Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
དགྲ་ཆོས་ལྷ་དམག་སྤྱི་བསྐུལ་གྱི་མན་ངག
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousདགྲ་ཆོས་ལྷ་དམག་སྤྱི་བསྐུལ་གྱི་མན་ངགnext

དགྲ་ཆོས་ལྷ་དམག་སྤྱི་བསྐུལ་གྱི་མན་ངག


CMR047_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཆོས་ལྷ་དམག་སྤྱི་བསྐུལ་གྱི་མན་ངག་བཞུགས་སོ།


CMR047_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཐན་ལྟས་ཁྲ་འགྱེད་ཀྱི་སྐབས་སུ། སྲུང་མ་རྣམས་ལ་བདག་ལྷའི་ཐུགས་ཀ་ནས་འོད་ཚ་ལ་རྩུབ་པ་རྣོ་ལ་མྱུར་བ་འཕྲོས་ཏེ། ཐུགས་རྒྱུད་བསྐུལ་བས། ཐམས་ཅད་ཁྲོས་ཤིང་འཁྲུགས་ཏེ། རང་རང་གི་སྐུ་ལས། སྤྱང་ཀི་ཝ་ཞོན། བྱིས་སྦ་བྱི་ཞོན། དོམ་ནག་གཡི་ཞོན། སྲེག་པ་པུ་ཤུད་ཞོན་པ། ཝ་མོ་སྤྲེལ་ཞོན་པ། དྲེད་མོང་དྲེལ་ཞོན་པ་སོགས། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་གྱི་དམག་དཔུང་བརྗོད་ལས་འདས་པ་སྤྲུལ་ཏེ། རྔ་མོང་ཐན་བཀལ་གྱི་ལུས་གཟུགས་ལ་ཐིམ། དེ་ལས་ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་དཔག་ཏུ་མེད་པར་གྱུར་ནས། དགྲ་བོ་འཁོར་བཅས་ཀྱི་ཁྱིམ་སྒོ་ལམ་སྲང་ཐམས་ཅད་དུ་ལྟས་ངན་གྱི་ཆར་ཆེན་པོ་བབས་པ་རྒྱུན་ཆད་མེད་པར་བཏང་བཞིན་རྒྱུན་རྟག་པར་ཟ་ཁ་བཏོད་ནས། མི་ནོར་མཐའ་མ་སྟོང་བར་བསྡད་པར་བསམ་


CMR047_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། དགྲ་ཆོས་གཞུང་བཞིན་གྱི་དགྲ་བོ་རང་མཚོན་རང་ལ་རྒྱོབ། ཅེས་པའི་མཚམས་སུ། དམ་ཉམས་དགྲ་བོ་རྗེ་མོ། །བདག་ལ་སྡང་བའི་ཉེས་བྱེད་ལ། །ལྟས་ངན་རྣམ་པ་སྣ་ཚོགས་ཕོབ། །དགྲ་བོ་ཧྥེའི་ཁང་ཁྱིམ་དུ། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་ཐོངས། །སྲོད་ལ་བྱ་ཕོ་འཚེར་དུ་ཆུག །ཐོ་རངས་སྒོ་ཁྱི་དུ་རུ་ཆུག །ནམ་ཕྱེད་ལུག་པ་རྒོད་དུ་ཆུག །སྒོ་ཁར་ཝ་མོ་བརྒྱལ་དུ་ཆུག །སྨག་ལ་འོད་ཆེན་འཁྱིལ་དུ་ཆུག །རྟ་འཚེར་མི་སྙིང་དྲོང་དུ་ཆུག །ལྟས་ངན་སྣ་ཚོགས་དགྲ་ལ་ཕོབ། །སྤྱང་ཀིས་ཝ་ཞོན་དགྲ་ལ་རྒྱུག །བུ་ཆུང་བྱི་ཞོན་དགྲ་ལ་རྒྱུག །དོམ་ནག་


