Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དགྲ་ཆོས་ལྷ་དམག་སྤྱི་བསྐུལ་ལྟས་ངན་དགྲ་འགྱེད་དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ཀྱི་ལས་འགྲིགས།
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousདགྲ་ཆོས་ལྷ་དམག་སྤྱི་བསྐུལ་ལྟས་ངན་དགྲ་འགྱེད་དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ཀྱི་ལས་འགྲིགས།next

དགྲ་ཆོས་ལྷ་དམག་སྤྱི་བསྐུལ་ལྟས་ངན་དགྲ་འགྱེད་དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ཀྱི་ལས་འགྲིགས།


CMR047_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཆོས་ལྷ་དམག་སྤྱི་བསྐུལ་ལྟས་ངན་དགྲ་འགྱེད་དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ཀྱི་ལས་འགྲིགས་སམ།


CMR047_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫ་ཤྲཱི་ཡེ། རིགས་གསུམ་མགོན་ལ་ཕྱག་འཚལ་ལོ། །འགྲོ་བ་ཀུན་ལ་ཕན་ཕྱིར་བྲིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་སྲུང་མས་བཀའ་གནང་སྩོལ། །དགྲ་ཆོས་ཐོག་པ་སྡེ་དགུ་ཡི། །དང་པོ་བཅས་ཀྱི་རིམ་པ་ནི། །དགྲ་ཆོས་བསྡུས་པའི་གཏོར་མ་ལ། །དམར་གཏོར་གཅིག་ལ་བཅུ་ཡིས་བསྐོར། །དེ་ལ་མཚེ་ཡུངས་རྩང་ཤས་བརྒྱན། །ལིངྒ་མགོ་མཇུག་ལྡོག་པ་བཙུགས། །དེ་ལ་དྲག་རྒྱན་རྔམ་བརྗིད་བྱ། །དཀར་གཏོར་གཅིག་ལ་དཀར་གསུམ་མཆོད། །རྩེ་ལ་ཁྱུང་འབྲུག་སེང་གསུམ་དང་། །


CMR047_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལིང་ཤང་ཤང་རྨ་བྱ་བཙུགས། །གཡག་ལུག་བྱ་རིགས་གཟུགས་ཀྱིས་བསྐོར། །ཤིང་ནག་རྔ་མོང་དྲེལ་ཕག་གཟུགས། །ཐན་རིགས་གཟུགས་རྣམས་ཐམས་ཅད་བཤམས། །སོ་སོའི་ཤ་སྤུ་ཅི་སྙེད་སྦྱར། །ཁོག་པར་གནས་ཡིག་སོ་སོར་བཅུག །ཁམ་སས་གཡོགས་ལ་གྲི་ཡས་བཙུགས། །བོར་ན་དགྲ་བྲུབ་འགྲོ་བ་ཡིན། །ཤ་རུ་དགོ་རུ་གཙོད་རུ་དང་། །མདའ་ཆག་གཞུ་ཆག་རྣམས་ཀྱང་བསྐོར། །ཧོམ་ཁུང་ནང་དུ་གཡག་རུ་བཞག །ལིངྒ་མན་ངག་ལྟར་དུ་བཙུགས། །ཚྭ་གཡེར་རམ་རུག་བྲ་བོ་དང་། །སྒོག་པ་གོ་གསུམ་ཐལ་བ་དང་། །མི་དང་དུད་འགྲོས་མ་འགོང་


