Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གསང་སྔགས་དགྲ་ཆོས་ཀྱི་ཡང་ཡིག་དུག་མདེལ་དགུ་པོ་བཀའ་རྒྱ་ཤིན་ཏུ་ཆེ།
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousགསང་སྔགས་དགྲ་ཆོས་ཀྱི་ཡང་ཡིག་དུག་མདེལ་དགུ་པོ་བཀའ་རྒྱ་ཤིན་ཏུ་ཆེ།next

གསང་སྔགས་དགྲ་ཆོས་ཀྱི་ཡང་ཡིག་དུག་མདེལ་དགུ་པོ་བཀའ་རྒྱ་ཤིན་ཏུ་ཆེ།


CMR047_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་དགྲ་ཆོས་ཀྱི་ཡང་ཡིག་དུག་མདེལ་དགུ་པོ་བཀའ་རྒྱ་ཤིན་ཏུ་ཆེ་བ་ཁ་ཐཾ་བཀྲ་ཤིས་སོ།


CMR047_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་ཆོས་སྲུང་དམ་ཅན་ལ། །སྙིང་ནས་འདུད་དོ་བཀའ་ཡི་གནང་བ་སྩོལ། །གསང་སྔགས་དགྲ་ཆོས་ཀྱི་ཐོག་པ་སྡེ་དགུའི་ཡང་ཡིག་དུག་མདེ་ལ་དགུ་པོ་འདིར་བསྟན་པར་བྱ་སྟེ། དེ་ཡང་སངས་རྒྱས་ཀྱི་བསྟན་དགྲ་སྤྱི་དང་སྒོས་སུ་གསང་སྔགས་སྒྲུབ་པའི་གང་ཟག་ལ་ཆོམ་རྐུན་གྱི་འཚེ་བ་བྱུང་བའི་དུས་སུ་དགོངས་ནས་སློབ་དཔོན་ཆེན་པོ་པདྨས་ཕུང་བྱེད་ཤིནྟིང་གནྡྷ་དང་། དྷ་ན་སཾ་ཀྲྀཏ་ལ་སོགས་པ་ལ་དྲག་སྔགས་བརྒྱ་དང་རྩ་བརྒྱད་ཞུས། ཁྱད་པར་མནན་གཏད་ཕུང་སེལ་གྱི་རིགས་རྣམས་ཞུས་པའི་ནང་ནས་ཟབ་ཅིང་ཟབ་པའི་སྐོར་ནས་དུག་གི་མདེལ་དང་འདྲ་བ། དམ་ཉམས་ཀྱི་སྲོག་དངོས་སུ་འཕྲོག་པའི་མན་ངག་གབ་ཅིང་སྦས་ཏེ་ཡང་ཆོས་སུ་བསྐོར་བའི་གདམས་ངག །རང་ལ་ཡོད་ན་ནོར་ཆེ། མི་ལ་ཡོད་ན་རྒྱ་


CMR047_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། གཞན་ལ་བསྟན་ན་འཕང་ཆེ་བའི་གདམས་ངག་འདི་འདྲ་རྙེད་པར་མི་འགྱུར་ཏེ། སྙན་བརྒྱུད་ཡི་གེ་བཏབ་པར་འདི་དཀའ་ནའང་། མགོན་ནག་སྔགས་འཆང་གི་ཟིན་བྲིས་དང་། ཡང་ཡིག་འདི་ཡང་ཡང་ཞུ་བ་ལན་མང་དུ་བྱས་ཏེ། བདག་གི་སློབ་དཔོན་གྱི་ཡབ་རྒན་ལ་རྟ་མགྲིན་ཉང་ལུགས་ཀྱི་དབང་ལུང་ཡོངས་རྫོགས་བྱས་པའི་སློབ་དཔོན་ཡིན་ཕྱིར་བཀའ་བཅག་མི་རུང་བའི་ཕྱིར་བསྟན་པར་བྱ་སྟེ། དེ་ཡང་ཁྱད་པར་དགྲ་བགེགས་ཚར་གཅོད་ཀྱི་དགྲ་ཆོས་འདི་ཀིང་ཀང་དམར་ནག་གི་གཙོས། ཆོས་སྲུང་དྲེགས་པའི་དགྲ་ཆོས་གཞུང་མང་གི་དགོངས་པ་བླངས་བའི་ཤིན་ཏུ་ཟབ་ཅིང་བཀའ་རྒྱ་ཆེ་ཕྱིར་གབ་སྦས་སུ་བཀོད་དེ། དང་པོ་འབྲུ་ནག་གི་ཕྱེ་ལ་དུག་དང་ཁྲག་སྣ་བསྲེས་པའི་གཏོར་མ་གཞུང་ལྟར་བཅས་ལ་དགྲ་ལིང་ཡོད་པའི་ཧོམ་གྱི་སྟེང་དུ་མདའ་ཁྲི་དམ་


CMR047_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

མཉྫིའི་སྟེང་དུ་བཞག །གཏོར་མའི་ནང་དུ་ཟངས་སྦུབས་སུ་སྔགས་འདི་བྲིས་ལ་བཅུག །ཨོཾ་མཉྫའི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་མ་ཧཱ་ཀཱ་ལ་རེ་མ་ཏི་ཨ་ཡ་མ་དུ་རུ་ཙ་ཤ་ན་ཨ་ཧཱུྃ་བྱོལ་བྱོལ་ཟློག་ཟློག །དགྲ་བོ་བྱད་མི་སྲོག་ལ་མཱ་ར་ཡ་ཐུན་བྷྱོ་ཅད་སོད། ཀྲྀ་མྱོག་དགྲ་བོ་ཀཱ་ཡ་ཝཱཀ་ཙཱ་བྷ་ཡ་ནན། ཙིཏྟ་ཀྲྀ་ཏ་ཤྲཱི་ཏེ་བྱད་མ་ཏི་ཤན་ཏི་ཤན། དགྲ་བོ་སྤུར་ཐུ་སྤུར་ཐུ་དགྲ་བོ་བྷི་ཤ་ཙཀྲ་ཧ་ལ་ཧ་ལ་དགྲ་བོ་མཱ་ར་ཡ་སྟཾ་བྷ་ཡ་ནན། དཀར་གཏོར་བཅས་པ་ཡར་གཞིའི་གོང་དུ་བཤམས་ལ། ལས་འབྲེལ་རྩལ་གྱི་གཏེར་མ་བདག་གིས་བསྒྲིགས་ཆོག་བྱས་པའི་དགྲ་ཟློག་ནག་པོ་སྐག་ཟློག་གི་ལིངྒ་བསྐྱེད་ཆོག་གི་འགུགས་གཞུག་ལན་ཉེར་གཅིག་བདུན་སོགས་གལ་ཆེ་ཆུང་དང་བསྟུན་ཏེ། ཡི་དམ་ཆོས་སྲུང་གི་སྤྱན་འདྲེན་མཆོད་བསྟོད་འགུགས་གཞུག་བྱ་གསུངས་པའི་དོན་ཡིན་ནོ། །ཟན་ལིང་གཅིག་ཧོམ་གྱི་ལིངྐ་དང་མཉམ་དུ་བཞག་ལ་བསྒྲལ་དམིགས་བསད་པ་དང་བཅས་ཏེ་ཞལ་བསྟབ་བྱས་ཏེ་བཟློག་གཞུང་སྔགས་ཡན་འདོན། དེ་ནས་དགྲ་བགེགས་ཚར་གཅོད་ཧཱུྃ་མ་གཡེལ་མ་སོགས་ནས་རྡུལ་དུ་བརླག་པར་མཛོད། ཡན་དེ་དང་བློ་གདབ་ལོགས་སུ་བྱས་ཡོད་ལྟར་ཚར་རེ་དང་སྦྲགས་ལ་གལ་ཆེ་ན་རང་དོན་སོགས་ལ་ཚར་དགུ་རེ་སོགས་བྱ་ཤིང་། དམིགས་པ་ནི་རང་ཉིད་ཡི་དམ་གང་ཡིན་པ་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་གཙོ་བོ་ལ་ཕོག་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་ཚ་ལ་རྩུབ་པ་ལྟེ་བ་ནས་བྱུང་འཁོར་ཆོས་སྐྱོང་ཕོ་