CMR047_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

གཡི་ཞོན་དགྲ་ལ་རྒྱུག །སྲེག་པ་པུ་ཤུད་ཞོན་པ་དགྲ་ལ་རྒྱུག །ཝ་དམར་སྤྲེལ་ཞོན་དགྲ་ལ་རྒྱུག །དྲེད་མོང་དྲེལ་ཞོན་དགྲ་ལ་རྒྱུག །ལྟས་ངན་རྣམ་པ་སྣ་ཚོགས་ཕོབ། །ཕོ་རོག་འུག་ཞོན་དགྲ་ལ་རྒྱུག །སྤྲེལ་དམར་གླང་སྐྱ་དགྲ་ལ་རྒྱུག །སྦྲུལ་ནག་བྱི་ཟན་དགྲ་ལ་རྒྱུག །མོན་པ་བོང་ཞོན་དགྲ་ལ་རྒྱུག །བུད་མེད་ཁྱི་ཞོན་དགྲ་ལ་རྒྱུག །ལྷ་སྲིན་འོ་ཚུདོད་འབོད་དུ་ཆུག །མིང་ནས་ལྷང་ལྷང་འབོད་དུ་ཆུག །ཐོག་སེར་ཤ་འོད་འབེབ་ཏུ་ཆུག །མཁར་ཁང་ཐོག་རྡིབ་འགྲོ་རུ་ཆུག །དུད་འགྲོའི་མི་སྐད་སྨྲ་རུ་ཆུག །ཆོ་འཕྲུལ་ལྟས་ངན་སྣ་ཚོགས་ཐོངས། །མཐུན་པའི་དམ་རྫ་ས་འདི་བཞེས་ལ། །དམ་ཉམས་དགྲ་ལ་ཆོ་འཕྲུལ་ཕོབ། །ལྷ་སྲིན་སྡེ་བརྒྱད་དམག་ལ་ཆོས། །དུས་ལ་བབ་བོ་ས་མ་ཡ། །དམ་ཅན་སྲུང་མའི་རྦད་སྔགས་ཀྱི་མཐར། དགྲ་བོ་རྗེ་མོ་ལ་ཐན་དང་ལྟས་ངན་སྣ་ཚོགས་ཐོང་ཞིག །ཕོབ་ཅིག །རྒྱུགས་ཤིག །དགྲ་བོའི་སྲོག་ལ་རྒྱུགས་རྒྱུགས། དགྲ་བོའི་སྲོག་སྙིང་ཁྱེར་ལ་ཤོག་ཡཱ། དགྲ་བོའི་ཚེ་བླ་སྲོག་གསུམ་ལ་བྷྱོ༔ རྨི་མཱ་ར་ཡ། རྦད་རྦད། སོད་སོད། ཅེས་བཟླ་ཞིང་དམིགས་པ་དྲག་ཏུ་བྱ་ཞིང་ངར་བསྐྱེད། དེ་ལྟར་ཚར་དགུ་སོགས་བྱ་ཞིང་། རེ་རེའི་མཐར་


CMR047_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གདབ་བྱ། མཐར་དགྲ་ཕྱོགས་སུ་བཏང་བར་བྱའོ། །ཨྠྀི། བསད་པ་གནམ་ལྕགས་ཐོག་མདེལ་གྱི་སྐབས་སུ། གྲི་ཡས་ཀྱི་འོག་ཏུ། དུག་ཤོག་ལིངྒ་སྤྱི་ལྟར་དུག་ཁྲག་གིས་བྲིས་ལ་བྲུབ་ཁུང་དུ་བཅུག་ལ་བཙག་དང་གྲི་ཁྲག་ལིངྒ་བསྐྱེད་པ་འགུགས་གཞུག་ཉེར་གཅིག་རེ་བྱ་བླ་འགུགས་ཀྱི་སྔགས། སྲུང་མའི་སྔགས་ཤམ་དུ་བཏགས་ལ་བརྒྱ་རྩ་རེ་བཟླ་བསད་དམིགས་བྱས་ལ། སྲུང་མའི་སྔགས་ཤམ་དུ། ཏདྱ་ཐཱ་དུ་ནན་དུ་ཤན་དུ་ཤན་རཀཱ་རཀཱ། དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འདུས་འདུས། དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འཇིབ་འཇིབ། དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་ཆོད་ཆོད། མཱ་ར་ཡ་རྦད་སོད་ཅེས་བཏགས་པ་་བརྒྱ་རྩ་ཡན་ཆད་བཟླ། དེ་ནས་ཐུན་གཏོར་དང་ལྷན་ཅིག་ཞལ་བསྟབ་བགྱིས་ལ། དགྲ་ཆོས་སྤྱི་ལྟར་དགྲ་བོ་རང་མཚོན་རང་ལ་རྒྱོབ། ཞེས་པའི་མཚམས་སུ། དགྲ་བོ་རང་ཤ་རང་གིས་ཟོ། །དགྲ་བོ་རང་ཁྲག་རང་གིས་འཐུང་། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །ཟས་སུ་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་། །དགྲ་བོའི་མི་ནོར་ཕྱགས་མས་ཐོབ། །རིགས་རྒྱུད་ཉེ་འབྲེལ་རྩོད་ནས་ཆོད། །བརྒྱལ་ནད་སྨྱོ་འབོག་ཕུང་དུ་ཆུག །ལྟས་


