Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
དྲག་པོ་སྤྱི་འདུས་ཀྱི་བསྐུལ་པ།
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousདྲག་པོ་སྤྱི་འདུས་ཀྱི་བསྐུལ་པ།next

དྲག་པོ་སྤྱི་འདུས་ཀྱི་བསྐུལ་པ།


CMR047_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་སྤྱི་འདུས་ཀྱི་བསྐུལ་པ་ཡོད། ན་མོ་མ་ཧཱ་ཀཱ་ལ་ཡེ༔ ཐུན་གཏོར་དགྲ་བགེགས་འགུགས་གཞུག་བྱས༔ ཞི་རྒྱས་དབང་དྲག་བསྲུང་བ་ལ༔ དེ་ཉིད་བདུད་རྩིར་བསྒྱུར་བྱས་ཤིང་༔ བཟློག་བསད་ལས་ལ་དམིགས་བྱ་ཡི༔ ཤ་ཁྲག་དངོས་ཉིད་འབུལ་བྱ་སྟེ། ཆོས་སྐྱོང་འདི་དག་ཐམས་ཅད་ཀྱིས༔ ལས་བྱང་གོང་དུ་སོང་ན་རབ༔ མིན་ཀྱང་ཡི་དམ་གང་རུང་བསྒོམ༔ གཏོར་བསྔོས་སྔོན་དུ་སོང་གྱུར་ན༔ ཆོས་སྐྱོང་ལས་བྱང་མ་སོང་ཀྱང་༔ གཏོར་འབུལ་འདི་ཉིད་བྱས་པས་འཐུས༔ ཧཱུྃ༔ ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས༔ དམར་ནག་མེ་ཕྲེང་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ནད་གདོན་བར་ཆད་ཞི་བར་མཛོད༔ ཅེས་སམ། ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད༔ ཅེས་སམ། སྣང་སྲིད་དབང་དུ་འདུ་བར་མཛོད༔ ཅེས་སམ། གནོད་བྱེད་དགྲ་བགེགས་ལ་རྡུལ་དུ་རློགས༔ ཞེས་སམ། དམིགས་པའི་དགྲ་བོ་མྱུར་དུ་སྒྲོལ༔ ཞེས་སམ། ཡམས་ནད་རིམས་ནད་བཟློག་ཏུ་གསོལ༔ ཞེས་སམ། བྱད་ཁ་ཕུར་ཁ་སྟོན་པ་ཟློག༔ ཅེས་སམ། དུས་མིན་འཆི་དང་བར་ཆད་ཟློག༔ ཅེས་སམ། དགྲ་ཇག་ཆོམ་རྐུན་བཟློག་ཏུ་གསོལ༔ ཅེས་སམ། མྱུར་བར་སྡང་བའི་དགྲ་ལ་ཆོས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔


CMR047_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སམ། གང་འདོད་སྦྱར་ཏེ་འགྲེས་སོ། །ལས་ཀྱི་གཤིན་རྗེའི་ཞིང་ཁམས་ནས༔ ཁྲོ་ཆུ་དུག་གདོང་འཁོར་དང་བཅས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ རིམ་པ་བདུན་གྱི་ས་འོག་ནས༔ ཀིང་ཀང་དམར་ནག་འཁོར་དང་བཅས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ རྟ་ནག་ལྕགས་རལ་དྲེགས་པའི་ཚོགས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ གསང་བདག་ཁྱུང་གི་ཚོགས་དང་བཅས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ ཨོ་རྒྱན་གསང་བའི་དུར་ཁྲོད་ནས༔ སེང་གདོང་ལྷ་མོ་ཌཱཀིའི་ཚོགས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ མངོན་སྤྱོད་རོལ་པའི་དཀྱིལ་འཁོར་ནས༔ རྡོ་རྗེ་གཞོན་ནུ་འཁོར་དང་བཅས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ བྲག་སྟེང་མཐིང་ནག་གྲུ་གསུམ་ནས༔ རྡོ་རྗེ་བེར་ཅན་འཁོར་དང་བཅས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ ཡོངས་འདུས་ཤིང་གི་རྩ་བ་ནས༔ རང་བྱུང་རྒྱལ་མོ་འཁོར་དང་བཅས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་


