Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
དགྲ་ཆོས་ཀྱི་ལིངྒ་བྲི་ཐབས།
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousདགྲ་ཆོས་ཀྱི་ལིངྒ་བྲི་ཐབས།next

དགྲ་ཆོས་ཀྱི་ལིངྒ་བྲི་ཐབས།


CMR047_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཆོས་ཀྱི་ལིངྒ་བྲི་ཐབས་བཞུགས་སོ། །ན་མོ་མ་ཧཱ་ཀཱ་ལ་ཡེ། དུག་ཤོག་ལ་རྒྱ་སྣག་གིས་ལིངྒ་དབང་པོ་ཚང་བ། སྐྱེ་མཆེད་དོད་པ། སྐྲ་གཟེང་བ། ལག་པ་རྒྱབ་ཏུ་བཀྱིག་པ། རྐང་པ་སྒྲོག་ཏུ་བཅུག་པ། མིག་ཤི་མིག །ལུས་རིད་ཅིང་། ཁ་ནས་ཁྲག་སྐྱུགས་པ། ལྟོ་བ་ཆེ་ཞིང་ཡན་ལག་ཕྲ་བ། རླིག་པ་འཕྱང་བ། ཉམ་ཐག་པའི་ལུས་སུ་བྲི། སྙིང་གར་ནི་ཡིག་ལ་ཛ་གཉིས་ཀྱིས་བསྡོམས་པ། ཛཿནྲྀ་དེ་མཐར། དགྲ་བོ་ཐམས་ཅད་ཛཿཧཱུྃ་བཾ་ཧོ༔ དགྲ་བོའི་བླ་ཤ་རེ་མ་ཏིས་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུལ་ཐུལ། མྱོག་མྱོག །ཡེད་ཡེད། ཤ་མ་རུ་ཏི་ཁུག་ཁུག །ལིང་མྱོག་ལིང་ཤ་ལིང་ཐུམ་ཛཿ ཙ་མུནྟི་ཛཿཧཱུྃ་བཾ་ཧོ༔ ཞེས་བསྐོར། སྤྱི་བོར། ལོ་ནན༔ ཐུར་བསྟན་བྲི། དཔྲལ་བར། རུསཁུག །རྐང་པ་ལ། ཏྲིརྦདནན། ཁ་ལ། བདུདཔོངལོང་། མིག་ལ། ལོང་། ལོང་། རྣ་བར། འོན། འོན། མགྲིན་པར། ལྐུགས། དཔུང་པ་གཉིས་ལ། ཡབ་ཁུག །ཡུམ་ཁུག །རྐང་ཞབས་སུ། ཡཾ་ཡན་ལག་ཚིགས་ཆེན་བཞི་ལ། ཛཿཧཱུྃ་བཾ་ཧོ༔ ཕོ་རྟགས་ལ། ཕཊ། ཞྭ་བཞི་ལ། ཆག །ཚིགས་ཆུང་བཞི་ལ། །


CMR047_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཞ་བྲི། ལིངྒའི་གཡས་སུ་ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་ཆད་ནན། གཡོན་དུ། ཞག་དང་ཟ་མ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་ཆད་ནན། མདུན་དུ། སྲོག་ལུས་དབང་ཐང་རླུང་རྟ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། སྤྱི་བོ་ནས་བརྩམས་ཏེ་ཕྱི་རོལ་ནས་བསྐོར་ལ། དགྲ་མགོ་ཐོག་ཏུ་བབ་པ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་ཤོམ་པ། ད་དགྲ་ཐད་དུ་ལང་བ། ལུས་ལ་ན་ཚ་གཏོང་བ། སེམས་ལ་སྡུག་བསྔལ་བསྐྱེད་པ། ཟས་ནོར་ལ་གཏོར་བརླག །ནོར་ཕྱུགས་ལ་གོད་ཁ་བཏང་བ། རྒྱབ་ནས་འདེད་ཤོམ། ཟུར་ནས་གཅོད་ཤོམ། ཟས་ནང་དུ་དུག་བཏབ་པ། བརྒྱ་ཁ་མང་གི་མི་ཁ། སྟོང་མིག་མང་གི་བྲ་མཆུ། གསོད་ཤོམ། རྐུ་ཤོམ། འཕྲོག་ཤོམ། འདེད་ཤོམ། བརྡུང་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན། སྟག་བདུད་གཤེད་གསུམ་ལ་བབ་པ། བྱད་ཁ་ཕུར་ཁ་ཟུག་པ། རྦད་འདྲེ་རྒོད་གཏོང་། མི་ཁ་དང་། དགྲ་སྣ། །སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་ཀྱི་གནོད་པ་ཟ་ཁ་སྟོན་པ་ཐམས་ཅད་མཱ་ར་ཡ་ཆད་ནན། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམ་གྱི་དགྲ་ངོ་། ཟ་ངོ་། འཐུང་སྐལ། རྐུ་


