Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
དགྲ་ཆོས་དགྲ་བགེགས་ཚར་གཅོད་དང་། དགྲ་ཟློག་ནག་པོ་སྐག་ཟློག་གི་ཟུང་འབྲེལ་གྱི་ཞལ་གདམས།
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousདགྲ་ཆོས་དགྲ་བགེགས་ཚར་གཅོད་དང་། དགྲ་ཟློག་ནག་པོ་སྐག་ཟློག་གི་ཟུང་འབྲེལ་གྱི་ཞལ་གདམས།next

དགྲ་ཆོས་དགྲ་བགེགས་ཚར་གཅོད་དང་། དགྲ་ཟློག་ནག་པོ་སྐག་ཟློག་གི་ཟུང་འབྲེལ་གྱི་ཞལ་གདམས།


CMR047_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཆོས་དགྲ་བགེགས་ཚར་གཅོད་དང་། དགྲ་ཟློག་ནག་པོ་སྐག་ཟློག་གི་ཟུང་འབྲེལ་གྱི་ཞལ་གདམས་བཞུགས་སོ། །ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཡེ། བླ་མ་ཡི་དམ་འཇམ་དཔལ་ཀིང་ཀང་དང་། །ཆོས་སྐྱོང་དམ་ཅན་ཚོགས་ལ་ཕྱག་འཚལ་ནས། །དགྲ་བགེགས་ཚར་གཅོད་ཞལ་ཤེས་ཟིན་བྲིས་བྲི། །བཀའ་ཡི་དགོངས་པ་ཁྲོལ་ལ་བྱིན་གྱིས་རློབས། །དགྲ་ཆོས་དགྲ་བགེགས་ཚར་གཅོད་འདི་ལ། དོན་རྣམ་པ་གཉིས་ཏེ། དགྲ་དོགས་ཆེ་དུས་དང་། དགྲ་རྐུན་ལ་རྟ་ནོར་སོགས་ཤོར་དུས་དང་། བྱེས་སམ་ཐག་རིང་བསྒྲོད་དུས་ལམ་ལྷའི་དགྲ་ཆོས་གཉིས་བསྟན་ཏེ། དེ་ཡང་དང་པོ་ནི། དགྲ་རྐུན་སོགས་ལ་ཆད་དུས་དགྲ་ཟློག་ནག་པོ་དགྲ་ཆོས་དང་སྦུག་དགོས་ཏེ། དེ་ཡང་རིན་པོ་ཆེ་སོགས་སྣོད་གཙང་མའི་ནང་དུ་དཀར་གཏོར་ཆེ་བ་གཅིག་ལ་གཡག་ལུག་བྱ་ར་སོགས་གཟུགས་འགྲོས་ཀྱིས་བསྐོར་ལ་འབྲུ་སྣ་བཏབ། ལྕགས་སྣོད་ནང་གྱི་གྲུ་གསུམ་ནང་དུ་དགྲ་ལིང་གཞུང་དང་མཐུན་པར་བཅུག །དེ་སྟེང་འབྲུ་ནག་གི་གཏོར་མ་ཆེ་བ་ཞིག་ལ་ཆུང་བ་བཅུ་ཡིས་བསྐོར། གཙོ་བོ་དེའི་གཏོར་མའི་ནང་དུ་ཟངས་སྦུབས་སམ། མ་རྙེད་ན་སྨྱུག་སྦུབ་གང་རྙེད་ནང་དུ་དགྲ་ཟློག་ནང་གི་སྔགས་བྲིས་པ་གཏོར་མའི་


