Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད།
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousདགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད།next

དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད།


CMR047_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་བཞུགས་སོ།


CMR047_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤྲཱི་མ་ཧཱ་ཀཱ་ལ་ཡ། དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ནི། །དམར་གཏོར་གཅིག་ལ་གཏོར་ཆུང་བཅུ་ཡིས་བསྐོར། །དཀར་གཏོར་གཅིག་ལ་གཡག་ལུག་བྱ་རིགས་གཟུགས་ཀྱིས་བསྐོར། སྤྲོ་ན་གཡག་རུ་གཡོན་པའི་ནང་དུ་དགྲ་བོའི་བླ་བྱང་རྡོ་ནག་རྡེལ་དགུ་བླུག །ལིངྒ་མགོ་ཐུར་དུ་བསྟན་ལ་བཞག །ཤ་རུ་དགོ་རུ་གཙོད་རུ་མདའ་ཆག་གཞུ་ཆག་རྣམས་དགྲ་བོའི་ཕྱོགས་སུ་བསྐྱལ་ལོ། །གྲི་ཡས་ལ་བཙགས་བྱུག་པ་དང་། ཤིང་ནག་ལ་རྔ་མོ་དང་དྲེལ་ཕག་གི་གཟུགས་བྱས་ལ་བོར་བ་དགྲ་བྲུབ་དུས་སུ་དགོས་པ་ཡིན། དེ་ནས་ཆོས་སྐྱོང་གི་སྤྱན་འདྲེན་དང་མཆོད་བསྟོད་ལས་གཞུང་དང་། འགུགས་གཞུག་ལན་དགུ་བྱས་ལ་འདི་སྐད་དོ། །ཧཱུྃ། མ་གཡེལ་མ་གཡེལ་སྲུང་མའི་ཚོགས། །མ་གཡེལ་


CMR047_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་དགྲ་ལ་རྒྱུགས། །བསྟན་པ་གཉན་ལ་དགྲ་བྱུང་ན། །ལྷ་དང་སྲུང་མའི་དམག་ཚོགས་སྡུས། །སངས་རྒྱས་ཆོས་ཀྱི་སྐུ་དགྲ་ལ། །དྲག་ཤུལ་ཅན་གྱི་དམག་ཚོགས་ཆོས། །ལས་གཤིན་ཀིང་ཀང་དམར་ནག་ཆོས། །ཞལ་ཤེས། དུག་གདོང་ལས་གཤིན་འཁོར་བཅས་ཆོས། །རྡོ་རྗེ་འཇིགས་བྱེད་འཁོར་བཅས་ཆོས། །ལས་གཤིན་ཆོས་རྒྱལ་ཡབ་ཡུམ་ཆོས། །ཚེ་བདག་ནག་པོ་འཁོར་བཅས་ཆོས། །མ་མགོན་ཕྱོགས་བཅུའི་མགོན་པོ་ཆོས། །མགོན་པོ་བྱ་རོག་འཁོར་བཅས་ཆོས། །བྱིན་རླབས་མྱུར་མཛད་མགོན་པོ་ཆོས། །དཔལ་ལྡན་ལྷ་མོ་དཔོན་


CMR047_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གཡོག་ཆོས། །བདུད་མགོན་སྲོག་བདུད་ནག་པོ་ཆོས། །སྲིན་མགོན་གཉན་མགོན་ཡབ་ཡུམ་ཆོས། །སྔགས་སྲུང་ཚེ་རིང་མཆེད་ལྔ་ཆོས། །ཞིང་སྐྱོང་སེང་གདོང་ཡབ་ཡུམ་ཆོས། །དུར་ཁྲོད་བདག་པོ་བདག་མོ་ཆོས། །གདུག་པ་བསེ་ཡི་སྐྱེས་བུ་ཆོས། །གཙང་བཙན་མཆེད་འཁོར་བཅས་པ་ཆོས། །གཡུ་སྒྲོན་སྨན་མོ་འབུམ་ཚོགས་ཆོས། །སྔགས་བདག་ཀླུ་ཆེན་བརྒྱད་པོ་ཆོས། །མཁར་ནག་ཀླུ་བདུད་ཀླུ་བཙན་ཆོས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཆོས། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་ཆོས། །དྲག་ཤུལ་ཅན་གྱི་དམག་ཚོགས་ཆོས། །འདོད་ཁམས་ལྷ་དང་སྲུང་མ་ཆོས། །མཐུ་ཆེན་དབང་པོ་བརྒྱ་བྱིན་ཆོས། །རྩལ་མཁན་ཚོགས་བདག་གླང་སྣ་ཆོས། །མདའ་མཁན་བྱི་ནུ་རཱ་ཙ་ཆོས། །འཐབ་སྐྱེན་མ་ཧཱ་ཀཱ་ལ་ཆོས། །སྟོབས་ཆེན་ལེགས་ལྡན་ནག་པོ་ཆོས། །མཐུ་ཆེན་སྔགས་ཀྱི་བདག་པོ་ཆོས། །འཛིན་མཁན་བྲག་ལྷ་མགོན་པོ་ཆོས། །ལམ་མཁན་ཨཱརྱ་རེ་མན་ཆོས། །སོ་མཁན་དཔལ་རབ་འཆང་བའི་མགོན་པོ་ཆོས། །ཡང་ཟོར་ཧཱ་ལུ་མ་དྷ་ཆོས། །སྒྲོགས་མཁན་ཁྱབ་འཇུག་ནག་པོ་ཆོས། །རྐྱལ་མཁན་བ་ལི་སྨུག་པོ་ཆོས། །མདའ་


