Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
དགྲ་ཆོས་དང་ཉེར་མཁོའི་ཡིག་སྣ་གབ་ཡིག་སྲོག་གི་སྤུ་གྲི།
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousདགྲ་ཆོས་དང་ཉེར་མཁོའི་ཡིག་སྣ་གབ་ཡིག་སྲོག་གི་སྤུ་གྲི།next

དགྲ་ཆོས་དང་ཉེར་མཁོའི་ཡིག་སྣ་གབ་ཡིག་སྲོག་གི་སྤུ་གྲི།


CMR047_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཆོས་དང་ཉེར་མཁོའི་ཡིག་སྣ་གབ་ཡིག་སྲོག་གི་སྤུ་གྲི་ཞེས་བྱའོ་གུ་རྒྱ།


CMR047_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་ཌཱཀི་ནཱི་ཡེ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་ཞིང་བསྟོད་དེ་བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་བརླབ་ཏུ་གསོལ། འདིར་ཡང་དགྲ་ཆོས་ཀྱི་ཡང་ཡིག་དུག་མདེལ་དགུ་མའི་གབ་ཡིག་སྲོག་གི་སྤུ་གྲི་བཀོད་པར་བྱ་སྟེ། དེ་ཡང་དང་པོ་རྫས་གབ་པ། སྔགས་གབ་པ། དམིགས་རིམ་གབ་པ། མན་ངག་གབ་པ། མནན་གཏད་ཀྱི་གནད་དམིགས་གབ་པ། ལིངྒའི་ཚད་དང་བྲི་ཐབས་ཞལ་ཤེས་གབ་པ། དགྲ་ཆོས་དགྲ་བགེགས་ཚར་གཅོད་ཀྱི་འདོན་ལུགས་གབ་པ་དང་བཅས་པ་བསྟན་པར་བྱ་སྟེ། དང་པོ་རྫས་གབ་པ་ནི།


CMR047_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ལིངྒ་བྲི་བའི་རྫས་ནི། རྟ་ནག་གསེབ་ཀྱི་ཁྲག །ཁྱི་ནག་པོ་དཀར་ཐིག་མེད་པའི་ཁྲག །བྱེ་ཞིག་ལན་གསུམ་ལ་སོང་བའི་ལྷ་བྲལ་གྱི་མངལ་ཁྲག །བཙན་དུག །ར་དུག །ཐར་ནུ། གྲི་ཁྲག་དེ་རྣམས་ལ་དུག་ཁྲག་ཟེར་བ་ཡིན་པས་གཙང་མར་སྦྱར་བ་མེ་ཆུ་རླུང་གིས་སྦྱངས་པ། །རང་གི་དྲི་མས་མ་གོས་པ་གལ་ཆེ། དབྱེ་བའི་རྫས། གུ་གུལ། ཁྱི་ལུད།་་་ལུས་ལྷ་དང་དབྱེ། རྟ་ནག་ཐུན།་་ཕོ་ལྷ་དང་དབྱེ། དྲེའུ་ཡི་ཆུ་་་་་་ལྷ་དང་དབྱེ། ཕག་བྲུན།་་་་དགྲ་ལྷ་དང་དབྱེ། སྤྱང་བྲུན།་་་ཡུལ་ལྷ་དང་དབྱེ། ཝ་བུན།་་་་སྲུང་སྐྱོབ་ལྷ་དང་དབྱེ། རྭ་གཞོབ། སྤྲེའུ་བྲུན་དེ་


CMR047_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རང་གི་གནས་ཁང་སོགས་མ་ཡིན་པར་ལིངྒ་རྫས་ཀྱིས་བདུག །ཟག་རྫས་ནི་ཕ་རོལ་པོའི་ལུས་ཀྱི་གནས་ལྔའི་དྲེག་པ། སྐུ་གོས་དྲི་མ་ཅན་རྙེད་ན་ལེགས། མ་རྙེད་ཀྱང་དགྲ་ཡི་ཁང་སྒོ་སོགས་ཀྱི་འགྲོ་ལམ་གྱི་རྗེས་ས། དེ་ཡང་མ་རྙེད་ན་དགྲ་ཡུལ་མཐོང་སའི་ཁོའི་ལོ་རྒྱུས་ཤེས་ན་དེ་ཕྱོགས་ཀྱི་ས་དང་ཆུ་སོགས་ཀྱི་དང་། ཤོར་ས་གཞུང་ནས་ཆོག་པར་བཤད། །འོན་ཀྱང་ཟག་རྫས་གལ་ཆེ་བས་ཨུས་ཐུག་མ་གཏོགས་ཡང་བར་མ་མཐོང་། བདག་གི་སློབ་དཔོན་གྱིས་གསུངས། གང་རྙེད་དེ་རྣམས་དགྲ་བོ་ཁོ་རང་ཡིན་པར་བསྒོམས་ལ། ཁོའི་ལྷ་སྲུང་ཚེ་བསོད་ཐམས་ཅད་རང་གི་བཀའ་སྲུང་དྲེགས་པའི་ཚོགས་ཀྱི་ལྕགས་ལེན་རྡོའི་ཁབ་བླངས་པ་ལྟར་ཟག་རྫས་ལ་ཐིམ་པར་བསྒོམ་ཞིང་གནམ་གྱིས་མ་མཐོང་བར་རང་གི་གྲི་མ་ཁ་རླངས་སོགས་མ་ཤོར་བ་བླངས་ནས་ལིངྒའི་མི་གཟུགས་མིང་རུས་སོགས་ལ་བྱུག །ལྷ་སྔགས་བསད་སྔགས་སོགས་ལ་དུག་ཁྲག་གིས་བྱུག་གོ ཐུན་གྱི་རྫས་ཕྱེ་གསུམ། འབྲུ་གསུམ། ཐང་འབྲུ་་་་ཉེར་དགུའི་སྟོད་ལ་འཐུ། ར་དུག་་་་་ཆུ་དྲག་རྔ་ཅན། བཙན་དུག་་་ས་རི་དམར་པོ། རྣམས་སོ། ཕྱེ་གསུམ་ནི། ལྕགས་ཕྱེ་་་གྲི་ལྕགས་བརྡར་ཕྱེ། ཟངས་ཕྱེད་་་ཟངས་