CMR047_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ངན་བརྒྱད་ཅུ་རྩ་གཅིག་ཐོངས། །དམ་ཉམས་དགྲ་བོ་ལས་ངན་འདིར། །བཟའ་དཔོན་ཁྲག་ཏུ་སྐྱུག་ཏུ་ཆུག །འོག་གི་ཆུང་མ་སྨྱོ་རུ་ཆུག །བྲན་ཕོ་བྲན་མོ་བརྒྱལ་དུ་ཆུག །བུ་ཚའི་རིགས་རྒྱུད་རྩད་ནས་ཆོད། །དགྲ་མཁར་ཤིགས་ལ་དགྲ་སྲོག་ཆོད། །ལོ་དང་ཟླ་བར་མ་འགྱང་བར། །ཞག་དང་ཟ་མར་མྱུར་དུ་སྒྲོལ། །བཀའ་དང་དམ་ལ་མ་འདའ་བར། །བཀའ་སྲུང་ལས་ལ་མ་གཡེལ་ཅིག །ཕོ་ཉ་གསོད་ལ་མ་གཡེལ་ཅིག །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །དུས་ལ་བབ་བོ་ས་མཱ་ཡ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བརྗོད་ཅིང་དམ་ཅན་སྲུང་མའི་ལས་སྔགས་ཀྱི་མཐར། མཱ་ར་ཡ་དགྲ་བོའི་སྲོག་ལ་རྦད། དགྲ་བོའི་སྲོག་ལ་རྒྱུགས། སྲོག་ལ་ཧབ་ཤ་མཱ་ར་ཡ་སོད་སོད། ཅེས་བཏགས་ལ་བཟླ། དམ་ཅན་སྲུང་མ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་དཔོན་གྱིས། དགྲ་བོའི་ཤ་ཟོ་ཁྲག་འཐུང་། སེང་གེ་དར་མ་ཤ་ལ་རོལ་བ་བཞིན། ལྷག་མ་ཏིལ་འབྲུ་ཙམ་ཡང་མེད་པར་རྡུལ་དུ་བརླག །མི་རྒྱུད་རྩད་ནས་བཅད་པར་བསམ། ཚར་དགུ་སོགས་དང་བློ་གདབ་མཐར་གྲི་ཡས་དགྲ་ཕྱོགས་སུ་ཟོར་དུ་བསྐྱལ། ལིངྒ་སྐྱེར་ནག་མེ་གྲུ་གསུམ་དུ། དམ་ཅན་སྲུང་མ་བསྐྱེད་ལ། ཞལ་བསྟབ་ཀྱི་སྔགས་མཐར། དམ་