CMR047_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཉེ་དབང་སོ་གཉིས་ཆོས། །གཅོད་མཁན་ལྷ་སྲིན་སྡེ་བརྒྱད་ཆོས། །བརྟུལ་ཞུགས་གླང་ཆེན་སྨྱོན་པ་ཆོས། །འཕྲང་སྲུང་སྟག་གཡག་རྔམ་པ་ཆོས། །རེ་འབྱམས་བྱ་རྒྱལ་ཁྱུང་ཆེན་ཆོས། །ཁྲོ་གཏུམ་གཡུ་འབྲུག་སྔོན་པོ་ཆོས། །ནམ་མཁའ་ལྡིང་དང་སེང་གེ་ཆོས། །ཉིན་གྱི་དྲོད་གསལ་ཉི་མ་ཆོས། །མཚན་གྱི་སྒྲོན་གསལ་ཟླ་བ་ཆོས། །ཕྱི་དཔུང་ལྷ་ཀླུ་གཉན་དམག་ཆོས། །སྣ་ཁྲིད་རྡོ་རྗེ་ལེགས་པ་ཆོས། །དཔའ་བོ་བེ་ཧར་རྒྱལ་པོ་ཆོས། །ཞལ་ཤེས། ནད་བདག་ཨེ་ཀ་ཙཱ་ཏི་ཆོས། །གནོད་སྦྱིན་ཤན་པ་དམར་ནག་ཆོས། །གསོད་མཁན་སྲོག་བདག་སྐྱེས་བུ་ཆོས། །བཤའ་མཁན་ཁྲ་ཆུང་ཤེ་ནེ་ཆོས། །ཤ་ཟ་ཕྲ་མེན་ཁྲ་སྐྱ་ཆོས། །ཁྲག་འཐུང་འབར་བ་དྲེད་མགོ་ཆོས། །མགྱོགས་བྱེད་སྐྱ་ངོམས་སྤུན་གསུམ་ཆོས། །ཟ་བྱེད་མགོན་པོ་སྡེ་ལྔ་ཆོས། །རྒྱུག་བྱེད་མོན་པ་ནག་པོ་ཆོས། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ཆོས། །མཐུ་ཆེན་འཇིག་རྟེན་སྲུང་མ་རྣམས། །གོ་ཁྲབ་གྱོན་ལ་རྣོ་མཚོན་རྡོར། །མགྱོགས་པ་ཞོན་ལ་རིངས་པར་རྒྱུགས། །ཞེ་སྡང་ཕྱུངས་ལ་ང་རྒྱལ་སྐྱེད། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་


CMR047_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ་མེད་པར་མཛོད། །རྒྱ་གར་ཡུལ་གྱི་མཁའ་འགྲོ་མ། །བོད་ཀྱི་ཡུལ་གྱི་བརྟན་སྐྱོང་མ། །སྟོང་གསུམ་དམག་དཔོན་བྱེད་མཁན་མོ། །བརྟན་མ་དམག་གི་རྒྱལ་མོ་ནི། །བརྟན་སྐྱོང་ཡ་མའི་ཚོགས་དང་བཅས། །གོ་ཁྲབ་གྱོན་ལ་རྣོ་མཚོན་རྡོར། །མགྱོགས་པ་ཞོན་ལ་རིངས་པར་རྒྱུགས། །ཞེ་སྡང་ཕྱུངས་ལ་ང་རྒྱལ་སྐྱེད། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །སངས་རྒྱས་ཆོས་ལ་ཕྱོགས་པའི་ལྷ། །མཆོད་ན་མགོན་སྐྱབས་བྱེད་པའི་ལྷ། །བརྔན་ན་དགྲ་ལ་རྒྱུག་པའི་ལྷ། །བོད་ཀྱི་མགུར་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་དང་། །བོད་ཀྱི་ཐང་ལྷ་ཡར་ཞུར་དང་། །གཉན་ཆེན་རྨ་གཉན་སྤོམ་ར་ནི། །འཁོར་དུ་གཉན་དམག་བསམ་མི་ཁྱབ། །ཀུན་ཀྱང་མི་དཀར་རྟ་དཀར་ཅན། །གོ་ཆ་སྲ་ལ་མཚོན་ཆ་རྣོ། །བ་དན་དཀར་པོ་གནམ་ལ་གཡུགས། །ཀི་བསྭོ་ཆ་སྒྲ་དི་རི་རི། །ཀུན་ཀྱང་མཐུ་ཆེན་རྩལ་དྲག་ཅན། །དྲག་པོའི་བློསྒྲ་དི་རི་རི། །རྣལ་འབྱོར་དམ་ཚིག་ཅན་གྱི་གཉེན། །སྐྱེ་བོ་དགྲ་ལྷ་ཅན་གྱི་གཉེན། །རྨངས་པོ་རྩ་དཀར་བཀྲོལ་བའི་གཉེན། །འཐབ་མོ་གཡུལ་ལས་


