Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
ལམ་གཏོར་དགྲ་ཆོས་སམ་དགྲ་ཟློག
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousལམ་གཏོར་དགྲ་ཆོས་སམ་དགྲ་ཟློགnext

ལམ་གཏོར་དགྲ་ཆོས་སམ་དགྲ་ཟློག


CMR047_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གཏོར་དགྲ་ཆོས་སམ། དགྲ་ཟློག་ཅེས་བྱ་བ་བཞུགས་སོ།། ༈ ལམ་གཏོར་དགྲ་ཆོས་བྱ་བ་ནི། བཀའ་སྲུང་གི་གསོལ་ཁ་རྒྱས་བསྡུས་གང་རུང་གི་མཐར་མཆོད་གཏོར་དམར་གཏོར་གཅིག་བཤམས་ལ། འགུགས་གཞུག་བྱ་ཞིང་། འབྲུ་དྲུག་གིས་བྱིན་རླབས། གཏོར་སྔགས་དང་། བསྔོ་བྱང་བགྱིས་ལ་འདི་སྐད་དོ། །ཧཱུྃ། ཡི་དམ་ལྷ་ཚོགས་གཏོར་མ་འདི་བཞེས་ལ། །བསྟན་པའི་སྤྱི་དགྲ་རྣལ་འབྱོར་སྒོས་དགྲ་ཟློག །ཕོ་རྒྱུད་མགོན་པོའི་ཚོགས་རྣམས་དགྲ་ལ་ཆོས། །བསྟན་པའི་སྤྱི་དགྲ་བདུན་རྒྱུད་རྩད་ནས་ཆོད། །མོ་རྒྱུད་མ་མོའི་ཚོགས་རྣམས་དགྲ་ལ་ཆོས། །གསང་སྔགས་ཆོས་ལ་སྡང་བ་རྩད་ནས་ཆོད། །སྲོག་བདུད་མ་ནིང་ནག་པོ་དགྲ་ལ་ཆོས། །དགྲ་བོ་སྲུང་ཟློག་མཁན་གྱི་ནུས་པ་ཟློག །ལས་མགོན་ཕོ་རྒྱུད་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་རྐྱེན་ངན་སྟོང་དང་ཉི་ཁྲི་ཟློག །མ་མོ་མོ་རྒྱུད་ཚོགས་རྣམས་དགྲ་ལ་ཆོས། །སྡང་དགྲ་ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །རྡོར་ལེགས་ཐེའུ་རང་དམག་ཚོགས་ཀྱི་དགྲ་ལ་ཆོས། །སྡང་དགྲ་ཕོ་ལྷོག་གླང་ཐབས་སྦོས་གྲིས་ཟློག །ཁྱབ་འཇུག་གཟའ་སྐར་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་གདོང་ཐུག་ཧུར་ཐུམ་ནག་པོ་ཟློག །སྔགས་སྲུང་།


CMR047_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོའི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ཁྲག་ནད་རྒྱུ་གཟེར་ཡམས་ནད་ཟློག །པེ་ཧར་རྒྱལ་འགོང་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་བྱེ་ཞིག་སྨྱོ་འབོག་ལྕེབ་གྲི་ཟློག །ཡམ་ཤུད་བཙན་གྱི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་གློ་བུར་གྱི་ཐབས་སྣ་དགུ་ཟློག །སྨྱོ་ཁ་ཀླུ་བདུད་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ཞ་གྲུམ་ལྷོ་རྒོད་མཛེ་ནད་ཟློག་མིག་དམར་ཤན་པའི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་གློ་བུར་ཁྲག་སྐྱུག་བམ་ལོག་ཟློག །མཆེད་གསུམ་སྤུ་གྲིའི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ཧུར་ཐུ་ཁྲག་སྐྱུར་གྲི་ཁ་ཟློག །ཀིང་རུས་དུར་བདག་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ཕྲ་མེན་དུར་སྲི་དུར་འདྲེ་ཟློག །འཆི་བདག་ལས་གཤིན་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་འཆོར་མེད་གཤིན་རྗེའི་ཕོ་ཉ་ཟློག །སྡེ་དཔོན་སུམ་ཅུའི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་སྣང་སྲིད་དྲེགས་པའི་དམག་དཔུང་ཟློག །དྲེགས་ཆེན་བཅོ་བརྒྱད་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་དྲག་སྔགས་གདུག་པའི་དབལ་ཟེར་ཟློག །དྲེགས་པ་ཉི་ཤུའི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ལྟས་ངན་བརྒྱད་ཅུ་རྩ་བཞི་ཟློག །


