Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
དགྲ་ཆོས་ལྷ་དམག་སྤྱི་བསྐུལ་ཞེས་བྱ་བའི་ལྷན་ཐབས།
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousདགྲ་ཆོས་ལྷ་དམག་སྤྱི་བསྐུལ་ཞེས་བྱ་བའི་ལྷན་ཐབས།next

དགྲ་ཆོས་ལྷ་དམག་སྤྱི་བསྐུལ་ཞེས་བྱ་བའི་ལྷན་ཐབས།


CMR047_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཆོས་ལྷ་དམག་སྤྱི་བསྐུལ་ཞེས་བྱ་བའི་ལྷན་ཐབས་བཞུགས་སོ། ༼ཀ༽ སྤྲོ་ན་གཡག་རུ་གཡོན་པའི་ནང་དུ་དགྲ་ཡི་བླ་བྱང་རྡོ་ནག་རྡེའུ་བཅུ་གསུམ་ལིངྒ་མགོ་ཐུར་བསྟན། ཤ་རུ་དགོ་རུ་གཙོད་རུ་མདའ་ཆག་གཞུ་ཆག་རྣམས་དགྲ་ཕྱོགས་སུ་བསྐྱལ། ནམ་མཁའ་ཤིང་རིས་མདའ་འཕང་རྩང་བཙུགས་ཀྱང་མི་འགལ། ༼ག༽ བདག་ལ་སྡང་བའི་དགྲ་བོ་ཞེས་པ་དོར་ནས། དགྲ་བོ་རང་ཤ་རོང་གིས་ཟོ། །དགྲ་བོ་རང་ཁྲག་རང་གིས་འཐུང་། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །ཟས་སུ་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཏོར་མ་མདོས་ནང་དུ་ཕུལ། སྲུང་མ་རྣམས་སྤྲུལ་པ་གྲངས་མེད་པར་འཕྲོས་ནས་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་བོ་རྣམས་རང་དབང་མེད་པར་བཀུག་ནས་གཡག་རུ་ནང་གི་བླ་ལིང་ལ་ཐིམ་པར་བསམ་ཞིང་། ཧཱུྃ། མ་གཡེལ་ཆོས་སྐྱོང་སྲུང་མའི་ཚོགས། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས། །བདག་ལ་སྡང་བའི་དགྲ་བོ་འདི། །སྐད་ཅིག་ཉིད་ལ་ཁུག་ལ་ཤོག །ལིངྒ་དགྲ་ཡས་འདི་ལ་མྱུར་དུ་ཁུག །གཡག་རུ་གཡོན་མའི་ནང་དུ་གྲུབ། །ལྕགས་ཁང་སྒོ་མེད་ནང་དུ་མནན། །རྟ་


CMR047_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

རྨིག་གཡོན་མའི་ཞབས་སུ་མནན། །༼ང༽ སྲུང་མ་རྣམས་ཀྱིས་དགྲ་བོའི་ཤ་ཟོ་ཁྲག་འཐུང་ནས། རྔམ་ཞིང་འགྱེད་པར་བསམ་ཞིང་བཅོལ་བའི་ལས་འགྲུབ་པར་བསམས་ལ་འདི་སྐད་དོ། །ཧཱུྃ། མ་གཡེལ་སོགས། ༼ཅ༽ བདུད་རྩིས་བྲན་ལ། འདོད་དོན་གསོལ་བ་གདབ་པ་འདི་སྐད་དོ། །ཧཱུྃ། མ་གཡེལ་སྲུང་མའི་དམ་ཚིག་ཅན། །ལེགས་ལྡན་མགོན་པོ་ནས། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད།། ༼ཆ༽ ལིངྒ་འབུལ་བ་དང་མནན་པ་གང་རུང་བྱ་ཚར་དགུ་ཐོན་ནས་མདོས་ཡས་རྣམས་ཁ་ཕྱིར་བསྒྱུར་བདུད་རྩིས་བྲན་ནས། ལྷ་ཚོགས་རྣམས་དགྲ་ལ་རྦད་པའི་ཚུར་དུ་བྱས་ནས་དགྲ་ཕྱོགས་སུ་ཕུལ་ལོ། །འདི་བྱད་ཁ་བཟློག་པ་དགྲ་སྣ་བསྒྱུར་བ་སོགས་ལ་ཕན་ཡོན་མཐའ་ཡས་གསུངས་སོ། །ཨ་རཱ་གས་སོ། །སརྦ་མངྒ་ལཾ། དགེའོ། །དགེའོ།། །།


previousདགྲ་ཆོས་ལྷ་དམག་སྤྱི་བསྐུལ་ཞེས་བྱ་བའི་ལྷན་ཐབས།next