CMR047_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་གཉེན། །སངས་རྒྱས་ཆོས་ལ་ཕྱོགས་པའི་གཉེན། །ཆ་ལ་དགའ་ཞིང་དར་ལ་འདུ། །ཀི་ལ་དགའ་ཞིང་བསོ་ལ་དགྱེས། །གོ་ཁྲབ་གྱོན་ལ་རྣོ་མཚོན་བརྡོར། །མགྱོགས་པ་ཞོན་ལ་རིངས་པར་རྒྱུགས། །ཞེ་སྡང་ཕྱུངས་ལ་ང་རྒྱལ་སྐྱེད། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །མ་གཡེལ་ཡུལ་ལྷའི་དམག་ཚོགས་རྣམས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །སྐུ་རྒྱལ་བཙན་གྱི་དམག་ཚོགས་ཆོས། །སྨོན་སྐྱེས་གང་བཞུར་མཆེད་གསུམ་ཆོས། །དམག་དཔོན་དབྱི་རྒྱལ་རིན་ཆེན་ཆོས། །ཀླུ་རྒྱལ་པོ་ཏོ་འཁོར་བཅས་ཆོས། །ཙོ་རྒྱལ་གོ་རྒྱལ་ཡབ་ཡུམ་ཆོས། །སྐྱེས་བུ་ངོམ་རྒྱལ་འཁོར་བཅས་ཆོས། །གཏམ་རྒྱལ་དབྱི་དོ་དགེ་བསྙེན་ཆོས། །མཐུ་ཆེན་འཇིག་རྟེན་སྲུང་མ་རྣམས། །གོ་ཁྲབ་གྱོན་ལ་རྣོ་མཚོན་རྡོར། །མགྱོགས་པ་ཞོན་ལ་རིངས་པར་རྒྱུགས། །ཞེ་སྡང་ཕྱུངས་ལ་ང་རྒྱལ་སྐྱེད། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །འཇིག་རྟེན་སྲུང་མའི་དམག་ཚོགས་ལ། །དཀར་གསུམ་བརྒྱན་པའི་གཏོར་མ་དང་། །ཁྱུང་དང་སེང་གེ་གཡུ་


CMR047_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་དང་། །གྱི་ལིང་ཤང་ཤང་རྨ་བྱ་དང་། །སྟག་གཟིག་གུང་གཡི་དཀར་པོ་དང་། །གཡག་ལུག་བྱ་རིགས་སྣ་ཚོགས་འདི། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །བསམ་གཏན་ལྷ་ཡི་དཀོར་བས་ལྷག །ལྷ་སྲུང་གཉན་པོའི་སྐུ་ལ་འབུལ། །གཞན་ཡང་དངོས་དང་ཡིད་ལས་སྤྲུལ། །བཀྲ་ཤིས་རྟགས་བརྒྱད་རིན་ཆེན་བདུན། །སྲ་བའི་གོ་ཆ་རྣོ་བའི་མཚོན། །མདའ་དར་ཕུད་རྒོད་གཙང་མ་འབུལ། །ལྷ་དང་སྲུང་མའི་དམག་ཚོགས་རྣམས། །རེམ་ཞིག་སྡང་བའི་དགྲ་ལ་རྒྱུགས། །སྡང་བའི་དགྲ་ལ་ཞེ་སྡང་སྐྱེད། །ཧོར་སོགས་དགྲ་རྐུན་ལས་ངན་གྱིས། །སྲུང་མ་གཉན་པོ་མ་བརྩིས་ན། །ཁྱོད་ཀྱིས་ཀོ་ལོང་དམ་པོ་མཛོད། །བསྐལ་པ་དུས་ཀྱི་སྙིགས་མ་ལ། །ཡེ་ཤེས་ལྷ་ནི་འགྲུབ་ཐག་རིང་། །ཁྱེད་རྣམས་འཇིག་རྟེན་མྱུར་མགྱོགས་ལྷ། །སྣང་སྲིད་ལྷ་འདྲེ་དམག་ལ་འདུས། །རྒྱལ་ཆེན་སྡེ་བཞིས་དམག་དཔོན་གྱིས། །ཕྱོགས་སྐྱོང་བཅུ་ཡིས་སོ་མཚམས་སྲུངས། །རཱ་ཧུ་ལ་ཡིས་ཤན་པ་གྱིས། །རྡོ་རྗེ་ལེགས་པས་སྣ་ཁྲིད་གྱིས། །མ་མོའི་ཚོགས་ཀྱིས་དལ་ཡམས་ཕོབ། །གཤིན་རྗེའི་ཚོགས་ཀྱིས་ཁྲམ་ལ་ཐོབ། །ནམ་མཁའི་