CMR047_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ། རྡོ་ཕྱེ།་་་རི་གཟར་རྦབ་རྡོ། འབྲུ་གསུམ་་་་ཐོག་རྡོ་གྲི་རྡོ་དེ་རྣམས་དགོས་པར་ཤོར་སང་རྒྱུད་ནས་བཤད། ཡུངས་ཀར། ཀེ་ཚེ། ཤང་ཚེ། དེ་ཡང་སྔོན་ནས་ཚག་བྱས་པ་ཡོད་ན་མ་གཏོགས་འཕྲལ་དུ་སྒྲུབ་དཀའ་བས་མཐུ་ངན་རྫས་ཤོལ་ཟེར་བ་དེ་ཡང་བར་སྣང་ངོ་། །སྔགས་གབ་པ་ནི་ཆད་སྔགས་བསད་སྔགས་མཆན། ཨོཾ་བཛྲ་ཁ་ཐུན་རྦད་རྦད། པྲ་ཏི་ས་མན་ཛ་སྨུག །པྲ་ཏི་ས་མན་ཛ་ཆོད། ཁ་ལ་རཀ་ཆུད་དྷ་དྷ། དུམ་བུ་རཀྟ་རྒུད་དྷ་དྷ། ཙཀྲ་རཀྵ་ཆུད་དྷ་དྷ། ཙིཏྟ་རཀྟ་དྷ་དྷ། དགྲ་བོའི་སྲོག་ལ་མཱ་ར་ཡ། མ་ཧཱ་ཀཱ་ལ་བེང་ནག །ཐུན་བུན་ཤ་དགྲ་བོ་མཱ་ར་ཡ་རྦད། ཀ་ཤག་ཀ་ཤག །པྲ་ཐལ་ཤག །མ་ཐལ་ཤག །སྙིང་གང་ཆོད་ཡཱ་ཡཱ། བྲ་བྲ་ཞུང་ཞུང་། རིལ་རིལ་རྦད་ཆོད། ཡཱ་ཡཱ་དགྲ་བོ་སྲོག་ལ་རྦད་རྦད། ནག་པོ་ཙིཏྟའི་སྲོག་སྙིང་ལ་ཁྲེང་ཧྲེང་། ཙ་ཐིག་སྲོག་ཐིག་རྦད། སྙིང་ཐིག་ཁཾ་ཁཾ། རཾ་རཾ། ཡཾ་ཡཾ། བྱད་མ་དགྲ་བོའི་སྙིང་དུ་སཱད་སོད། ཆོས་སྐྱོང་སྤྱི་འདུས་ཀྱི་ཆད་སྔགས་དྲག་སྔགས་ནི། ཡི་དམ་སྔགས་ཤམ་དུ། ཨེ་ཡཾ་རཾ་བཾ་ལཾ། ཨ་ལི་ཨི། ཨུ་ལི་ཨེ། ཨོཾ་ར་ལི་ཀ་ཁ་ག་གྷ་ང་། ཡ་ར་ལ་ཝ། ཨ་ཀྲོ་ཏི་ཀ་ཡ་མཱནྟ་


CMR047_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཀ །ཏྲི་ཎ་ཀུ་རུ་ཡ། ཧྲི་ཏི་ཡ་མ་ཡེ། དུ་རུ་ཡེ། བྱ་ཙ་ཡེ། སེང་ཧ་ཡེ། ཧྲིབཛྲ་ཀྲོ་ཏ་པདྨ་ཏ་ཀྲིད་ར་ག་ཙནྡ། བཛྲ་པཱ་ཎི། ཙཎྜ་མ་ཧཱ་རོ་ཥ་ན་ཀ་ལི་ཀྲོ་ཏ་ཡ་མ་ར་ཙ། ཧྲི་ཏི་ར་ཡ། བཛྲ་ཀཱི་ལི་ཀཱི་ལ་ཡ། ས་ར་བིག་ཏན་ཏིག་སྣ་ལ་ཛྭ་ལ། ཨུ་ནེ་ཨུ་ནེ་ཧཱུྃ་ཛ་ཛཿ ཐ་ཏྲིག་ནན་ཨེ་ཧུར་ཐུ་ཛ་མཱ་ར་ཡ་རྦད། ཏིར་རི་ཀ་ཙིཏྟ་སྦྱར་ནན། ཏི་རི་ཀ་ཐ་ཏྲིག་ནན་ཐ། ཨེ་ཧུར་ཐུ་ཛ། བྱད་མ་དགྲ་བོ་མཱ་ར་ཡ། ཧུར་ཤྲཱི་ཛ་མཱ་ར་ཡ་ཆད་ཏིར་ཐི་ཀ་ཐ་རི་རི་ཐ་ཏྲིག་ཐ་ཧུར་ཐུ་ཛ་མཱ་ར་ཡ་རྦད་ཐ་ཏྲིག་ནན། ཐ་ཧུར་ཐུ་ཛ་མཱ་ར་ཡ་ཆད། བྱད་མ་དགྲ་བོ་ཀ་ཐ་གཟིར་གཟིར་ཐ་ཧུར་ཐུ་ཛ་མཱ་ར་ཡ་རྦད་རྦད། དགྲ་བོའི་སྙིང་ལ་བློ་ཟློག་སོད་རྦད། མནྟ་ཀ་ལ་རཀྵ་ཡཀཾ་བྷྱོ་བཟློག་སོད་རྦད། ཡཀ་ས་ལ་ཧ་ན་ཧ་ན་ཧཱུྃ་ཕཊ། མ་མ་རཀཱ་ཧ་ན་ཧ་ན་ཧཱུྃ་ཕཊ། དགྲ་བོའི་སྙིང་ཁ་ལ་རག་དུན། དགྲ་བོའི་སྲོག་རྩ་ལ་བློ་ཟློག །དགྲ་བོ་རྣོ་མཱ་ར་ཡ་རྦད་རྦད་ཁ་ཐཾ་ཤག་རྦད་ཐ་ཏྲིག་ནན་དགྲ་བོ་མ་ར་ཡ་སཱད་སོད། ཏྲིག་ནན་སོད་ཆད། །ཡཀཱ་པ་ལ་ཧ་ན་ཧ་ན་ཧཱུྃ་ཕཊ། མ་མ་རཀྵ་ཧ་ན་ཧ་ན་ཧཱུྃ་ཕཊ། དགྲ་བོའི་སྙིང་ཁ་ལ་རག་དུན། དགྲ་བོའི་སྲོག་རྩ་ལ་བྱོ་ཟློག །ཅེས་པ་འདི་ནི་ཤོར་སང་གི་རྦད་སྔགས། ཆོས་སྐྱོང་


