Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ཀྱི་བསྐྱེད་ཆོག་སྤྱན་འདྲེན་དྲག་པོ།
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousདགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ཀྱི་བསྐྱེད་ཆོག་སྤྱན་འདྲེན་དྲག་པོ།next

དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ཀྱི་བསྐྱེད་ཆོག་སྤྱན་འདྲེན་དྲག་པོ།


CMR047_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ཀྱི་བསྐྱེད་ཆོག་སྤྱན་འདྲེན་དྲག་པོ་བཞུགས་སོ། །དཔལ་ལྡན་མགོན་ལ་ཕྱག་འཚལ་ལོ། འདིར་དགྲ་བྱུང་ངམ། ནོར་ཤོར་རམ། གཞན་དང་འགྲས་སམ། ནམ་དགོས་པའི་དུས་སུ། བཤོས་བུ་གཞུང་བཞིན་བཤམས་ལ། གཤིན་ཁང་བསྐྱེད་པ་ནི་འདི་སྐད་དོ། །རང་གི་ཕར་མདུན། སྲུང་མ་རྣམས་ཀྱི་ཚུར་མདུན་དུ། གྲུ་གསུམ་དེ་ལྕགས་ཀྱི་ཁང་པ་ཟུར་གསུམ་པ་ནག་ལ་གཏིང་ཟབ་པ་སྒོ་མེད་པ་གཅིག་གི་ནང་དུ། དགྲ་བགེགས་ཐམས་ཅད་དངོས་སུ་བསྐྱེད་པའི་སྟེང་དུ། མགོན་པོའི་ཐུགས་ཀ་ནས་ཕཊཙགཅིག་སྤྲོས་པས་བདུད་མགོན་སྲོག་གཅོད་ནག་པོ། གཡས་སོག་ལེ་གཡོན་ཐོད་ཁྲག་ཐོགས་པ། ལུས་ལ་བདུད་སྟ་རྣོ་ཡམ་ཡམ་པས་བརྒྱན་པ། ཆིབས་སུ་བདུད་གླང་ནག་པོ་ལ་བཅིབས་པ། དེའི་འཁོར་དུ་རེ་འབྱམས་མཆེད་དགུ། ལོ་བདུད་རེ་འབྱམས་བཅུ་གཉིས། ལོའི་རེ་འབྱམས་དྲུག་ཅུ་རྩ་བཞི། ལྷ་འདྲེ་གྲི་བོའི་དམག་ཚོགས། སྲིན་ཆེན་གྱི་གདོན་ཚོགས་བདུད་པོ་ཐོད་ཁུར། མ་མོ་ནད་བདག །ཐེའུ་རང་འགོང་པོ་ཟ་བྱེད། གཤིན་རྗེ་ལ་སོགས་དཔག་ཏུ་མེད་པས་བསྐོར་བ། དགྲ་བགེགས་བསད་བཅད་བྱེད་པའི་


CMR047_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཤན་པ་ལ་རྔམས་ཤིང་ཡོད་པར་བསྒོམ། ཡེ་ཤེས་པ་བསྟིམ། མཆོད་གཏོར་བསྔོ། ཕྲིན་ལས་བཅོལ་བའི་དུས་ལ། སྤྲུལ་པ་ཕོ་ཉ་མང་པོ་གདབ་ལ། སྲུང་མ་རྣམས་མྱུར་དུ་བསྐུལ་ཞིང་ཆད་པ་ནི་འདི་སྐད་དོ། །ཧཱུྃ། །སྔོན་ཚེ་དངོས་གྲུབ་སྒྲུབ་པའི་ཚེ། །བྱིན་རླབས་ཡ་མཚན་ཆེ་བའི་གནས། །བྱ་རྒོད་ཕུང་པོའི་རི་ཡི་དྲུང་། །འོད་མའི་ཚལ་གྱི་བྱང་གི་གནས། །ཀང་ཀ་ཆེན་པོའི་ལྷོ་ཕྱོགས་ན། །ནཱ་ལེནྡྲ་ཡི་ཤར་ཕྱོགས་ན། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །ཤི་རི་ཤ་དང་ཨ་ཤོ་ཀ །ཨུ་དུམ་ཝ་ར་ནྱ་གྲོ་ཏ། །ཤེལ་དང་མེ་ཏོག་ཚལ་གྱིས་བརྒྱན། །ཀེང་རུས་ཐོད་པའི་སྐུ་མཁར་ནས། །ནག་པོ་ཆེན་པོ་སྤྱན་འདྲེན་ནས། །ཆོས་སྐྱོང་ཕོ་བྲང་དམ་པ་འདིར། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །བྱིན་གྱིས་རླབས་པའི་གནས་མཆོག་འདིར། །བསྟན་པ་བཤིག་བྱེད་སྒྲོལ་བའི་ཕྱིར། །ནག་པོ་ཆེན་པོ་གཤེགས་སུ་གསོལ། །ཤ་ཁྲག་དམར་གྱི་བདུད་རྩི་འདི། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །ཡང་གཅིག་སྐུ་བཞེངས་གཤེགས་སུ་གསོལ། །མཐིང་ནག་གྲུ་གསུམ་དཀྱིལ་འཁོར་འདིར། །ཕུང་བྱེད་ནག་པོ་སྤྱན་འདྲེན་ནོ། །ཁྲག་འཐུང་ཆེན་པོ་གཤེགས་སུ་གསོལ། །ཧཱུྃ། ཆོས་