CMR047_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ནས་ལྷ་དམག་དྲོངས། །བར་སྣང་ཁམས་ནས་གཉན་དམག་དྲོངས། །ས་གཞིའི་ཁམས་ནས་ཀླུ་དམག་དྲོངས། །རྒྱལ་པོ་ཉི་མའི་ཟེར་ལ་རྒྱུགས། བདུད་རྣམས་ནམ་གྱི་གུང་ལ་རྒྱུག །བཙན་དམག་སྐྱ་རེངས་ཟེར་ལ་རྒྱུགས། །གནམ་ས་རི་ལུང་བར་སྣང་གང་། །ལྷ་སྲིན་སྡེ་བརྒྱད་དམག་ལ་ཆོས། །མྱུར་བར་མྱུར་བར་རིངས་པོ་རིངས། །གོ་ཁྲབ་གྱོན་ལ་རྣོ་མཚོན་རྡོར། །མགྱོགས་པ་ཞོན་ལ་རིངས་པར་རྒྱུགས། །ཞེ་སྡང་ཕྱུངས་ལ་ང་རྒྱལ་སྐྱེད། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །དགྲ་མཁར་ཤིགས་ལ་དགྲ་གཞུ་ཆོག །དགྲ་དཔུང་ཆོག་ལ་དགྲ་སྲོག་ཆོད། །དཔའ་བོ་སོད་ལ་མགྱོགས་པ་སྐྱེལ། །གོ་ཁྲབ་ཤུས་ལ་རྣོ་མཚོན་འཕྲོག །དཔུང་པ་ཆོག་ལ་རྒྱུས་པ་ཆིངས། །སྡང་བའི་དགྲ་བོ་གནོད་བྱེད་ཀྱིས། །དམག་དང་རྐུན་ཇག་ཤོམ་པའི་ཚེ། །སྲུང་མ་རྣམས་ཀྱིས་ཤོལ་ཐོབ་ཅིག །སྲུང་མ་རྣམས་ཀྱིས་དམག་སྣ་སྒྱུར། །ཕོ་ཉ་རྣམས་ཀྱིས་སྡང་དགྲའི་དམག་དཔུང་ཟློག །ལས་མཁན་རྣམས་ཀྱིས་དགྲ་བོ་སོད། །དྲེགས་བྱེད་རྣམས་ཀྱིས་དགྲ་སྙིང་ཕྱུངས། །ལྷ་སྲིན་ཚོགས་


CMR047_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བླ་ཚེ་ཟོ། །དགྲ་ཤ་ཟོ་ལ་དགྲ་ཁྲག་འཐུང་། །བཙོ་བསྲེག་མི་ཁོམ་རློན་པར་ཟོ། །དགྲ་ཇག་རྐུན་འཕྲོག་ཤོམ་པ་དང་། །ཁ་མཆུ་གྱོད་ཚོལ་བྱེད་པ་དང་། །དཀོན་མཆོག་གསུམ་གྱི་སྤྱི་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་རྣམས། །ལོ་དང་ཟླ་བར་མ་འགྱང་བར། །ཞག་དང་ཟ་མར་མ་བཞག་ལ། །ད་ལྟ་ཉིད་དུ་རྡུལ་དུ་རློགས། །དགྲ་བོ་རང་གཤེད་རང་གིས་གྱིས། །དགྲ་བོ་རང་མཚོན་རང་ལ་རྒྱོབ། །དགྲ་བོ་རང་བྱེད་རང་ལ་ཟློག །བདག་ལ་སྡང་བའི་དགྲ་བོ་འདི། །ལྷ་སྲུང་མགོན་སྐྱབས་ཐམས་ཅད་ཕྱེས། །གཡག་རུ་གཡོན་པའི་ནང་དུ་ཁུག །ལྕགས་མཁར་སྒོ་མེད་ནང་དུ་ཚུད། །རྟ་རྨིག་གཡོན་པའི་ཞབས་སུ་མནན། །བསྐལ་པའི་མུན་པས་སྟེང་ནས་ནོན། །རི་རབ་ཆེན་པོས་སྟེང་ནས་ནོན། །རྒྱ་མཚོ་ཆེན་པོས་སྟེང་ནས་ནོན། །བྲུབ་བོ་མནན་ནོ་མ་ལྡང་ཞིག །བཀུག་པ་ཡིན་ནོ་མ་ལྡང་ཞིག །བཅད་པ་ཡིན་ནོ་མ་སྐྱེ་ཞིག །དམ་ཉམས་དགྲ་བོ་མ་ཤོར་ཅིག །ཐལ་བ་རྡུལ་དུ་བརླག་པར་མཛོད། ༈ མ་གཡེལ་སྲུང་མ་མཐུ་རྩལ་ཅན། །བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ཕྱོགས་བཞི་མཚམས་བརྒྱད་གར་