CMR047_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་མོ་རྒྱུད་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཕྱོགས་སྐྱོང་བཅུ་ལ་ཕོག་པས། གནད་ལ་ཕོག་ལྟར་དྲག་ཏུ་ཁྲོས་ཏེ་ཁྲོ་རྔམ་བརྗིད་ཚུལ་གྱི་དགྲ་བོའི་ཤ་ཟོས་ཁྲག་འཐུང་ནས་རྡུལ་དུ་བརླག་པར་བསམ། འབུལ་དུས་ཆོས་སྲུང་ལྷ་འདྲེའི་དམག་དང་བཅས་པ་རྣམས་གོ་གྱོན་མཚོན་ཐོགས་ནས་དགྲ་ཡུལ་དུ་ཆས་ཏེ་རྡུལ་དུ་བརླག་པར་བསམས་ནས་དགྲ་ཟློག་མཇུག་གི་ཟློག་ཐུང་འདོན་ལ་དགྲ་ཕྱོགས་སུ་འཕང་། དགྲ་ཚབ་ཆེ་ན་བཅས་ཡོད་ན་འབུལ་དུས་དེ་ལ་བརྡེག །དམག་ཇག་དང་མགྲོན་ལ་འགྲོ་ན་མ་གཏོགས་མ་གཡེལ་ཕྱིན་ནི་མི་འདོན་པ་གནད་ཡིན་ནོ། །དེ་ཡན་གཏོར་མ་དགྲ་ཆོས་དུག་གི་མདེལ་ཐུང་གཅིག་པའོ། །དེ་ནས་འཇམ་དཔལ་ཚེ་བདག་ཟླ་གསང་གའུ་དམར་ནག་གི་ལས་མཐའ་དགྲ་བོའི་ལུས་ངག་ཡིད་མནན་པའི་འཁོར་ལོ། ལུས་མནན་པ་ལྟེ་བར་མཆོད་རྟེན་བྲིས་པའི་འཁོར་ལོ་ལིངྒའི་མགོ་བྲི། ངག་མནན་པའི་འཁོར་ལོ་ལིངྒའི་ལྕེ་སྟེང་དུ་་རྡོ་རྗེ་རྒྱ་གྲམ་བྲི། ཡིད་མནན་་་་ཕུར་པ་བྲི།་་་པའི་འཁོར་ལོ་ལིངྒའི་སྙིང་གར་བྲིས་པའི་འཁོར་ལོ་གསུམ་བྲི། མཐར་བསྐོར་དུ་དགྲ་བོ་རྒོའི་མིང་རུས་འཁོར་དང་བཅས་པ་ཙཱ་བྷ་ཡ་ནན། རྩིབས་བཞིའི་སྟེང་མ་ལ། །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་དགྲ་བོ་རྗེ་མོ་ཙཱ་བྷ་ཡ་ནན། ཧེ་ཀ་ཡ་མ་དུ། རྩིབས་གཉིས་རིགས་འགྲེའོ། །གྷྲི་མ་ཡ་མ། འོག་མ་ལ། སརྦ་ཙིཏྟ་གཟེར་ཐུ་བྷིག་ནན་ཏྲིག་ནན། རྦད་ཡ། བཟློག་ཡ། དགྲ་བོ་རྗེ་མོའི་ལྷ་སྲུང་དང་བཅས་པའི་མཐུ་ནུས་ལ་ལུས་ངག་ཡིད་


CMR047_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟྭཾ་བྷ་ཡ་ནན། སྲོག་ལ་མཱ་ར་ཡ་ཧཱུྃ་ཕཊ། བཟློག་ཡཱ་ཞེས་བྲི། རྩིབས་མཆན་བཞིར། དགྲ་བོ་རྨེ་མོའི་ཕོ་ལྷ་སྟེ་བྷ་ཡ་ནན། དགྲ་བླ། སྲོག་ལྷ། ཕ་ལྷ་མ་ལྷ་ཞང་ལྷ་ཡུལ་ལྷ་ཐམས་ཅད་དང་དབང་ཐང་གི་ལྷ་སུམ་ཅུ་ཐམ་པ་ཙཱ་བྷ་ཡ་ནན། ཞེས་བྲི། མུ་ཁྱུད་ལ་དགྲ་བོ་རྗེ་མོའི་ཤ་ལ་རྡུབ་སྙིང་ལ་མཱ་ར་ཡ། དབུགས་ལ་རྔུབ་སྲོག་ལ་མཱ་ར་ཡ། ཁྲག་ལ་རྡུབ་རྩ་ལ་མཱ་ར་ཡ་ཧཱུྃ་ཕཊ། ཧཱུྃ་བྷ་ཡ་ནན། དཔྲལ་བར་དུས། སྙིང་ཁར་མིང་། ཡན་ལག་བཞི་ལ་འབྲུ་བཞི་ཐ་ལ་ཛ་ཁྲམ་གྱིས་བསྐོར། ཅེས་བྲིས་པའི་འཁོར་ལོ་ལ་མཛེ་ཕོ་དང་ཡུགས་སའི་ཁྲག་བྱུག །ལྷ་དབྱེ་གཞུང་ལྟར་བྱས་ལ་ཚོན་སྐུད་ཡུགས་སྐྲས་བཅིངས་ལ་ཧོམ་དུ་བཅུག་ལ་གཟུ་དཔང་འོག་ཏུ་ཨེ་ཀ་ཡ་མའི་སྔགས་མཇུག་ཏུ། དམ་ཉམས་བྱད་མའི་ལྷ་སྲུང་དང་བཅས་པའི་སྲོག་སྙིང་ལ་མཱ་ར་ཡ་རྦད་སོད། ཡཾ་ཡཾ་བྷྱོ་བྷྱོ་དགྲ་བྷྱོ་བྷྱོ། ཨེ་ཀ་དུ་ནས་དགྲ་བོའི་གཤེད་དུ་རྦད། ས་ག་དུ་ན་ཤ་ཏུན་དགྲ་བོའི་གཤེད་དུ་ཆད། ཙ་ཏུར་སྙིང་ན་ཤ་ཏུན་དགྲ་བོའི་གཤེད་དུ་རྦད། ཀ་ཏོར་དུ་ན་དགྲ་བོའི་གཤེད་དུ་རྦད། ཙ་ཏུར་དུ་ན་དགྲ་བོའི་གཤེད་དུ་རྦད། ར་ཙ་དུ་ན་དགྲ་བོའི་གཤེད་དུ་ཟད། མ་ཧཱ་དུ་ན་དགྲ་བོའི་གཤེད་དུ་ཟད། ས་ག་དུ་ན་དགྲ་བོའི་གཤེད་དུ་རྦད། ནཱ་ག་དུ་ན་


