Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
ཟློག་པ་སྔགས་དང་བཅས་པ།
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousཟློག་པ་སྔགས་དང་བཅས་པ།next

ཟློག་པ་སྔགས་དང་བཅས་པ།


CMR047_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པའི་སྡེ་དཔོན་སུམ་ཅུ་རྣམས། །འཁོར་དང་བཅས་པ་འདིར་བྱོན་ལ། །མཐུན་པའི་དམ་རྫས་འདི་བཞེས་ལ། །སངས་རྒྱས་བསྟན་པ་བསྲུང་དུ་གསོལ། །དཀོན་མཆོག་དབུ་འཕང་བསྟོད་དུ་གསོལ། །རྣལ་འབྱོར་སྐུ་དགྲ་བསྒྲལ་དུ་གསོལ། །ཉམས་པའི་དགྲ་བོ་བསྒྲལ་དུ་གསོལ། །སྨན་རཀ་གཏོར་མས་ཐུགས་དམ་བསྐང་། །སྨན་རཀ་གཏོར་འབུལ་དལ་ཁ་ཆིངས། །སྨན་རཀ་གཏོར་འབུལ་རིམས་ཁ་ཆིངས། །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་དལ་ཁ་་མཁའ་ལ་སྒྱུར། །དམ་ཉམས་དགྲ་ལ་ནང་འཁྲུག་ཐོངས། །དམ་ཉམས་དགྲ་ལ་ཐོག་ཆེན་ཕོབ། །དམ་ཉམས་དགྲ་ལ་ལྟས་ངན་ཕོབ། །མཐུན་པའི་དམ་རྫས་ཐུགས་དམ་བསྐང་། །ཁྱེད་ཀྱི་ཐུགས་དམ་གཉན་བསྐངས་ནས། །བདག་གི་གཡར་དམ་སོར་སྩོལ་ཅིག །འཁོར་དང་བཅས་པ་འདིར་བྱོན་ཅིག །མཐུན་པའི་དམ་རྫས་འདི་བཞེས་ལ། ད་ལྟ་ཉིད་དུ་དགྲ་ལ་ཆོས། །བཙན་པོ་གྱོན་ལ་རྣོན་པོ་ཐོགས། །མགྱོགས་རྟ་བསྐྱོད་ལ་མྱུར་བར་རྒྱུག །བློ་ངན་ཁྲོས་ངན་མགོ་སྐོར་དང་། །དགྲ་དང་དམག་ཇག་ཤོམ་པ་དང་། །


CMR047_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་བཤོལ་ཐོབ་བསམ་ངན་སྒྱུར། །དགྲ་སྣ་དམག་སྣ་ཇག་སྣ་ཟློག །ཁ་ཡོག་བྱུར་དང་མི་ཁ་ཟློག །རྒྱལ་པོའི་བཀའ་ཆད་བཙན་སྣ་ཟློག །དུག་མཚོན་ངན་པའི་སྦྱོར་བ་ཟློག །ད་དགྲ་ཐད་དུ་ལང་བ་ཟློག །ཕྱིན་ཆད་གནོད་པར་གྱུར་པའི་དགྲ། །གང་ཡིན་ཐམས་ཅད་ཁྱོད་ཀྱིས་ཤེས། །དྲེགས་ཅན་ཁྱོད་ཀྱི་ཟ་སྐལ་གྱིས། །གཏད་དོ་ལས་བཅོལ་མཐུ་མ་ཆུང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་དགོས་པའི་ཆེད་དུ་རཱ་ག་ཨ་སྱས་བསྒྲིགས། ༈ བཟློག་སྔགས་ནི། ཨེ་ཀ་དུ་ན་ཟློག །མ་ཧཱ་དུ་ན་ཟློག །ས་ག་དུ་ན་ཟློག །ཙ་དུར་སྙིང་ལ་ཟློག །ར་ཙ་དུ་ན་ཟློག །སུམ་ཏྲི་རཀྵ་ཟློག །བྱད་ཟོར་ཕུར་ཁ་ཆགས་ཆེ་ཉམ་ང་དགྲ་གྱོད་མི་ཁ་བྲ་མཆུ་ཐམས་ཅད་དགྲ་ལ་བྷྱོ་བྷྱོ༔ ཟློག་ཟློག༔ བྷྱོ་་ཟློག་ཅིག་འདིར་རྩ་སྔགས་མཇུག་ཏུ་བཟློག་སྔགས་ཅི་འགྲུབ་བཟླས་ལ་ཐལ་མོ་བརྡབ།། །།


previousཟློག་པ་སྔགས་དང་བཅས་པ།next