CMR047_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་དགྲ་བོའི་བླ་ཚེ་སྲོག་གསུམ་དང་བཅས་པ་ཛྭ་ལ་རཾ་ཁཱ་རཾ་ཁཱ་ཧི། ཞེས་བརྗོད་ཅིང་བསྲེགས་ཐལ་བ་མནན་གནས་སུ་མནན་ནོ། །དེ་ནི་བསད་པའོ།། ༈ དགྲ་ཟློག་བྱེད་ཚེ་ཐུན་གཏོར་དང་། དགྲ་ཆོས་སྤྱི་ལྟར་བྱས་མཐར། བྷྱོ༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས། ཞེས་སོགས་ཀིང་ཀང་བཟློག་ཐུང་སྦྱར། བློ་གདབ་བྱ་བ་ཚར་དགུ་སོགས་བྱ། གྲི་ཡས་བསྐྱལ་བ་སོགས་དཀྱུས་ལྟར་བྱའོ། །ཞེས་པའི་མན་ངག་ཟབ་མོ་ཞལ་དུ་གབ་པའི་གནད། ཨ་རཱ་གའི་ཐུགས་སྙིང་དམ་པ་འདི། གཅིག་རྒྱུད་མ་གཏོགས་མི་སྤེལ་བར་བཀའ་རྒྱས་བཏབ་བོ། །ཨྠྀི། ཟབ་བོ། །འདིའི་ལས་སྒྲུབ་པ་ལ། མ་མགོན་སོགས་དམ་ཅན་སྲུང་མ་གང་༧གིས་སྒྲུབ་པ་རྟགས་ཐོན་བྱུང་བ་དེའི་གཏོར་ཆོག་གཙོ་བོར་བྱ། སྲུང་མ་སྤྱི་ཐམས་ཅད་ཀྱི་བསྐང་བ་སོགས་ཀྱང་བཏགས། འབོད་རྦད་བསད་གསུམ་གྱི་སྔགས་ཐམས་ཅད། རང་གི་སྲུང་མ་རྟགས་ཐོན་དེ་ཉིད་ཀྱི་རྦད་བསད་ཀྱི་སྔགས་དེ་བྱ། ཆོས་སྐྱོང་གཞན་ཐམས་ཅད་ཀྱི་མཚན་སྔགས་དང་། ལྷ་སྲིན་སྡེ་བརྒྱད་ཡུལ་ལྷ་སྤྱི་ལ། ཨ་ཡ་མ་དུ་རུ་ཙ་ཤ་ན། སརྦ་བྷུ་མི་པ་ཏི་ཞེས་བྱ། དེའི་མཐར་ཤམ་བུ་གང་དགོས་བཏགས་པ་ཡིན། དགྲ་ཆོས་རྒྱས་པ་དང་སྦྲེལ་ན་ཕྱག་བཞེས་བླ་མ་ལས་རྟོག་དགོས་སོ། ཐན་ལྟས་དགྲ་འགྱེད་ན། བསད་པ་གནམ་ལྕགས་ཐོག་མདའ་དགྲ་ཟློག་དང་བཅས་པ་རྣམས་ཤེས་སོ། བཀྲ་ཤིས་གབ་རྒྱ། །ཨྠྀི། ༈ དགྲ་ཆོས་ལྷ་དམག་སྤྱི་བསྐུལ་མན་ངག་