CMR047_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་འདུས་ཀྱི་དྲག་སྔགས་འདི་རྣམས་རྒྱུད་ཁྲག་མཚོ་ཁོལ་མ་ནས་རླུང་གི་ཀྱང་ཐོས་མི་ཉན་ཟེར་བའི་སྔགས་རྒོད་ཡིན་པས་གལ་ཆེ། རང་དོན་མ་གཏོགས་མ་སྤེལ་ཅིག་ས་མ་ཡཱ། དམིགས་པ་གབ་ནི། དང་པོ་འགུགས་གཞུག་ནང་དུ། སྣོད་རྦད་ཡཀྵ་ཀ་ལ་ཧ་ན་ཧ་ན་ཧཱུྃ་ཕཊ། དགྲ་བོའི་སྙིང་ཁ་རག་དུན་དུན་དགྲ་བོའི་སྲོག་རྩ་ལ་བྱོ་ཟློག །རང་ཉིད་ཡི་དམ་གཤིན་རྗེ་གཤེད་དམ་གང་ཡིན་བསྐྱེད་ལ། མདུན་གྱི་ནམ་མཁའི་དབྱིངས་སུ་བླ་མ་རྩ་བ་གསུམ། བར་དུ་ཡི་དམ་རྒྱུ་སྡེ་བཞི། འོག་ཏུ་ཆོས་སྐྱོང་བཀའ་སྲུང་དྲེགས་པ་སྡེ་བརྒྱད་ཕྱོགས་སྐྱོང་གི་དམག་ཚོགས་ཐམས་ཅད་གཟུ་དཔང་དྲང་ཤན་གྱི་གཉེན་པོར་བཞུགས་པར་བསྒོམས་ལ་འགུགས་གཞུག་དྲག་ཏུ་བྱས་ལ། བཀའ་སྲུང་དྲེགས་པའི་དམག་ཚོགས་ཐམས་ཅད་ཀྱིས་དགྲ་བོ་བྱད་མའི་སྙིང་ནས་ལྕགས་ཀྱུས་བཟུང་། ཡན་ལག་ལྕགས་སྒྲོག་གིས་སྡོམས། དྲིལ་བུ་ཅན་གྱིས་མྱོས་པར་བྱས། ཞགས་པ་ཅན་གྱིས་མགུལ་ནས་བཅིངས་ཏེ། ཕོ་ཉ་རྣམས་ཀྱིས་ཀུ་སྒྲ་དང་བསོ་སྒྲ་དྲག་པོའི་རང་དབང་མེད་པར་ལིངྒ་དང་། གླང་གཟུགས་ལ་ཐིམ་པར་བསྒོམ། བྲུབ་རྫས་དང་བཅས་པ་ལ། གཟུ་དཔང་མཚམས་སུ་དཀར་གཏོར་གསེར་


CMR047_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེམས་ཁ་ཚར་གཞན་ན་གསལ་ལྟར་འབུལ། དམག་འགྱེད་སྐབས་སུ་མགོན་པོའི་དམག་འགྱེད་སོགས་བྱས་ལ། ཐུགས་ཀར་དམག་འགྱེད། དྲེགས་པའི་དམག་ཚོགས་ཐམས་ཅད་ཀྱི་གོ་གྱོན་མཚོན་ཐོགས་ནས་དགྲ་བོའི་ཐོག་ཏུ་ཆས་པར་བསམ། དགྲ་བྲུབ་དུས་སུ། རྒྱུན་དུ་ཧོམ་བསྐྱེད་གཞན་དུ་བྱས་ཡོད་ལྟར་ཚིག་དོན་དང་འབྲེལ་བར་བྱས་དགྲ་ལིང་བྲུབ་ཁུང་དུ་ཡོད་པ་དེ་ལ་བྲུབ། འབུལ་ཉིན་སྐྱེས་པ་སྟག་ལོ་པ་དེ་ལས་གཤིན་ཡ་མ་རཱ་ཙ་ལ་བསྒོམ་ལ་གཡག་རུ་དེ། གཤིན་རྗེ་ཨ་ཝ་གླང་མགོ་ཞལ་གནམ་ས་ཙམ་གདངས་བའི་ནང་དུ་བྱད་མ་དགྲ་བོའི་བླ་རྡེལ་དེ་ཕ་མ་སྤུན་ཟླ་ཉེ་འབྲེལ་དང་བཅས་པ་རང་དབང་མེད་པར་ནག་བསྟིམ་བསྟིམ་སོང་བར་བསམ། བྲུབ་རྫས་རྣམས་རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་ལས་མཁན་གཤིན་རྗེའི་ཚོགས་དཔག་ཏུ་མེད་པས། གསོད་བྱེད་ཀྱི་དུག །སྨྱོ་བྱེད་ཀྱི་རྫས། རླག་བྱེད་ཀྱི་མཚོན་གྱི་ཆར་ཕབ་ནས། ལུས་སྦྱངས་ཤིང་རེངས། ངག་ལྐུགས་ཤིང་དིག །ཡིད་མྱོས་ཤིང་འཐིབས། དབང་པོ་ཡན་ལག་ཕྱེ་མར་བཏང་ནས་རྣམ་ཤེས་མར་མེ་ལྟ་བུ་དེ་ནག་ཀཾ་ཀཾ་སོང་བར་བསམ། རི་རབ་གཟུགས་དང་མགོ་བརྙན་རྣམས། སྲིད་པའི་འདྲེ་་་་སྲིད་པའི་འདྲེ་


CMR047_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་གཞན་དུ་ཡོད་པ་ལྟར་འདོན། མཆན། དགུའི་ཁོ་རང་གི་དགྲ་བོའི་ཡུལ་ཞིང་ཁང་སྦྲ་དང་བཅས་པ་ལ་ཕོ་བྲང་བཏབ་པར་བསྒོམ། དེ་སྟེང་དབང་ཆེན་གསེར་གྱི་ས་གཞི་འབྱུང་རིམ་དང་བཅས་པས་རྒྱས་བཏབ་པར་བསམ། སྟག་ལོ་པ་ལས་གཤིན་དུ་གསལ་བཏབ་ལ། རེ་བ་ནག་པོའི་གཡབ་མོ་བཏབ་པས། དགྲ་བོ་བྱད་མ་ཐམས་ཅད་རྣམ་ཤེས་ཚོགས་དྲུག་ནག་ཐིབ་ཐིབ་མི་ནོར་འཁོར་བཅས་རྗེས་ཤུལ་མེད་པར་ནག་ཁྲངས་སེ་སོང་བར་བསྒོམ། ལས་གཤིན་གྱིས་དགྲ་བོ་ཁྲམ་ལ་བཏབ་ནས་བཙན་རྒོད་འབར་བས་ཨ་ཝ་གླང་མགོའི་ལག་ཏུ་གཏད་པར་བསམ། བསྒྲལ་ལས་དུས་སུ་རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་ཁྲོ་ཆུང་གི་ཚོགས་དང་། བཀའ་སྲུང་དྲེགས་པ་སྡེ་བརྒྱད་ཀྱི་དམག་ཚོགས་ཐམས་ཅད་ཀྱིས་དགྲ་བོ་བསྒྲལ་ནས་ཤ་ཟོས། ཁྲག་འཐུང་ནས་རྡུལ་དུ་བརླག་པར་བསྒོམ། ཁོའི་ཚེ་བསོད་རང་གི་ཐུགས་ཀར་བསྟིམ། ཟོར་དང་མནན་གཏད་ཀྱི་དམིགས་པ་གཞན་དུ་ཡོད་པས་སྨྲ་མ་དགོས་སོ། །མན་ངག་གབ་པ་ནི། རྐུན་མ་མགོ་འཁོར་བའི་མན་ངག་ལ། རེ་བ་ནག་པོའི་སྟེང་དུ་ལིངྒ་བཞག །དེའི་སྟེང་དུ་འཁོར་ལོ་བཞག་།དེ་སྟེང་དུ་རང་འཐག་བཞག །མཆིག་