CMR047_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོའི་གཤེད་དུ་རྦད། མ་མོ་དུ་ན་ཤ་ཏུན་དགྲ་བོའི་གཤེད་དུ་ཆད། དགྲ་རྐུན་ཇག་གསུམ་ཤ་ཏུན་མཱ་ར་ཡ་ཆད་ཆད་བྷྱོ་བྷྱོ་ཟློག་ཟློག་ཅེས་བཟླས། དགྲ་ཐུབ་ཀྱི་མཚམས་སུ་བརྒྱ་རྩ་རེའམ། གལ་ཆེ་ཆུང་བསྟུན་ཏེ་བཟླས་མཐར་ལིངྒ་ཁྱི་ཐོད་དུ་བཅུག་ལ། མནན་གཏད་དུག་གི་མདེའུ་ནང་ལྟར་མནན་ནོ། །ཟླ་གསང་ཁྱི་ཐོད་མའི་མན་ངག་དུག་གི་མདེའུ་གཉིས་པའོ། །གཤིན་རྗེ་ཡ་མ་རཱ་ཙའི་ལས་མཐའ་མནན་གཏད་འཁོར་ལོ་ནག་པོའི་མན་ངག་ནི། ཕུང་གསུམ་བདུད་སྣེའི་དུས་སུ། དུག་ཤོག་ལ་དགྲ་བོའི་ལིངྒ་བསྐོར་བར་བྱ་སྟེ། དེ་ཡང་མཆོད་རྟེན་རྙིང་པའི་རྨིང་པ་ཉི་མ་རི་རྩེ་གང་ལ་འཆར་སྔར་བའི་རིའི་རྨིང་ཞབས་པ། ཕུང་ཤུལ་ས༔ དུག་སྣ་ཁྲག་སྣ། ཟག་རྫས་ལ་བཏབ་སྟེ། ལིངྒ་སྐྱེ་མཆེད་དོད་པར་བྲིས་པའི་སྙིང་གར་རྫིའི་མཐར་བྱད་མ་ཆེ་མོ་ཚིནྡྷ་ཚིན་ཡ། ཚིན་ཡ། བྷནྡྷ་བྷནྡྷ། བྷནྡཱ་ཡཱ། བྷནྡྷཱ་ཡཱ། ཏ་ཏྲ་ཏ་ཏྲ། ཏ་ཏྲ་ཡ། ཏ་ཏྲ་ཡ། མཱ་ར་ཡ་མཱ་ར་ཡ། ཧཱུྃ་བྷ་ཙཱ་བྷ། ཙཱ་བྷ་ཡ། ཧཱུྃ་བྷ་ཡ། མ་ར་ཀ་ཡ་ཧ་ས་ཡ། བྷེ་ཏ་ར་ཡ་མ་ཅི་ར་ན་མཱ་ར་ཡ་ནན། ཙཱ་བྷ་ཡ་ནན། ཡན་ལག་བཞི་ལ་འབྲུ་བཞི། ཁ་ནང་དུ། ཛ་ཛ་དུང་དུང་ཏྲི། དཔུང་པར། ཨ་ར་ཙ་པ། རྐང་པར་ན་ཏྲི་ཡཾ། མཐར། སི་ཏ་ཡག་ཏི། ཤ་ཏུན་མཱ་ར་ཡ། ཧཱུྃ་བྷ་ཡ། དར་དར། ཨ་ཀད་ཏ། སྲ་


CMR047_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་ག །ཤུ་དུར་ཏི་བྷིག་ནན། སརྦ་སཾ་བྷ་ན་ཤ་ཡ་ན་ཤ་ཡ། སརྦ་འབིག་ནན། ཙཱ་བྷ་ཡ། ན་ཤ་ཡ། ན་ཤ་ཡ། མོ་ཧ་ཡ། ཨ་བར་ལྟ་ཡ། གྷན་ཧྥུན། སརྦ་ཤ་ཏུན་སྟེ་བྷ་ཡ་ནན། མཱ་ར་ཡ་ནན། མཐར། ཛ་ཁྲམ་གྱིས་བསྐོར། ལིང་ལྟེབ་བྱས་ཏེ་ཚོན་སྐུད་ཀྱིས་དཀྲིས། འགུགས་གཞུག་དགྲ་བྲུབ་གཞུང་ལྟར་བྱས། རྟ་རྨིག་གི་ནང་དུ་བཅུག་ལ། མཆོད་རྟེན་འམ་ལྷ་ཁང་རྨིང་། སྔགས་པ་ནུས་ལྡན་གྱི་གཏོར་ཁྲིའི་འོག་ཏུ་མནན་ཏེ། རང་གི་དྲི་མ། ཟག་རྫས་མ་འདྲེས་པ་གལ་ཆེ་ཤིང་། ལིངྒ་གང་ལ་ཡང་། ལིང་ཁྲུས་མནོལ་འབེབས་སྲིད་པ་གཏད་ཁྱིམ་མམ་དམར་ཆུང་ནང་ལྟར་བྱ། །གང་དུ་མནན་པའི་ས་དེའི་ལྷ་འདྲེ་ལ་གཉེར་གཏད་དྲག་ཏུ་བྱ། གསེར་སྐྱེམས་དང་གཏོར་མ་བྱིན་ལ་རང་མ་ཉེས་པའི་དཔང་གཟུགས་ཁོའི་ཉེས་པ་བསྒྲག །མནན་གཏད་ཚར་ནས་ནང་དུ་ལོག་པ་དང་། རྡོ་རྗེ་རྣམ་འཇོམས་མང་དུ་བཟླས་པའི་གཟུངས་ཆུས་ཁ་ལག་གདོང་གསུམ་བཀྲུ་བ་དང་ཁོང་དུ་བཏུང་། ལུས་གུ་གུལ་གྱི་དུད་པས་བདུག །དེས་མནན་པའི་ལོག་རྡུགསའཁྱམས་གསུམ་མི་འབྱུང་། རང་གི་དྲི་ཆུ་འཐུང་བ་སོགས་དང་ཁ་གདོང་བཀྲུ་བ་སོགས་སྔར་མ་དང་མཚུངས། སྤྱིར་དྲག་པོ་མངོན་སྤྱོད་ཀྱི་ལས་གང་བྱེད་ཀྱང་རྗེས་མི་མངོན་པར་གལ་ཆེ་བར་བྱ་ཞིང་། ཁྱད་པར་དགྲ་བོ་མནན་གཏད་ཀྱི་རྗེས་ནི་སེམས་ཅན་སྐྱེ་འགྲོའི་རིགས་གང་གིས་ཀྱང་མི་རིགས་པར་བྱེད་ཅིང་། ཕྱིས་མནན་པ་མི་ཞུད་པ་བྱེད་པ་གལ་ཆེ་


CMR047_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མ་རཱ་ཙའི་ལས་མཐའ་མནན་གཏད་བཟློག་མེད་ནག་པོ་དུག་གི་མདེའུ་ཆུང་གསུམ་པའོ། །ཡང་ཀིང་དམར་ཞང་ཁྲོམ་ལུགས་ཀྱི་མནན་གཏད་རླུང་དམར་གྱི་ལས་མཐའ་བསྟན་ཏེ། དུག་ཤོག་ལ་དུག་ཁྲག་ཟག་རྫས་འདྲེས་པས་ལིངྒ་དཔེའུ་རིས་ལྟར་བྲིས་ལ་ལིངྒའི་སྤྱི་བོར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ལཾ་ནན། དཔྲལ་བར་རུས། སྙིང་གར་ཧཱུྃ་ལ་མིང་རུས་བླ་འགུགས་སྔགས་གབ་ཡིག་ནས་བྱུང་བ་ལྟར་བྲི། བླ་ལ་བླ་རྐང་པ་ལ་ན་ཏྲི་ཆད་ནན། ཁ་ལ་བདུད་པོ་ང་ལོང་། མིག་ལ་ལོང་ལོང་། རྣ་བར་འོན་འོན། མགྲིན་པར་རྫི། དཔུང་པ་གཉིས་ལ་ཡུམ་ཤེ། རྐང་ཞབས་སུ་ཡཾ། ཡན་ལག་འབྲུ་བཞི། གསང་གནས་སུ་ཕཊ། མཐའ་ལ་སྤྲུལ་དཀར་ནག་གིས་བསྐོར། ལིངྒའི་གཡས་སུ་ལོ་དང་ཟླ་བ་ལ་དགྲ་དར་བ་མཱ་ར་ཡ་ནན། གཡོན་དུ་ཞག་དང་ཟ་མ་ལ་དགྲ་དར་བ་མཱ་ར་ཡ་ནན། སྤྱི་བོར་དགྲ་མགོ་ཐོག་ཏུ་བབ་པ་མཱ་ར་ཡ་ནན། །མདུན་ནས་བརྩམ་སྟེ་སྲོག་ལུས་དབང་ཐང་རླུང་རྟ་ལ་དགྲ་དར་བ་མཱ་ར་ཡ་ནན། སོགས་གབ་ཡིག་ནང་ལྟར་བྲི། མཐར་ཛ་ཁྲམ་གྱིས་བསྐོར་ནས་བྲི། ནུབ་ནག་ནོག་འབྲུ་གཞན་སོགས་མ་ཡིན་པར་བསྐོར་ལ། ལིང་ཁྲུས་བྱས་ནས། དུག་ཁྲག་ཟག་རྫས་བྱུག་དབྱེ་རྫས། ཡུགས་སའི་ཞབས་མ། ནལ་བུའི་ཤ །ར་ཐུག་ཤ །ལུག་ཐུག་གི་མཆུ་ཁུ་བྲེ་སྤུ། དམེ་ཁྲག །ཡུགས་སའི་ལྷམ་སྐྲད། ཚིལ་ཆེན། ར་རུའི་གཞོབ། གུ་གུལ། རྟ་