CMR047_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་མགོ་མཇུག་མ་ལོག་པར་བཅུག །རྩང་དམར་ཉེར་གཅིག་སྲིན་མོའི་འགྲོས་སུ་བཙུགས། ཤ་དུམ་དང་ལིངྒས་བརྒྱན། རང་ཉིད་ཡི་དམ་གསལ་བའི་མདུན་དུ་ཆོས་སྐྱོང་བཀའ་སྲུང་དྲེགས་པའི་ཚོགས་བཅས་དགྲ་བོའི་ཡུལ་དུ་སོང་ནས་དགྲ་བོའི་མི་ནོར་འཁོར་དང་བཅས་པ་ལྷག་མེད་དུ་ཤ་ཁྲག་དམར་ཆེམ་ཆེམ་ཞལ་དུ་བཞེས་པར་བསམ། ལམ་ལྷའི་དགྲ་ཆོས་དུས་སུ་གཏོར་མ་གཞུང་ལྟར་ལས་ཟངས་སྒྲུབ་ཀྱི་སྔགས་བྱང་། འོག་གི་ལིངྒ་རྩང་སོགས་མི་དགོས། གཞུང་ལྟར་དུག་རི་བཅས་ནས་འདོན་པས་ཆོག །དགྲ་ཟློག་ཟློས་གདབ་སོགས་སྦྲག་མི་དགོས། དགྲ་ཟློག་དུས་ནི། དང་པོ་རང་གི་ཡི་དམ་ཆོས་སྐྱོང་གཞུང་བསྲང་བསྙེན་པ་བྱ་སྟེ། ཆོས་སྐྱོང་གི་སྤྱན་འདྲེན་དང་། འགུགས་གཞུག་སོགས་བྱ་ཞེས་པར་དགྲ་ཟློག་ནང་གི་བསད་ཁང་བསྐྱེད་ཆོག །འགུགས་གཞུག་ལན་ཉེར་གཅིག་གམ་བདུན་ནམ། གསུམ་སོགས་སྐབས་དང་བསྟུན། བླ་འགུགས་སྔགས་དེ་དེ་བཞིན་བརྒྱ་རྩ། ཉེར་གཅིག་སོགས་བཟླས་ཏེ། དགྲ་བགེགས་སྟེང་དུ་གཏོར་མ་འདི་ཉིད་ནི། སོགས་བསྐྱེད་ཆོག་སྤྱན་འདྲེན་བསད་སྔགས་ལན་ལྔ་བདུན་སོགས་བརྗོད་ལ། གཏོར་མའི་འོག་གི་ལིངྒ་དང་དགྲ་བོ་


CMR047_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་པའི་སྙིང་གར་རལ་གྲིའི་འཁོར་ལོ་གཡོན་དུ་འཁོར་བས་ཤ་ཁྲག་རུས་གསུམ་གཏུབ་ནས་རྣམ་ཤེས་རྒྱལ་བའི་ཐུགས་ཀར་བསྟིམ། ཚེ་བསོད་རང་ལ་བསྟིམ། ཤ་ཁྲག་རུས་གསུམ་ལྷ་ཚོགས་ཀྱི་ཞལ་དུ་བཞེས་པར་བསམ་མོ། །ཞལ་བསྟབ་སྔགས་ལན་ལྔ་བདུན་གྱིས་ཟན་ལིང་བསྒྲལ་ཏེ་ཕུལ། དེ་ནས། ཨེ་ཡཱཿབྷྱོ༔ ལྷོ་ཕྱོགས་ནས། ཕྲིན་ལས་མཛོད་བར་བརྗོད། དེ་ནས་གཏོར་མ་གསོས་ལ་སྨན་རག་གིས་བྲན། རང་ཉིད་དང་མདུན་བསྐྱེད་ཀྱི་སྐུ་ལས་ཁྲོ་ཆུང་དང་མཚོན་ཆ་དཔག་ཏུ་མེད་པ་འཕྲོས་ནས་དགྲ་བོ་བྱད་མ་ཐམས་ཟཅད་བྱ་སྤུ་རླུང་གིས་ཁྱེར་བ་ལྟར་མཐའི་ལྕགས་རིའི་ཕྱི་རོལ་དུ་བསྐྲད་པར་བསམ། ཕྱོགས་སྐྱོང་དྲེགས་པའི་དམག་ཚོགས་རྣམས་ཀྱིས་དགྲ་བོ་བསད་ནས་ཤ་ཟོས། ཁྲག་འཐུང་། རུས་པ་མུར་ནས་རྡུལ་དུ་བརླག་པར་བསམས་ལ། ཡཿབྷྱོ༔ བཅོམ་ལྡན་གཤིན་རྗེ་ཁྲོས་པའི་ལྷ༔ སོགས་ནས་འགྲུབ་པར་མཛོད། བར་བརྗོད་ནས༔ དྲེགས་པ་ལྷ་འདྲེའི་ཚོགས་རྣམས་ཀྱིས་དུག་མཚོན་ནད་རིམས་ལིངྒ་དགྲ་བོ་དབྱེར་མེད་པའི་སྟེང་དུ་ཕབ་པས་ཐལ་བའི་རྡུལ་ཕྲན་ཙམ་དུ་བཏང་བར་བསམས་ལ། ཡཱཿབྷྱོ༔ གཤིན་རྗེ་ཀིང་ཀང་མཐུ་རྩལ་ཅན། སོགས་


