Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གསང་སྔགས་དགྲ་ཆོས་ཐོག་པ་སྡེ་དགུའི་ཟིན་བྲིས་རབ་ཏུ་གསལ་བ་གཞན་ན་མེད་པའི་ཁྱད་ཆོས་བཀའ་རྒྱ་བདུན་མ།
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousགསང་སྔགས་དགྲ་ཆོས་ཐོག་པ་སྡེ་དགུའི་ཟིན་བྲིས་རབ་ཏུ་གསལ་བ་གཞན་ན་མེད་པའི་ཁྱད་ཆོས་བཀའ་རྒྱ་བདུན་མ།next

གསང་སྔགས་དགྲ་ཆོས་ཐོག་པ་སྡེ་དགུའི་ཟིན་བྲིས་རབ་ཏུ་གསལ་བ་གཞན་ན་མེད་པའི་ཁྱད་ཆོས་བཀའ་རྒྱ་བདུན་མ།


CMR047_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་དགྲ་ཆོས་ཐོག་པ་སྡེ་དགུའི་ཟིན་བྲིས་རབ་ཏུ་གསལ་བ་གཞན་ན་མེད་པའི་ཁྱད་ཆོས་བཀའ་རྒྱ་བདུན་མ་བཞུགས་སོ།།


CMR047_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནི། རྩ་བ་གསུམ་དང་ཆོས་སྐྱོང་མ་མགོན་ལྕམ་དྲལ་གྱི་ཚོགས་ལ་ཕྱག་འཚལ་ལོ། །བཀའི་གནང་བ་སྩོལ་ལ་བྱིན་གྱིས་བརླབ་ཏུ་གསོལ། འདིར་ཚེ་ལོ་བཞི་བཅུ་ཁ་རལ་མར་ཤམ། སུམ་ཅུ་ལ་ཉེ་བའི་དུས་རྟགས་དགྲ་ཇག་ཆོམ་རྐུན་གྱི་འཚེ་བ་ཕྱོགས་ཐམས་ཅད་དུ་འབྱུང་བའི་དུས། རྩ་བ་གསུམ་གྱི་རྟགས་བསྙེན་རྫོགས་ཤིང་། དྲོད་རྟགས་ཐོན་པའམ། དྲེགས་པའི་བཀའ་གཏད་ཐོབ་ཅིང་བསྟན་དོན་དང་། །རང་གི་བླ་མ་སློབ་དཔོན་དང་། རང་གི་དཀོར་རྫས་ལ་སོགས་པར་དགྲ་ཇག་གི་འཚེ་བ་བྱུང་། གསང་སྔགས་དགྲ་ཆོས་ཐོག་པ་སྡེ་དགུ་བཅའ་བར་


CMR047_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ། དེ་ཡང་མགོན་ནག་སྔགས་འཆང་ལ་བཅའ་གཞི་ཟིན་བྲིས་འདི་བཀའ་རྒྱས་ལན་བདུན་བཏབ་སྟེ་ཞལ་ཤེས་ཆིག་བརྒྱུད་བྱས་པ་ཡིན། ལག་ལེན་དངོས་ལ། དང་པོ་དགྲ་བྲུབ་དང་ལིངྒ་བྲི་བའི་རྫས་དང་། འདོན་འགྲིགས་མཐའ་སྡུད་བཅས་པ་བསྟན་ཏེ། དང་པོ་ལིངྒ་བྲི་ཐབས་ནི། དུག་ཤོག་ཞིང་མཐོ་གང་སོར་བཞི་ཡན་ཕྱིན་ཕྱོགས་མཚམས་ཡོད་པའི་དབུས་སུ། ལིངྒ་དཔེའུ་ཆུང་ལྟར་གཟུགས་སྐྱེ་མཆེད་ཚང་བར་བྲི། སྙིང་གར་ནི་ཁུག་ཛ་བྲིས་པའི་མཐར། དཔུང་པ་གཡས་ནས་མགོ་བཟུང་ཡིག་མགོ་ནང་དུ་བསྟན་ལ། དགྲ་བོ་རྨེ་མོའི། ནོར་རྫས་ཁྱེར་མིའི་