CMR047_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ནག་བོན། ཁྱི་ལུད། མཛེ་ཁྲག །ཕག་ཚིལ། རི་ཤོའི་རྩ་བ། སྤུ་ནག་རྩ་བ། དུག་རིགས། རམ་གྱི་ཕྱེ་མ། ཤ་ཆེན། བོང་བུའི་རྨང་རྣམས་བསྲེག་ལ་ལིངྒ་ལ་བདུག་ནས། རྒྱང་རིང་ལ་སོང་ནས་ཞལ་ཤེས་ལྟར་བྱའོ། །དེ་ལྟ་བུའི་ལིངྒ་ཆས་དང་ལྡན་པར་བླ་འགུགས་སྔགས་བསད་སྔགས་བརྒྱ་སྟོང་དུ་དགྲ་བྲུབ་ནང་གི་བླ་འགུག་གི་བསད་སྔགས་གཞན་དུ་ཡོད་ལྟར་གང་འོས་ཀྱི་ཚིག་མཚམས་སུ་བརྗོད་པར་བྱས་ནས་གླང་རུའི་ནང་དུ་མནན་ཆས་སོགས་གཞུང་ལྟར་བྱས་སོ། །ཀིང་ཀང་དུག་རི་དམར་ནག་གི་ཟབ་འཐུས་དུག་གི་མདེའུ་ཐུང་བཞི་པའོ།། །།ཡང་རྣལ་འབྱོར་པ་ལ་སྐྱེ་འགྲོ་ངན་པས་ཐོ་འཚམས་གླགསལྟ་ཞིང་བར་ཆད་བྱེད་པ་བྱུང་ན་དྲག་སྦྱོར་གྱིས་ཚར་གཅོད་པར་བྱ་སྟེ། ཀླུ་དང་ས་བདག་ལ་སོགས་ལྷ་འདྲེ་དྲག་པོ་གནས་པའི་ས་སྣ་བྲག་ཟུར་མཚོ་གཉན་ལ་བཙས་སར་ཕྱིན་ནས། དམིགས་ཐུན་དང་གཅོད་ཀྱི་དམར་འགྱེད་ཉམས་སུ་བླངས། དེ་ནས་རང་ཉིད་ཁྲོས་མའི་སྐུ་གསུང་ཐུགས་ལས་འོད་ཟེར་ཚྭ་ལྟ་བུར་འཕྲོས་པས་ལྷ་འདྲེ་ཐམས་ཅད་གནད་ལ་བསྐུལ་ཏེ། དགྲ་བོ་གང་ཡིན་བཀུག་ལ་རང་གི་མདུན་དུ་གཏོར་མ་གཅིག་དང་ཉ་བོ་བརྒྱ་བཤམས་པ་ལ་ཐིམ་པར་དམིགས། གཏོར་མ་ལིང་གར་བདུད་རྩིར་སྦྱངས་ཏེ་རང་གིས་ཟོས་པར་ཁྲོས་མའི་ཐུགས་དམ་བསྐང་བར་དམིགས་ལ། རང་གི་རིག་པ་དབྱིངས་སུ་སྤར། ལུས་ལྷ་འདྲེ་ཐམས་ཅད་ལ་སྦྱིན་པས་ཤ་འདོད་ཤ་ཟོས་ཁྲག་འདོད་ཁྲག་ལ་རོལ་ཞིང་ལྷ་འདྲེ་ཐམས་ཅད་ཚིམ་པར་དམིགས་པ་སུམ་རྒྱུད་ཀྱི་དགྲ་བོ་གནད་ལ་བོར་བའི་མཐའ་གཏད་ཡིན། ལས་


CMR047_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ནི་དགྲ་བོ་དུ་ཡོད་པའི་གཟུགས་ཁམས་ས་ནས་ཟན་བག་ཟན་གང་འཛོམ་ལ་སྐྱེ་མཆེད་དོད་པར་བཟོས་ཏེ། ཁོག་པ་མིང་དུས་ཤེས་ན་དུག་ཁྲག་གིས་བྲིས་ལ་གཞུག་མ་ཤེས་ན་དཔྱད་པ་ཎེ་མོ་རྐུ་མི་ཁྱེར་མི་དགྲ་བོ་མི་ནོར་འཁོར་དང་བཅས་པ་ཁུག་མཱ་ར་ཡ་ཛཿ ཅེས་རྨི་ཡིག་མཐར་བསྐོར་དུ་ཡིག་མགོ་ནང་དུ་བསྟན་པའི་མཐར། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བྷྱོ་དྷི་ཡེ་སྭཱ་ཧཱ། ཞེས་པ་དང་དམོད་མོ་གང་འདོད་བྲིས་ལ་རུས་པའི་སྙིང་ཁར་གཞུག །སྐྱེར་པ་སོགས་དྲག་པོའི་ཤིང་ལ་ཕུར་པ་ཚོན་གང་བ་ཞིག་དགྲ་བོ་དེ་ཉིད་ཀྱི་མཉམ་པོར་འོང་བའི་བདུད་དུ་བསམ་ལ་རུས་པའི་སྙིང་གར་བཙུགས། བདུད་དེས་ཁོ་ཡི་སྲོག་བཅད་སྙིང་ཁྲག་འཐུང་བར་བསམ་ལ། དགྲ་བོ་ཡང་ཡང་བཀུག་ལ་བསྟིམ། རུས་པ་དགྲ་བོ་བསམ་ལ་ཕུང་རེས་དྲིལ་ལ་མཐའ་གཏད་གང་བྱས་ཀྱི་ས་དེར་དོང་གྲུ་གང་བྲུས་ལ་ནང་དུ་བཅུག །སྟེང་ནས་ས་སྣ་ལྔས་བཅད་ནས་རྗེས་མི་མངོན་པར་བྱའོ། །ས་སྣ་ལྔ་ནི། རོ་བསྲེགས་པའི་ཤུལ་ས་་་རོ་དགྲ་ལ་ཟ་ཁ་ཟུག་པར་བྱེད། དུར་ས་་་ལས་མྱུར། ཕུང་ཤུལ་ས་་་བཟློག་པའི་ལས། གནས་གཞི་འདྲེ་ཅན་གྱི་ལྷ་ཁང་སད་་་་་ཆོ་འཕྲུལ་སྣ་ཚོགས་འབྱུང་། མཆོད་རྟེན་རྙིང་པའི་་་་་ལྡང་རྒྱུ་ཟློམེད། ས་སྣ་རྣམས་སོ། །གཅོད་གཏད་དུག་གི་མདེའུ་ལྔ་པའོ།། །།ཡང་གཅོད་གཏད་ལུགས་གཅིག་ལ། དུག་ཤོག་ལ་དུག་ཁྲག་གིས་ལིདྨ་བྲིས་པའི་སྙིང་གར། ཚྭ་མཐར་དགྲ་བོ་ཆེ་མོ་ཨུ་ཙ་ཏ་ཡ་ཙིཏྟ་ཤ་ཀྲིན་མཱ་


