Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  
ཐན་པ་འབེབས་པ་རལ་གྲི་གོམ་གཅོད།


4 occurrences of འཚེར་རྩུབ་
[Clear Hits]

 
previousཐན་པ་འབེབས་པ་རལ་གྲི་གོམ་གཅོད།no next

ཐན་པ་འབེབས་པ་རལ་གྲི་གོམ་གཅོད།


CMR047_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཐན་པ་འབེབས་པ་རལ་གྲི་གོམ་གཅོད་ཅེས་བྱ་བ་བཞུགས་སོ།


CMR047_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པས་དམ་སྲི་མནན་པའི་ཐབས། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས། ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨ་ཀཱ་རོ་སོགས། ལན་གསུམ། ཧཱུྃ། ང་ནི་གསང་བདག་རྡོ་རྗེ་འཛིན། །ཚངས་པ་རྒྱལ་ཆེན་ཕྱོགས་སྐྱོང་བཅུ། །མགུལ་ལྷ་དགེ་བསྙེན་བརྟན་མའི་ཚོགས། །ཡུལ་ཕྱོགས་འདི་ཡི་ས་བདག་ཀླུ་གཉན་ཚོགས། །དམ་རྫས་གཏོར་མ་གསེར་སྐྱེམས་འདི་བཞེས་ལ། །བདག་གི་མཐུན་པའི་གྲོགས་མཛོད་ལ། །ས་འདི་བདག་ལ་བསྩལ་དུ་གསོལ། །ས་རྐོ་བ་ལ་


CMR047_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་དོག་མ་མཛད་ཅིག །དམ་ཉམས་དགྲ་བོ་ལས་ངན་ལ། །བཀའ་ཡི་ཆད་པ་མྱུར་དུ་ཆོད། །དམ་སྲི་མནན་པའི་ལས་མཛོད་ཅིག །ཨོཾ་སརྦ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལི་ཁཱ་ཧི། ཞེས་དཀར་གཏོར་འབུལ། དེ་ནས་ལྕོག་རྡོག་ཆངས་བུ་ཏིང་ལོ་བྲན་ལ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པདྨའི་སྣོད་ཡངས་པའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་སོགས། །ལན་བདུན་དང་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ལ། ལན་ཆགས་གླུད་ཀྱི་གཏོར་མ་འདི། །བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ལས། །ས་སྲིན་


CMR047_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་སྲིན་ཀླུ་སྲིན་གདུག་པའི་ཚོགས། །ལན་ཆགས་འབྱུང་པོ་དྲི་ཟ་གྲུལ་བུམ་དང་། །གཟའ་བདུད་ཕོ་ཉ་སྤྲུལ་པའི་ཐན་ལྟས་བདག །གཏོར་མ་འདི་བཞེས་མགུ་ཞིང་ལ། ཚིམ་པར་གྱིས་ལ་རང་རང་གནས་སུ་གཤེགས། །བཀའ་དང་དམ་ལ་འདས་ན་མགོ་བོ་འགས། །ལུས་ངག་དུམ་བུ་ཚལ་པར་འགྲོ་བར་གྱིས། །དེ་བས་ཐམས་ཅད་རང་རང་གནས་སུ་གཤེགས། །ཨོཾ་ཨུཙྪཏ་ཡ་ཕཊ། སུམྦྷ་ནི་སོགས། བཛྲ་རཀྵ་རཀྟ་ཧཱུྃ་ཕཊ། དེ་ནས་ས་འབེབས་པ་ནི། ན་མོ་མཉྫ་ཤྲཱི་ཡེ། དཀོན་མཆོག་གསུམ་དང་འཕགས་འཇམ་དཔལ་ལ་ཕྱག་འཚལ་ལོ། །དེ་རིང་ལྷ་ཀླུ་ཡུལ་ལྷ་ས་བདག་རྣམས། །ཐམས་ཅད་འདུས་ལ་གུས་པས་བདག་ལ་ཉོན། །ས་འདིར་ཡོད་པ་ནི་ངས་མི་ཤེས་པ་མ་ཡིན་ནོ། །ང་རྣལ་འབྱོར་པ་བདག་གིས་ཁྱེད་རྣམས་ལ་ཕོད་མི་བཙུགས། །དོ་མི་བསྡོ། ཡ་བོ་མི་བཟུང་། འགྲས་མི་བཙལ། ས་འདི་འཕགས་པ་དཀོན་མཆོག་གསུམ་གྱི་ལུང་བསྟན་པ་ཡིན། དཔལ་ཕྱག་ན་རྡོ་རྗེ་དང་ཁྱུང་རྒོད་མཁའ་ལྡིང་དམར་པོའི་ལུང་བསྟན་པ་ཡིན། ང་ས་མཁན་གྱི་ཤེས་པ་མ་ཡིན། སྔོན་དྲང་སྲོང་སྔོ་ནག་གི་དང་། སྲིད་པའི་མིའུ་ཐུང་གི་འདིར་ཡོད་ཟེར་བ་