CMR047_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བླ་སྲོག་རྣམ་པར་ཤེས་པ་གླིང་བཞི་སྲིད་པ་གསུམ་ལམ་རྒྱུད་ལྔ་གར་ཡོད་ཀྱང་གཟུགས་ལིངྒ་འདི་ལ་ཁུག་ཅིག་ཛཿ ཛཿཧཱུྃ་བཾ་ཧོ༔ ཁ་ནང་དུ། བདུད་པོ་ང་ལོང་། དཔྲལ་བར་རུས་མིང་བྲི། མ་ཤེས་ན། འུ་ཀེག་ཤང་ཀུང་ཇི་བྲི། ཡན་ལག་བཞི་ལ། ཛཿཧཱུྃ་བཾ་ཧོ༔ དང་། ཞ་བཞི་ཆག་བཞི་བྲི། རྐང་ཞབས་གཉིས་ལ། ཡཾ་ཡཾ། བརླ་ལ་བླ་དག །མ་ཤེས་ན་ཚ་བྲི། འདོམས་བར་དུ། རྗེ་མོའི་ལོངས་སྤྱོད་ནོར་རྫས་བྲན་འཁོར་སྒོ་ཁྱི་དང་བཅས་པའི་མིང་རྫས་བཅས་བྲི་བྱུག་བྱ། དེའི་ཕྱི་རིམ་སྤྱི་བོ་ནས་བཟུང་ཡིག་མགོ་ཕྱིར་བསྟན་ཏེ། བདེ་རིམ་ལ།་དགྲ་བོ་བྱད་མ་ཐམས་ཅད་མཱ་ར་ཡ་ནན། དགྲ་རྐུན་ཇག་གསུམ་ཐམས་ཅད་དུན་ལིང་ཤག་རྦད་ནན། དགྲ་ཡ་གྱོད་ཡ་ཐམས་ཅད་ཤིག་ཤིག་དུམ་དུམ་ཆད་ནན། འཛིང་ཡ་འཁོན་ཡ་ཐམས་ཅད་ཚལ་པ་ཚལ་པ་ཟད་ནན། བྱད་ཕུར་དྲོད་གཏོང་བསམ་སྦྱོར་ངན་པ་ཐམས་ཅད་ཁྲོམ་ཁྲོམ་བྷྱོ་རྦད་ནན། མི་ཁ་བྲ་མཆུ་ཐམས་ཅད་ཏིར་ཏིར་ཆད་ནན། ཆག་ཆེན་ཉམ་ང་ཐམས་ཅད་མཱ་ར་ཡ་རྦད་ནན། མཱ་ར་ཡ་བྲུབ་ནན། ཞེས་བྲིས་པས་ཆོག །ནོར་རྫས་སོགས་ཤོར་བའི་གལ་ཆེན་ཡིན་ན། ལིངྒའི་སྤྱི་བོར་སྣ་ཚོགས་རྡོ་རྗེ་བྲིས་པའི་དབུས་སུ་


CMR047_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ནན་མཐར། བྱད་མ་ཆེ་མོའི་ལུས་སྟེ་བྷ་ཡ་ནན། མགྲིན་པར། ངག་སུཾ་བྷ་ཡ་ནན། སྙིང་གར། ཡིད་རྩྭ་བྷ་ཡ་ནན། བྲི། སྤྱི་བོ་ནས་བཟུང་སྟེ། ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། ཞག་དང་དུས་ཚོད་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། སྲོག་ལུས་དབང་ཐང་རླུང་རྟ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་ཆད་ནན། ད་དགྲ་ཁྱི་ལྟར་ཟུག་ཅིང་ཕྱི་དགྲ་ཡིད་ལ་བསམ་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན། སྲོག་ལ་བར་ཆད་དང་ཟས་ནོར་ལ་གོད་ཁ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན། རྐུ་ཤོམ་འཕྲོག་ཤོམ་གསོད་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན། བསམ་ངན་དུག་སྦྱོར་བྱེད་པ་ཐམས་ཅད་མཱ་ར་ཡ་ཆད་ནན། མི་ཁ་དང་དགྲ་སྣ་རླུང་ལྟར་འཚུབ་པ་ཐམས་ཅད་མཱ་ར་ཡ་རྦད་ནན། མི་ཁ་དང་དགྲ་སྣ་ཆུ་ལྟར་འབྲུབ་པ་ཐམས་ཅད་མཱ་ར་ཡ་རྦད་ནན། བརྒྱ་ཡི་མི་ཁ་སྟོང་གི་བྲ་མཆུ་ཐམས་ཅད་མཱ་ར་ཡ་རྦད་ནན། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམ་དགྲ་རྐུན་ཇག་གསུམ་ཐམས་ཅད་མཱ་ར་ཡ་ཆད་ནན་ཆིངས་ཤིག །མཱ་ར་ཡ་ཆད་ནན་སོད་ཅིག །


CMR047_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་སྟོང་གི་བར་དུ་མ་ཤོར་ཅིག །མཱ་ར་ཡ་རྦད་ནན་སོད་ཅིག །ཅེས་ཁ་ལ་རྒྱས་འདེབས་ཀྱི་སྔགས་འདི་སྐྱེ་བ་བདུན་རྒྱུད་ལ་དགྲ་མི་ལྡང་བའི་མན་ངག་ཁྱད་པ་ཅན་ཡིན། དེ་མཐར་ཁྲམ་གྱི་བར་དུ་ཛ་བཞི་བྲིས་པའི་ཛ་ཁྲམ་ཉེར་གཅིག་གིས་བསྐོར་དྲི་མ་ཟག་རྫས་རྗེས་ས་སོགས་བྱུག །ལིང་ཁྲུས་མེ་ཆུ་རླུང་གི་ཁར་ཕྱུང་བ། མནོལ་འབེབས་སོགས་སྲིད་པ་གཏེར་ཁྱིམ་ལྟར་རོ། །གླང་གཟུགས་ནི། ཉིན་སྲིབ་བར་གྱི་གླང་མ་དགུ་གསུམ་གྱི་དུས་གཟའ་ཁྲི་ཚ་སོགས་རྒྱུ་བའི་དུས་ལེགས། མིན་ཀྱང་རྒྱུ་ཚག་ཡོད་དུས་ཐུ། ཉི་མ་འདོམ་གང་ཡོད་དུས་ཐུ། དགྲ་གཟུགས་ཁྲུ་གང་རེ་འཁྱམས་ཀྱིས་དཀྲིས་ལ་ཁ་མིག་སོགས་གླང་མས་བྱ། གལ་ཆེ་ན་གནད་ཡིག་དང་། སྙིང་གར་ཧཱུྃ་ཡིག་མིང་ཟག་རྫས་བཅས་བཅུག །ར་གྲོད་ཁྲག་བླུག་པ་མགུལ་དུ་བཏགས། གཡག་རུ་ཁ་བཅད་པའི་རྫས། ཡུལ་བུད་པའི་ས། སེར་རྒོད་ཀྱིས་ཞིངབརྡུང་བའི་ས། མི་བསད་གཡུལ་འགྱེད་པའི་ས། དེ་རྣམས་ཕུང་ཤུལ་གྱི་ས་ཡིན། གོ་གསུམ་ཐལ་བ་ཡུགས་སས་བསྡུས། མ་རྙེད་ན་བུད་མེད་སྟག་ལོ་ཀྱིས་གནམ་མ་མཐོང་བར་ཐུ་བའི་འོག་ནས་བླངས། ས་ཡི་རྫས་དེ་རྣམས་བསྲེས་ནས་རི་རབ་གཟུགས་བྱ། དེ་སྟེང་


CMR047_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེར་ཕུར་དགུའི་རྩེར་མགོ་དགུའི་གཟུགས་འཛུགས། རི་དྭགས་བསད་པའི་མནང་ཤ །མ་རྙེད་ན་ལུག་ཤ་ལག་གཡས་དཔུང་པ། དཀྲི་བའི་རྫས་ཡུགས་སའི་སྐྲ་ཤད། རྟའི་རྔ་ཤད་དཀར་ནག་འཇག་མའི་སྐྱ་མི་མི་ཁའི་ཡས་བཀལ། གླང་ཆེན་གཅིག་ལ་དཔའ་བོ་གོ་ཆ་ཅན་ཞོན་པ། གླང་ཆེན་སྣ་བསྒྱུར་ནང་དུ་ཡོད་ལྟར་ཚང་བར་བྱ། དགྲ་བྲུབ་རྫས་གོང་ལྟར་གོ་གསུམ་ཐལ་བ་དགྲ་བོའི་བླ་རྡེལ་ནག་པོ་དགུ། ཚ་སྒོག་རམ་རུག་གཡེར་མ། ཛ་ཁྲམ་བྲིས་པའི་གླང་མའི་ལིང་ཚེ་དགུ། དེ་རྣམས་འཇིམ་པའི་གྲུ་གསུམ་དགུའི་ནང་དུ་བཞག །ཁྱི་ཐོད་རྟ་རྨིག་གང་རུང་། མ་རྙེད་ན་རང་གི་ཟོག་མིན་པའི་གཡག་རུ་གཡོན་པ་ཆག་གས་མེད་པར་ར་རྩེ་མ་གྲུག་པ། ཤ་རུ་གཡོན་པ། ར་ཁྱིའི་སྤུ་ཕྱི་འཁེལ་བྱས་པའི་སྐུད་པ་ཁྲ་ཁྲེལ་འདོམ་གང་དེ་རྣམས་སྟ་གོན་བྱ། ཧོམ་ཁུང་ཞིག་བཅས་པ་དེའི་ནང་དུ་ལིངྒ་ཕྱོགས་མཚམས་ནས་དབུས་སུ་དྲིལ་བའི་སྙིང་གར་ཐུན་དང་དགྲ་བྲུབ་ཀྱི་རྫས་རྣམས་རྨི་སྟེང་དུ་འགྲོ་བར་བྱས། གལ་ཆེ་ན་ལིངྒ་གསུམ་བྱས་ལ་ཁྱི་ཐོད་རྟ་རྨིག་གསུམ་དུ་བཅུག །དེ་རྒྱུན་དུ་དགྲ་བྲུབ་བྱེད་པའི་དུས་སུ་ཁྱི་ཐོད་རྟ་རྨིག་ནང་དུ་བླུགས། འབུལ་ཉིན་བར་དུ་གྲུ་གསུམ་གྱི་ལིངྒ་