CMR047_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཡ་ཛ་ཛ་ཕཊ། ཀྲྀར་ཧུར་ཐུམ་ཛ་ཡིག་མགོ་ནང་དུ་བསྟན་ལ་བྲིས། ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོ༔ དཔྲལ་བར་རུས། བླ་ལ་བླ་དག །ནུ་མ་གཡས་གཡོན་ལ་ཛ་ཁ་སྤྲོད། ལྟེ་བ་ཏྲི་དུ་ཛ།་ཁ་ལ་དུང་དུང་། རྐང་ཞབས་གཉིས་ལ་ཡཾ་ཡཾ།་འདོམས་སུ་ཕཊ། སྤྱི་བོར་སུཾ་བྷ་ཡ་ནན་བྲིས། ལིངྒའི་མཐར་ལྷ་འདྲེ་ཐམས་ཅད་ཀྱི་མིང་མཐར་དགྲ་བོ་ཆེ་འདིས་ཁྱེད་རྣམས་ཀྱི་སྐུ་ལ་བསྡོས་རིགས་ལ་བསྙག་བསྟན་པ་བཤིགས་ཅེས་སོགས་དགྲ་བོ་དང་ལྷ་འདྲེའི་བར་དུ་ཕྲ་མའི་ཚིག་མང་པོ་གཞུག་པའི་རྗེས། ལྷ་འདྲེ་ཁྱེད་རྣམས་ལ་དགྲ་འདི་ཟས་སྐལ་དུ་གཏད་པ་ཡིན་པས་རྗེ་མོ་འདི་ཡི་སྲོག་ཆོད་དབུགས་ལོང་། ཤ་ཟ་ཁྲག་འཐུང་། མྱུར་དུ་སྒྲོལ་ཅིག །ཅེས་བྲི། དེ་ལ་དགྲ་བོའི་ལིངྒ་མཉམ་དུ་བཀུག་ལ། རུ་པ་བསྟིམ་ཞིང་། ལྷ་འདྲེ་རྣམས་ལ་གཏད་པས་དགྲ་བོའི་སྲོག་བཅད་པར་བསམ་ལ་ལིངྒ་ཚོན་སྐུད་ཀྱིས་བཅིངས་ལ་གཅན་གཟན་དར་མི་ཐོད་པར་བཙུད་རེ་བས་དྲིལ་ལ་ལྷ་འདྲེ་དྲག་པོ་གནས་པའི་སར་མནན་གཏད་ལོགས་སུ་གསལ་ལྟར་བྱའོ། །ཁ་ཐཾ། གཅོད་གཏད་དུག་གི་མདེལ་ཐུང་ལེའུ་དྲུག་པའོ།། །།ཡང་དགྲ་ལ་རྒྱས་འདེབས་ཀྱི་ལས་མཐའ་ལ་བརྟེན་ནས། དགྲ་བོའི་མཁར་བཤིགས་ནས་ཡུལ་ཕུང་བའི་མན་ངག་ལ། གཡའ་དང་གངས་མཚམས་ཀྱི་གཡའ་མ་འོད་ཅན། ཆུ་འགྲམ་གྱི་བྱེ་མ་ངམ་ཅན། མཆོད་རྟེན་ཞིག་པོས་ས། ལྷ་ཤི་བའི་རུས།


CMR047_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ཞིག་པའི་ས་སྣ། མི་གྲིར་ཤི་བའི་བསྲེགས་ཐལ། མཛེ་ཕོའི་ཤ་རུས་ཁྲག །རང་འཐག་མེའི་ཚིག་པའི་རྡོ་དུམ་བུ། མི་ཆུས་ཤི་བའི་རོ་ཤུལ། ས་བྲག་རི་ཆད་པའི་ས་རྡོ། བོང་བུ་ནག་པོས་འགྲེ་ལོག་བྱས་པའི་ས། མི་བཀྱིག་རྒྱབ་ཀྱི་ཤུལ་གྱི་ས། མི་གཡུལ་འགྱེད་པའི་ས། ཤུ་གདན་འོག་གི་ས། བྱང་བ་ཁྲ་བོ། གྲི་ཁྲག ཞིང་ལོ་མ་སྐྱེས་པ་སྲིན་བུའི་ཟོས་པའི་ས། ཡུགས་སའི་སྐྲ་ཤད། རྟ་གཡག་གི་ར་དང་རྨིག་པ། སྙིང་དང་སྤུ། ཕོ་རོག་འུག་པའི་མིག་སྙིང་དང་ཁྲག །དྭང་རུ་གཡས་གཡོན། ཤ་ཁྱིའི་རྣ་བ་བསད་པའི་སྙིང་དང་ཁྲག །ཁྱི་དེའི་ཁ་སྤུ། བྱི་ལ་དང་བྱི་བའི་སྙིང་མིག་ཁྲག་དང་རུས་པ། གླང་སྟག་རི་བོང་གི་ཤ་རུས་པ། འབྲུག་རུས། སྦྲུལ་ཤ། རྟ་ལུག་སྤྲེལ་བྱ་ཁྱི་ཕག་རྣམས་ཀྱི་ཤ་ཁྲག་རུས་པ་གསུམ། རེ་བ་ནག་པོ་དེ་རྣམས་བདུད་ཉི་ཕུང་ཉི་སྐར་མ་བྲ་ཉེ་ལ་བླངས་ཏེ། ཕུང་རེའི་དྲིལ་ལ་ཙཀྲ་གབ་ཡིག་ཏུ་གསལ་ལྟར་ཉི་ནག་ལ་བསྒྲུབ་སྟེ། ཕུང་གསུམ་ཉི་མ་ལ། ནུབ་སྐརྨ་ཚང་བ་དང་དགྲ་བོའི་ཁང་རྨིང་དུ་རྗེས་མི་མངོན་པར་བསྐྱལ་ལོ། །ཕུང་བཤིག་འཁོར་ལོ་ནག་པོ་དུག་གི་མདེའུ་བདུན་པའོ།། །།ཡང་དུག་གདོང་ནག་པོའི་ལས་མཐའ་བསེ་རག་དགྲ་ལ་རྦད་པའི་ཐབས་མན་ངག་ནི། ཕུང་ཤུལ་གྱི་ས་ལ་བསེ་རག་གཟུགས་སྐྱེ་མཆེད་དོད་པར་རི་བོང་ལ་ཞོན་པར་བྱས་པའི་སྙིང་ཁར་དུག་ཤོག་ལ་བྱི་ལ་ནག་པོའི་ཁྲག་གིས་སྔགས་འདི་བྲིས་ལ་སྙིང་གར་བཅུག །ན་མ་སརྦ་ཏ་ཐཱ་ག་ཏ་ཝ་ཨ་ལོ་ཀི་ཏེ་ཛ་ལ་ཡ་ཛ་ལ་ཡ། དགྲ་བོ་ཆེ་མོའི་


