Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
ཞལ་ཤེས་ཀྱི་ཟིན་བྲིས།
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousཞལ་ཤེས་ཀྱི་ཟིན་བྲིས།next

ཞལ་ཤེས་ཀྱི་ཟིན་བྲིས།


CMR047_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་དགྲ་ཆོས་དགྲ་བགེགས་ཚར་གཅོད་ཟེར་བ་དང་། དགྲ་ཆོས་ལྷ་དམག་སྤྱི་བསྐུལ་གཉིས་དོན་འདྲ་བར། ཅུང་མི་འདྲ་བའི་ཁྱད་འདུག་པ་རྣམས་བྲིས་པ་ཡིན། ཡིག་ཆུང་གཞན་འདྲ་བར་སྤྲོ་ནས་གཡག་རུ་གཡོན་པའམ། རྟ་རྨིག་གཡོན་པའི་ནང་དུ། དགྲ་བོའི་བླ་བྱང་རྡོ་ནག་རྡེའུ་དགུ་བཅུག །ལིངྒ་མགོ་ཐུར་དུ་བསྟན་ལ་དགྲ་བོ་འགུགས་གཞུག་གསུམ་དང་བཅས་བཅུག་གོ །ཤ་རུ་དགོ་རུ་གཙོད་རུ་མདའ་ཆག་གཞུ་ཆག་རྣམས་ཉེ་སྐོར་དེར་བཞག་ལ། དགྲ་བོ་དེའི་ཚེ་སྲོག་བླ་སེམས་གོ་ཆ་སྔགས་མདུད་ཐམས་ཅད་ཀྱི་ནུས་པ་ཞིག་ནས་བསྟིམ་པར་དམིགས་ལ་ཆོས་སྐྱོང་གི་དྲག་སྔགས་བཅས་བཟླས་མཐར་དགྲ་ཕྱོགས་སུ་བསྐྱལ་ལོ། །ཞེས་པ་གྲི་ཡས་བཙག་བྱུག་ཟེར་བ་གོང་དུ་འདུག །ལས་གཤིན་ཀིང་ཀང་དམར་ནག་ཆོས། །ཅེས་པའི་མཚམས་སུ། དུག་གདོང་ལས་གཤིན་འཁོར་བཅས་ཆོས། །རྡོ་རྗེ་འཇིགས་བྱེད་འཁོར་བཅས་ཆོས། །ལས་གཤིན་ཆོས་རྒྱལ་འཁོར་བཅས་ཆོས། །ཚེ་བདག་ནག་པོ་འཁོར་བཅས་ཆོས། །ཅེས་པ་ཡན། མ་མགོན་ཕྱོགས་བཅུའི་མགོན་པོ་ཆོས། །སོགས་ནས། དཔའ་བོ་པེ་དཀར་རྒྱལ་པོ་ཆོས། །ནས། ནད་བདག་ཨེ་ཀ་ཙ་ཏི་ཆོས། །གནོད་སྦྱིན་ཤན་པ་དམར་ནག་ཆོས། །གསོད་མཁན་སྲོག་བདག་སྐྱེས་བུ་ཆོས། །གཞན་འདྲ་ལ། དགྲ་བོ་རང་མཚོན་རང་ལ་རྒྱོབ། །དགྲ་བོ་རང་ཤ་རང་གིས་


CMR047_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཟོ། །དགྲ་བོ་རང་ཁྲག་རང་གིས་འཐུང་། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །ཟས་སུ་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཏོར་མ་མདོས་ནང་དུ་འབུལ་ལོ། །སྲུང་མ་རྣམས་ཀྱི་སྤྲུལ་པ་གྲངས་མེད་པར་འཕྲོས་ནས། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་བགེགས་རྣམས་རང་དབང་མེད་པར་བཀུག་ནས་གཡག་རུ་ནང་གི་བླ་བྱང་ལིངྒ་ལ་ཐིམ་པར་བསམ་ཞིང་། ཧཱུྃ། མ་གཡེལ་ཆོས་སྐྱོང་སྲུང་མའི་ཚོགས། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས། །བདག་ལ་སྡང་བའི་དགྲ་བོ་འདི། །སྐད་ཅིག་ཉིད་ལ་ཁུག་ལ་ཤོག །ལིངྒ་དགྲ་ཡས་འདི་ལ་མྱུར་དུ་ཁུག །གཡག་རུ་གཡོན་པའི་ནང་དུ་ཁུག །ལྕགས་ཁང་སྒོ་མེད་ནང་དུ་ཁུག །རྟ་རྨིག་གཡོན་པའི་ཞབས་སུ་མནན། །བསྐལ་པའི་མུན་པས་སྟེང་ནས་ནོན། །རི་རབ་ཆེན་པོས་སྟེང་ནས་ནོན། །རྒྱ་མཚོ་ཆེན་པོའི་སྟེང་ནས་ནོན། །བྲུབ་བོ་མནན་ནོ་མ་ལྡང་ཞིག །བཅུག་པ་ཡིན་ནོ་མ་ལྡང་ཞིག །བཅད་པ་ཡིན་ནོ་མ་སྐྱེད་ཅིག །དམ་ཉམས་དགྲ་བོ་མ་ཤོར་ཅིག །དགྲ་སྲོག་དམར་པོ་མྱུར་དུ་ཆོད། །ཐལ་བ་རྡུལ་དུ་བརླག་པར་


CMR047_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །སྲུང་མ་རྣམས་ཀྱིས་དགྲ་བོའི་ཤ་ཟོས་ཁྲག་འཐུང་ནས་རྔམས་ཤིང་དགྱེས་ནས་བདག་གིས་གང་བཅོལ་ཕྲིན་ལས་སྒྲུབ་པར་བསམས་ལ་འདི་སྐད་དོ། །ཧཱུྃ། མ་གཡེལ་སྲུང་མ་མཐུ་རྩལ་ཅན། །བདག་ཅག་དཔོན་སློབ་འཁོར་བཅས་རྣམས། སོགས་ནས་ཚང་བར་བརྗོད་ཨ་རཱ་གས་སྦྱར་བའོ།།


previousཞལ་ཤེས་ཀྱི་ཟིན་བྲིས།next