CMR047_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཤོའི་བར་དུ་ལིངྒ་བཞག །རང་འཐག་གི་སྟེང་དུ་ནས་ནག་གི་དམག་གཏོར་བཞག །དེ་རའི་ཤ་ཁྲག་གིས་བརྒྱན། གཏོར་མའི་ནང་དུ་ལིངྒ་བཅུག །འཁོར་མུ་ཁྱུད་གཉིས་བསྐོར་ལ། ལྟེ་བར། ཨུ་ཙ་ཏ་ཡ་ཕཊ། ཕྱི་རིམ་མུ་ཁྱུད་ཆ་བཞིར་བགོས་པའི་གཅིག་པ་ལ། ཨོཾ་ཎི་ཀ་ར་ཡིག་མགོ་ཕྱིར། གཉིས་པ་ལ་གཤིན་རྗེ་འདི་ལྟར་དུ། གསུམ་པ་ལ་ཛ་ཛ་ཛཿ བཞི་པ་ལ་ཨོཾ་མི་བླ་ཆིངས། ལིངྒ་སྤྱི་ལྟར་བྲིས། མཆིག་འོག་ལིངྒའི་མཐར་སྔགས་ན་རོ་ཅན་དེས་བསྐོར། སྔགས་བཟླས་པ་ནི། ཇག་པ་རྐུན་མ་ཐམས་ཅད་ཞ་རཾ་རཾ། བར་དུ་ས་མུན་ཛ་ཛ་ཞུ་རཾ་རཾ། བར་ཏི་ས་མན་ཛ་ཛཿ ཞ་རཾ་རཾ་མུན་ནན་ནན། ཐིབ་ཐིབ་ར་ཙ་ཐིབ་ཐིབ་སོད་སྭཱ་ཧཱ། ཇག་པ་ཆོམ་རྐུན་ཆིངས་ཤིག །སྔགས་སུམ་བརྒྱ་ཙམ་མོ། །བརྒྱ་རེའི་སྐབས་སུ་ཕུ་བྱས་ལ་རང་འཐག་ལན་གསུམ་རེ་གཡོན་བསྐོར་བྱས་སོ། །ཕུ་བྱ་དུས་ཆུ་ཐིགས་རེ་རམ་པ་ཐུལ་རེ་བླུགས་ནས་གཡོན་བསྐོར་བྱས་སོ། །རྟགས་བྱུང་ནས་ལིངྒ་མེ་ལ་བསྲེགས་སོ། །ཡང་མུ་སྟེགས་ངན་སྔགས་དགྲ་གློ་བུར་དུ་བྱུང་ན་བཙན་ཐབས་སུ་བསད་པའི་རྫས་སྔགས་བསྟན་པ་ནི། རྟ་ནག་གཡག་ནག་ཁྱི་ནག་ཁྲག་རྒྱ་སྣག་ཏུ་བསྲེས་ལ་ལིངྒ་བྲིས་པའི་ལྟར་


CMR047_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །མིང་རུས་མཐར་ཁུག་ཅིག་རྨི་ཛ་ཛ་རྨི་མཱ་ར་ཡ་སོད་སོད། ལིངྒའི་མཐར་སྔགས་ཀྱིས་བསྐོར། ཨོཾ་ཙ་ར་འབའ་དྲེལ། དུམ་པ་མོ་ཤུག་ཤུག །འབའ་ཤུག་ཧ་ད་དྷད། འགྱུར་ནག་གི་འབུ་ཧྲིང་ཧྲིང་། ཧབ་ཡ་ཧྲིང་ཧྲིང་སོད། དགྲ་བོ་སོད་སོད་ངར་མི་ཨ་ཁ་མུ་ཀ་དགྲ་བོའི་སྲོག་ལ་ཡ་ཏྲི་ཡ་ཏྲི་རྦད། མ་དྲི་མུ་དྲི་ཆད། ཧ་ན་ཐ་ཤ་དགྲ་བོའི་སྲོག་ལ་ཆད་རྦད། ཤུད་ཏ་ཨ་ནུ་ཤ་དགྲ་བོའི་རྣམ་ཤེས་འདི་ད་ཁུག་ད་ཁུག །དགྲ་བོ་འཆི་བྱེད་དྲན་པ་སོད་སོད། གྲུ་གསུམ་ནང་དུ་བཞག་ལ་བཀུག་གཞུག་ཅི་མང་བྱས་ལ། སྔགས་འདི་སུམ་བརྒྱ་བཟླས་ལ་གྲུ་གསུམ་ནང་གི་ལིངྒ་ལ་ཕུ་བཏབ། རྟགས་བྱུང་ནས་ལིངྒ་གསུམ་ཕྱུང་ལ་ཟན་ཆང་མ་བུ་གསུམ་གྱི་ནང་དུ་བཅུག་ལ་ཕྱི་དྲོ་ཉི་མ་ཟེར་ལ་སྐབས་སུ། ཁྱི་ནག་པོ་གཅིག་ལ་སྟེར་རོ། །ཡང་བྱ་རོག་ཤ་གཏད་བྱ་བ་ནི། ལིངྒ་གསུམ་བྲིས་ལ། ཨོཾ་ཏི་ར་ཏི་ར་ཕྲུག་ཕྲུག །ཤག་ཤག་འགུར་ཏི་ནན། རཱ་ཧུ་ལ་ནན། གཡོན་བསྐོར་བྱས་ལ་བྲིའོ། །སྔགས་འདི་ཁྲི་ཚོ་བཟླས་ལ། ཡི་གེ་དབུ་ཅན་བྲིས་པས་དྲིལ་ལ་ར་ཤ་ར་ཁྲག་གིས་བཏུམ་ནས་བྱ་རོག་ལ་སྟེར་རོ། །སྔགས་ནི། དྲིལ་སུལ་དྲིལ་ཁ་ཡེ་དམར་སྲིལ་བདུད་ཎི་ནག་གི་ཤ་ཁྱེར་ལ་བྷྱོ་


CMR047_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ། ཞེས་པ་ཟབ་རྒྱ། ཕུང་ཤིག་ནག་པོའི་འཁོར་ལོའི་མན་ངག་ནི། དུག་ཤོག་ལ། གྲི་ཁྲག མཛེ་ཁྲག །དྲེད་མོང་། མངལ་ཁྲག །བཙན་དུག །ར་དུག །ཐར་ནུ། རྟ་ནག་བོན། དམེ་ཁྲག སྔགས་པ་དམ་ཚིག་ཉམས་པའི་སྐུ། བཙུན་པ་ཁྲིམས་ཉམས་ཀྱི་སྒྲ་དེ་རྣམས་བསྲེས་པའི་སྣག་ཚས་འཁོར་ལོ་མུ་ཁྱུད་ལྔ་བསྐོར་བའི་ལྟེ་བར་ལིངྒ་ལྕེ་བྲང་དུ་དྲང་བའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་མཐརངྒེ་མོའི་ངག་གི་ནུས་པ་ཙཱ་བྷ་ཡ་ནན། བསྒོམ་པའི་ལྷ་ཙཱ་བྷ་ཡ་ནན། བཟླས་པའི་སྔགས་སུཾ་བྷ་ཡ་ནན། ཝཱཀྐ་ཙཱ་བྷ་ཡ་ནན། དཔྲལ་བར་རུས། ཁ་ལ་དུང་དུང་། ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོ༔ འདོམས་སུ་ཕཊ། རྐང་མཐིལ་དུ་ཡཾ། རྐང་ལག་བཞི་ལ་ཞ་ཏྲི། སྤྱི་བོར་ཨོཾ་ལཾ། མགྲིན་པར་སྟེ་བྷ་ཡ་ནན་ལཾ་ནོར་བར་སྲིད་པ་དཀྲུག་ཁ་ཤི་བཻ། རྣམས་བྲིས་པའི་རུས་པ་ལ། སྔགས་མགོ་ནང་དུ་བསྟན་ལ། སྤྱི་བོ་ནས་བརྩམས་ཏེ། དགྲ་བོ་བྱད་མའི་ཙིཏྟ་མྱག་ཆད། མྱོག་རྦད། དུ་ཡ་ཆད། ལཾ་རིལ། པུ་ཎི། རྒེ་མོ་མཱ་ར་ཡ་རྦད། ཡཾ་ཡཾ་ཡཾ། ནག་པོ་ཏི་པ་ཙ་ཡཱ། ནཱ་ག་རཀཱ། ཡཀཱ་ཙཀྲ་རྦད་རྦད། ཁཾ་ཁཾ་རྨི་ཛ། ཙཀྲ་ཧཱུྃ་ཧཱུྃ་རྦད་ཡ་ཆད་ཡ། མཱ་ར་ཡ་རྦད་ཡ། །