CMR047_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཆོ་ཆོ་ཏྲིག་ཤོ་ཏྲིག་ཕུགས་ཀྱི་ལྷ་ལ་ཟ་ཁ་ཐོངས་ཤིག །བར་གྱི་མི་ལ་ཟ་ཁ་ཐོངས་ཤིག །སྒོ་ཡི་ནོར་དང་དབང་ཐང་ལ་ཟ་ཁ་ཐོངས་ཤིག །ཟས་གོས་ལ་ཟ་ཁ་ཐོངས་ཤིག །ཨོཾ་རྫིའུ་ཏྲིའུ་ཛ་འགྲིགས་རྒྱུག་ཆོ་ཏྲིག་ཤོ་རྒྱུན་རྒྱུན། ཡཾ་ཡཾ། དགྲ་བོའི་ཙིཏྟ་དམར་པོ་ཤོག །ཚལ་ཚལ། ཏྲི་དྲན། བྷི་དུ་ཧཱུྃ་ཡ། ཧེ་ཏྲ་ཀི་ལ་ཕེ་ལ། དགྲ་བོའི་ཁུང་དབུགས་ཨ་འགར་ཀྱི་ལི་ལི། མི་འགར་ཀྱི་ལི་ལི། མ་ར་ཡ་ཧབ་ཧབ། གོ་གསུམ་ཐལ་བ་ལ་སྔགས་འདི་ཉེར་གཅིག་བཟླས་ཏེ་ཁ་ཕར་བསྒྱུར་ལ་དགྲའི་ཁང་སྟེང་ནོར་ལྷས་སོགས་སུ་བཞག་གོ །དུག་གདོང་ནག་པོའི་ལས་མཐའ་གཅིག་བརྒྱུད་བསེ་རག་དགྲ་ལ་ཆད་པའི་ཐབས་དུག་མདེལ་བརྒྱད་པའོ།། །།ནག་པོ་བཟློག་མེད་སྲོག་བདུད་ཀྱི་ལས་མཐའ་དམ་ཉམས་དགྲ་བོ་ཀླུ་ལ་གཏད་པའི་ལས་མཐའ། གྲོ་གའམ་ནི་ཤོག་བུ་ལ། དཀར་གསུམ་མངར་གསུམ་ཀླུ་སྨན་བྱུག །འཁོར་ལོ་སྦལ་བའི་ལྟོ་བར་བྲིས། །རྩིབས་བརྒྱད་ལྟེ་བར་ལིངྒ་བྲིས། །དཔྲལ་བར་དུས། སྙིང་གར་མིང་རྩིབས་བརྒྱད་སྔགས་རྣམས་རིམ་པར་བཀོད། རྩིབས་བརྒྱད་ཕ་མ་དང་མྱེས་པོ་ཞང་པོ་དང་ཚ་བོ་དང་དམོད་བཅོལ་བྲིས། ཡིག་མགོ་ཕྱི་ལ་མཚལ་གྱིས་བྲིས། ཕྱི་སྦྲུལ་གཉིས་རྐྱང་པ་བྲིས། དགྲ་བོའི་ཟག་རྫས་མིང་རུས་པ་དང་བཅས་པ་བྲིས། རྗེ་མོ་དྲིལ་ཆུ་ཆུ་རྦད་ཡཱ༔ ཞེས་མགོ་མཇུག་གཉིས་ནས་བསྒྲིལ་ལ་ར་རུའི་ནང་


CMR047_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཅུག་ནས་ཀླུ་ལ་གཏད་པར་བྱའོ། །རྩི་བས་བརྒྱད་སྔགས་འདིའོ། །ནཱ་ག་གུར་ལིང་། དགྲ་བོའི་སྙིང་ལ་འདུས། སྙིང་ཁྲག་ཕོ་ཕོ་རུལ། དགྲ་བོའི་སྙིང་ལ་འདུས། ནཱ་ག་ཀེན་རྩེ་སྙིང་ལོང་འདུས་འདུས། ཀྲྀ་ལོང་ནཾ་ལོང་། གོང་ས་མ་ཡ། དམ་ཛ་དམ་ཛ། བརྒྱ་རྩ་བརྒྱད་བཟླས་པར་བྱ། ཟླ་བ་མར་ངོ་། ཉི་ནུབ་གཟའ་ཀླུ་རྒྱུ་ཐེབས་དང་བསྟུན་ན་ལས་མྱུར། ཞེས་པ་ནག་པོ་ཆེན་པོའི་ལས་མཐའ་དགྲ་བོ་ཀླུ་ལ་གཏད་པའི་དུག་གི་མདེའུ་དགུ་པོའོ་རྫོགས་སོ།། །།དེ་རྣལ་འབྱོར་རི་ཁྲོད་པ་ལ་དགྲ་རྐུན་གྱི་འཚེ་བ་བྱེད་པའི་དུས་སུ། ཐུབ་པ་ནག་པོའི་མན་ངག་འདི་བསྟན་ནོ། །དགྲ་བོ་བྲོས་མ་ཐག་ཏུ་རང་གི་ལྷམ་གཡས་པ་ཕུད་ལ། གཡོན་ཟུར་དུ་ལག་གཡོན་པས་ཁ་ཟེད་ལ་བཟུང་ལག་པ་གཡས་པས་རྡེའུ་ནག་པོ་ཉི་ཤུ་རྩ་གཅིག་རིམ་པ་བཞིན་བླངས། དགྲ་རྐུན་ཇག་གསུམ་ལྷམ་ནང་དུ་བཅུག་ཅིང་། རང་ཉིད་ཤཱཀྱ་ཐུབ་པ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་གཡས་ཟླ་བ། གཡོན་ཉི་མ་འཛིན་པ། དར་ནག་པོ་སྐུ་ལ་གསོལ་བ། ཐུགས་ཀ་ནས་འོད་ཟེར་ནག་པོ་ཐག་ནག་འཁྱུག་པ་ལྟ་བུར་འཕྲོས་པས། རྐུན་མ་གར་ཡོད་པ་རང་དབང་མེད་པར་འབ་ཀྱིས་བསྡུས་ནས་རྡེའུ་ལ་ཐིམ་པར་བསམས་


CMR047_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ལ། རྐུན་མ་ཛ་ལ་མ་དྷ་ཡ་ཁུག །ཅེས་བརྗོད་ལྷམ་ནང་དུ་བླུགས། ལྷམ་ལྕགས་མཁར་སྒོ་མེད་པར་བསམས་ལ། ཁ་ལྷམ་སྒྲོག་གིས་སྡོམས་ལ། རྐུན་མ་མུན་ཁང་ནང་དུ་བཙུད་པར་བསམ་ལ་སྔགས་ནི། ཨོཾ་མུར་ཡ་། མུར་ཡ་དགྲ་རྐུན་ཇག་གསུམ་བླ་གཤེད་དབང་གསུམ་ཆིངས་ཤིག་སྭཱ་ཧཱ། ཞེས་སྔགས་ཉི་ཤུ་རྩ་གཅིག་རེ་བྱས་ན་ལེགས། ཟས་ནོར་མཁུག་བར་ལྷམ་སྒྲོག་མ་བཀྲོལ་བ་ཟབ་བོ། །ཡང་ཅིག་ཨ་ཙ་རའི་ཁྲག་ཟོར་འདི་ལ་ཆོམ་རྐུན་གྱི་འོག་རྟ་ཟས་ནོར་འཕྲོག་ཤོར་ན། མགོ་འཁོར་ལ་བྲ་ནག་གཏོར་མ་འཛུབ་གང་བ་གཅིག་བྱས་ལ། ནང་དུ་ལིངྒ་བཅུག །གཏོར་མ་རང་འཐག་སྟེང་དུ་བཞག་ལ། རང་འཐག་ཕྱིར་ལ་བསྐོར། རང་འཐག་མ་འཛོམས་ན། །ལུག་གི་སོག་བལ་སྲུང་སྐུད་མཐོ་གསུམ་པ་བྱས་ལ་གཏོར་མའི་སྐེད་པར་དཀྲིས་ལ་སྔགས་འདི་བཟླས། ཞ་རཾ་ཞ་རཾ། ས་མུན་ཛ། མུན་མུན། ར་ཙ་མུན་མུན། ཐིབ་ཐིབ། ར་ཛ་ཐིབ། ཀ་ཤ་ཀ་མ་ན། ཞེས་སྟོང་བཟླས་ནས་མཁར་སྒོང་དང་། ཡུངས་ཀར་གྱིས་གཏོར་མ་ལ་བྲབ། གཏོར་མ་རའི་ཁྲག་གིས་བརྒྱན། ཁུག་རྟགས་ལ། རང་མགོ་ན་བ་དང་། སྐྱུག་མེ་རེ་རེ་བྱུང་ན་འགྲུབ་རྟགས་ཡིན་པས་སྔགས་འཕྲོ་བཅད་པས་ཆོག་གོ །ཡང་དགྲ་ཆེན་པོ་དང་རྐུན་ཆིངས་ལ། རང་རྣམས་ཀྱི་ཟས་ཟ་འཕྲོ་ལ་སྔགས། འགྲོ་དུས་སྐད་གསེབ་འདུག་དུས་མ་སྐྱེད་འོག་ཏུ་བཅུག །ཨོཾ་ཤྲཱི་ཧཱུྃ། དྲིལ་དྲིལ། ཤིག་ཤིག །སྨུག་རླུག །དགྲ་བོ་