CMR047_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་མི་འགྱུར་ཀློང་དཀྱིལ་ནས། །དམ་ཅན་ནག་པོ་སྤྱན་འདྲེན་ནོ། །ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ལེགས་ལྡན་ནག་པོ་སྤྱན་འདྲེན་ནོ། །བསྟན་སྲུང་མགོན་པོ་གཤེགས་སུ་གསོལ། །ཧཱུྃ། བཅོམ་ལྡན་སངས་རྒྱས་སྤྱན་སྔ་རུ། །བསྟན་པ་སྲུང་བར་ཞལ་བཞེས་པའི། །བྱ་རོག་གདོང་ཅན་གཤེགས་སུ་གསོལ། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བའི་དམག་ཚོགས་ཀུན། །བདེ་གཤེགས་སྤྲུལ་པ་གཤེགས་སུ་གསོལ། །སངས་རྒྱས་རྗེས་འཇུག་དམ་ཚིག་ཅན། །རྣལ་འབྱོར་བདག་གིས་སྤྱན་འདྲེན་ནས། །བསྟན་པ་རྒྱས་མཛད་གཤེགས་སུ་གསོལ། །དྲག་པོའི་ལས་རྣམས་བསྒྲུབ་པའི་ཕྱིར། །སྡེ་བརྒྱད་མགོན་པོ་སྤྱན་འདྲེན་ན། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །ཁྲག་འཐུང་ཆེན་པོ་གཤེགས་སུ་གསོལ། །ནག་པོ་ཆེན་པོ་དྲག་ཤུལ་ཅན། །བྱ་རོག་མཚན་ཅན་སྟོབས་པོ་ཆེ། །ཁྱོད་ཀྱིས་མི་འདུལ་གང་ཡང་མེད། །སྔོན་གྱི་ཐུགས་དམ་དགོངས་མཛོད་ལ། །ཧཱུྃ། དད་པ་


CMR047_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་བྱོན་ནག་པོ་ཆེ། །རེ་འབྱམས་བྱེ་བ་འཁོར་དང་བཅས། །དགྲ་བོ་བསྒྲལ་ཕྱིར་གཤེགས་སུ་གསོལ། །ཕུང་སྲི་ནག་པོ་འཁོར་དང་བཅས། །དགྲ་ལ་ལྟས་ངན་འགྱེད་པའི་ཕྱིར། །གྲུ་གསུམ་གནས་འདིར་གཤེགས་སུ་གསོལ། །དགྲ་ལ་ཕུང་སྲི་འགྱེད་པའི་ཕྱིར། །ཕུང་བདུད་བཅོ་བརྒྱད་གཤེགས་སུ་གསོལ། །དགྲ་ལ་ཐན་དང་ཕུང་འདྲེ་ཐོངས། །བཅོལ་བའི་ཕྲིན་ལས་མྱུར་དུ་བབས། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ། ས་མ་ཡཱ། ཛཿཧཱུྃ་བཾ་ཧོ༔ མཆོད་འབུལ་བྱ། འགུགས་འདྲེན་བྱ། སྲུང་མ་རྣམས་ལ་མྱུར་དུ་དགྲ་ལ་རྦད་དོ། །དེ་ནས་གཞུང་གི། ཧཱུྃ། མ་གཡེལ་མ་གཡེལ་སྲུང་མའི་ཚོགས། སོགས། ཚར་གྲངས་ཅི་མང་བསོགས། ཞེས་པ་འདི་ཡང་རཱ་ག་ཨ་སྱས་སྦྱར་བའོ། །མངྒ་ལཾ།། །།


previousདགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ཀྱི་བསྐྱེད་ཆོག་སྤྱན་འདྲེན་དྲག་པོ།next