CMR047_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལིང་དུ་ལིང་། ཨ་ཤན་ནག་པོ། ནཱ་ག་དུ་ན། ཧེ་ལ་ཧེ་ལ། པུ་རུ་རཀྟ། དགྲ་བོ་མཱ་ར་ཡ་ཆད་པ། ཕྱི་རིམ་མུ་ཁྱུད་ལ། ནག་པོ་བི་ཙི་ཙི། རག་ཐུར་སྙིང་འགུལ། མྱག་མྱག །རྩ་བཞི་བསྐུམ། ཤན་ཤ་སྲོག་ལ་ཤན་ཐུར་ཐུར་སོད། ར་ཙ་རཀཱ་དགྲ་བོ་ཧེ་ཞུ་ལ་ཕེ་ཤན་ཕུས་ཕུས། ཤིག་ཤིག །ཆུམ་ཆུམ། ཧུ་ཡ་ཧུ་ཡ། ར་ཙ་མཱ་ར་ཡ་ཆེ་མོ་ལ་ཛ་ཛཿ ནག་པོ་ཏི་པ་ཙ་ཡ། ཕེ་རག་ཤ །ཨུ་ནཱ་ག་ནན། མུ་ཁྱུད་བཞི་ལ། ཨེ་ཨ་ཀར་ཤ་ཡ། ར་ཙ་ཧཱུྃ། རྨི་པ་ཡ། དགྲ་བོའི་མིང་རུས། མཱ་ར་ཡ་སོད། ཛ་རྦད། སྣེ་མོ་དགྲ་བོ་རྣོ་ཛ་ཛཿ ནིརྨ་ཛི་ཛ་ཛ་ཛཿ ཛ་ཎི་ཙ་པ་ར་དུ་ནན། རཾ་ཡཾ་ནན། དུ་རུ་ཡཾ་ནན། ཁྲོ་ཤིང་རྟ་ཐེ་ཡཾ། ཙིཏྟ་བྱི་མ་ལ་ཨ་ཀར་ཤ་ཡ། ཨ་ཀར་ཤ་ཡ་ཛ། མན་ཨུ་ཕུག་ཤ་རྦད། ཛ་ཛ་ནན་ནན། དེའི་ཕྱི་རིམ་མུ་ཁྱུད་ལྔ་པ་ལ། ཧེ་ཤན་ར་ཙ་རྦད། ཕུ་ཤན་ཐུ་རྦད། ར་ཙ་རྗེ་མོ་རྦད། གུལ་གུལ་ནན། རྗེ་མོའི་བླ་མཱ་ར་ཡ་ཁུག །དུ་ཏྲི་པྲ་མ་ར་ཡ་ཁུག །དུ་ཏྲི་པྲ་ཤ་པྲ་མ་ཡ། རྒེ་མོའི་ཙིཏྟ་ཀ་ལ་བི། པྲ་ཏྲག་ཤ་ཁུག་ཐུ་རིལ་རྦད། མཱ་ར་ཡ་རྦད། ཤི་ཤུ་ཤ། ཤན་ཏྲི་ཙ་ཙ་ཙི། གྷང་ངེ་ང་ང་ངཾ་།


CMR047_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ས་བྷི་ཤ་ཤ་ཤཾ །མ་ཏྲི་ཧེ་ཧེ་པཾ། ཁཾ་ཏི་ཨེ་ཨེ་སཾ། ད་གིང་ག་ག་གཾ། སུ་ཏྲི་པྲ་པྲ་ཛཾ། ས་ཏྲི་ཁ་ཁ་རཾ། འུ་འུ་ཧཱུྃ། ཞེས་བྲིས་ལ། གཞུང་ལྟར་འགུགསགཞུག་བརྒྱ་རྩ། བླ་འགུགས་སྔགས་རྟགས་མ་བྱུང་བར་བཟླས་ལ། འཁོར་ལོ་ཟག་རྫས་ཀྱིས་བྱུག་ལ། ཕྱི་བའི་ཐོད་པར་བཅུག་ལ། བླ་མའི་ཕྱག་ལེན་ལྟར་དགྲ་བོའི་ཁང་རྨིང་ལྷས་འོག་གང་དུ་བཞག་པས་ཕུང་བར་འགྱུར་རོ། །གནད་ཅིག་ཡོད་པ་ཞལ་ལ་དྲིས་ཁ་ཐཾ། རྐུན་ཆིངསགསང་རྒྱ་མ་ནི། རང་ཉིད་ཐུབ་པ་ནག་པོ་དར་ལིང་ནག་པོའི་ཆོས་གོས་གསོལ་བ། ཕྱག་གཡས་ཉི་ཚེམ། གཡོན་ཟླ་བ། དེ་གཉིས་བར་དུ་རྐུན་ཇག་ཐམས་ཅད་བཅིང་བར་བསམས་ལ། ཐལ་མོ་དྲག་དུ་བརྡབ་བོ། །དེ་ནས་རང་ཉིད་ཀྱི་ལྷམ་གཡོན་པ་ཕུད་ལ། གཡོན་དུ་ཁ་ཕྱེས་བཞག །དེ་ནས་ལམ་ཁའི་རྡེལ་བུ་ཉེར་གཅིག་བླངསལ། ལྷམ་ལྕགས་མཁར་སྒོམ་མེད་དུ་བསམ། རྡེལ་བུ་རེ་ལ་སྔགས་ལན་རེ་རེ་བཏབ་ལ་ལྷམ་ནང་དུ་བཅུག་གོ །ཇག་པ་ཆོམ་རྐུན་ཛ་ལ་མ་དྷ་ཡེ་ཁུག་ཅིག་ལྷམ་སྒྲོག་ལྕགས་ཀྱི་ར་བ་ལྡེམ་ལྕགས་ཁང་སྒོ་མེད་དུ་བསམསལ། ལྷམ་སྒྲོག་མདུད་པ་དམ་པོས་བསྡམས་ནས། དམིགས་པ་ནི་རང་ཉིད་ཐུབ་པ་ནག་པོའི་