CMR047_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཡང་། །སྔོན་ནས་སུས་ལ་རྒྱབ་ནས་སྐྱོལ། །གཞི་བྱེས་ལམ་གསུམ་གར་འདུག་ཀྱང་། །འཇིགས་པ་བརྒྱད་ལས་སྐྱོབ་པར་མཛོད། །མཐོ་ལ་བབ་ན་ལམ་སྒྲོལ་མཛོད། །དམའ་ལ་བབ་ན་ལམ་སོལ་ཅིག །ཆུ་ལ་བབས་ན་ཆུ་སྒྲོལ་ཅིག །ཉམ་ངའི་ས་ནས་མཛོད་རྟ་རྟེན། །མཐོ་བ་དགུང་ནས་བྱ་ར་མཛོད། །དམའ་བ་ཐང་ནས་འཚོ་རྫི་མཛོད། །བདག་གི་གར་འགྲོའི་ལམ་སྣ་དྲོངས། །ཚོང་པ་རྒྱབ་ཀྱི་ཤུལ་ཡར་ཆོག །ཁལ་ཁུར་མ་ཡོ་བདེ་བར་སྲུངས། །བདག་གི་མི་རྟ་ཁལ་མཛོད་རྣམས། །ཤུལ་རིང་ལམ་དུ་ཞུགས་པའི་ཚེ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཚའི་འཚེ་བ་མ་བཏང་ཞིག །བདག་ཅག་འཁོར་བཅས་གར་འགྲོ་ཡང་། །ཉིན་ལ་བབ་ན་མཚོ་རྫི་མཛོད། །མཚན་ལ་བབས་ན་མེལ་ཚེ་མཛོད། །ཕྱི་རྐུན་ནང་དུ་མ་བཏང་ཞིག །ནང་རྐུན་བྱུང་ལ་མ་འགྱེད་ཅིག །སློབ་དཔོན་ཐུགས་ཡིད་མ་དཀྲུག་ཅིག །བྲང་མིའི་ནང་འཁོན་མ་བཏང་ཞིག །གྲོ་ལ་སྣོག་པོ་མ་བཏང་ཞིག །ནང་མི་ཐུགས་འགལ་མ་བཏང་ཞིག །ཡེ་འདྲོགས་གློ་བུར་མ་བཏང་ཞིག །བདག་ཅག་འཁོར་བཅས་གར་འགྲོ་ཡང་། །


CMR047_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཡག་དང་སྤྱོད་ལ་ཉེས་དང་བསྣོལ། །མི་ཕྱུགས་ནང་ནོར་གྲོགས་དང་སྤྱོད། །ཁ་ནི་ཟས་འདོད་ཟས་དང་སྤྱོད། །རྒྱབ་ནི་གོས་འདོད་གོས་དང་སྤྱོད། །ལག་ནི་ནོར་འདོད་ནོར་དང་སྤྱོད། །ཕ་རོལ་རྣམས་ཀྱི་ཆངས་པ་ཁྲོལ། །གནས་པོ་རྣམས་ཀྱི་ཡིད་སེམས་སླུས། །གནས་མོ་རྣམས་ཀྱི་སྙིང་ལག་སྐུལ། །ཅི་འདོད་ནོར་གྱི་དངོས་གྲུབ་སྩོལ། །ལེགས་ལྡན་མགོན་པོས་ཚོང་དཔོན་གྱིས། །དཔལ་རབ་འཆང་གི་ལམ་ལྷ་མཛོད། །ཉི་མའི་སྲས་པོས་སོ་བ་གྱིས། །པརྨ་ཤ་བ་རི་ཡི་ནོར་རྣམས་སྐྱོངས། །ཨཱརླ་རེ་མན་ཏ་ཡིས་རྟ་རྣམས་འཚོས། །བྲག་ལྷ་མགོན་པོས་མགྲོན་ལམ་ཤོགས། །ཨཱརྱ་ཛམ་བྷ་ལྷ་ཡིས་ནོར་ལྷ་མཛོད། །རྣམ་ཐོས་སྲས་ཀྱིས་གསེར་དངུལ་སྡུས། །སྲུང་མ་རྣམས་ཀྱིས་སྡང་དགྲ་ཐུལ། །འཇིགས་པ་བརྒྱད་ལས་ཐུགས་རྗེས་སྐྱོབ། །ཡུལ་ལྷ་གཉན་གྱིས་མཐུ་རོགས་མཛོད། །ལྷ་ཀླུ་གཉན་གྱིས་རྒྱབ་རྟེན་མཛོད། །རྡོ་རྗེ་ལེགས་པ་ཚོང་ལ་མཁས། །ཕ་རོལ་རྣམས་ཀྱི་འཆང་པ་ཁྲོལ། །མི་ནས་ཆོད་ལ་བདག་ལ་བྱིན། །མ་གཡེལ་སྲུང་མ་མགྲོན་གྱི་ལྷ། །རེམ་ཞིག་འདོད་པའི་དོན་རྣམས་སྒྲུབས། །ལམ་དགྲ་བྱེས་ཀྱི་འགོང་པོ་