CMR047_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་དཀར་བདུད་ཀྱི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་འཕྱུག་མེད་བདུད་ཀྱི་ཞགས་པ་ཟློག །སྲོག་སྒྲུབ་གནོད་སྦྱིན་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་རིམས་ནད་དལ་ཡམས་དྲག་པོ་ཟློག །ཤ་ཟ་ཁ་མོའི་དམག་ཚོགས་དགྲ་ལ་ཆོས། །དགྲ་ནོར་གློ་ཧོན་གོད་ཡམས་དམར་ཕྱགས་ཟློག །བཙན་རྒོད་འབར་བའི་དམག་ཚོགས་དགྲ་ལ་ཆོས། །དགྲ་ཡི་འོག་རྟ་previous hit འཚེརརྩུབ ་བཙན་འདྲེ་ཟློག །ལྟོ་འཕྱེ་ས་བདག་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ལོ་ཏོག་བཙའ་སད་སེར་བ་ཟློག །ཕྱོགས་སྐྱོང་གདོན་བཅུའི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲའི་རྗེས་ཤུལ་ལྟས་ངན་བརྒྱད་ཅུ་ཟློག །ཡེ་ཤེས་མགོན་པོ་ཡབ་ཡུམ་དགྲ་ལ་ཆོས། །བསྒྲལ་ཚད་རྣམ་ཤེས་དག་པའི་ཞིང་དུ་ཟློག །མ་གཡེལ་ལས་མཛོད་དམ་ཅན་རྒྱ་མཚོའི་ཚོགས། །ཁས་བླངས་དུས་ལ་བབ་པོ་ས་མཱ་ཡ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲག་རཀྟ་ཁཱ་ཧི། ཏྲག་རཀྟ་ཐུན་བྷྱོ་ཁཱ་ཧི། ཏྲག་རཀྵ་རྦད་བློ་ཁཱ་ཧི། དམ་ཅན་རྒྱ་མཚོ་མགོན་པོ་མ་མོའི་ཚོགས་སྣང་སྲིད་ལྷ་སྲིན་དྲེགས་པའི་དམག་ཚོགས་ཡེ་ཤེས་དང་ལས་ལས་གྲུབ་པ་རྣམས་ཀྱིས་དམ་ཉམས་དགྲ་བོའི་ཤ་ཁྲག་དམ་པ་འདི་


CMR047_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་གྱིས་བཞེས་སུ་གསོལ་ལོ་ཁ་རཾ་ཁཱ་ཧི། ཞེས་དང་མ་མགོན་སྤྱིའི་རྦད་སྔགས་དང་། ཤཱ་ས་ན་ཡང་སྤྲོ་ན་བཟླའོ། །ཞེས་པ་འདི་གཏོར་འབུལ་གྱི་མཇུག་ཏུ་སྦྱར་ན་དགྲ་ཆོས་དང་། དགྲ་ཟློག་ཏུ་འགྱུར་རོ། གཏོར་མ་འགྲོ་ཕྱོགས་སམ། ཐེབས་ཕྱོགས་སུ་ཕུལ་ལོ། །འདི་བྲིས་ཉེས་པ་ལྷ་ལ་བཤགས་ཤིང་། །དགེ་བས་བླ་མ་དམ་པའི་སྐུ་དགྲ་ཐུལ། །སངས་རྒྱས་ཀྱི་བསྟན་པ་སྲུང་རྣལ་འབྱོར་པའི་སྒོས་དགྲ་ཚར་ཆོད་པར་ཤོག །ཅེས་པའང་ཨ་རཱ་གས་སོ།། །།


previousལམ་གཏོར་དགྲ་ཆོས་སམ་དགྲ་ཟློགnext