CMR047_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་བཞུགས་སོ།། ༈ ན་མོ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། འདིར་དགྲ་ཆོས་བསྡུས་པའི་ལྷན་ཐབས་གསང་བ་གཏེར་གྱི་སྒྲོམ་བུ་ཞེས་བྱ་བ་ལ་ལ་ཐན་དང་ལྟས་ངན་མི་དགེ་ཁྲ་ལྟར་འགྱེད་པ་དང་། སྲོག་མཐུ་གནམ་ལྕགས་ཐོག་མདའ། དེ་གཉིས་ལ་འདིར་ཐན་ལྟས་ཁྲ་འགྱེད་ཀྱི་ཡིག་ཆུང་ཟབ་པའི་མཐར་ཐུག་བྱེ་མ་རྡུལ་དུ་བརླག་པའི་ཕུང་སེལ་འདིའི་བཅའ་ཐབས་ལ། གཞུང་ནས་ཤིང་ནག་ལ་རྔ་མོང་གི་གཟུགས་བྱས་ལ། ཕྱི་ཁམ་སས་གཡོགས་ལ་དུག་ཁྲག་གི་སོལ། རྙེད་ན་རོ་སོལ་བྱུག་ལ་སྙིང་ག་དང་ཁ་ནང་དུ་གནད་ཡིག་བཅུག །དེའི་ལུས་ལ་ལྟས་ངན་གྱི་གཟུགས་གང་རིགས་རྣམས་བཙུགས་ལ། དེ་ལ་ཡང་ལྟས་ངན་སོ་སོའི་ཤ་སྤུ་ཁྲག་ཅི་རྙེད་སྦྱར། ཁོག་པ་ལ་དདྨ།ཏྲ། །བ། དུ་བཅུག་ཅིང་ཡང་ཤིང་ནག་ལ་ཀ་ཆ་ཅི་ཤོར་བྲིས་ལ། ཁྱིམ་དུ་ལྟས་ངན་སྣ་ཚོགས་ཕོབ་ཡ་རྒྱུག་ཡ་བྷྱོ་བྷྱོ། ཞེས་པའོ།། ༈ དམིགས་པ་ནི་བདག་ཉིད་ཡི་དམ་གྱི་ང་རྒྱལ་དང་ལྡན་པས་ལས་བྱང་དང་། ཆོས་སྐྱོང་གི་སྤྱི་གསོལ་ཆེན་པོ་ཅི་རིགས་ཚར་བའི་རྗེས་སུ་འགུགས་གཞུག་བྱས་ལ། བདག་ཉིད་ཡི་དམ་གང་ཡིན་བསྒོམ་ལ། མདུན་དུ་ཆོས་སྐྱོང་སྲུང་མ་འཇིག་རྟེན་ལས་འདས་པ་དང་། མ་འདས་པ་ཐམས་ཅད་ཀྱི་རང་རང་གི་བཀའ་ཉན་འབུམ་ཕྲག་བཅས་ནས་མགྱོགས་པ་ཆིབས་ཤིང་ཕྱག་ཏུ་ཐན་དང་ལྟས་ངན་སྣ་ཚོགས་ཐོགས་ཤིང་། རང་གི་མདུན་དུ་ཡོད་པར་བསྒོམས་ནས་རང་ཡི་དམ་གྱི་བཀའ་ཉན་དང་གསུང་སྡོད་དུ་དཔེར་ན་རྗེ་ཡི་བཀའ་ལ་བྲན་གྱི་མི་


