Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
ཐུན་གཏོར་དང་ལིངྒ་སྤྱིའི་འགུགས་གཞུག་དགྲ་བོའི་བླ་ཡིད་གསོད་པའི་མཚོན་ཆ།
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousཐུན་གཏོར་དང་ལིངྒ་སྤྱིའི་འགུགས་གཞུག་དགྲ་བོའི་བླ་ཡིད་གསོད་པའི་མཚོན་ཆ།next

ཐུན་གཏོར་དང་ལིངྒ་སྤྱིའི་འགུགས་གཞུག་དགྲ་བོའི་བླ་ཡིད་གསོད་པའི་མཚོན་ཆ།


CMR047_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་གཏོར་དང་ལིངྒ་སྤྱིའི་འགུགས་གཞུག་དགྲ་བོའི་བླ་ཡིད་གསོད་པའི་མཚོན་ཆ་བཞུགས་སོ།། ཨེ། རང་མདུན་དགྲ་བགེགས་མ་ལུས་བྲུབ་པའི་ཁུང་། །དུག་གསུམ་ལས་ཀྱི་བཙོན་ཁང་གྲུ་གསུམ་པ། །འདོད་ཆགས་མཚོ་འཁྲུགས་ཞེ་སྡང་མེ་དཔུང་འབར། །གཏི་མུག་མུན་གཏིབ་ཁ་རུབ་གཏིང་ཟབ་པ། །ང་རྒྱལ་རི་ཉིལ་ཕྲག་དོག་རླུང་དམར་འཚུབ། །ཟིན་ནས་ཐར་མེད་གཤིན་རྗེའི་ལྕགས་ཁང་ནང་། །ནི་ཏྲི། བསྟན་པའི་སྤྱི་དགྲ་རྣལ་འབྱོར་སྒོས་ཀྱི་དགྲ། །དམ་ཉམས་དགྲ་བོ་ནག་ལ་རིད་པའི་གཟུགས། །ཉམ་ཐག་མྱ་ངན་འདུག་སྟངས་རྐང་ལག་བཅིངས། །མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར། །འགུགས་པ་ནི། ཨེ། ན་མོ་རྩ་བརྒྱུད་བླ་མ་མཆོག་གསུམ་ཞི་ཁྲོའི་ཚོགས། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས། །སྔགས་འཆང་བདག་གི་བསྐྱེད་རིམ་ལྷ་སྔགས་ནུས། །ཏིང་འཛིན་རྒྱུད་སྡེ་བཞི་ཡི་ཕྲིན་ལས་མཐུས། །དྲག་པོའི་ལྷ་ཚོགས་དྲེགས་པ་ལྷ་སྲིན་ཚོགས། །མ་ལུས་འཁོར་བཅས་བཀའ་དང་བདེན་པའི་མཐུས། །བླ་མའི་སྐུ་དགྲ་བསྟན་དང་སེམས་ཅན་གནོད། །བདག་ལ་སྡང་ཞིང་གདུག་པའི་སེམས་ལྡན་པ། །སྔ་དགྲ་


CMR047_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བསྟར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་གནོད་ཅིང་འཚེ་བའི་དགྲ་བགེགས་སྲི། །ཁ་འཇམ་སྙིང་རྩུབ་ཞེ་མནག་མཐོ་དོག་ཅན། །དོ་བསྡོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་པ། །སླར་བསྙེག་མཐུ་ནུས་བུ་ལོན་ལྟར་སྙོག་ཅིང་། །འགྲོ་ལམ་རྩང་འཛུགས་ཟས་ངན་དུག་སྦྱོར་ཤོམ། །མགོ་ཐོག་གཡམ་པ་རྐང་འོག་དྲེལ་བྱེད་པའི། །ཕོ་ཚོད་ཤེད་དཔུང་མི་དཔུང་གྲ་བསྡེབས་པའི། །དམིགས་བྱའི་དམ་ཉམས་ཀུན་དང་ཁྱད་པར་དུ། །ཕྱོགས་མཚམས་སྟེང་འོག་ཕྱི་ནང་ཐམས་ཅད་ནས། །བན་བོན་མུ་སྟེགས་མི་དང་མི་མ་ཡིན། །ཕ་རོལ་བསམ་སྦྱོར་ངན་པའི་ལས་བརྩམས་པ། །བྱད་ཁ་ཕུར་ཁ་རྦད་འདྲེ་དྲོད་གཏོང་མཐུ། །ངག་མནན་དབྱེ་དཀྲུག་བསྐྲད་གཟིར་རྨོང་རེངས་བཤོར། །མནན་གཏད་བསྲེགས་་གཏོར་ཟོར་རྦད་བསད་བཟློག་བཅིངས། །འབྱུང་བཞིའི་འཁོར་ལོ་འགོང་ཆོག་ངན་སྔགས་བསྡེབས། །རྨིས་ལྟས་མཚན་མ་ངན་པ་མི་ཁ་སྲི། །དུག་སྦྱོར་ཁྲམ་ཁ་ཤོ་རྡེལ་རྫས་ནུས་འཕུལ། །ཕྲ་མེན་རིག་སྔགས་ངན་པའི་ལས་བཤམས་པའི། །གནོད་བྱེད་དགྲ་བོའི་རྣམ་ཤེས་བླ་སྲོག་རྣམས། །གནམ་ས་གླིང་བཞི་གླིང་ཕྲན་རི་རབ་གསེང་། །ཉི་ཟླའི་གོ་