CMR047_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །རྒྱུས་པ་ཆིངས་ལ་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ཡི་དམིགས་པ་ནི། རང་ཡི་དམ་དུ་བསྒོམ། མདུན་དུ་ཆོས་སྐྱོང་དང་ཡི་དམ་ལྷ་ཀླུ། གཉན་དམག་རང་རང་གི་འཁོར་གྱི་དམག་དཔུང་ལ། ལྷ་དམག་འབུམ། ཀླུ་དམག་འབུམ། བཙན་དམག་འབུམ་དང་། གཤིན་རྗེ་མ་མོ་ཕྱོགས་སྐྱོང་གི་དམག་འབུམ་འབུམ་དང་བཅས་ནས་དགྲ་བོའི་ཤ་ཁྲག་ཟོས་ནས་རྡུལ་དུ་བརླགས་པར་བསམ། ཚར་དགུ་བྱ་ཞིང་ཚར་རེ་རེ་ཐོན་པ་དང་བློ་གདབ་གཟའ་དར་བ་དང་སྤྲད་ལ་དགྲ་ཕྱོགས་སུ་གཏང་། འདི་ནི་བྱད་ཁ་བཟློག་གམ། ཟོར་ཁ་བཟློག་གམ། དགྲ་ལ་དམག་འདྲེན་ནམ། རྨི་ལམ་འཁྲུགས་སམ། ཡམས་སྣ་བཟློག་པ་དང་། ནད་ཡམས་བསྒྱུར་བ་དང་། གོད་ཁ་ཤི་སྒབ་བཅད་དམ། ཕ་རོལ་ལས་རྒྱལ་བར་འདོད་དམ། དགྲ་སྣ་བསྒྱུར་བ་དང་། ཇག་སྣ་བསྒྱུར་བ་དང་། མོ་ངན་previous hit འཚེརརྩུབ next hit་བསྒྱུར་བ་ལ་དགོས་སོ། འདི་ནི་རང་ལ་དགྲ་བྱུང་བའམ། བྱུང་དོགས་སམ། གཞན་དང་འགྲས་ན་དགོས། ཇག་ལ་འགྲོའམ། གཞན་ལ་ནོར་ཤོར་རམ། དགྲ་བྲུབ་བྱེད་དམ། དགྲ་ལ་མཐུ་བྱེད་དམ། ཚོང་དང་མགྲོན་ལ་འགྲོ་ན་བྱའོ། །འབུལ་དུས་ཆོས་སྐྱོང་སྲུང་མ་ལྷ་འདྲེའི་དམག་དང་བཅས་པ་ཅི་ལྟ་བ་བཞིན་དུ་དགྲ་བགེགས་ཀྱི་ཐོག་ཏུ་སོང་ནས་ཐལ་བ་རྡུལ་དུ་བརླག་པར་བསམ། འདི་ནི་ལེགས་ལྡན་གྱི་དགྲ་ཆོས་གོང་འོག་གཉིས་དང་། གཡག་རུ་དགྲ་ཆོས་དང་། རྟ་ནག་དགྲ་ཆོས་དང་། ཕྱག་