CMR047_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །རྡེལ་བུ་ནག་པོ་དགུ་དང་ནི། །གླང་མའི་ལིང་ཚེ་དགུ་དང་བཅས། །དེ་འདྲའི་དགུ་ཚོ་དགུ་བཤམས་ལ། །ཁམ་སའི་ས་ལ་གླང་ཆེན་བྱ། །རེ་བའི་གལ་ཏ་བྲེ་ཤོང་ནང་། རམ་རུག་ཚྭ་གཡེར་སྒོག་པ་དང་། །བཙོད་སྐག་ཐལ་སོལ་མི་ཁའི་རྫས། །ཐམས་ཅད་མ་ཚང་མེད་པར་བཀལ། །མི་ནག་གཅིག་ཞོན་གཅིག་གིས་ཁྲིད། །ཤིང་ནག་གླང་མའི་མི་གཟུགས་ནི། །ཁྲུ་གང་ཙམ་གྱི་མགུལ་པ་ལ། །ཁྲག་དྲོད་ཤ་རུར་རོ་སོལ་གྱིས། །བྷྱོ་རེ་ཛ་རེ་བྲིས་ལ་བཏགས། །དགྲ་དཔུང་བཅག་པའི་ཆ་ལག་ནི། །ལུས་པོའི་ལག་པ་གཡས་པ་ཡི། །དཔུང་པ་ཡུགས་ས་སྟག་ལོ་མའི། །སྐྲ་ཤད་རྔ་ཤད་རྔོག་མ་དང་། །དཀར་ནག་དག་གིས་སྐུད་པས་དཀྲིས། །དུར་རྡོར་རལ་གྲི་བཅག་རྫས་བཤམས། །འཇག་མའི་སྐྱ་མི་ཆེ་བ་ལ། །རེ་བའི་གལ་ཏའི་ནང་དུ་ནི། །མི་ཁའི་རྫས་སྣ་སྣ་ཚོགས་དང་། །རུས་པ་བཙའ་ཅན་རྡེལ་ནག་དགུ། དུག་རྫས་རྣམས་ཀྱིས་བཀང་ལ་བཞག །སྲབ་མདའ་དཀར་ནག་གཉིས་ཀྱང་འཐེན། །དེ་ནས་དགྲ་ཤ་སྟོན་འགྱེད་ལ། །བསྒྲལ་ཉ་མཐོ་གང་ཙམ་ཞིག་དགོས། །དེ་ནས་མནངས་བགོས་ཆ་ལག་ནི། །ཁྲབ་རྨོག་ཉ་མོ་སྟོང་རྫོང་གཅིག །བསེ་ཕུབ་


CMR047_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་གླིང་ཆེན་གཉིས། །སྟག་རས་གཟིག་རས་འཁོར་ལོ་གསུམ། །འོག་རྟའི་སྒ་སྲབ་བལ་སྟན་བཞི། །དམག་རྔ་སྟོང་གསུམ་སྒྲ་སྒྲོག་ལྔ། །དམག་དར་ཁྲ་བོ་གུ་ལིང་དྲུག །དམག་དུང་དཀར་མོ་རྒྱང་གྲགས་བདུན། །དམག་གླིང་སྙན་པའི་རྒྱ་གླིང་བརྒྱད། །འགྲོས་མཁན་བཅུ་གསུམ་འོག་རྟ་དགུ། །གསེར་ཉི་མ་བཅུ་གསུམ་ཙམ་དང་བཅུ། །དངུལ་ཟླ་བ་བཅུ་གསུམ་ཙམ་དང་བཅུ་གཅིག །གཡུ་ཕུག་རོན་ཙམ་དང་བཅུ་གཉིས། །བུ་ཕོ་རྒྱུད་རྟ་ནོར་ལུག་དང་བཅུ་གསུམ། །མོ་རྒྱུད་ཁང་ཞིང་མཛོ་དང་བཅུ་བཞི། །རྟ་ཆེ་ཆུང་ཉི་ཤུ་ལྔ་དང་བཅོ་ལྔ། །དྲེལ་ཆེ་ཆུང་ཉི་ཤུ་ལྔ་དང་བཅུ་དྲུག །མཛོ་ཆེ་ཆུང་དྲུག་གསུམ་བཅོ་བརྒྱད་དང་བཅུ་བདུན། །ནོར་ཆེ་ཆུང་སོ་ལྔ་དང་བཅོ་བརྒྱད། །ལུག་བཞི་བཅུ་ཞེ་ལྔ་དང་བཅུ་དགུ། །ར་བཞི་བརྒྱ་རྩ་བཞི་དང་ཉི་ཤུ། །ཕག་གཉིས་བརྒྱ་ལྔ་བཅུ་དང་རྩ་གཅིག །རྔ་མོང་མ་ཧེ་སུམ་བརྒྱ་དང་ཉེར་གཉིས། །ལྷ་རྟ་ལྷ་གཡག་ལུག་དང་ཉེར་གསུམ། །དེ་རྣམས་པར་བཏབ་བཟང་པོ་བྱ། །གནངས་བགོས་དུས་སུ་ཕྱོགས་མཚམས་མཆོད། །ཁྱད་པར་གཏོ་ནག་དགྲ་ཟོར་འདི། །གོང་གི་རྫས་རྣམས་བཤད་པ་ལྟར། །མ་ཚང་མེད་པར་བསགས་