CMR047_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆོས་བོན་སྲུང་མའི་སྐྱབས། །མདོར་ན་འཁོར་འདས་སྲིད་པའི་གནས་དང་རྟེན། །གང་ན་འདུག་ཀྱང་དམིགས་པའི་རྟེན་འདི་ལ། །ལོ་ཟླ་ཞག་དང་ཟ་མ་འགྱང་མེད་པར། །སྐད་ཅིག་ཐང་ཅིག་ཡུད་ཙམ་ཉིད་ཅིག་ལ། །མྱུར་བར་ཁུག་ཅིག་ཆིངས་སྡོམ་མྱོས་པས་ཛཿ ཞེས་ལན་གསུམ་དགུ་སོགས་གལ་དང་བསྟུན་ལ་བརྗོད་མཐར། ཡི་དམ་དང་སྲུང་མའི་སྔགས་མཐར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་བཛྲ་རེ་མ་ཏི་མ་བྷྱོ་ཛཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་བྷུ་མི་པཱ་ཏི་དམ་ཉམས་དམིགས་པའི་དགྲ་བོ་ཐམས་ཅད་ཀྱི་བླ་སྲོག་རྣམ་ཤེས་རྟེན་དང་བཅས་པ་ནི་ཏྲི་ཛཿཧཱུྃ་བཾ་ཧོ༔ བཏགས་པ་བཟླ་ཞིང་རྔ་རོལ་དྲག་བརྡུང་བྱ། དམིགས་བྱའི་སྙིང་གར་གནམ་ལྕགས་འཁོར་ལོ་ནི། །རྩིབས་བརྒྱད་སྤུ་གྲིའི་སོ་ལྟར་ངར་ལྡན་པ། །ཁོ་ཡི་ཞེ་སྡང་ཤུགས་ཀྱིས་བསྐུལ་བསྐྱོད་པས། །གཡོན་བསྐོར་མྱུར་བར་དྲག་ཏུ་འཁོར་བ་ཡིས། །བླ་སྲོག་རྣམ་ཤེས་ཚེ་རྟེན་གཟུགས་ཕུང་ཁམས། །ཐམས་ཅད་བཅད་གཏུབ་ཤ་ཁྲག་དམར་ཉིལ་སོང་། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དགྱེས་པའི་རྫས། །དམ་རྫས་ཤ་རི་ཁྲག་མཚོ་མཐའ་ཀླས་སྤེལ། །ཨོཾ་ཨཱཿཧཱུྃ། ལན་གསུམ། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་གསུམ་གྱི་


CMR047_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་རྒྱ་ཆེན་པོ་འདི། བཀའ་སྲུང་གཏེར་བདག །ཕོ་ཉ་ལས་མཁན། དམ་ཅན་རྒྱ་མཚོ་སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད་དྲེགས་པའི་དམག་ཚོགས་རྣམས་ཀྱི་ཞལ་དུ་བསྟབ་བོ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། །ཞེས་པའི་བཀའ་སྲུང་དམ་ཅན་རྒྱ་མཚོའི་སྔགས་ལ་གཏོར་སྔགས་བཏགས་ཏེ་འབུལ་བ་གང་རུང་བྱ། དེ་ནས་གཞུང་ལ་འཇུག་གོ་ལིངྒ་ལ་འགུགས་གཞུག་བྱ་ཚེ་འགུགས་ཟིན་ནས་བླ་འགུགས་དང་བསད་བཅིངས་སོགས་གང་དགོས་འཛབ་བཟླས། མནན་པ་བྱ་ཚེ་འགུགས་གཞུག་ཚར་ནས། ཧཱུྃ། རང་ཉིད་བཅོམ་ལྡན་དཔལ་ཆེན་དྲག་པོའི་སྐུ། །ཕྱག་གཡས་རལ་གྲི་བསྣུན་པས་ས་གཞི་གས། །ཆུ་མེ་རླུང་གི་དཀྱིལ་འཁོར་བཀས་པའི་འོག །ལས་ཀྱི་གཤིན་རྗེ་མ་ཧེ་གླང་གི་མགོ །གནམ་ས་ཙམ་གྱི་ཁ་གདངས་འོ་དོད་འབོད། །དེ་ཚེ་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས། །དགྲ་གྱོད་ཇག་རྐུན་མི་ཁ་བྲ་མཆུ་རྣམས། །དབང་མེད་དེད་ནས་ལས་གཤིན་ཞལ་དུ་བླུགས། །ཞེས་སོགས་ཀིང་ཀི་ལྟར་བྱའོ། །ཞེས་པ་ཉེར་མཁོ་རུ་ཨ་རཱ་གས་སྦྱར་བའི་ཤོག་བྱང་ངོ་། །སརྦ་མངྒ་ལཾ། །བཀྲ་ཤིས།།


previousཐུན་གཏོར་དང་ལིངྒ་སྤྱིའི་འགུགས་གཞུག་དགྲ་བོའི་བླ་ཡིད་གསོད་པའི་མཚོན་ཆ།next