CMR047_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཡག་རུར་བཅུག་པ་མ་ཡིན་ནོ། །དེ་ནས་དངོས་གཞི་རང་གི་ཡི་དམ་ཆོས་སྐྱོང་གྲལ་རིམ་མམ་དྲེགས་པའི་གཉེན་པོ་གུར་དྲག་ཡིན་པས་དྲག་བཟློག་སོགས་གང་ལྟར་ཡང་ཚོགས་གཏོར་སོགས་འབུལ། དགྲ་བགེགས་ཚར་གཅོད་ཀྱི་གཏོར་མ་གཉིས་སོ་སོར་བཅས་ལ། མཆོད་ཕྲེང་བསྐོང་ཟློག་རྣམས་མཐོང་བ་བརྒྱུད་པ་ལྟར་རོ། །བཟློག་པའི་བསྒྲལ་ལས་སྐབས་གྲུ་གསུམ་གྱི་ལིངྒ་ལ་བསད་དམིགས་ཐུན་བརྡེག་བྱ། དེ་ནས་དགྲ་བགེགས་ཚར་གཅོད་འདོན་ལུགས་དམིགས་རིམ་གཞན་དུ་བྱས་པ་ལྟར་འདོན། དགྲ་བོ་གཞུང་གི་དགུག་གཞུགས་ལན་གསུམ་བྱ། དཀར་གཏོར་གསེར་སྐྱེམས་བཤམས་ནས་མཆོད་གཡོག་གིས་བཟུང་ལ་གཟུ་དཔང་གི་ཚིག་མཚམས་སུ་མཆོད། དེ་ནས་སྨྲང་བྱུང་ཁུངས་བརྗོད་ལ། དགྲ་ཆོས་ནི། ཡོན་མཆོད་ཐམས་ཅད་ཀྱི་གོ་གྱོན་མཚོན་ཐོགས་དར་ནག་གཡབ། མགོན་པོའི་དམག་འགྱེད། ཐུགས་དཀར་དམར་འགྱེད་སོགས་གཞུང་ལྟར་འདོན། དེ་ནས་ཀྱི་ཤར་གྱི་ཝེར་མ་དགྲ་ལ་ཆོས། སོགས་འདོན་ནས། དེ་ནས་ཀིང་ཀང་གི་ལིངྒའི་འགུགས་གཞུག་ལན་གསུམ་འདོན། དེ་ནས་སྐྱེས་པ་སྟག་ལོ་པས་ཁྱི་ཐོད་རྟ་རྨིག་རྐང་པ་གཡོན་པས་བརྫིས་ལ་དམོད་གྱེར་


