Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
ལམ་གཏོར་དགྲ་ཆོས་བསྡུས་པ།
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousལམ་གཏོར་དགྲ་ཆོས་བསྡུས་པ།next

ལམ་གཏོར་དགྲ་ཆོས་བསྡུས་པ།


CMR047_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གཏོར་དགྲ་ཆོས་བསྡུས་པ་བཞུགས། ༈ གཏོར་འབུལ་གྱི་མཐར་དམར་གཏོར་བཤམས་ནས་བྲན་ལ། ཨོཾ་སྭ་བྷ་ཝས་སྦྱངས། གཏོར་སྣོད་བྷནྡྲ་ཡངས་པའི་ནང་དུ། གནོད་བྱེད་དགྲ་ཇག་ཆོམ་རྐུན་ཐམས་ཅད་དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས་ཁུག་ཅིག །ཛཿཧཱུྃ་བཾ་ཧོ༔ དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩིས་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ལན་གསུམ། ཨོཾ་མཉྫ་ཤི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཨི་དཾ་བྷ་ལི་ཏ་ཁཱ་ཧི། །ཨོཾ་གྷི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཊུ་ཐིས་སྭཱ་ཧཱ། ཨི་དཾ་བྷ་ལི་ཏ་ཁཱ་ཧི། ཨོཾ་ར་ལི་པྲ་མ་ཡ་ཛ་ཛཿ ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི། བྷྱོ། ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །རིམ་པ་བདུན་གྱི་ས་འོག་ནས། །མཐའ་མེད་རྒྱ་མཚོའི་སྟེང་རུམ་ན། །ཀླུ་བདུད་ནག་པོ་ཏི་པ་ཙ། །འཇམ་དཔལ་ཀིང་ཀང་དམར་ནག་དང་། །ལས་ཀྱི་གཤིན་རྗེའི་དམག་ཚོགས་རྣམས། །ཁྲི་དང་དྲུག་སྟོང་འཁོར་དང་བཅས། །རྒྱལ་ཆེན་ཕྱོགས་སྐྱོང་ཕོ་ཉར་འགྱེད། །ལྷ་འདྲེ་སྟོང་སྡེ་ལས་ལ་འཛུད། །ཀུན་ཀྱང་འུར་སྒྲ་ཆེམས་སེ་ཆེམ། །ཕྱག་ན་བཟློག་པའི་ཀོང་ཟོར་བསྣམས། །རང་རྟགས་མཚོན་ཆ་མེ་ལྟར་འབར། །སྔོན་ནས་བྱད་ཟོར་བཟློག་པའི་


CMR047_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ། །དམར་གྱི་གཏོར་མ་འདི་བཞེས་ལ། །དོ་ནུབ་བཟློག་པའི་དཔུང་ལ་ཆོས། །དགྲ་རྐུན་གཡུལ་ངོ་བཟློག་པར་མཛོད། །རྣལ་འབྱོར་བདག་ཅག་གཞི་བྱེས་སུ། །དགྲ་ཇག་ཆོམ་རྐུན་གནོད་པ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །ཀེང་རུས་ཐོད་པའི་གུར་ཁང་ནས། །རཀྟའི་རྦ་ཀློང་ད་ལ་ནས། །མི་རོ་བསྣོལ་བའི་གདན་སྟེང་དུ། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །གཡས་ན་ཐོད་དབྱུག་འབར་བ་བསྣམས། །ཚེསྡང་བའི་དགྲ་བོའི་ཀླད་པ་འགེམས། །ཙིཏྟ་ཕྱུངས་ནས་ཞལ་དུ་གསོལ། །གཡོན་ན་བྷནྡྷ་ཁྲག་བཀང་འཛིན། །དགྲ་དང་བགེགས་ཀྱི་སྙིང་ཁྲག་འཐུང་། །ཀེང་རུས་གར་བྱེད་མཆེ་བ་གཙིགས། །དུག་གསུམ་རྩད་ནས་གཅོད་པར་བྱེད། །དབུ་ལ་རིན་ཆེན་པྲོག་ཞུ་གསོལ། །དངོས་གྲུབ་ཀུན་གྱི་གཏེར་དང་ལྡན། །མི་མགོ་ལྔ་བཅུས་དོ་ཤལ་བྱས།། དུས་གསུམ་སངས་རྒྱས་མཆོད་པ་ཡིན། །རིན་ཆེན་སྣ་ཚོགས་རྒྱན་དང་ལྡན། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །སྐུ་ལས་འཁྲིལ་བའི་ཡུམ་ཆེན་ནི། །རྒྱན་དང་ཆ་ལུགས་ཡབ་