CMR047_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྟ་བུ་དཔག་ཏུ་མེད་པ་སྤྲོས་ནས། དགྲ་རྐུན་ཇག་གསུམ་རང་དབང་མེད་པར་བཀུག་ནས། ལྕགས་ཁང་མུན་པའི་གླིང་དུ་ཚུད་པར་བསམ། ལྡུམ་ཞབས་སུ་མནན་ཅིང་དྲིལ་ལ་སྔགས་འདི་དྲག་ཏུ་བཟླས་སོ། །ཨོཾ་མུག་རྒྱ་མུག་རྒྱ་མ་ཧཱ་མུག་རྒྱ་ཡེ་བླ་བྲང་སྙིང་གསུམ་ཆིངས་ཤིག་ཆིངས་ཤིག་སྭཱ་ཧཱ། སྐབས་སུ་ལྷམ་བར་སྣང་ལ་གཡུགས་ཤིང་ས་ལ་བརྡབས། ཞལ་གདམས་ནི་གཡུགས་པའི་དུས་སུ་རང་གི་མདུན་དུ་བྱུང་བར་བསམ། རང་ཉིད་ཐུབ་པ་ནག་པོའི་ང་རྒྱལ་བརྟན་པོར་བྱའོ། །དུས་དུས་སུ་ལྷམ་བརྡེབ་ཅིང་སྔགས་འདོན་པ་གལ་ཆེ། སྨྲ་བཅད་ལ་སྔགས་བརྒྱ་སྟོང་མང་དུ་བཟླས། ཐལ་མོ་བརྡབས་ལྷམ་མལ་འོག་ཏུ་མནན། ཞག་མང་ན་བཟང་། ཐུབ་པ་ནག་པོའི་སྒོ་ནས་ཇག་རྐུན་བཅིངས་པའི་གདམས་པའི་མགོ་འཁོར་ཟབ་མོ། (ཨྠྀི། ཡང་ཀཐོག་པའི་ཕྱག་ལེན་ཟབ་མོའི་རྐུན་ཆིངས་འདི་ལ་ཕྲེང་གཉིས་བྱས་ལ་ཡི་གེ་དབུ་ཅན་དུ་བྱའོ། །ཨོཾ་ཐུམ་ཐུམ། དྲིལ་དྲིལ། ཤིག་ཤིག །སྨུག་སྨུག །ནན་ནན་དགྲ་བོ་དུ་མི་མགོ་ཤྲཱི། ལུས་ལ་ཧབ་ཤ། སེམས་ཆིངས། ཀ་ཤ་བྱིན་དགྲ་རྐུན་ཇག་གསུམ་གྱི་སྲོག་ལ་བྷིན་དྷ་བྷིན་དྷ་


CMR047_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཆིངས། ཤར་གྱི་དགྲ་བོ་མཱ་ར་ཡ་ནན། ལྷོའི་དགྲ་བོ་མཱ་ར་ཡ་ནན། ནུབ་ཀྱི་དགྲ་བོ་མཱ་ར་ཡ་ནན། བྱང་གི་དགྲ་བོ་མཱ་ར་ཡ་ནན། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུའི་དགྲ་བོ་མཱ་ར་ཡ་ནན། ཨོཾ་ཀ་རུ་ར་མ་རུ་ར་ནི་ར་ནི་ར། ཡེ་ཆིང་ཆིང་། བསྡོམ་བསྡོམ། ཙ་ཆིང་ཆིང་། བསྡོམ་བསྡོམ། དགྲ་རྐུན་ཇག་གསུམ་གྱི་ཁ་ཐཾ་ལྕེ་དྲིལ། ཨོཾག་བསྡོམ་ངག་ནན་ཡེ་སྭཱ་ཧཱ། ཞེས་རང་སྔགས་གཉིས་སྟོང་དང་། ཡེ་དྷརྨཱའི་རབ་གནས་བྱས་ལ་མཇུག་ནསདྲིལ་ལ་བཏགས་སོ། །ཞེས་ཀཿཐོག་ལུགས་སོ། །ཨྠྀི། ཡང་རྐུན་ཆིངས་ལ། རང་ཉིད་ཨ་ཙ་ར་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད་པ། དེ་ལ་རང་འདྲ་བའི་ཨ་ཙ་ར་སྟོང་གིས་བསྐོར་བར་བསམ། སྔོན་རྒྱབ་རྣམས་སུ་ཨ་ཙ་ར་རྣམས་ཀྱིས་ས་རྡོའི་ཆར་ཕབ་པར་བསམས་ལ། སྲུང་སྐུད་ནག་པོ་ལ་སྔགས་འདི་བཏབ་བོ། ཐུ་ཤུ་དྲིལ་དྲིལ་ཤིག་ཤིག་རྨུག་རླུག །དགྲ་རྐུན་ཇག་གསུམ་གྱི་མགོ་ཐུ་ལུས་ཆིངས་ངག་ཆིངས། ཡིད་ཆིངས། ལུས་ངག་ཡིད་གསུམ་ཆིངས་ཤིག །སྟཾ་བྷ་ཡ་ནན༔ ལུག་ནག་གི་སོག་བལ་གཡས་ལ་སྲུང་སྐུད་བྱས་ལ་སྣེ་གཉིས་ལ་རྔ་མ་དམར་པོ་བཏགས་ལ། སེམས་ཅན་གང་སྲུང་


CMR047_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཁང་སྒོ་ནོར་གདོང་ལ་མན་ངག་བཞིན་བཏགས་སོ། །ཡང་རྐུན་ཆིངས་ལ་སྔགས་ནི། ཨོཾ་ཤྲཱི་ཐུ་དྲིལ་དྲིལ་དགྲ་བོ་དུ་མའི་མགོ་ཐུ། རྫས་ལ་སྲུང་སྐུད་ཁྲ་ཁྲིས་བྱེད་ལ། དེ་ལ་རང་གི་སེམས་ཅན་ཅི་ཡོད་ཀྱི་སྤུ་བསྲེས་ལ་སྐུད་པ་ཕྱི་ལོག་ཏུ་བཀལ། མདུད་པ་རྐྱང་པ་དགུ་བྱ། མདུད་པ་རེ་ལ་སྔགས་བརྒྱ་རེ། ཁྱིམ་ཡིན་ན་ཀ་བ་ལ་བཏགས། བྱེས་སུ་བོན་སྒོ་ནང་དུ་བཅུག །ཡང་ན་སག་དག་ནང་དུ་བཏགས་པས་ངེས་པར་ཐུབ་པའི་ལག་ལེན་མའོ། །ཡང་རྐུན་ཆིངས་རྫས་ལ་སྲུང་སྐུད་ཁྲ་བོའི་བར་དུ་རྩྭ་འཇག་མ་སོར་གསུམ་པ་བདུན་དང་། ཉིན་སྲིབ་བར་གྱི་སྤེན་མ་ཁེར་སྐྱེས་སོར་གསུམ་པ་གཅིག་བཞག་ལ། རང་གི་སྐྲའི་དཀྲིས་ལ་སྔགས་འདི་ཁྲི་གཅིག་བཏབ། ༀ་མ་ཙ་དུ་ཨ་ཡ་ཤ་ནས་དགྲ་བོ་ཇག་རྐུན་ཁྱོམ་པོ་ཐམས་ཅད་ཆིངས་ཤིག །ཅེས་བཟླས་ལ་དེའི་ཕྱི་སྣལ་མ་དམར་པོའི་དམ་པར་དཀྲིས། ཕྱིར་སྒོ་སྦྲ་སྒོ་རྟའི་སྐེ་ནོར་གྱི་གདོང་ལ་བཏགས་ན་དགྲ་རྐུན་འཆིང་བའི་གདམ་པ་ཟབ་མོ་ལག་ལེན་ཐེབ་ཕྱིར་བྲིས། མནན་གཏད་ཀྱི་གནད་དམིགས་གབ་པ། ཕུང་གཏད་ནག་པོ་འདི་ལ་བཞི་སྟེ། རྫས་བསག་ཅིང་ལིངྒ་བྲི་བ། སྔགས་དང་སྒྲུབ་པ་གོང་དུ་ཡང་ཡིག་གབ་


