ་འཛུར་ཁྲམ་ལ་ཐོབ། །ཤ་རུའི་ཡལ་ག་ལྷོ་ལ་བརྟེན། །ལྷོ་ཕྱོགས་འཇང་གི་དགྲ་སྲི་དེ། །མ་ཡོ་མ་འཛུལ་ཁྲམ་ཐོབ། །ཤ་རུའི་ཡལ་ག་ནུབ་ལ་བརྟེན། །ནུབ་ཕྱོགས་མོན་གྱི་དགྲ་སྲི་དེ། །མ་ཡོ་མ་འཛུར་ཁྲམ་ལ་ཐོབ། །ཤ་རུ་ཡལ་ག་བྱང་དུ་བརྟེན། །བྱང་ཕྱོགས་ཧོར་གྱི་དགྲ་སྲི་དེ། །མ་ཡོ་མ་འཛུལ་ཁྲམ་ལ་ཐོབ། །ཤ་རུའི་ཡལ་ག་རེ་རེ་


CMR047_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །དགྲ་བོ་མི་རྟ་རེ་རེ་ཁྲམ་ལ་ཐོབ། །ཤ་རུའི་ཡལ་ག་བཅུ་བཅུ་ལ། །དགྲ་བོ་མི་རྟ་བཅུ་བཅུ་ཁྲམ་ལ་ཐོབ། །ཤ་རུའི་ཡལ་ག་ཉི་ཤུ་ལ། །དགྲ་བོ་མི་རྟ་ཉི་ཤུ་ཁྲོམ་ལ་ཐོབ། །ཤ་རུའི་ཡལ་ག་སུམ་ཅུ་ལ། །དགྲ་བོ་མི་རྟ་སུམ་ཅུ་ཁྲམ་ལ་ཐོབ། །ཤ་རུའི་ཡལ་ག་བཞི་བཅུ་ལ། །དགྲ་བོ་མི་རྟ་བཞི་བཅུ་ཁྲམ་ལ་ཐོབ། །ཤ་རུའི་ཡལ་ག་ལྔ་བཅུ་ལ། །དགྲ་བོ་མི་རྟ་ལྔ་བཅུ་ཁྲམ་ལ་ཐོབ། །ཤ་རུའི་ཡལ་ག་དྲུག་ཅུ་ལ། །དགྲ་བོ་མི་རྟ་དྲུག་ཅུ་ཁྲམ་ལ་ཐོབ། །ཤ་རུའི་ཡལ་ག་བདུན་ཅུ་ལ། །དགྲ་བོ་མི་རྟ་བདུན་ཅུ་ཁྲམ་ལ་ཐོབ། །ཤ་རུའི་ཡལ་ག་བརྒྱད་ཅུ་ལ། །དགྲ་བོ་མི་རྟ་བརྒྱད་ཅུ་ཁྲམ་ལ་ཐོབ། །ཤ་རུའི་ཡལ་ག་དགུ་བཅུ་ལ། །དགྲ་བོ་མི་རྟ་དགུ་བཅུ་ཁྲམ་ལ་ཐོབ། །ཤ་རུའི་ཡལ་ག་བརྒྱ་བརྒྱ་ལ། །དགྲ་བོ་མི་རྟ་བརྒྱ་བརྒྱ་ཁྲམ་ལ་ཐོབ། །ཤ་རུའི་ཡལ་ག་སྟོང་སྟོང་ལ། །དགྲ་བོ་མི་རྟ་སྟོང་སྟོང་ཁྲམ་ལ་ཐོབ། །དམ་ཉམས་དགྲ་བོ་བྱ་བ་རྣམས། །ཤ་རུས་འདི་ལ་ཁྲམ་ལ་ཐོབ། །ད་ལྟ་ཉིད་དུ་ཁྲམ་ལ་ཐོབས། །མྱུར་བ་ཉིད་དུ་ཁྲམ་ལ་ཐོབ། །གནོད་བྱེད་དགྲ་བོ་མ་ཤོར་ཅིག །དགྲ་ལ་ཁྲམ་ཁ་ད་བསྒྱུར་ཅིག །ཅེས་ཁྲམ་ལ་བཏབ་པའི་