CMR047_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐུན། །ཨེ་ཀ་བྷ་ར་མཐུ་མོ་ཆེ། །ཁྱོད་ཀྱི་སྤྲུལ་པས་གར་ཡང་ཁྱབ། །རྩ་གསུམ་ལྷ་གནས་མན་ཆད་ནས། །ན་རཀ་དམྱལ་ཁམས་ཡན་ཆད་ཀྱི། །སྤྲུལ་པ་བྱེ་བ་དཔག་མེད་འགྱེད། །བྱང་ཆུབ་སེམས་མ་ཞེས་ཀྱང་བྱ། །ཡབ་ཡུམ་གཉིས་སུ་མེད་པ་ལས། །སྐུ་ཡི་སྤྲུལ་པ་གཅིག་ཏུ་བྱུང་། །གཅིག་ལས་བརྒྱ་བྱུང་བརྒྱ་ལས་སྟོང་། །སྟོང་ལས་ཁྲི་བྱུང་གནམ་ས་གང་། །ལྷ་སྲིན་སྡེ་བརྒྱད་ཁྱེད་ཀྱི་འཁོར། །སྟོང་ཕྲག་བརྒྱད་ཅུ་ཁྱོད་ཀྱི་ཁྲན། །དམར་གྱི་གཏོར་མ་འདི་བཞེས་ལ། །དགྲ་ཇག་ཆོམ་རྐུན་གཅན་སྤྱང་ཆིངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དུར་ཁྲོད་བདག་པོའི་ཞལ་དུ་ཁ་རཾ་ཁཱ་ཧི། ཤ་ཟ་ཆེན་མོའི་ཞལ་དུ་ཁ་རཾ་ཁཱ་ཧི། ཁྲག་འཐུང་རྒྱལ་མོའི་ཞལ་དུ་ཁ་རཾ་ཁཱ་ཧི། དཔལ་ཆེན་ཧེ་རུ་ཀའི་ཞལ་དུ་ཁཱ་རཾ་ཁ་ཧི། བྷྱོ༔ མ་མོ་ནག་མོ་མཐུ་སྟོབས་ཅན། །མུ་སྟེགས་ལྷ་མོ་རྫུ་འཕྲུལ་ཅན། །ནོར་སྲང་གཅིག་གི་རྗེས་གཅོད་མ། །ནས་བྲེ་གང་གི་ཕྱིར་འབྲང་མ། །དཀོར་བདག་ཆེན་མོ་ངས་ནུས་མ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །དཀོར་ནོར་ཀ་ཆ་ཐུབ་པར་སྲུངས། །དམ་བཅའ་ཐུགས་དམ་དུས་


CMR047_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་གྷི་རཱ་ཛ་ཀུ་མ་ཊུ་ཐིས་མ་ཧཱ་ཐ་ནུ་དགྲ་རྐུན་ཇག་གསུམ་བྷན་བྷན་སྭཱ་ཧཱ། ཨོཾ་ར་ལི་པྲ་མ་ཛ་ཛཿ ཧ་ར་ལི་པྲ་མ་ཡ་ཛ་ཛཿ ཧཱུྃ་ར་ལི་པྲ་མ་ཡ་ཛཿ ནི་སི་ལི་མ་ནི་ཛཿ ཡ་ནི་ལི་མ་ནི་ཛཿ ཉི་མ་ཕྱོགས་བཞིའི་དགྲ་ཇག་ཆོམ་རྐུན་གཅན་སྤྱང་ཐམས་ཅད་བྷནྡྷ་བྷན་སྭཱ་ཧཱ། ཞེས་རྒྱུན་དུ་ཆག་མེད་བྱས་ན། དགྲ་རྐུན་གྱི་གནོད་འཚེ་མི་འབྱུང་ངོ་། །གཏོར་མ་དགྲ་ཕྱོགས་སམ་དོགས་ཡོད་པའི་ཕྱོགས་སུ་ཕུལ། ཚུར་མི་ལེན་ཕྱོགས་གདབ་བྱ། ཞེས་པ་རཱ་ག་སྱས་སྨྲས་སོ། །མངྒ་ལཾ།། ༈ ལམ་གཏོར་རྒྱས་བསྡུས་ཀྱི་དགྲ་ཆོས་ནི། དོ་ནུབ་གཏོར་བསྔོས་ཀྱི་ཕྲིན་བཅོལ་མཇུག་གམ། བསྐང་བའི་མཐའ་འམ། གཏོར་སྐྱོང་གི་མཇུག་གང་རུང་དུ་སྦྱར། ཡང་ན་ནངས་སྔ་འགྲོ་ཁར་གཏོར་བསྔོས་སམ། བསང་བཏང་ཟབའི་མཐར་སྦྱར། གཏོར་མ་དམར་གཏོར་གཅིག་གིས་འཐུས། གྲུབ་ན་གཏོར་མའི་རྩེ་ལ་ཤ་དར་བཙུགས། བྱུང་ན་ལིང་ཆུང་པར་བཏབ་པ་བཙུགས། དམིགས་པ་ནི་དགྲ་ཆོས་ལྷ་དམག་སྤྱི་བསྐུལ་བཞིན་བྱ་བ་ལགས། ཞལ་གདམས་