CMR047_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

འདོན། དེ་ནས་ཡོན་མཆོད་ཐམས་ཅད་ཀྱིས་གོ་གྱོན་མཚོན་ཐོགས་ནས་གྲལ་ལ་འཁོད། གོང་གི་བྲུབ་རྫས་དགུ་པོ་རེ་རེ་བཞིན་སྐྱེད་ཁུག་གཡོན་པར་ལན་གསུམ་རེ་བསྐོར་ལ། བྲུབ་ཁུང་ལིངྒའི་སྟེང་དུ་ཁྱི་ཐོད་རྟ་རྨིག་ནང་དུ་བླུགས། ཆོས་སྐྱོང་སྤྱི་འདུས་ཆད་པ་དང་དྲག་སྔགས་གཞན་དུ་བྱས་པ་ལྟར་གྱི་མཇུག་ཏུ་གཞུང་སྔགས་བརྗོད། ཐུན་བརྡེག་འདོན་མཐུན་བརྡེག །དེ་ནས་བྲུབ་ཁུང་གི་ཁ་བཅད་ཀྱི་སྨྱུང་བརྗོད་པ་རྒྱུན་དུ་གོ་གསུམ་ཐལ་བ་བླུག །རི་རབ་གཟུགས་འཇོག་སྟང་བྱ། དེ་ནས་རེ་ཚལ་སྐུད་པ་ཁྲ་ཁྲེས་བསགས་ལ་བདེན་སྟོབས་བརྗོད། གཡག་རུའི་ཁ་བཅད་ལ་དཀྲིས། དེ་ནས་ཤ་རུ་ཁྲམ་འདེབས་བྱ། གླང་ཆེན་སྣ་བསྒྱུར་དང་། དགྲ་དཔུང་གཅོག་པ་དེ་ཚིག་བསྒྱུར་འོས་ཞལ་ཤེས་ལྟར་བྱ། །དེ་ནས་འབུལ་སྐབས་ཀྱི་དུས་བཟློག་གཞུང་དགྲ་ཆོས་གོང་ལྟར་བྱ། དགུག་གཞུག་མཚམས་སུ་ལིངྒ་གཡག་རུའི་ནང་དུ་ཤི་བལྟེབས་བྱས་ནས་ཕྱག་ལེན་ལྟར་བཅུག །འབུལ་ཉིན་རི་རབ་ཀྱིས་གཡག་རུའི་ཁ་བཅད། དེ་ནས་གསེར་སྐྱེམས་དཀར་གཏོར་འབུལ། གླང་གཟུགས་ཁ་ཕྱིར་བསྟན་ལ་གཞུང་ལྟར་འདོན། དགྲ་བགེགས་ཚར་གཅོད་ཀྱི་བློ་གདབ་བྱ། དེ་ནས་


CMR047_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཕྱོགས་སམ་ཕྱོགས་གཙང་སར་ཁྱེར་ལ་དཀར་གཏོར་འབུལ། གོང་གི་དགུག་གཞུག་ལན་གསུམ་བརྗོད་རྗེས་མདའ་ཟོར་རྒྱབ། དགྲ་ཤ་སྟོན་འགྱེད་བྱས་ལ་བསྟབ་པ་བྱ། ཡང་ན་གཡག་རུའི་དགྲ་གཟུགས་གཞུང་ལྟར་རོ། །གལ་ཆེ་ན་བདུད་བཙན་ཀླུ་གསུམ་གང་རུང་ལ་གཏད་དེ་མནན་པ་གཞུང་དུ་ཡོད་ལྟར་བྱའོ། །ཞེས་དམར་ཡོན་མགོན་ནག་སྔགས་འཆང་གིས་དྲག་སྒྲུབ་གཞུང་ཞིག་ཁ་བཀང་ནས་མཎྜལ་དུ་འབུལ་ཟེར་ནས་ཞུ་བ་ཡང་ཡང་བྱས་པར་བཀའ་རྒྱ་ཤིན་ཏུ་དམ་ཡང་། སངས་རྒྱས་ཀྱི་བསྟན་ལ་ལྡང་བའི་དགྲ་བོ་ཚར་གཅོད་པའི་ཆེད་དུ་ཨ་རཱ་ཌེགས་སྦྱར་བ་སྟེ། འདིའི་གཞུང་ཟིན་བྲིས་ཡང་ཡིག་འདི་རྣམས་ནི་མཐུ་དཔེ་དང་མཚུངས་ཤིང་། མན་ངག་ཟབ་ཁྱད་ཀྱང་གཞུང་མང་པོ་ནས་བསྡུས་པ་སྣོད་མིན་ལ་མི་སྤེལ་བ་དང་། །གཏེར་གཞུང་སྤེལ་ཀྱང་ཟིན་བྲིས་ལིངྒ་ཚན་ཉུང་འདི་མ་སྤེལ་བཀའ་རྒྱ་དམ། ས་མ་ཡ་རྒྱ། སྐུ་རྒྱ། གསུང་རྒྱ། ཐུགས་རྒྱུ། ལོག་ལྟ་ཅན་ལ་གསང་རྒྱ། དམ་སེལ་ཡལ་ག་ཅན་ལ་གསང་རྒྱ། བླ་མ་དང་བསྟན་དོན་མ་གཏོགས་རྒྱ། བི་ཛ་ཡནྟུ།། །།


previousགསང་སྔགས་དགྲ་ཆོས་ཐོག་པ་སྡེ་དགུའི་ཟིན་བྲིས་རབ་ཏུ་གསལ་བ་གཞན་ན་མེད་པའི་ཁྱད་ཆོས་བཀའ་རྒྱ་བདུན་མ།next