CMR047_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་རུ་དེ། ཡང་གླིང་གཟུགས་མགུལ་དུ་བཏགས། སྐབས་འདིར་གླང་ཆེན་སྣ་བསྒྱུར་བྱ། དེ་ནས་སྔོན་དུ་དཀར་གཏོར་གསེར་སྐྱེམས་མཆོད། གླིང་གཟུགས་ཁ་ཕྱིར་བསྟན་ནས། མདའ་ཟོར་དང་། ཟོར་གཞན་ཡང་བཤམས། ཡོན་མཆོད་ཐམས་ཅད་ཀྱི་གོ་གྱོན་མཚོན་ཐོགས་ནས་སྟང་སྟབས་བྱའོ། །སྤྲོས་བཅས་དར་ནག་བསྐྱོད་ནས་མདོས་ཟློག་གཞུང་ལྟར་བྱ་བ་ཡིན། ཧཱུྃ། ད་ནི་ཆོས་ཆོས་དགྲ་ལ་ཆོས། །ལྷ་དང་སྲུང་མའི་དམག་ཚོགས་ཆོས། །ཕོ་ལྷ་དགྲ་བླ་ཝེར་མ་ཆོས། །གཟུ་དཔང་ཡུལ་ལྷ་གཉན་པོས་མཛོད། །ནམ་མཁའི་ཁམས་ནས་ལྷ་དམག་ཆོས། །བར་སྣང་ཁམས་ནས་གཉན་དམག་ཆོས། །ས་གཞིའི་ཁམས་ནས་ཀླུ་དམག་ཆོས། །ཀུ་བསྲོ་ཆོ་སྒྲ་ཏི་རི་ཆོས། །རྔ་གཤང་རོལ་མོ་ཁྲོ་ལེ་ཆོས། །དར་ནག་བ་དན་ལྷབས་སེ་ཆོས། །ཐུན་ཟོར་དམག་ཇག་དཔུངས་སེ་ཆོས། །མདའ་མདུང་རལ་གྲི་རུབས་སེ་ཆོས། །ཀླུ་བཙན་རྟ་རྒྱུག་སྤྲིངས་སེ་ཆོས། །སྡེ་བརྒྱད་འོ་དོད་ལྷངས་སེ་ཆོས། །སྔགས་པས་བྲོ་འཁྲབ་ཁྲིགས་སེ་ཆོས། །དཔའ་བོ་གོ་ཁྲབ་སྙིགས་སེ་ཆོས། །བུད་མེད་ཐལ་རྡེབ་ཆ་ལེ་ཆོས། །བྱིས་པ་གད་རྒྱངས་ཤར་རེ་ཆོས། །དགྲ་ངན་སྨྲེ་སྔགས་འདུས་སེ་ཆོས། །འདྲེ་ངན་སྐད་ངན་ཅེ་རེ་ཆོས། །དེ་ལྟར་


CMR047_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་དམག་ཚོགས་རྣམས། །ད་རེས་སྡང་བའི་དགྲ་ལ་ཡ། །དགྲ་བོ་བདུན་རྒྱུད་རྩད་ནས་ཆོད། །ད་རེས་གནོད་པའི་བགེགས་ལ་ཡ། །བགེགས་དཔུང་ཐལ་བ་རྡུལ་དུ་རློགས། །ཞེས་དགྲ་ཆོས་དངདམག་འགྱེད་འདི་མ་ནིང་ལས་རྒྱུད་དང་། དགྲ་བླའི་དྲག་མདོསརྣམས་ཀྱི་དོན་བསྡུས་པས་འཐུས་ཆེའོ། །དེ་ནས་ཁྱེར་བྲབ་བྱས་ཏེ། ཧཱུྃ། གཏོ་འདི་བསྡུས་བསྡུས་བསྐྱེད་བསྐྱེད་ནས། །ཡས་འདི་བསྔོས་བསྔོས་གྱེར་གྱེར་ནས། །སྒྲུང་འདི་བསྔགས་བསྔགས་བརྗོད་བརྗོད་ནས། །དགྲ་འདི་གཡབ་གཡབ་བྲུབ་བྲུབ་ནས། །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །སྔགས་འཆང་དཀོར་ལ་རློམ་པ་དང་། །བསླབ་པའི་སློབ་བུ་དམ་ལོག་དང་། །བསྟན་པའི་ལེ་གུ་ལྷ་ལོག་དང་། །གཏམ་པའི་ཤག་རོགས་མནའ་ཟན་དང་། །ཉོས་པའི་ཆུང་མ་སྙིང་ངན་དང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཐད་དུ་ལང་བའི་དགྲ་བོ་ཡི། །མི་ནོར་འཁོར་བཅས་ཕུང་བར་གྱིས། །དགྲ་བགེགས་གནོད་བྱེད་སྟེང་དུ་བྷྱོ། །བཟློག་ཅིག་བསྒྱུར་ཅིག་ས་མ་ཡ། །དེ་ནས་ཕྱི་རོལ་དུ་ཁྱེར་ནས། དམོད་བཅོལ་དྲག་ཏུ་བྱས་ཤིང་། ཟོར་ཐམས་ཅད་དགྲ་


CMR047_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དེ་ལ་བརྒྱབ། བཟློག་བསྒྱུར་བྱའོ། །མདའ་བརྒྱད་རྩེ་ལྷོང་དུ་སྤྲད་ལ་སྡེ་བརྒྱད་དུ་བསམས་ཤིང་། ཧཱུྃ། གཞུ་འདི་སྲིན་པོ་ཛྭ་ལ་རམ། །རྒྱུད་འདི་སྦལ་མགོ་ཁྲག་མིག་ལ། །མདའ་འདི་སྲས་མཆོག་རཱ་ཧུ་ལ། །གོ་མཚོན་ལྷ་སྲིན་སྡེ་བརྒྱད་དེ། །མདའ་ཟོར་དགྲ་བོའི་སྙིང་ལ་རྒྱོབས། །དགྲ་སྲོག་ཨ་ཝ་དྷུ་ཏིས་ཆོད། །རལ་གྲིས་དགྲ་བོའི་ལྷུ་ཚིག་ཕྱེས། །ལྷ་སྲིན་སྡེ་བརྒྱད་དྲེགས་པའི་ཚོགས། །གདུག་པའི་མདུང་དམར་དབལ་སོ་ཅན། །རྒྱོབ་ཅིག་དགྲ་བོའི་སྙིང་ལ་རྒྱོབས། །ཆུམ་ཅིག་དགྲ་བོའི་དམག་དཔུང་ཆུམ། །ཆོད་ཅིག་དགྲ་བོའི་མཐའ་རྒྱུད་ཆོད། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །དེ་ནས་སྔོན་དུ་མདའ་རྒྱབ། དེ་ནས་མཚོན་སྣ་ཚོགས་རྒྱབ་ཚུལ་བྱ་ཞིང་། དྲག་སྔགས་དང་བསད་སྔགས་དྲག་ཏུ་བཟླས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཐམས་ཅད་ལ། ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅས་པ་ཐམས་ཅད་ནས་ཐད་དུ་ལང་བའི་དགྲ་ཡ་གྱོད་ཡ་རྐུན་ཇག་གདོན་བགེགས་ཐམས་ཅད་ཚལ་པ་ཚལ་པ་དུམ་བུ་དུམ་བུ། རྡུལ་ཕྲན་རྡུལ་ཕྲན། ནྲྀ༔ཏྲི་ཨ་བྷྱོ་ཛ་ཛཿ དགྲ་བགེགས་སྲོག་ལ་མཱ་ར་ཡ་རྦད་རྦད། ཅེས་བཟླས་སོ། །དེ་དགྲ་གཟུགས་