CMR047_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གཏོར་དགྲ་ཆོས་བསྡུས་པ་བཞུགས་སོ། །༄༅། གཏོར་འབུལ་གྱི་མཐར། དམར་གཏོར་བཅས་བཤམས་ནས་བྲན་ལ། ཨེ། གཏོར་སྣོད་བྷན་ཡངས་པའི་ནང་དུ་གནོད་བྱེད་དགྲ་*ཇག་ཆོམ་རྐུན་ཐམས་ཅད་དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས་ཁུག་ཅིག །ཛཿཧཱུྃ་བཾ་ཧོ༔ དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱ་ཧཱུྃ་ཧ་ཧོ་ཧི༔ ལན་གསུམ། ཨོཾ་མཉྫཤི་ཡ་མཱནྟ་ཀ་ཡ་མཱ་ར་ཛ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁཱ་ཧི། ཨོཾ་གྷི་ར་ཛ་གྷི་ར་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ། ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི། ཨོཾ་མ་མ་ར་ལི་པྲ་མ་ཡ་ཛཿ ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི། ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །རིམ་པ་བདུན་གྱི་ས་འོག་ན། །འཇམ་དཔལ་ཀིང་ཀང་དམར་ནག་དང་། །ལས་ཀྱི་གཤིན་རྗེའི་དམག་ཚོགས་རྣམས། །ཁྲི་དང་དྲུག་སྟོང་འཁོར་དང་བཅས། །རྒྱལ་ཆེན་ཕྱོགས་སྐྱོང་ཕོ་ཉར་འགྱེད། །ལྷ་འདྲེ་སྟོང་སྡེ་ལས་ལ་འཛུད། །ཀུན་ཀྱང་འུར་སྒྲ་ཆེམས་སེ་ཆེམ། །ཕྱག་ན་ཟློག་པའི་རྐང་ཟོར་དང་། །རང་རྟགས་མཚོན་ཆ་མེ་ལྟར་འབར། །སྔོན་ནས་བྱད་ཟོར་བཟློག་པའི་ལྷ། །དམར་ཆེན་གཏོར་མ་འདི་བཞེས་ལ། །དོ་ནུབ་བཟློག་པའི་དཔུང་ལ་


CMR047_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། །དགྲ་རྐུན་གཡུལ་ངོ་བཟློག་པར་མཛོད། །རྣལ་འབྱོར་བདག་ཅག་གཞི་བྱེས་སུ། །དགྲ་ཇག་ཆོམ་རྐུན་གནོད་པ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །ཀེང་རུས་ཐོད་པའི་གུར་ཁང་ནས། །རཀྟའི་རྦ་ཀློང་དཀྱིལ་འཁོར་ནས། །མི་རོ་ཁ་བསྣོལ་གདན་སྟེང་ན། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །གཡས་ན་ཐོད་དབྱུག་འབར་བ་བསྣམས། །སྡང་བའི་དགྲ་བོའི་ཀླད་པ་བཅོམ། །ཙིཏྟ་ཕྱུངས་ནས་ཞལ་དུ་གསོལ། །གཡོན་པས་བྷན་ཁྲག་བཀང་གསོལ། །དགྲ་དང་བགེགས་ཀྱི་སྙིང་ཁྲག་འཐུང་། །ཀེང་རུས་མཆེ་བ་གཙིགས་པ་ཡིས། །དུག་གསུམ་རྩད་ནས་གཅོད་པར་བྱེད། །དབུ་ལ་རིན་ཆེན་པྲོག་ཞུ་གསོལ། །དངོས་གྲུབ་ཐམས་ཅད་གཏེར་དང་ལྡན། །མི་མགོ་ལྔ་བཅུས་དོ་ཤལ་བྱས། །དུས་གསུམ་སངས་རྒྱས་མཆོད་པ་ཡིས། །རིན་ཆེན་སྣ་ཚོགས་རྒྱན་དང་ལྡན། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །སྐུ་ལ་འཁྲིལ་བའི་ཡུམ་ཆེན་ནི། །རྒྱན་དང་ཆ་ལུགས་ཡབ་དང་མཚུངས། །ཨི་ཀ་བི་རོ་མཐུ་བོ་ཆེ། །ཁྱེད་ཀྱི་སྤྲུལ་པས་