CMR047_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ནས། བཟློག་སྔགས་བར་དུ་འདོན། སླར་ཡང་བཟློག་སྔགས་ལན་བརྒྱ་རྩ་སོགས་གལ་ཆེ་ཆུང་དང་བསྟུན་ལ་བཟླའོ། །དེ་ལྟར་ཞག་ལྔ་བདུན་སོགས་ལ་བྱེད་ན་ཐུན་གྲངས་བཅད་དེ་དགྲ་བགེགས་ཚར་གཅོད་རེ་དང་སྦྲག་དེ་ལན་ལྔ་བདུན་དགུ་སོགས་སྐབས་དང་བསྟུན། ཉིན་ཟློག་བྱེད་ནའང་ཚར་དགུ་དང་བཟློག་སྔགས་བརྒྱ་རྩ་བཟླའོ། །གཏོར་མའི་འོག་གི་ལིངྒ་སླ་ངའི་ནང་དུ་བཞག་ལ་ཐུན་གཏོར་ནང་གི་བསྐུལ་པ་འདོན་ལ་ལིངྒར་བརྒྱབ། ལིངྒ་དུག་རིའི་ནང་ལྟར་མནན་པ་བྱ། དེ་ཙམ་གལ་མི་ཆེ་ན། མདོས་ཟོར་ཤ་ཁྲག་འདོན་ལ། བྷྱོས་གདབ་དང་བཅས་ཏེ་དགྲ་ཕྱོགས་སུ་འཕང་། དམིགས་པ་ནི། རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ། བཀའ་སྲུང་ཆོས་སྐྱོང་དྲེགས་པའི་ཚོགས་དང་བཅས་ཏེ་དགྲ་ཡུལ་དུ་ཆས་ནས་དགྲ་བོའི་མི་ནོར་འཁོར་དང་བཅས་པའི་ཤ་ཟོས། ཁྲག་འཐུང་ནས་གྲོག་ཚང་སེར་བས་བརྡུང་བ་ལྟར་རྡུལ་དུ་བརླག་པར་བསམ། དེ་ཡང་དགྲ་ཆོས་དང་། དགྲ་ཟློག་དུས་སུ་ལྷ་དམག་སྤྱི་བསྐུལ་མཇུག་ཏུ་ལམ་ལྷའི་ཚིག་ཐོ་ཡོད་པའི་ལིས་ཁ་དེ་འདོན་པར་མི་བྱའོ། །ཐལ་བའི་རྡུལ་དུ་བརླག་པར་མཛོད། །ཅེས་པ་ཡན་གྱི་ཆོག །ཅེས་པའི་ཀིང་ཀང་དགྲ་བྲུབ་


CMR047_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གཞུང་ཆེན་མ་ལྕོགས་ཀྱང་གཞུང་མང་དོན་བསྡུས་ནས། འདི་ནི་རང་གི་ཐུགས་དམ་དང་རང་ལ་དགྲ་རྐུན་གྱི་འཚེ་བ་ཅུང་ཟད་བྱུང་ཚེ་གཞུང་མང་པོའི་དོན་བསྡུས་ནས་རྟེན་འབྲེལ་རྨིས་ལྟས་བཟང་པོ་བྱུང་བ་ལ་བརྟེན་ནས་སྔགས་འཆང་རཱ་ག་ཨ་སྱས་བྲིས་པ་ལ། ཉེས་འགལ་མཆིས་ན་རྩ་གསུམ་ཆོས་སྐྱོང་ཝེར་མའི་ཚོགས་ལ་བཤགས་ཤིང་། དགེ་བས་བདག་གཞན་སེམས་ཅན་ཐམས་ཅད་ལ་དགྲ་ཇག་ཆོམ་རྐུན་གྱི་འཚེ་བ་དང་བྲལ་བར་གྱུར་ཅིག །དཀོན་མཆོག་དཀོར་ནོར་བསྲུང་བའི་གོ་ཆ་འདིས། །དཀོར་རྐུན་རྩད་ནས་གཅོད་པའི་མཚོན་ཆར་ཤོག །སརྦ་མངྒ་ལཾ། །ཛ་ཡནྟུ།།


previousདགྲ་ཆོས་དགྲ་བགེགས་ཚར་གཅོད་དང་། དགྲ་ཟློག་ནག་པོ་སྐག་ཟློག་གི་ཟུང་འབྲེལ་གྱི་ཞལ་གདམས།next