CMR047_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སོ། །དང་པོ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས། །གཞུང་ལྟར་མཆོད་ཕྲེང་ཚོགས་མཆོད་བསྐང་བསྡུས་དང་། །སྤྱི་བསྐུལ་སྒོས་བསྐུལ་བསྒྲལ་ལས་ཞལ་སྟབས་བྱ། བཟློག་གཞུང་བཟློག་ཕྲན་ལ་སོགས་ཅི་འགྲུབ་བྱ། །དེ་ནི་མཐོང་བ་བརྒྱུད་པ་ལྟར་དུའོ། །དེ་ནས་གཡག་རུ་གླང་གཟུགས་ཤིང་མི་རྣམས། །ཆུ་གཙང་ཆང་རྒོད་ཁྲག་རྒོད་བྲན་བྱས་ནས། །ཨོཾ་སྭ་བྷ་ཝས་སྦྱངས། གཏོ་ནག་མི་དམིགས་པ་སྟོང་པའི་ངང་ལས། སོགས། དབྱེར་མེད་དུ་ཐིམ་པར་གྱུར། རྗེ་བཙུན་རྩ་བ་དང་། སོགས་ནས་འགུགས་གཞུག་ལན་དགུ་བྱ། །གཟུ་དཔང་གྱེར་ནས་ཡི་དམ་ཆོས་སྐྱོང་དང་། །བཀའ་སྲུང་རྣམས་ཀྱི་ཆད་སྔགས་དྲག་ཏུ་བཟླས། །དེ་ནས་དམིགས་པ་ཐན་ལྟས་ཁྲ་འགྱེད་ལྟར། །བདག་ཉིད་ཡི་དམ་རྗེ་བསྒོམ་པ་ལ། །དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ནི། །ཧཱུྃ། མ་གཡེལ་སོགས། མཚམས་སུ་སྤྲད་ཤེས་བྱ། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཏོར་མ་མདོས་ནང་དུ་མཆོད། སྲུང་མ་རྣམས་ཀྱི་སྤྲུལ་པ་གྲངས་མེད་སོགས་ནས་བསམ་ཞིང་། ཧཱུྃ། མ་གཡེལ་ཆོས་སྐྱོང་སྲུང་མའི་ཚོགས། །སོགས་ནས། ཐལ་བ་རྡུལ་དུ་བརླག་པར་མཛོད། །སྲུང་མ་རྣམས་ཀྱིས་དགྲ་ཤ་ཟོ། །སོགས་ནས། སྒྲུབ་པར་