CMR047_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ནང་དུ་གསལ་ལྟར་སྨྲ་མ་དགོས་སོ། །ལས་མཐའ་མནན་པའི་དུས་ལ་བབ་པའི་དུས་སུ། དེ་ལྟར་ལིངྒ་དགྲ་མནན་གང་བྱ་བའི་བྲི་ཚར་ནས་ལིང་ཁྲུས་གཞུང་ལྟར་བྱས་ནས། ལིང་དྲིལ། རང་འཐག་གི་མིག་ཏུ་ཆོས་འཁོར་ལན་གསུམ་བསྐོར། དགྲ་ལ་མི་ཐེབས་མི་སྲིད། གཡག་ཤིག་གི་བུག་པར་ལན་གསུམ་བསྐོར། གཞན་ལ་མི་འབྱམས། རང་གི་བརླ་གཡས་པར་ལན་གསུམ་བསྐོར། རང་ལ་མི་ལྡོག །མ་ཐེམ་ལ་ལན་གསུམ་བསྐོར། འཁོར་ལ་མི་ལྡོག །ཁྱི་གུའི་སྦོ་ཞབས་ནས་ལན་གསུམ་བསྐོར། ནོར་ལ་མི་ལྡོག །སརྦ་རྦད་ཀ་ཤི་ཆད་ཀ་ཤི། ཞེས་བརྗོད་ནས་ཧོམ་དུ་འཛུད། དེ་ལྟར་གྱི་ལིངྒ་དེ་འགུགསགཞུག་རྟགས་བྱུང་ནས། ལིང་ལྟེབ་འོག་ནས་འབྱུང་བ་ལྟར་བྱས་ལ། ཁྱི་རའི་སྐུད་པ་ཕྱི་སྒྲིམ་བྱས་པས་དཀྲིས་ལ། གཡག་རུ་སོགས་མནན་ཐོད་གཞུང་ལྟར་གྱི་ནང་དུ་བཅུག་ལ། ཁ་ལ་ཆའམ་སྤྲ་ཚིལ་གྱིས་ལེགས་པར་དམ་པར་བྱའོ། །ཟླ་བ་མར་ངོའི་ཉི་མ་ནུབ་དུས་སམ། ཐོ་རངས་ཟླ་བ་ནུབ་དུས་སུ་ཤེས་སོ། །སྡེ་བརྒྱད་གཟའ་ཀླུ་རང་རང་གི་ཐེབས་ཡོད་དུས་དང་སྤྱད་ལ། སྔགས་པས་གཤིན་རྗེའི་ལག་ཏུ་གཏད། ཅེས་པ་ལྷོ་ཕྱོགས་ཀྱི་བྲག་གི་སྣ་ལ་མནན། བནྡེ་


CMR047_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་ལག་ཏུ་གཏད་ཅེས་པ་ལྷ་ཁང་ངམ། མཆོད་རྟེན་བྱིན་ཅན་འོག་ཏུ་མནན། སྐྱེ་བོ་གྲི་བཙན་ལག་ཏུ་གཏད། རི་བྲག་དམར་པོ་ལ་བཙས་འོག་ཏུ་མནན། བུད་མེད་མ་མོ་བསེན་མོ་གཏད། མཚོ་འགྲམ་མམ་ཕུག་པ་ཁ་བྱང་དུ་རྒྱུ་ས་མནན། ཕ་ཚན་ཆེ་ན་ཀླུ་ལ་གཏད། མཚོའམ་ཆུ་མིག་ཁ་བྱང་དུ་གྱུ་ས་མནན། མ་ཚན་ཆེ་ན་གཟའ་ལ་གཏད། སྔགས་པའི་གཏོར་ཁྲིའམ་ལྷ་ཁང་ཐེམ་འོག་མནན། འོག་རྟ་ཤོར་ན་བཙན་ལ་གཏད། རི་བྲག་དམར་པོ་ཉི་ཟླའི་ལྟག་བདུད་ཡོད་སར་མནན། ནོར་རྫས་ཤོར་ན་བདུད་ལ་གཏད། ཆུ་བོ་བྱང་རྒྱུའི་ཆུ་གཉིས་ཀྱི་བར་དུ་བྲག་ནག་པོ་ཡོད་སར་མནན། རྟེན་གསུམ་ཤོར་ན་ཀླུ་ལ་གཏད། རི་རྩེའི་མཚོ་ཡི་ནང་དུ་མནན། བྱིས་སྦ་ཐེའུ་རང་ལ་གཏད། ཕུག་པའམ་ཤིང་རྐང་གཅིག་དྲུང་དུ་མནན། གཞན་ཡང་གནད་རང་ནི། སྟག་ཡོས་ལོ་པ་ནུབ་ཀྱི་བྲག་དཀར་ལ་གཏད། རྟ་སྦྲུལ་ལོ་པ་བྱང་གི་ཆུ་བོ་རྒྱུན་བབ་ལ་གཏད། བྱི་ཕག་ལོ་པ་ས་རི་སེར་པོ་ལ་གཏད། མཚམས་བཞི་ལོ་པ་ལ་ཤིང་ལ་གཏད་ཡིན་པས། དེ་ནི་གནད་ཤིན་ཏུ་ཟབ་བོ། ལིངྒ་བྲི་ཐབས་གབ་པ་ནི། དང་པོ་དུག་ཤོག་ཕྱོགས་སོ་སོར་ནས་སོར་མོ་ཉི་ཤུ་