CMR047_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཡང་ཁྱབ། །རྩ་གསུམ་ལྷ་གནས་མན་ཆད་ནས། །ན་རཀ་དམྱལ་ཁམས་ཡན་ཆད་ནས། །སྤྲུལ་པ་བྱེ་བ་དཔག་མེད་འགྱེད། །བྱང་ཆུབ་སེམས་དཔའི་བསྟན་སྲུང་ཆེ། །ཡབ་ཡུམ་གཉིས་སུ་མེད་པ་ལས། །སྐུ་ཡི་སྤྲུལ་པ་གཅིག་ཏུ་བྱུང་། །གཅིག་ལས་བརྒྱ་བྱུང་བརྒྱ་ལས་སྟོང་། །སྟོང་ལས་ཁྲི་བྱུང་གནམ་ས་གང་། །ལྷ་སྲིན་སྡེ་བརྒྱད་ཁྱེད་ཀྱི་འཁོར། །སྟོང་ཕྲག་བརྒྱད་ཅུ་ཁྱོད་ཀྱི་བྲན། །དམར་གྱི་གཏོར་མ་འདི་ལོངས་ལ། །དགྲ་ཇག་ཆོམ་རྐུན་གཅན་ཟན་ཆིངས། །བཅོལ་བའི་ལས་རྣམས་སྒྲུབ་པར་གྱིས། །དུར་ཁྲོད་བདག་པོའི་ཞལ་དུ་ཁ་རཾ་ཁཱ་ཧི། ཤ་ཟ་ཆེན་པོའི་ཞལ་དུ་ཁ་རཾ་ཁཱ་ཧི། ཁྲག་འཐུང་རྒྱལ་མོའི་ཞལ་དུ་ཁཱ་རཾ་ཁཱ་ཧི། དཔལ་ཆེན་ཧེ་རུ་ཀ་ཡི་ཞལ་དུ་ཁ་རཾ་ཁཱ་ཧི། །བྱོ། མ་མོ་ནག་མོ་མཐུ་སྟོབས་ཅན། །མུ་སྟེགས་ལྷ་མོ་རྫུ་འཕྲུལ་ཅན། །ནོར་སྲང་གང་གི་རྗེས་གཅོད་མ། །ནས་བྲེ་གང་གི་ཕྱིར་འབྲང་མ། །དཀོར་བདག་ཆེན་མོ་ངན་ནེ་མ། །བརྒྱན་གྱི་གཏོར་མ་འདི་བཞེས་ལ། །དཀོར་ནོར་ཀ་ཆ་ཐུབ་པར་སྲུངས། །དམ་བཅས་ཐུགས་དམ་དུས་ལ་བབ། །ཨོཾ་ར་ལི་པྲ་མ་ཡ་ཛཿ དགྲ་རྐུན་ཇག་གསུམ་བྷནྡྷ་


CMR047_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བྷབྡྷ་སྭ་ཧཱ། ཞེས་བརྗོད་ལ་གཏོར་མ་འགྲོ་ཕྱོགས་སམ། དོགས་པ་ཡོད་ཕྱོགས་སུ་ཕུལ། ཚུར་མི་ལེན་ནོ། །ཞེས་པའང་རཱ་ག་ཨ་སྱས་བྲིས་པ་མངྒ་ལཾ།། ༈ ལམ་གཏོར་རྒྱས་བསྡུས་ཀྱི་དགྲ་ཆོས་ནི། དོ་ནུབ་གཏོར་བསྔོས་ཀྱི་ཕྲིན་བཅོལ་མཇུག་གམ། བསྐང་བའི་མཐའ་འམ། གཏོར་སྐྱོང་གི་མཇུག་གང་རུང་དུ་སྦྱར། ཡང་ན་ནངས་སྔ་འགྲོ་ཁར་གཏོར་བསྔོས་སམ། བསང་བཏང་བའི་མཐར་སྦྱར། གཏོར་མ་དམར་གཏོར་གཅིག་གིས་འཐུས། གྲུབ་ན་གཏོར་མའི་རྩེ་ལ་ཤ་དར་བཙུགས། བྱུང་ན་ལིང་ཆུང་པར་བཏབ་པ་བཙུགས། དམིགས་པ་ནི་དགྲ་ཆོས་ལྷ་དམག་སྤྱི་བསྒུལ་བཞིན་བྱ་བ་ལགས། ཞལ་གདམས་སྦི།


previousལམ་གཏོར་དགྲ་ཆོས་བསྡུས་པ།next