CMR047_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་རུ་དང་བཅས་པ་རྣམས་རྒྱ་ལམ་ཆེན་པོའི་དཀྱིལ་ལམ་ཚ་ཁང་རྙིང་པའི་འོག་གམ་མ་འབྱོར་ན་ཐལ་བའི་ནང་དུ་མནན་ལ་འདི་སྐད་དོ། ཧཱུྃ། ང་ནི་ཁྲོ་རྒྱལ་ཆེན་པོ་སྟེ། །སྡང་བའི་དགྲ་བོ་ཐམས་ཅད་ཀུན། །བཏང་ངོ་རྒྱ་མཚོའི་ཕ་རོལ་བཏང་། །མནན་ནོ་རི་རབ་འོག་ཏུ་མནན། །བརྫང་ངོ་ཆུ་སྲིན་གྲེ་བར་རྫོངས། །བསྡམ་མོ་ཕྱག་རྒྱའི་འཁོར་ལོས་སྡོམས། །གཏད་དོ་འཆི་བདག་གཤིན་རྗེར་གཏད། །གཉེར་རོ་ལས་མཁན་ཁྱེད་ལ་གཉེར། །སྡང་དགྲ་གནོད་བྱེད་བྲུབ་བོ་མནན། །མཆོད་རྟེན་བྱིན་ཆེན་འོག་ཏུ་མནན། །བྲུབ་བོ་མནན་ནོ་མཱ་ར་ཡ། །རྒྱ་ལམ་ཆེན་པོའི་དཀྱིལ་དུ་བྲུབ། །བྲུབ་པོ་མནན་ནོ་མཱ་ར་ཡ། །སྔོན་མོ་ཐལ་བའི་ནང་དུ་བྲུབ། །བྲུབ་བོ་མནན་ནོ་མཱ་ར་ཡ། །ཨོཾ་ནན། ཨ་ནན། ཏྲི་ནན་ཧཱུྃ་ཕཊ༔ ཅེས་བརྗོད་ཅིང་རྐང་ཞབས་རྡོ་རྗེ་རྒྱ་གྲམ་བསམ་སཤིང་མནན། བྱང་ཆུབ་སེམས་མཆོག་མ་སྐྱེས་པ། །མནན་པ་ཡིན་གྱིས་མ་ལྡང་ཞིག །དགྲ་བགེགས་གནོད་བྱེད་ཚྭ་བྷ་ཡ་མཱ་ར་ཡ་ནན། དགྲ་མནན་དགོས་པ་མེད་ན་གཏོར་གཞོང་འོག་ཏུ་དགྲ་གཟུགས་མནན་པ་དེ་ག་ཙམ་པས་ཆོག །སྤྲོ་ན་གལ་ཆེན་དགྲ་མནན་བྱེད་པ་ན། །ས་སྣ་རི་སྣ་བྲག་སྣ་ཟུར་བྱང་བལྟ། །གཉའ་ནོན་ཆེ་བའི་དགྲ་ས་དེ་རྣམས་སུ། །བཅའ་


CMR047_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ནག་པོ་མ་ཧཱ་བཱ་ལ་སོགས། །མནན་པ་རྒྱས་པ་གཞན་ནས་བྱུང་བ་སྟེ། །སྤྱི་འཚམས་ལ་ནི་འདི་ཡིས་ཆོག་པ་ཡིན། །ཕན་ཡོན་མི་ཁ་དགྲ་རྐུན་ཇག་པ་ལྡང་། །ཁ་མཆུ་གླེང་གཞི་རྒྱུན་ཆད་མེད་པར་འོང་། །བྱེད་སྣ་ཟུག་ཅིང་བཀྲ་མི་ཤིས་པར་འབྱུང་། །དེ་ལ་མི་བྱེད་ཁ་མེད་འདི་དྲག་ཆེ། །ཕན་ངེས་ལག་ཏུ་བླང་བའི་མྱོང་བ་ཡོད། །སྔོན་ཚེ་གཏོ་མཁན་རྣམས་ཀྱིས་གོ་ལོག་ནས། །སྔར་གྱི་ཁ་དཔེ་ལྟ་བུར་བཅའ་སོགས་བྱེད། །ཁྱད་པར་གཡག་རུའི་དགྲ་ཆོས་དགྲ་བྲུབ་དང་། །དགྲ་མནན་འདི་ནི་ཡེ་སྨོན་རྒྱལ་པོ་དང་། །འཛམ་གླིང་རྒྱལ་པོ་རྣམས་ལ་དར་སྲོལ་ཆེ། །ཕྱིས་ནས་ཡི་གེར་མ་ཐེབ་ཁ་མ་ཚང་། །གཏོ་མཁན་རྣམས་ལ་ཁག་མེད་ལྟ་བུ་ཡིན། །དེ་ལ་མ་བཟོད་རང་ཉིད་ལག་ལེན་དང་། །ཁྱད་པར་དམར་ཡོན་སྔགས་འཆང་མགོན་ནག་གིས། །ཡང་ཡང་བསྐུལ་བས་རྐྱེན་བྱས་ལ་བསྟན་ནས། །རྟ་ལོ་ཁྲུམས་ཀྱི་ཟླ་བའི་ཉེར་དགུ་ནུབ། །དགུ་གཏོར་ཚར་སྐབས་རཱ་ག་ཨ་སྱ་ཡིས། །སྔོན་གྱི་རྒྱུད་གཞུང་མང་པོ་མཐོང་བ་དང་། །ཡིག་ཆ་རྙིང་པ་རྣམས་ལ་གཞི་བྱས་ཏེ། །ཆོས་སྐྱོང་བཀའ་སྲུང་དགྲ་བླའི་ཚོགས་བཅས་ལ། །གསོལ་བ་བཏབ་ནས་རིམ་བཞིན་སྨྲས་པ་ལས། །སྦྱིན་པ་དད་པ་རྣམས་ཀྱིས་མྱུར་དུ་བྲིས། །དེ་ནུབ་རྨི་ལམ་རྟེན་འབྲེལ་བཟང་པོ་བྱུང་། །སྙིགས་དུས་སྐབས་འདིར་ཕན་པ་ཆེའོ་སྙམ། །ཅི་དྲན་སྨྲས་པ་མ་ཡིན་གནད་ཆེན་ཡོད། །མང་དུ་མ་སྤེལ་མཐུ་དཔེ་ལྟ་བུ་ཡིན། །ཆོས་སྐྱོང་བཀའ་སྲུང་དགྲ་བླའི་ཚོགས་བཅས་ལ། །བཀའ་འདི་གཏོད་ལ་མ་གཡེལ་སྡོང་གྲོགས་མཛོད། །


CMR047_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཉམ་པ་རྣམས་ལ་སྲོག་གི་ཤན་པ་མཛོད། །འདི་བྲིས་དགེ་བས་དགྲ་ཇག་ཆོམ་རྐུན་ཞི། །རྣལ་འབྱོར་ཡོན་མཆོད་སྐུ་ཚེ་མཐར་ཕྱིན་ཤོག དེ་སྐད་སྨྲས་པའི་རྣལ་འབྱོར་རཱ་ག་ཨ། །འདི་ཕྱིར་སྒྲིབ་པར་མ་གྱུར་བསཏཱ་ཨ། །འགྲོ་ལ་ཕན་སེམས་འགྲུབ་པའི་བཀྲ་ཤིས་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགསང་སྔགས་དགྲ་ཆོས་ཐོག་པ་སྡེ་དགུ་དགྲ་བྲུབ་ནག་པོའི་གཡབ་མོ་གཏོ་ནག་དགྲ་ཟོར།next