CMR047_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་བ་བཞིན་དུ། དགྲ་ལ་ཐན་ལྟས་སྣ་ཚོགས་པའི་དམག་དཔུང་བཏང་བའི་ལས་བྱེད་པར་བསམ། ཚར་དགུའམ་གང་འཚམས་བྱེད་ནས། སྔོན་དུ་རྔ་མོང་དགྲ་ཕྱོགས་སུ་ཟོར་དུ་འཕོང་ལ་ཐན་དམག་བྱེ་བ་ས་ཡཱ་དགྲ་ཡི་་ཁྱིམ་དུ་ཐན་དང་ལྟས་ངན་མི་སྡུག་སྣ་ཚོགས་ཀྱིས་གང་བར་བསམས་ལ། དེ་རྗེས་གཏོར་ཆེན་འཕང་བས་རང་རང་གི་དམག་དཔུང་དཔག་ཏུ་མེད་པས་དགྲ་ལ་ལྟས་ངན་གྱི་ཆར་བབ་པར་བསམ་མོ། །དེ་རྗེས་བརྟན་མ་སྐྱོང་བ་སོགས་སྤྱི་ལྟར་བྱ། ཚིག་ཉུང་ལ་དོན་ཟབ་པའི་མན་ངག་དགྲ་ལ་ལྟས་ངན་ཁྲ་ལྟར་དུ་འགྱེད་པའི་མན་ངག་གདམས་པ་འདི་སངས་རྒྱས་བསྟན་ལ་དགྲ་བྱུང་བ་དང་། རྣལ་འབྱོར་རང་ལ་སྒོས་དགྲ་བྱུང་ན་མ་གཏོགས་གར་ཐོད་ཐོད་དུ་མི་སྤེལ། སྙིང་དང་མིག་བཞིན་དུ་བཅང་ངོ་། །ལས་ཚོགས་གཞུང་ལས་མི་གསལ་གུད་དུ་སྦས། །སྐལ་ལྡན་གཅིག་བརྒྱུད་མིན་པར་སྤེལ་མི་རུང་། །རང་ལ་བར་ཆད་འབྱུང་བས་ཡག་ཉེས་ཆེ། །ཨེ་མ་དྲེགས་པའི་ལས་ཚོགས་རླུང་ལྟར་འཕྱོ་བ་ལ། །རྒྱལ་བུ་བྱིན་མུན་རེ་ཡི་བྱིན་པ་ལས། །ཀུན་གྱི་མིག་དང་སྙིང་འདི་སྦྱིན་མི་འཚལ། །ཨུ་པ་ཁ་ཐཾ། ས་མ་ཡ། རྒྱ་རྒྱ་རྒྱ། ན་ར་ཀན། ཞེས་དགྲ་ཆོས་བསྡུས་པའི་ལྷན་ཐབས་སུ་སྔགས་རྒན་རཱ་ག་ཨ་སྱས་སྦྱར་བ་འདིས་སངས་རྒྱས་བསྟན་པ་ལ་གནོད་བྱེད་རུཊ་རྣམས་ཀྱི་གཤེད་མར་གྱུར་ཅིག །༈ གཞུང་ནས་བཤད་པ་བཞིན་གནད་ཡིག་རིགས་རྣམས་གུད་སྦས་ནི། པྲ་མ་ཧ་རི་ཙ་སུ་རྣ་ཛ་ཛཿ རྔ་མོང་གི་ཁོག་པར་བཅུག །ཀ་རཾ་ར་ཙ་ཏྲི་ཛ་བྷྱོ་ར་ཙ་ཨ་ཏི་ཧུ་ཅི་


CMR047_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཧེ་ཏུ་བྷྱོ༔ ཅེས་རྔ་མོང་གི་ཁ་ནང་དུ་བཅུག །དེ་ནས་ཐན་གཟུགས་ལ་སྤྱང་ཀི་ཝ་ཞོན་པའི་ཁོག་པར། སོ་ག་གུ་རྣ་པ་ར་ཧེ་དུ་ཏུ་ན་དུ་ན༔ བུ་ཆུང་བྱི་བ་ལ་ཞོན་པའི་ཁོག་པར། ཞུ་ཚལ་པ་ཚལ་པ་ཡ་སརྦ་ཏ་ཏྲི་རུ་རུ་ས་ཧ་ཏི་བྷྱོ༔ དོམ་ནག་གཡི་ཞོན་གྱི་ཁོག་པར། ཚལ་པ་ཚ་ལེ་འདུ་སུ་རི་པྲ་མ་རི་བྷྱོ༔ སྲེག་པ་པུ་ཤུད་ལ་ཞོན་པའི་ཁོག་པར། ར་ཙ་བ་ཏྲི་ཏྲི་མི་ལི་ཧ་རུ་ཤ་ར་ར༔ ཝ་སྤྲེལ་ཞོན་པའི་ཁོག་པར། །ཀ་མོ་སུ་རུ་ལ་སུ་ཁ་ལ་ཡ་ཤ་ཏ་རོ་བྷྱོ༔ དྲེད་མོང་དྲེལ་ལ་ཞོན་པའི་ཁོག་པར། སུ་རུ་རུ་སུ་ཧ་སྟི་བྷྱོ༔ ཞེས་གཟུགས་སོ་སོའི་ནང་དུ་གནས་ཡིག་འདི་དག་འཇུག་གོ །གསང་བའི་མན་ངག་གུད་དུ་སྦས་པ། །ཨྠྀི༈ གཉིས་པ་གནམ་ལྕགས་ཐོག་མདའ་ལྟ་བུའི་གདམས་ངག་ནི། གཞུང་ནས་སྤྲོ་ན་གྲི་ཡས་ལ་བཙག་བྱུག་གསུངས་པའི་ཕྱིར། གོང་ལྟར་རྔ་མོང་བཅས་ལ་ཤིང་ཚེར་མ་ཅན་ནམ་དྲག་པོའི་ཤིང་གི་མཚོན་ཆ་སྣ་ཚོགས་བཟོས་ལ། རྩེ་མོ་རྣམས་སུ་གྲི་ཁྲག་དུག་ཁྲག་གྲི་སོལ་དང་བསྲེས་ལ་བྱུག་པས་དེའི་རྟིང་པ་ལ་གཟབ་མ་བྱེད་ནི་བྲི་དགོས། མཱ་ར་ཡ་དགྲ་བོའི་སྲོག་ལ་རྦད་དགྲ་སྲོག་ལ་རྒྱུགས་ལུས་ལ་ཧབ་ཤ་མཱ་ར་ཡ་སོད། །བཟློག་པ་ཁ་རྐྱང་ཡིན་ན། བྷྱོ་བཟློག་བསྒྱུར་ཡ་བྱད་ཟོར་ཕུར་ཁ་ཆགཆེ་ཉམ་ང་བ་ཐམས་ཅད་དགྲ་བོའི་ཐོག་ཏུ་པྲ་ཏྱཱ་དྷི་ར་གྷོ་བྷྱོ་ཟློག་ཟློག །ཅེས་པ་གོང་གི་མཱ་ར་ཡ་ཡི་ཚབས་སུ་ཁ་སྒྱུར་བྱེད། སྔགས་དེ་དུག་ཤོག་ལ་བྲིས་ལ། གྲི་