CMR047_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་རེ་ཡོད་པ་ལ་ཆེ་བཞི་ཆུང་བརྒྱད་ཀྱི་ལྟེབ་ཆག་བྱས་ལ། དབུས་ཀྱི་ལྟེ་བ་དང་ལིངྒའི་ལྟེ་བ་མ་འཆུག་པར་བྱ། ཡང་མཐར་ནས་སོར་གསུམ་ལྟེབས་པའི་ནང་དུ་ལིངྒ་མགོ་ལ་རྩེ་སོར་བཞི། དཔུང་པ་གཉིས་ལ་ཁུག་སོར་བཞི་རེ། ལག་ངར་གཉིས་ལ་སོར་བཞི་རེ། བརླ་ལ་སོར་བཞི་རེ། རྐང་པ་སོར་བཞི་རེ། ཁོག་སྟོད་སྨད་སོར་བཅུ་གཉིས་རེ་དེ་ལྟར་ཚད་དང་ལྡན་པ་བྲིས་ལ། གནས་ཡིག་ཐམས་ཅད་གཟབ་མ་གཞན་སྔགས་དང་ཕ་རོལ་པོའི་མིང་བྱུང་བ་རྣམས་གཤར་བྲིས་ཚེག་མེད་བྱས། རུས་མི་ཤེས་ན་མན་ངག་གི་ཡི་གེ་འབྲུ་བཅུ་གཉིས་བྲིས་མཆན། བླ་དག་མ་ཤེས་ན་ཚྭ་ཚ་བྲིས། དེ་ལྟར་དགྲ་ཆོས་ལིངྒ་དངོས་རྟེན་ཡིན། གཞན་ཡང་ཡིག་ཏུ་གསལ་བའི་མནན་གཏད་གང་བྲི་ཡང་མཐའ་ཡིག་སྤྲུལ་བཅུད་ཡོད་པ་དང་། །ཡི་གེ་མི་ཤོང་དོགས་ཚེ་ཤོག་བུ་ཅུང་ཟད་ཆེ་དགོས་པ་མ་གཏོགས་ལིངྒ་ཚད་འདི་ལས་ཆེ་བ་དང་ཆུང་བ་བྱེད་མི་ཆོག་པ་དང་། སྨིན་གྲོལ་གླིང་པའི་ཕྱག་བཞེས་ཀྱི་གནད་ཡིན་པས་ཁོ་བོའི་དོགས་གཅོད་ཡང་ཡང་བྱས་པས་གལ་ཆེ། དགྲ་བགེགས་ཚར་གཅོད་ཀྱི་འདོན་ལུགས་གབ་པ་ནི། དང་པོ་ཀིང་ནག་ལས་བྱང་མང་ཉུང་གང་ལྕོགས་འདོན་ལ་སྲུང་ཟློག་གི་སྔགས་མང་དུ་


CMR047_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བགྲང་། དེ་ནས་དགྲ་ཟློག་ནག་པོའི་སྐག་ཟློག་གི་འགུགས་བསྟིམས་བྱས་ལ་བཟློག་ཐུང་གོང་དུ་དགྲ་བགེགས་ཚར་གཅོད་ཀྱི་རྟིང་ཕུལ་འདོན། བློ་གདབ་གཞན་མ་ལྟར་དང་། ལམ་ལྷའི་ཚིག་ཐོ་ཕྲན་བུ་ལྡེབ་ངོས་ཞིག་ཡོད་པ་དེ་ལམ་གཏོར་ཡིན་པས་དགྲ་ཆོས་དགོས་པ་མ་ཡིན་ནོ། །འབུལ་དུས་བཟློག་ཐུང་འདོན་ལ་དགྲ་གཟུགས་ལིངྒ་སྟེང་དུ་འབུལ། དམིགས་རིམ་ནི། གཏོར་སྣོད་གཉིས་པོ་ཡུལ་དང་ཁང་སྦྲ་གཏོར་མ་དེ་དགྲ་བོ་དངོས་སུ་གསལ་བ། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ལས་ཀྱི་གཤིན་རྗེའི་ངོ་བོར་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་དྲུག་པ་འཕྲོས་ནས་གཏོར་མ་དང་དགྲ་བོ་གཉིས་སུ་མེད་པའི་སྙིང་ནང་དུ་གསོར་ལྟར་འཁོར་བས་ཤ་ཁྲག་ཕྱེ་མར་གཏུབས་པས། ལྷ་ཚོགས་ཐམས་ཅད་ཀྱིས་བཞེས་པས་ལས་ཀྱི་གཤིན་་་་གཏོར་མ་དགྲ་བོ་གསལ་བའི་ཤ་ཁྲག་བདུད་རྩི་མི་བསྒྱུར་བ་འདིར་ནོ་བའི་གནད་དམ་པའོ་མཆན། རྗེ་མ་མགོན་ཆོས་སྐྱོང་གི་སྐུར་གྱུར་ནས་ཕོ་བྲང་བཏབ་པར་བསྒོམ། མཐར་འབུལ་བའི་དམིགས་པ་ནི། ལས་གཤིན་ཀིང་ཀང་མ་མགོན་ཆོས་སྐྱོང་གི་དམག་ཚོགས་ཐམས་ཅད་ཀྱིས་དགྲ་བོ་བྱད་མ་ཐམས་ཅད་གྲོག་ཚང་སེར་བས་བརྡུང་བ་ལྟར་ནག་ཐལ་གྱིས་བཏང་


CMR047_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྗེས་མེད་པར་བསྒོམ། ཞེས་དགྲ་ཆོས་ཀྱི་གབ་ཡིག་སྲོག་གི་སྤུ་གྲི་འདི་མགོན་ནག་སྔགས་འཆང་ལ་དགྲ་ཆོས་ཡང་ཡིག་གནང་བའི་དུས་འདིར་སངས་རྒྱས་བསྟན་པའི་བཙས་སུ་བྲི་སྙམ་ནས་བརྟག་པ་བྱས་པས། ཐོ་རངས་ཉམས་ཀྱི་སྐབས་སུ་བར་སྣང་ནས་སྒྲ་གྲག་ནས། ལུས་དེ་གཏད་ཀྱང་སྙིང་དེ་མ་བཏད་ཟེར་དེར་བས་བསྒྲིག་མ་ཕོད་པས། ཕྱིས་མ་མགོན་ཆོས་སྐྱོང་ལ། གསོལ་མཆོད་བརྒྱ་རྩ་བྱས་ནས་བརྟག་པ་བྱས་པས། རང་སྙིང་མི་ལ་གཏད་པའི་བུ་ཁྱོད་སྡོད། ཟེར་བས་བྲི་ནས་གཏད་པའི་སྤོབསཔ་ཟད་ཀྱང་། གཉེར་པ་ཆོས་འཕེལ་ལ་དགོས་པ་གལ་ཆེན་བྱུང་ནས། ཨ་རཱ་གས་བསྒྲིགས་པས་གཅིག་བརྒྱུད་རང་གི་ཆོས་བརྒྱུད་འཛིན་ངེས་མ་གཏོགསམནའ་བྱས་པ་ཡིན་པས་མ་སྤེལ་ཅིག་ས་མ་ཡ། ཁ་ཐཾ། གྷ་བྱ་ཁྱ། །དགེའོ། བཀྲ་ཤིས་དགེ་ལེགས་འཕེལ་བར་ཤོག ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR047_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཆོས་བསྡུས་པའི་ཐན་ཁྲ་འགྱེད་ཀྱི་དཔེའུ་རིས།


previousདགྲ་ཆོས་དང་ཉེར་མཁོའི་ཡིག་སྣ་གབ་ཡིག་སྲོག་གི་སྤུ་གྲི།next