CMR047_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག་བཅོམ་གསུམ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན། དེ་ཐམས་ཅད་བསྐལ་པ་སྟོང་གི་བར་དུ་མཱ་ར་ཡ་ཆད་ནན་སོད་ཅིག །ཨོཾ་ལཾ་ཧཱུྃ་ལཾ་སྭཱ་བྷ་ཡ་ནན། དགྲ་བགེགས་སརྦ་ཤ་ཏུཾ་མཱ་ར་ཡ་ནན། ཞེས་བྲི། དེ་རྒྱབ་ཛ་ཁྲམ་ནན་གྱིས་བསྐོར། ཛཟ། ནན། ཁ་ཟས་ལག་འབག་བཅས་རང་གི་དྲི་མས་མ་གོས་པར་བྱ། མེ་ཆུ་རླུང་དང་ནམ་མཁའ་ལ་འཕྱར། ལིངྒའི་སྙིང་ག་དང་། ཡི་གེ་རྣམས་ལ་ཁྲག་སྣ། དུག་སྣ། མི་གཙང་པའི་མནོལ་རྫ་ས་གང་འཛོམ་བྱུགས། རང་ཉིད་ལྷའི་ང་རྒྱལ་གྱིས་འགུགས་གཞུག་དྲག་ཏུ་བྱས་ཏེ་བསྟིམས། མནོལ་རྫས་ཀྱིས་བདུག་པའམ་ཕྱེ་མ་བཏབ། ལིངྒའི་མགོ་བོ་བྲང་དུ་ལྟེབ་ལ་སྦྱར། ལག་པ་གཡས་གཡོན་གཡོན་པས་གཡས། རྐང་པ་གཡས་གཡོན། གཡོན་པས་གཡས་སུ་ལྟེབས། སྙིང་དཀར་ནག་མཚམས་སྲོག་ཡིག་བཅག་སྟེ་ལྟེབས། དེ་ནས་ཕན་ཚུན་ལྟེབས། ཡས་མས་ལྟེབས། དེ་ལྟ་བུར་ལག་ཚག་དམ་པར་བྱས་ལ། ཤིན་ཏུ་གལ་ཆེ་ན་དགུ་ལྟེབས་སུམ་ལྟེབས་སོགས་གང་བདེར་གྱི། ཕྱི་དབྱིབས་ཟུར་གསུམ་དུ་ལྟེབས། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་ལ་མགོ་མཇུག་ལྡོག་སྟེ། གཡག་རུའམ་རྟ་རྨིག་ནང་


CMR047_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཅུག །བར་མཚམས་མི་ཁའི་རྫས་ཀྱིས་བཀང་ལ། དེ་སྟེང་ཕུང་རེ་ཚལ་པས་བཀབ་སོགས།ཨྠྀི༔ ཞེས་པ་ཨ་རཱ་གའི་ཕྱག་བཞེས་ཟབ་རྒྱའོ། །བྱི་བ་ནས་ཕག་བར་རིམ་བཞིན། ཏྲཾ ཏྲི ཤཾ ཛ ཁཾ ག ད ཛ ཏྲཾ ཐུཾ ཛ ལིངྒའི་ཡི་གེ་བསྐོར་ཐབས་ཐམས་ཅད་ཡིག་མགོ་ཕྱིར་བསྟན་དུ་བྲི། །


previousདགྲ་ཆོས་ཀྱི་ལིངྒ་བྲི་ཐབས།next