CMR047_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཉིད་ཀྱིས་དྲྭ་ལོ་ལ་གསུངས་པའི་དགྲ་ཆོས། མ་ནིང་དགྲ་ཆོས་དང་། ཞིང་སྐྱོང་དམག་བསྐུལ། དམ་ཅན་དགྲ་ཆོས་གསོལ་ཁ་ཆེན་མོ་དང་། ཚེ་རིང་མའི་དགྲ་ཆོས་ཐམས་ཅད་ཀྱི། དོན་བསྡུས་ཏེ། ཀརྨ་ཨ་རཱ་གས་སྦྱར་བ་འདི་ལ་ཉེས་འགལ་གང་མཆིས་སྲུང་མ་རྣམས་ལ་བཤགས་ཤིང་དགེ་བས་དགྲ་ཇག་ཆོམ་རྐུན་གནོད་པ་ཞི་ནས་དཀོན་མཆོག་དབུ་འཕང་དགུང་ལ་རེག་པར་གྱུར་ཅིག ༈ ཧཱུྃ། ང་ནི་ཆེ་མཆོག་ཟློག་བྱེད་རྒྱལ་པོ་ཡིན། །སྟོང་གསུམ་སྲིད་གསུམ་མ་མོའི་བློ་ཡི་ཐོབ། །བདེན་ཚིག་བརྗོད་པའི་ཕྱོགས་སྒྲ་ཏི་རི་རི། །ནམ་མཁའ་ལྷ་ཡི་བྱད་སྣ་དགྲ་ལ་བློ། །བར་སྣང་གཉན་གྱི་བྱད་སྣ་དགྲ་ལ་བྷྱོ། །ས་གཞི་ཀླུ་ཡི་བྱད་སྣ་དགྲ་ལ་བྷྱོ། །སྣང་སྲིད་ལྷ་འདྲེའི་བྱད་སྣ་དགྲ་ལ་བྷྱོ། །ཡེ་ཤེས་ལྷ་ཡི་བཀའ་ཆད་དགྲ་ལ་བྷྱོ། །ལྷ་འདྲེའི་གདུག་རྩུབ་བྱད་སྣ་དགྲ་ལ་བྷྱོ། །དྲང་སྲོང་དམོད་པའི་བྱད་སྣ་དགྲ་ལ་བྷྱོ། །མུ་སྟེགས་བན་བོན་བྱད་སྣ་དགྲ་ལ་བྷྱོ། །གླིང་བཞི་དགྲ་བོའི་བྱད་སྣ་དགྲ་ལ་བྷྱོ། །སྔོན་ལས་འཕྲལ་རྐྱེན་གདོན་བགེགས་དགྲ་ལ་བྷྱོ། །དེ་ལྟར་བློ་གདབ་པར་བྱའོ། །ཞེས་ཀརྨ་རཱ་ག་ཨ་སྱས་སྦྱར་བའོ།། ༈་ཧཱུྃ། ཡི་དམ་ལྷ་ཚོགས་གཏོར་མ་འདི་བཞེས་ལ། །བསྟན་པའི་སྤྱི་དགྲ་རྣལ་འབྱོར་སྒོས་དགྲ་ཟློག །ཕོ་རྒྱུད་མགོན་པོའི་དམག་


CMR047_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དགྲ་ལ་ཆོས། །བསྟན་པའི་སྤྱི་དགྲ་བདུན་རྒྱུད་རྩད་ནས་ཆོད། །མོ་རྒྱུད་ལྷ་མོའི་དམག་ཚོགས་དགྲ་ལ་ཆོས། །གསང་སྔགས་ཆོས་ལ་སྡང་བ་རྩད་ནས་ཟློག །སྲོག་བདུད་མ་ནིང་ནག་པོ་དགྲ་ལ་ཆོས། །དགྲ་བོ་སྲུང་ཟློག་མཁན་གྱི་ནུས་པ་ཟློག །ལས་མགོན་ཕོ་རྒྱུད་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་རྐྱེན་ངན་སྟོང་དང་ཉི་ཁྲི་ཟློག །མ་མོ་མོ་རྒྱུད་ཚོགས་རྣམས་དགྲ་ལ་ཆོས། །སྡང་དགྲ་ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །རྡོར་ལེགས་ཐེའུ་རང་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ཕོ་ལྷོག་གླང་ཐབས་སྦོས་གྲིས་ཟློག །ཁྱབ་འཇུག་གཟའ་སྐར་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་གདོང་ཐུག་ཧུར་ཐུམ་ནག་པོ་ཟློག །སྔགས་སྲུང་མ་མོའི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ཁྲག་ནད་རྒྱུ་གཟེར་ནག་པོ་ཟློག །པེ་ཧར་རྒྱལ་འགོང་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་བྱེ་ཞིག་སྨྱོ་འབོག་ལྕེབ་གྲི་ཟློག །ཡམ་ཤུད་བཙན་གྱི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་གློ་བུར་གྲི་ཐབས་སྣ་དགུ་ཟློག །སྨྱོ་ཁ་ཀླུ་བདུད་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ཞ་གྲུམ་ལྷོ་རྒོད་མཛེ་ཡིས་ཟློག །མིག་དམར་ཤན་པའི་དམག་


