Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
དྲག་པོའི་སྤྱི་བསྐུལ།
  


4 occurrences of འཚེར་རྩུབ་
[Clear Hits]

 
previousདྲག་པོའི་སྤྱི་བསྐུལ།next

དྲག་པོའི་སྤྱི་བསྐུལ།


CMR047_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་དང་། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ། །དམ་ཉམས་དགྲ་བོ་བྱད་མ་འདི། །གསོད་ཅིང་བསྒྲལ་བར་བྱ་བའི་ཕྱིར། །མགོ་ལུས་རྒྱན་དང་བཅས་པ་འབུལ། །མི་ནོར་འཁོར་དང་བཅས་པ་འབུལ། །བཅོལ་ལོ་གཏད་དོ་སྟེར་རོ་བཞེས། །འགུགས་བྱེད་ཚོགས་ཀྱིས་སྙིང་ནས་ཟུངས། །འཆིང་བྱེད་ཚོགས་ཀྱིས་ཡན་ལག་ཆིངས། །སྡོམ་བྱེད་ཚོགས་ཀྱིས་སྙིང་ལག་སྡོམས། །མྱོས་བྱེད་ཚོགས་ཀྱིས་དབང་པོ་དཀྲུག །གནོན་བྱེད་ཚོགས་ཀྱིས་དབང་པོ་ནོན། །གཏུབ་བྱེད་ཚོགས་ཀྱིས་ཤ་རུས་གཏུབས། །ཟ་བྱེད་ཚོགས་ཀྱིས་ཤ་ལ་ཟོ། །འཐུང་བྱེད་ཚོགས་ཀྱིས་ཁྲག་ལ་འཐུང་། །འཆའ་བྱེད་ཚོགས་ཀྱིས་རུས་པ་མུར། །རླག་བྱེད་ཚོགས་ཀྱིས་རྗེས་བལ་ཤུལ་ཕྱོགས། །ཡེ་ཤེས་མགོན་པོ་ཆོས་སྲུང་ཚོགས། །སྣང་སྲིད་གདུག་པ་ཅན་རྣམས་ལ། །དམ་ཉམས་དགྲ་བོ་འབྱུང་པོ་འདི། །ཉེས་སྲུང་མི་ནོར་རྩད་ནས་གཏད། །བཅོལ་ལོ་གཏད་དོ་གཉེར་དུ་ལོངས། །རྫུ་འཕྲུལ་མཐུ་དང་བཅས་པ་གཏད། །བཅོལ་ལོ་གཏད་དོ་གཉེར་དུ་ལོངས། །ཕོ་མོ་ཆུ་རྒྱུད་བཅས་པ་གཏད། །བཅོལ་ལོ་གཏད་དོ་གཉེར་དུ་


CMR047_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས། །ཡུལ་མཁར་སྦྲ་ཞིང་བཅས་པ་གཏད། །བཅོལ་ལོ་གཏད་དོ་གཉེར་དུ་ལོངས། །བཅོལ་བས་མི་བཞེས་མི་སྲིད་དོ། །གཏད་པས་མི་ཐུབ་མི་སྲིད་དོ། །བཟུང་བས་ཤོར་བ་མི་སྲིད་དོ། །མ་ཤོར་མྱུར་དུ་ཁྲམ་ལ་ཐོབ། །དམ་ཉམས་དགྲ་བོ་བྱད་མ་འདི། །མཱ་རི་ཡ་ཟུང་ཟུང་། མཱ་ར་ཡ་ཆིངས་ཆིངས། མཱ་ར་ཡ་ནན་ནན། མཱ་ར་ཡ་གཏུབ་གཏུབ། མཱ་ར་ཡ་དགྲ་བོ་ཐུམ་རི་ལི་ལི་ཛ་ཛཿ སྲོག་རྩ་དམར་པོ་ལ་ཐུམ་རི་ལི་ལི་ཛཿ རྦད་རྦད་བྷྱོ་བྷྱོ་ཟློག་ཟློག །མཱ་ར་ཡ་རྦད་བློ་ཟློག །ཅེས་བྷྱོ་གདབ་ལ། གཟའ་དར་བ་དང་སྤྲད་ལ་དགྲ་ཕྱོགས་སུ་ཕུལ་བའོ། ༧ ཨ་རཱ་གས་བྲིས་སོ། །དམ་མེད་ལ་གསང་རྒྱ། བརྡའ་ཐིམ། རྒྱ་རྒྱ་རྒྱ། རང་གིས་ཕར་ལ་ཟློག་ཚུར་ལ་མི་བཟློག་པའི་སྔགས་ནི། ཨོཾ་བཛྲ་དྷ་ར་ནཾ་གྷ་ཏ། ཡེ་ན་མ་སྭཱ་ཧཱ། ཨ་རྭ་གས་སོ། །སརྦ་མངྒ་ལཾ།། །།


previousདྲག་པོའི་སྤྱི་བསྐུལ།next