CMR047_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མའི་མགོ་ཧཱུྃ། ཞེས་སྟོང་ཚོ་གཅིག་བསྔགས་པས་ཟབ། དེ་ཡང་ཡིད་ཆེས་པའི་གདམས་པ་ཡིན་པས་ཐེ་ཚོམ་དང་བྲལ་བའོ། །ད་ནི་ཆོས་སྐྱོང་སྤྱི་འདུས་ཀྱི་ཆད་སྔགས་དང་བསད་སྔགས་ལོགས་སུ་གབ་པ་ཡིན་པས། ཨོཾ་མ་ཧཱ་ཀཱ་ལ་གླུ་ན་ཧཱི་ཐཱ་ཧཱུྃ་ཕཊ༔ ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཙ་ཏི་མ་མ་ཧཱུྃ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྲུ་ཎ་རཾ་སིདྡྷི་ཧཱུྃ་ཕཊ། ཏྲི་ཡང་རུ་ཏྲ་ཧཱུྃ་བྷྱོ༔ མུན་ཤྲཱི་བྷྱོ། མུན་ནག་ཤྲི་བྷྱོ། རུ་ཏྲ་ནག་པོ་དགྲ་བོ་ལ་དུན་ཏྲི་ཙིཏྟ་ཟད། སུ་རྨི་མཱ་ར་ཡ་རྦད། དགྲ་བོའི་ཙིཏྟ་རྦད། ཁུག་དྲང་མྱོག་ཐུ་རི་ལི་རི་ལི་ལི། སྲོག་ལ་རྦད་ཡཱ། མ་ཧཱ་ཀཱ་ལ་ཧྲིག་ཧྲིག །ཆུ་ཆུ། ཧུར་ཧུར། ཐུ་བྷཾ། ནག་པོ་དགྲ་སྲོག་ལ་ཛ་ཛེ༔ ནག་པོ་དགྲ་སྲོག་ལ་སྤྲིང་སྤྲིང་། ནག་པོ་དགྲ་བོའི་སྲོག་རྩ་ཆེམ་ཆེམ། རྫི་ཤ་ཀུ་རུ་རྨི་ཤ་ཧཱུྃ་ཛ་ཛཿ སོད་སོད་ཡ་མ་ནཱ་ག་དྷེ་ཝ་རཱ་ཧུ་ལ། ཡཀྟ་དྷ་ཤ་གྱི་ཝ་དགྲ་བོ་མཱ་ར་ཡ་རྦད། ཤ་བེར་ཏྲི་ཏྲི་ཁྲི་ལོག །ནག་པོ་དགྲ་བོའི་དབང་པོ་རྣམས་སྙིང་ཐོན་ཐོན། ནག་པོ་ཆེ་མོའི་སྲོག་ལ་ཛ་ཛཿ བདུད་པོ་དགྲ་བོའིགློ་སྙིང་ལ་ཛ་ཛཿ བདུད་པོ་དགྲ་བོའི་ཤ་རུས་པ་དབུགས་ལ་ཛ་ཛཿ བདུད་པོ་དགྲ་བོའི་དབང་པོ་ལྔ་ལ་ཛ་ཛཿ བདུད་པོ་དགྲ་བོའི་ཆུང་མ་བུ་དང་སྒོ་ནོར་ཐམས་ཅད་ལ་ཛ་ཛཿ


CMR047_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། ཡང་ཆོས་སྐྱོང་སྤྱི་འདུས་ཀྱི་ཆད་སྔགས་དང་། དྲག་སྔགས་ནི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་མ་ཧཱ་ཀཱ་ལི་རེ་མ་ཏི་རཱ་ཧུ་ལ་བཛྲ་སཱ་དྷུ་ཨ་ཡ་མ་དུ་རུ་ཙ་ཤ་ན། མ་ཧཱ་ཀ་ལ་རཀཱ་ནག་པོ་གནོད་བྱེད་རྨི་ཀུ་རུ་མཱ་ར་ཡ་དགྲ་བོ་བྱད་མའི་སྙིང་ཏྲི་ཏྲི་ཕྱུང་ཕྱུང་། སྲོག་ལ་རྒྱུག་རྒྱུག །གཟེར་གཟེར། ཕྱུང་ཕྱུང་། ཧོབ་ཧོབ། མཱ་ར་ཡ་རྨི་ཏྲི་དགྲ་བོ་བྱད་མ་རྨི་ཧེ་ཧེ་དགྲ་ལ་བྷྱོ་བྷྱོ་མཱ་ར་ཡ་དབུགས་ཕྱུང་ཕྱུང་ཀ་ལ་རཀཱ་རྨི་ཏྲ་ཙེ་མུ་ཀེ་ཧུ་ཧཱུྃ་བྷ་ར་མ་ཏྲི་ཏྲ་ཡེ་ར་ཙ་ཏྲི་ཏྲི་དགྲ་བོ་བྱད་མའི་སྙིང་ལ་རྒྱུག་གཟེར་རྒྱུག་གཟེར་བྷྱོ་མཱ་ར་ཡ། རྨི་ཏྲ་དམ་ཉམས་དགྲ་བོ་བྱད་མའི་སྲོག་ལ་རྒྱུག་རྒྱུག་གཟེར་གཟེར་ཕྱུང་ཕྱུང་ཧོབ་ཧོབ་མཱ་ར་ཡ། རྨི་ཏྲི་དགྲ་བོ་བྱད་མའི་སྙིང་ཁར་ཐོན་ཐོན་ཧབ་ཧབ། ཤ་ཧེ་ཧེ་མཱ་ར་ཡ་དགྲ་བོ་བྱད་མ་ཕོ་མོ་ལ་བྷྱོ་བྷྱོ་སྙིང་ལ་བྷྱོ། སྲོག་ལ་གྷོ་མཱ་ར་ཡ་བྱད་མ་རྨི་ཏྲི་ཧེ་ཧེ་དགྲ་ལ་བྷྱོ་བྷྱོ་མཱ་ར་ཡ་ཛ་ཛཿ ཞེས་མ་མགོན་ལས་རྒྱུད་སྲོག་སྤར་ཆེ་ཆུང་། སྤྱི་རྒྱུད་ཁྲག་མཚོ་ཁོལ་མ་ཆེན་མོ་སོགས་ཀྱི། ཆོས་སྐྱོང་སྤྱིའི་རྦད་བསད་ཀྱི་སྔགས་མང་པོའི་དོན་བསྡུས་པར་ཡོད་པས་ཤིན་ཏུ་བཀའ་གཉན་ཅིང་བཀའ་རྒྱ་དམ་པ་ཡོད་པས་རྣལ་འབྱོར་རང་དོན་མ་གཏོགས་གར་ཐོད་ཐོད་དུ་ཟླ་བར་མི་བྱའོ། །མནན་གཏད་ཀྱི་ཡང་ཡིག་དང་གབ་ཡིག་གཞན་དུ་ཤེས་སོ། །ཞེས་པ་གསང་སྔགས་དགྲ་ཆོས་ཀྱི་ཡང་ཡིག་དུག་མདེལ་