CMR047_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དགྲ་ལ་ཆོས། །སྡང་དགྲ་གློ་བུར་ཁྲག་སྐྱུག་བམ་ལོག་ཟློག །མཆེད་གསུམ་སྤུ་གྲིའི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ཧུར་ཐུ་ཁྲག་སྐྱུར་གྲི་རུ་ཟློག །ཀིང་རུས་དུར་བདག་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ཕྲ་མེན་དུར་སྲི་དུར་འདྲེ་ཟློག །འཆི་བདག་ལས་གཤིན་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་འཆོར་མེད་གཤིན་རྗེའི་ཕོ་ཉ་ཟློག །སྡེ་དཔོན་སུམ་ཅུའི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་སྣང་སྲིད་དྲེགས་པའི་དམག་གིས་ཟློག །དྲེགས་ཆེན་བཅོ་བརྒྱད་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་དྲག་སྔགས་གདུག་པའི་དབལ་ཟེར་ཟློག །དྲེགས་པ་ཉི་ཤུའི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ལྟས་ངན་བརྒྱད་ཅུ་རྩ་བཞི་ཟློག་།དྲང་དཀར་བདུད་ཀྱི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་འཕྱུག་མེད་བདུད་ཀྱི་ཞགས་པ་ཟློག །སྲོག་སྒྲུབ་མོ་གདོན་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་རིམས་ནད་དལ་ཡམས་དྲག་པོ་ཟློག །ཤ་ཟ་ཁ་མོའི་དམག་ཚོགས་དགྲ་ལ་ཆོས། །དགྲ་ནོར་གློ་ཧོན་གོད་ཡམས་དམར་ཕྱགས་ཐོང་། །བཙན་རྒོད་འབར་བའི་དམག་ཚོགས་དགྲ་ལ་ཆོས། །དགྲ་བོའི་འོག་རྟ་previous hit འཚེརརྩུབ next hit་བཙན་འདྲེ་


CMR047_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །ལྟོ་འཕྱེ་ས་བདག་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ལོ་ཏོག་བཙའ་སད་སེར་བ་ཟློག །ཕྱོགས་སྐྱོང་གདོན་གྱི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲའི་རྗེས་ཤུལ་ལྟས་ངན་བརྒྱད་ཅུ་ཟློག །ཡེ་ཤེས་མགོན་པོ་ཡབ་ཡུམ་འཁོར་བཅས་ཀྱིས། །བསྒྲལ་ཚད་རྣམ་ཤེས་དག་པའི་ཞིང་དུ་ཟློག །མ་གཡེལ་ལས་མཛོད་དམ་ཅན་རྒྱ་མཚོའི་ཚོགས། །ཁས་བླངས་དུས་ལ་བབ་པོ་ས་མཱ་ཡ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲག་རཀྟ་ཁཱ་ཧི། ཏྲག་རཀྟ་ཐུན་བྷྱོ་ཁཱ་ཧི། ཏྲག་རཀྟ་ཆད་བློ་ཁཱ་ཧི། དམ་ཅན་མགོན་པོ་མཁའ་འགྲོའི་ཚོགས་སུ་གྱུར་པ་རྣམས་ཀྱི་དམ་ཉམས་དགྲ་བོའི་ཤ་ཁྲག་བཞེས་སུ་གསོལ་ལོ་ཁ་རཾ་ཁཱ་ཧི། ཞེས་དང་མ་མགོན་སྤྱིའི་ཆད་སྔགས་དང་། ཆོས་སྐྱོང་སྤྱིའི་རྦད་སྔགས་དང་། སྤྲོ་ན་ཤཱ་ས་ན་བཟླའོ། །ཞེས་པ་འདི་གཏོར་འབུལ་གྱི་མཇུག་ཏུ་སྦྱར་ན་དགྲ་ཆོས་དང་། དགྲ་ཟློག་ཏུ་འགྱུར་རོ། །འདི་བྲིས་ཉེས་པ་ཆོས་སྐྱོང་ཚོགས་ལ་བཤགས་ཤིང་། །དགེ་བས་གསང་སྔགས་བསྟན་པའི་དགྲ་དང་། །བསྟན་འཛིན་རྣམས་ཀྱི་སྒོས་དགྲ་མིང་མི་གྲགས་པར་གྱུར་ཅིག །ཅེས་ཨ་རཱ་གས་སོ།། །། བཀྲ་ཤིས། ཞལ་དྲོ། །ཟན་གྱི་ཁྲག་ཀོང་མེ་སྒྲོན་དང་བཅས་པ་དགྲ་ཆོས་ནང་དུ་ཁྲག་བླུག་གོ །དགྲ་ཆོས་འབུལ་ཉིན་གྲི་ཡས་མདའ་ཡས་མདུང་ཡས་རྣམས་བཟོས་


CMR047_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྲག་གམ་བཙག་བྱུགས་ལ་དམར་པོ་བྱས། དགྲ་ཆོས་ཚར་དགུ་བྱས་ལ་ཚར་རྗེས་བཀྱག། འགུགས་གཞུག་བྱས་ལ་གཏོར་མའི་ནང་དུ་བླུགས། ཕྱོགས་བཞིར་དགྲོ་མཁར་བཞི་བརྩིགས་ལ་དགྲ་ཆོས་ཚར་དགུའི་རྗེས་མའི་འདོན་པ་དང་བསྟུན་ནས་ཁྲབ་ཆེན་མཚོན་ཐོགས་བཞིས། ཀི་སྒྲ། བསོ་སྒྲ་དང་བཅས་པས་བཤིག་དགོས། ཞལ་ཤེས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད།next