CMR047_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཞིང་འདི་སྐད་དོ། །ཧཱུྃ། ཡི་དམ་ལྷ་ཚོགས་གཏོར་མ་འདི་བཞེས་ལ། །སོགས་ནས། ཁས་བླངས་དུས་ལ་བབ་བོ་ས་མ་ཡ། །སོགས་ནས། ཁཱ་ཧི་ཤྲཱི་མ་ཧཱ་ཀཱ་ལ་ནས༔ དགྲ་བགེགས་སྒྲེ་མཱ་ར་ཡ་ཕཊ༔ མགོན་པོ་སྤྱིའི་ཟད་སྔགས་བཟླས་སོ། །ཧཱུྃ། མ་གཡེལ་སྲུང་མ་མཐུ་རྩལ་ཅན། །སོགས་ནས། རང་ཉིད་ཡི་དམ་རྗེ་བསྒོམ། མདུན་གྱི་ཆོས་སྐྱོང་དང་ལྷ་ཀླུ་གཉན་གྱི་དམག་ཚོགས་ཐམས་ཅད་དགྲ་ཡུལ་དུ་སོགས་ནས་རྡུལ་དུ་བརླག་པར་བསམས་ལ། ཚར་རེ་ཐོན་པ་དང་། བྷྱོས་གདབ་ནས། བདག་དང་ཡོན་བདག་རྣམས་ཀྱིས་དར་ནག་གདབ་ལ། ཧཱུྃ། ང་ནི་སྔགས་འཆང་རྒྱལ་པོ་ཡིན། །སོགས་ནས། བ་ལིང་ཏ་ཁཱ་ཧི། གཏོར་མ་དུག་རླངས་མཚོན་ཆ་མེ་དཔུང་དུ་བསམས་ལ། ཆོས་སྐྱོང་སྲུང་མ་ལྷ་འདྲེའི་དམག་དང་བཅས་པ་རྣམས་ཅི་ལྟ་བ་བཞིན་དུ་དགྲ་བགེགས་ཀྱི་སྟེང་དུ་སོང་ནས་ཐལ་བ་རྡུལ་དུ་བརླག་པར་བསྒོམ། ཐན་དམག་བྱེ་བ་ས་ཡ་རྣམས་དགྲ་བོའི་ཁྱིམ་དུ་ཐན་དང་ལྟས་ངན་མི་སྡུག་སྣ་ཚོགས་ཀྱིས་གང་བར་རང་རང་གི་དམག་དཔུང་དཔག་ཏུ་མེད་པས་དགྲ་བོ་ལ་ལྟས་ངན་གྱིས་ཆར་ཕབ་པར་བསམས་ལ། འདི་ཡན་གལ་ཆེ་ཆུང་དང་བསྟུན་ལ་རབ་བརྒྱ། འབྲིང་དགུ། ཐ་མ་གསུམ་ལས་མི་ཉུང་བར་


CMR047_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། ༈ །གསང་སྔགས་དགྲ་ཆོས་དགྲ་བྲུབ་འདོན་ཆ་འདི་ལྟར་རོ། །ཨོཾ་སྭ་བྷ་ཝས་སྦྱངས། གཏོ་ནག་མི་དམིགས་པ་སྟོང་པའི་ངང་ལས། སོགས་ནས། འགུགས་གཞུག་ཅི་མང་དང་། གཟུ་དཔང་བྱ། མཚམས་རྣམས་ཡིག་ཆུང་ལྟར་ཤེས་པར་བྱ་དགོས་སོ། །ཤ་རུ་ཁྲམ་འདེབས་ལ། དགྲ་ལ་ཁྲམ་ཁ་ད་བསྒྱུར་ཅིག །དེ་ཡན་ཆད་ཚར་དགུའམ། བདུན་ནམ། ལྔའམ་གསུམ་མམ་གང་མང་བྱའོ།། ༈ དེ་ནས་དགྲ་དཔུང་གཅོད་པ་མཚོན་ཆའི་སྒྱོགས་ཆེན་ལ། ཁང་ཐོག་ཏུ་བསང་རྒྱས་པར་བཏང་། བསང་རབས་ལོངས་སྐབས་དང་བསྟུན། བསང་མཆོད་སོང་བའི་རྗེས་ལ་འདི་སྐད་དོ།། ད་ནི་ལྷ་ལ་བསང་མཆོད་འབུལ་བ་ནི། །སོགས་ཡིག་ཆུང་ལྟར་གྱི་ཕྱག་ལེན་མ་འཇུག་པར་བྱ། དཔུང་པ་མྱུར་དུ་ད་ཆོག་ཅིག །དེ་ནས་ཐམས་ཅད་ཀྱིས་མདའ་རུབ་གྲི་རུབ་བྱས་ལ་འཇག་རྟ་ལ་ཁ་ལོས་ལག་ལོས་བྱ། དུར་རྡོ། སྲབ་མདའ་ནག་པོ་དང་། རྡོ་ནག་དགུ་དང་། རུས་པ་བཙའ་ཅན་དེ་རྣམས་འཇག་རྟ་ལ་བཀལ་ནས་ཁ་ཕྱིར་བསྟན་ལ་བཞག་གོ དགྲ་ཤ་སྟོན་འགྱེད་ནི། བསྒྲལ་ཉ་གཏུབ་ནས་ཕྱོགས་བཞིར་མཆོད། ཀྱཻ། དགྲ་བོ་སོད་ནས་དགྲ་མགོ་ཆོད། །སོགས་ནས། །ཀི་བསྲོ་ཆའོ་ལྷ་རྒྱལ་ལོ།། ༈ དགྲ་བླའི་གནང་བསྒོས་ནི། རྟེན་འབྲེལ་ལེགས་ཚོགས་ངོ་མཚར་དགའ་སྟོན། ལྷ་མི་ཐམས་ཅད་ཀྱིས་མནངས་བགོས་པར་བསམ་ལ། པར་བཏབ་རྣམས་མ་ནོར་བར་འདོན་ཚིག་དང་བསྟུན་ལ་