CMR047_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་གྱི་རྩེ་མོ་དགྲ་ཕྱོགས་སུ་བསྟན་ལ་རྔ་མོང་ལ་བཙུགས། དམིགས་པ་བསྒྱུར་ཤེས་པར་བྱའོ། །ཞེས་ལེགས་ལྡན་དགྲ་ཆོས་བསྡུས་པའི་ལྷན་ཐབས་གུད་དུ་སྦས་པ་གབ་པ་རྫོགས་སོ། །ཨྠྀི། འདི་བླ་མའི་ཞལ་ཤེས་སོ། ༈ དགྲ་ཆོས་བསྡུས་པའི་ཐན་ལྟས་དཔེའུ་རིས་བཞུགས་སོ།། ༈ ཤིང་ནག་གླང་མ་སོགས་ཀྱི་རྔ་མོང་གི་གཟུགས་བྱས་ལ། ཕྱི་ཁམ་སས་གཡོག་ལ། དུག་ཁྲག་དང་། གྲི་སོལ་མ་རྙེད་ན་རོ་སོལ་བྱུག །ཏུང་བྱང་ལ། དགྲ་བོ་རྗེ་མོའི་སྟེང་དུ་ཐན་དང་ལྟས་ངན་སྣ་ཚོགས་ཕོབ་ལ། རྒྱུག་པ་བྷྱོ་བྷྱོ༔ དགྲ་བོའི་ཐོག་ཏུ་རྒྱུགས་ཡ་རྒྱུགས། རྦད་རྦད། ཐན་ལྟས་མི་རུང་སྣ་ཚོགས་སྣ་དགུའི་ཆར་ཕོབ་ཡ། རྦད་རྦད། རྒྱུག་རྒྱུག །བྷྱོ་བྷྱོ༔ ཞེས་བྲི་ཤིང་བྱང་རྒྱབ་ཏུ་སྔགས་འདི་བྲི། མཱ་ར་ཡ་དགྲ་བོའི་སྟེང་ལ་རྒྱུག ལུས་ལ་ཧབ་ཤ་མཱ་ར་ཡ་སོད། ཅེས་སོ། །ཨ་རཱ་གའི་ཞལ་གདམས་སོ། བཀྲ་ཤིས། ཞན་ཡང་གཡག་རུ་བསྐྱེད་ཆོག་དང་མནན་སྒྲུབ་བཅས་ཟུར་དུ་མཐའ་ཡས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགྲ་ཆོས་ལྷ་དམག་སྤྱི་བསྐུལ་གྱི་མན་ངགnext