CMR047_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ བྱ་རོག་མཚན་ཅན་འཁོར་དང་བཅས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ དགའ་བ་ཚལ་གྱི་དུར་ཁྲོད་ནས༔ དུད་སོལ་ལྷ་མོ་འཁོར་དང་བཅས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ ལྷོ་ཕྱོགས་དཔལ་གྱི་རི་འགྲམ་ནས༔ མྱུར་མཛད་མགོན་པོ་འཁོར་ཟླདང་བཅས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ ༈ ཨུ་ཙ་ལ་ཡི་དུར་ཁྲོད་ནས༔ དཔལ་མགོན་མ་ནིང་འཁོར་དང་བཅས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ ཕོ་བྲང་མཁའ་སྤྱོད་ཙ་རི་ནས༔ སེང་གདོང་ཡབ་ཡུམ་འཁོར་དང་བཅས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ སྲིན་ཡུལ་ལང་ཀ་པུ་རི་ནས༔ རྡོ་རྗེ་སྲིན་མགོན་ཡུམ་དང་བཅས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ སིང་ག་ལ་ཡི་དུར་ཁྲོད་ནས༔ གདོང་བཞི་ནག་པོ་ཡུམ་ཆེན་བཞི༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ ཨོ་རྒྱན་རང་བྱུང་དུར་ཁྲོད་ནས༔ དུར་ཁྲོད་བདག་པོ་ཡུམ་དང་བཅས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ རི་རབ་ལྷུན་པོའི་བྱང་


CMR047_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས༔ བསེ་ཡི་སྐྱེས་བུ་དྲེགས་པའི་ཚོགས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ ཕ་ཝང་ལོང་བུའི་སྐུ་མཁར་ནས༔ རྡོ་རྗེ་ལེགས་པ་མཆེད་འཁོར་བཅས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ ཕྱོགས་བཅུའི་ནམ་མཁའི་དཀྱིལ་ཡངས་ནས༔ ཁྱབ་འཇུག་གཟའ་བརྒྱད་གདོང་མོར་བཅས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ བདུད་བཙན་ཀླུ་ཡི་སྐུ་མཁར་ནས༔ སྤུ་གྲི་མཆེད་གསུམ་གཡོག་དང་བཅས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ བོད་ཡུལ་གནས་ཆེན་བརྒྱད་པོ་ནས༔ དགེ་བསྙེན་སྨྱོ་ཁ་འཁོར་དང་བཅས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ ཤན་པ་དམར་ནག་འཁོར་དང་བཅས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ འཇིག་རྟེན་མཁའ་འགྲོའི་དུར་ཁྲོད་ནས༔ ཤན་པ་སྲོག་སྒྲུབ་ཁ་མོ་ཆེ༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ བལ་བོད་གཉིས་ཀྱི་སོ་མཚམས་ནས༔ ཚེ་རིང་མཆེད་ལྔ་སྨན་མོའི་ཚོགས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ གངས་ཅན་མཐའ་དབུས་ཕྱོགས་མཚམས་ནས༔ བརྟན་མ་བཅུ་


CMR047_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དཔོན་དང་གཡོག༔ འདིར་གཤེགས་བརྒྱན་གྱི་གཏོར་མ་བཞེས༔ འཇིག་རྟེན་མི་མཇེད་ཞིང་ཁམས་ནས༔ དྲེགས་ཆེན་བཅོ་བརྒྱད་སྡེ་དཔོན་ཚོགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པའི་གཏོར་འབུལ་ནི་ཡང་དག་གིས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་དུ༔ དྲག་པོའི་ཕྲིན་ལས་འགྲུབ་པའི་རྟེན་འབྲེལ་ཆོ་འཕྲུལ་ཆེན་པོ་འདུལ་བའི་ཉི་མ་ནག་པོའི་ཉིན་པར་ཡུད་ཙམ་ཅིག་ལ་བྲིས། ཞེས་པ་ཨ་རཱ་གས་སོ། །


previousདྲག་པོ་སྤྱི་འདུས་ཀྱི་བསྐུལ་པ།next