CMR047_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལ་མཆོད། ཀྱཻ། སྔོན་གྱི་བསྐལ་པའི་དང་པོ་ལ། །སོགས་ནས། ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། །རྟེན་འབྲེལ་གནད་ནི་ཆེ་བའི་ཕྱིར། །གནང་བགོས་མེད་ན་དགྲ་བླ་སྐྱེངས། །འདི་ནི་ངེས་པར་གལ་ཆེའོ། ༈ །དེ་ནས་ལྷ་གཞུང་དངོས་གྲུབ་ལེན། །དཀར་གཏོར་བསྔོས་ནས་བཀུག་གཞུག་བྱ། །སྤྲོ་ན་བསྐུལ་པ་ཡོངས་རྫོགས་འདོན། །ཆད་ཐོ་འདོན་ནས་དྲག་སྔགས་བཟླས། །ཕྱི་རོལ་ཕྱོགས་གཙང་གཏོར་བཤམས་བྱ། །སྐབས་འདིར་གསེར་སྐྱེམས་དཀར་གཏོར་དང་། །ར་དགེ་སྲིན་མོཟ་ལམ་བྱ། །དགྲ་ཆོས་གཟེ་མ་ཕུ་འདེབས་དང་། །གླང་ཆེན་སྣ་བསྒྱུར་དགྲ་དཔུང་གཅོག་པ་ལས། །ཐལ་མོ་བརྡབ་ལ་འདི་སྐད་དོ།། ཧཱུྃ། བླ་མ་ཡི་དམ་ཆོས་སྐྱོང་དང་། །སོགས་ནས། ཨུཙྪ་ཏ་ཡ་ཕཊ༔ ཆུ་བོ་ཆེན་པོའི་ནང་དུ་འཕང་། ཡོན་མཆོད་ཐམས་ཅད་ཀྱིས་བསྒྱུར་ཆོས་ཐལ་མོ་བརྡབ། སྤྲོས་བཅས་དར་ནག་ཕྱར་ནས་བཟློག་གཞུང་ལྟར་བྱའོ། །དེ་ནས། ཧཱུྃ། ད་ནི་ཆོས་ཆོས་དགྲ་ལ་ཆོས། །སོགས་ནས། བཟློག་ཅིག་བསྒྱུར་ཅིག་ས་མ་ཡ། །ཤིང་མི་ཁྲག་དྲོད་གཡག་རུ་བཤམས་ལ། མདའ་ཟོར་མཚོན་ཆ་སྣ་ཚོགས་ཕྱར་ནས། ཧཱུྃ། གཞུ་ནི་སྲིན་པོ་ཛྭ་ལ་རཾ། །སོགས་ནས། དྲག་སྔགས་བསད་སྔགས་དྲག་ཏུ་བཟླས་ནས་འཕོང་ལ་བརྡེག །དགྲ་བགེགས་སྲོག་ལ་མ་རཱ་ཡ་རྦད། ༈ དེ་ནས་དགྲ་ཆོས་གཏོར་མ་དང་། །རྔ་མོང་དྲེལ་ཕག་ཐན་གཟུགས་རྣམས། །