CMR047_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པོ་ཞེས་བྱ་བ་ཆོས་ཚན་བཞི་པོ་འདི། སྙིགས་དུས་སྔགས་འཆང་ཨ་རྭགས་སྦྱར་བ་གསང་སྔགས་རྒྱུད་སྡེ་ཀུན་གྱིས་རྣོ་སོ་ཐམས་ཅད་ཡོད་པ་དང་། རྣལ་འབྱོར་རང་གིའང་ཕྱག་ལེན་ཚགས་སུ་ཆུད་ནས་ཡིད་ཆེས་ཁུངས་བཙུན་པའི་གདམས་པ་ཟབ་མོའི་འདི་གཅིག་ནས་གཅིག་ཏུ་བརྒྱུད་པ་བྱ་བ་མ་གཏོགས། སྤེལ་ན་བཀའ་སྲུང་དྲེགས་པའི་ཚོགས་ཀྱིས་ཀོ་ལོང་དམ་པར་མཛོད་ཅིག་ས་མ་ཡཱ། ཁ་ཐཾ༔ དགེའོ། །བཀྲ་ཤིས། ༈ རྦད་སྔགས་ནི། ཨོཾ་བཛྲ་ཁ་ཐུན་རྦད་རྦད་པྲ་ཧ་ཏི་ས་མན་ཛ་རྨུག །པྲ་ཏི་ས་མན་ཛ་ཆོད་ཁ་ལ་རཀྟ་རྒུད་དྷ་དྷ་དུམ་བུ་རཀྟ་རྒུད་དྷ་དྷ། ཙཀྲ་རཀྵ་ཆུད་དྷ་དྷ། ཙིཏྟ་རཀ་རྒུད་དྷ་དྷ། དགྲ་བོའི་སྲོག་ལ་མཱ་ར་ཡ། མ་ཧཱ་ཀཱ་ལ་ནི་ནག་ཐུམ་བིང་ཤ །དགྲ་བོ་མཱ་ར་ཡ་རྦད། ༄༅། །ཀ་ཤག་ཀ་ཤག་པྲ་ཐལ་ཤག །མ་ཐལ་ཤོག །སྙིང་གེང་ཆོད་ཡཱ་ཡཱ་བྲ་བྲ་ཞུང་ཞུང་རིལ་རིལ་རྦད་རྦད་ཡཱ་ཡཱ་དགྲ་བོའི་སྲོག་ལ་རྦད་ཆད། ནག་པོ་ཙིཏྟ་སྲོག་སྙིང་ལ་བྲིང་བྲིང་། རྩ་ཐིག །སྲོག་ཐིག །ཏིག་རྦད། སྙིང་ཐིག་ཁཾ་ཁཾ་རཾ་རཾ་ཡཾ་ཡཾ་བྱད་མ་དགྲ་བོའི་སྙིང་དུ་སོད་སོད། ཆོས་སྐྱོང་སྤྱི་འདུས་ཀྱི་ཆད་སྔགས་དྲག་སྔགས་ནི། ཡི་དམ་སྔགས་ཤམ་དུ། ཨེ་ཡཾ་རཾ་བཾ་ལཾ། ཨ་ལི་ཨུ་ལི་ཨེ་ར་ལི་ལཾ་ཨོཾ། ཀ་ཁ་ག་གྷ་ང་། ཡ་ཝ་ར་ལ་ཨ་ཀྲོ་ཏ་ཀ་ཡ་མནྟ་ཀ་ཀྲྀ་ཎ་ཀུ་


CMR047_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རུ་པ་བྲི་ཏི་ཡ་མ་ཡེ་དུ་རུ་ཡེ་བྱ་རྩ་ཡི་སེང་ཧཾ་ཡེ། ཧྲི་བཛྲ་ཀྲོ་ཏ་པདྨ་ཏ་ཀྲི་ཏ་ག་ཙན་ཧ་དྷ་བཛྲ་པཱ་ཎི་ཙན་མ་ཧཱ་རོ་ཥ་ན། ཀི་ལ་ཀོ་ཏ་ཡ་མ་རཱ་ཙ་ཧྲི་ཏི་ར་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་བིག་ནན་ཏིག་སྣ་ལ་ཛྭ་ལ་ཨུ་ནི་ཨུ་ནི་ཧཱུྃ་ཛ་ཛ་ཐ་ཏྲིག་ནན་ཨེ་ཧུར་ཐུ་ཛ་མཱ་ར་ཡ་རྦད་རྦད། ཏིར་ཏིར་ཀ་ཙིཏྟ་ཆུད་ནན། ཏིར་ཏི་ཀ་ཐ་ཏྲིག་ནན། ཐ་ཨེ་ཧཱར་བྷཾ་ཛ། བྱད་མ་དགྲ་བོ་མཱ་ར་ཡ་ཧུར་ཐུ་ཛ་མཱ་ར་ཡ་རྦད། ཏིར་ཐི་ཀ་ཐ་རི་རི་ཐ་ཏྲིག་ཐ་ཧུར་ཐུ་ཛ་མཱ་ར་ཡ་རྦད། ཐ་ཏྲིག་ནན་ཐ་ཧུར་ཐུམ་ཛ་མཱ་ར་ཡ་རྦད། བྱད་མ་དགྲ་བོ་ཀ་ཐ་གཟིར་གཟིར། ཐ་ཧུར་ཐུ་ཛ་མཱ་ར་ཡ་རྦད་རྦད། དགྲ་བོའི་སྙིང་ལ་བྷྱོ། བཟློག་སོད་རྦད། མནྡྷ་ཀ་ལ་རཀཱ་ཡཀྵ་བྷྱོ་བཟློག་སོད་རྦད། ཡཀཱ་པ་ལ་ཧ་ན་ཧ་ན་ཧཱུྃ་ཕཊ། མ་མ་རཀཱ་ཧ་ན་ཧ་ན་ཧཱུྃ་ཕཊ། དགྲ་བོའི་སྙིང་ཁ་རག་དུན་དུན། དགྲ་བོའི་སྲོག་རྩ་ལ་བློ་ཟློག །དགྲ་བོའི་རྨི་མཱ་ར་ཡ་རྦད་ཁ་ཐཾ་ཤག་རྦད་ཏྲིག་ནན་དགྲ་བོ་མཱ་ར་ཡ་སོད་སོད། ཏྲིག་ནན། ཞེས་པ་འདི་ཤོར་སོང་བའི་ཆད་སྔགས། ཆོས་སྐྱོང་སྤྱི་འདུས་ཀྱི་སྲོག་སྔགས་འདི་རྣམས་རྒྱུད་ཁྲག་མཚོ་ཁོལ་མ་ནས་རླུང་གིས་ཐོས་མི་རུང་ཟེར་བའི་སྔགས་རྒོད་ཡིན་པས་གལ་ཆེ་ན་རང་དོན་མ་གཏོགས་མ་སྤེལ་ཅིག་ས་མ་ཡ། དགྲ་བགེགས་ཚར་གཅོད་ཀྱི་འདོན་ལུགས་གབ་


CMR047_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། དང་པོ་ཀིང་ནག་ལས་བྱང་མང་ཉུང་གང་ལྕོགསའདོན་ལ་སྲུང་ཟློག་གི་སྔགས་མང་དུ་བསྒྲངས། དེ་ནས་དགྲ་ཟློག་ནག་པོ་སྐག་ཟློག་གི་འགུགས་བསྟིམས་བྱས་ལ་ཟློག་ཐུང་དང་གོང་དུ་དགྲ་བགེགས་ཚར་གཅོད་ཀྱི་རྟིང་། ཕུལ་བྱས་ལ་འདོན། བློ་གདབ་གཞན་ནས་བྱས་ལྟར་ལམ་ལྷའི་ཚིག་ཐོ་ཕྲན་བུ་སྡེབ་ངོ་ཞིག་ཡོད་པའི་དེ་ལམ་གཏོར་ཡིན་པས་དགྲ་ཆོས་དུས་དགོས་པ་མ་ཡིན་འབུལ་དུས་བཟློག་ཐུང་འདོན་ལ་དགྲ་ལིང་གཟུགས་སྟེང་དུ་འབུལ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགསང་སྔགས་དགྲ་ཆོས་ཀྱི་ཡང་ཡིག་དུག་མདེལ་དགུ་པོ་བཀའ་རྒྱ་ཤིན་ཏུ་ཆེ།next