CMR047_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གླང་ཆེན། ཤ་ཤིང་ནག་མི་གཟུགས། ཁྲག་དྲོད་ཐམས་ཅད་དགྲ་ཕྱོགས་སུ་འཕང་ནས་དམོད་བཅོལ་རྒྱས་པ་འདོན། དེ་ནས་བརྟན་མ་སྐྱོང་། འགུགས་གཞུགས་བྱ། གཡག་རུ་མནན། གཏད་ཁྲམ་འདོན། རྟ་བྲོ་ནི། །དམ་ཚིག་འདི་སྐད་བསྒྲག་གོ། ཧཱུྃ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །སོགས་ནས། ཙཱ་བྷ་ཡ་ནན་ནན། དགྲ་བྱུབ་ལས། ཧཱུྃ། ང་ནི་ཁྲོ་རྒྱལ་ཆེན་པོ་སྟེ། །སོགས་ནས། མཱ་ར་ཡ་ནན། དགྲ་མནན་དགོས་པ་མེད་ན་གཏོར་གཞོང་འོག་ཏུ་དགྲ་གཟུགས་མནན་པ་ཙམ་གྱིས་ཆོག །སྤྲོ་ན་གལ་ཆེན་དགྲ་མནན་བྱེད་ན། ས་སྣ། རི་སྣ་ས་ཟུར་གཉིས་བྱང་དུ་བལྟ་བ། ས་གཉའ་ནོན་ཆེ་བའི་ས་དགྲ་དེ་རྣམས་སུ་མནན། བཅའ་ཏི་ནག་པོ་དང་། མ་ཧཱ་བ་ལ། སོགས་མནན་པ་རྒྱས་པ་གཞན་ནས་བྱུང་བ་སྟེ། སྤྱི་མཚམས་ལ་དེ་ཡིས་ཆོག་པ་ཡིན། ཤིས་བརྗོད་མཐའ་སྡུད་ལ་སོགས་འགྲུབ་བར་བྱ། ཕན་ཡོན་མི་ཁ་དགྲ་རྐུན་ཇག་པས་ལྡང་། །ཁ་མཆུ་གླེང་གཞི་རྒྱུན་ཆད་མེད་པར་འོང་། །དེ་ལ་མི་བྱེད་ཀ་མེད་འདི་དྲག་ཆེ། །ཕན་ངེས་ལག་ཏུ་བླང་བའི་མྱོང་བ་ཡོད། །སྔོན་ཚེ་གཏོ་མཁན་རྣམས་ཀྱིས་གོ་ལོག་ནས། །སྔར་གྱི་ཁ་དཔེ་ལྟ་བུར་བཅའ་ཚོགས་བྱེད། །ཕྱིས་ནས་ཡི་གེར་མཐེབ་ཁ་མ་ཚང་། །གཏོ་མཁན་རྣམས་ལ་ཁག་མེད་ལྟ་བུ་ཡིན། །དེ་ལ་མ་བཟོད་རང་ཉིད་ལག་ལེན་དང་། །ཁྱད་པར་བསྟན་འཛིན་སྔགས་འཆང་མགོན་ནག་ལ། །ཞིབ་པར་སྔགས་འཆང་ཁྱེད་ལ་ཞལ་ཁྲིད་བྱེད། །མང་དུ་མ་སྤེལ་


CMR047_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་དཔེ་ལྟ་བུ་ཡིན། །དེ་སྐད་སྨྲས་སོ་རྣལ་འབྱོར་ཨ་རཱ་གས། འགྲོ་ལ་ཕན་སེམས་འགྲུབ་པའི་བཀྲ་ཤིས་ཤོག། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགྲ་ཆོས་ལྷ་དམག་སྤྱི་བསྐུལ་ལྟས་ངན་དགྲ་འགྱེད་དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ཀྱི་ལས་འགྲིགས།next