CMR047_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ས་འདིས་འབྱུང་ཚུལ་ལུང་བསྟན་པ་ནི། བྱ་ཁྱུང་འདྲ་བའི་སྦྱར་འོག་ན། །དམ་ཉམས་དགྲ་བོའི་དུར་ས་ཡོད། གླང་ཆེན་འདྲ་བའི་སྣ་ལྗགས་ན། །དམ་ཉམས་དགྲ་བོའི་དུར་ས་ཡོད། །རུ་སྦལ་འདྲ་བའི་སྦོ་ཞབས་ན། །དམ་ཉམས་དགྲ་བོའི་དུར་ས་ཡོད། །དུག་སྦྲུལ་འདྲ་བའི་ལྕེ་མདུད་ན། །དམ་ཉམས་དགྲ་བོའི་དུར་ས་ཡོད། །རལ་གྲི་འདྲ་བའི་ས་འོག་ན། །དམ་ཉམས་དགྲ་བོའི་དུར་ས་ཡོད། །ཆུ་གཉིས་མདུད་པའི་མདོ་སྣ་ན། །དམ་ཉམས་དགྲ་བོའི་དུར་ས་ཡོད། །གྲུ་གསུམ་འདྲ་བའི་མར་ཞབས་ན། །དམ་ཉམས་དགྲ་བོའི་དུར་ས་ཡོད། །བཙན་འཇིགས་ཁྲོས་འདྲའི་བྲག་སྣ་ན། །དམ་ཉམས་དགྲ་བོའི་དུར་ས་ཡོད། །རི་སོག་པོ་ཁྲོས་འདྲའི་གཉའ་ཞབས་ན། །དམ་ཉམས་དགྲ་བོའི་དུར་ས་ཡོད། །བཙན་ས་གསུམ་གྱི་གཉན་ནོན་དགོས། །མགྱོགས་པ་གསུམ་གྱི་སྒབ་དེད་དགོས། །དེ་ལྟར་གསུངས་ནས་བདག་ལ་ལུང་བསྟན་པ་ཡིན། ད་ནི་ས་འདི་འབེབས་པ་ཡིན། ཧཱུྃ། བདག་ཉིད་གསང་བདག་གསལ་བའི་མདུན། །དབང་ཆེན་ཤི་བྷ་ཏྲ་དང་། །བཙུན་མོ་ས་འཛིན་ལག་པ་དང་། །ལྔ་སེར་ལོ་ཟླ་


CMR047_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་ལ་འཁོར། །དུས་ཚོད་ཚེས་གྲངས་བདག་པོ་དང་། །ཞལ་ཟས་དཀར་མངར་འབྲུ་སྣ་དང་། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འབུལ། །ས་ལ་ང་ས་མ་ཟེར་ཅིག །རྡོ་ལ་ང་རྡོ་མ་ཟེར་ཅིག །ཆུ་ལ་ང་ཆུ་མ་ཟེར་ཅིག །མ་བརྐུས་པ་ཡི་འཇལ་དུ་འབུལ། །མ་ཕྲོག་པ་ཡི་སྦྱིན་དུ་འབུལ། །མ་བསད་པ་ཡི་སྟོང་དུ་འབུལ། ཚེ་གླུད་སྲོག་གི་སྐྱོན་དུ་འབུལ། །ནོར་ཕྱུགས་རྟ་ཡི་གླུད་དུ་འབུལ། །ཞི་བ་བྱང་ཆུབ་སེམས་དང་ལྡན་པར་ཤོག །ཨོཾ་ཨ་ཀ་ནི་ནི་ཀ་སོགས། མ་ཡེ་སྭཱ་ཧཱ། ས་བདག་ཀླུ་གཉན་རྣམས་ཞལ་ངོ་མ་ནག་ཐུགས་མ་ལོག །གདུག་པའི་དབལ་ཟེར་མ་བཏང་། ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །མདའ་དར་ལག་ཏུ་ཐོགས་ལ་འདི་སྐད་དོ། །ཧཱུྃ། མདའ་འདི་ཚིགས་གསུམ་འཛོམ་པ་ནི། །ཕུན་སུམ་ཚོགས་པའི་བླ་རྟགས་ཡིན། །ཚིགས་གཅིག་སྟོང་ལ་ཕུད་པ་ནི། །མི་ནོར་སྐག་ལས་ཐར་བ་ཡིན། །སྒྲོ་ལ་ཞིག་རལ་མེད་པ་ནི། །ནོར་ལ་གོད་ཁ་མེད་པའི་རྟགས་ཡིན་བཟང་དགོས། །མདའ་མགུལ་དུ་དར་ཚོན་སྣ་ལྔ་བཏགས་པ་ནི། །མི་ནོར་འཕེལ་རྒྱས་འཛོམས་པའི་རྟགས་ཡིན། །བལ་དང་རིན་ཆེན་སྣ་ལྔས་བརྒྱན་པ་


CMR047_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །བསམ་པའི་དོན་རྣམས་འགྲུབ་པའི་རྟགས་ཡིན། །མདེའུ་རྣོ་ངར་ལྡན་པ་ནི། །ཤེས་རབ་རྣོ་ངར་ལྡན་པའི་རྟགས་ཡིན། །སྨྱུག་མ་ཆག་གས་མེད་པ་ནི། །སྲོག་ལ་ཞིག་རལ་མེད་པའི་རྟགས། །མདའ་མགུལ་གཟི་ཆུ་མིག་དགུ་ཡོད་པ་ནི། །ས་འདྲེ་ཆུ་འདྲེའི་གནོད་པ་བཟློག་པ་ཡིན། ཀྱཻ། དེ་རིང་ཉི་མ་ཐམས་ཅད་དགེ། །གཟའ་སྐར་ཚེས་གྲངས་ཐམས་ཅད་བཟང་། །ཡི་དམ་ལྷ་ཚོགས་བྱིན་རླབས་ཆེ། །ཆོས་སྐྱོང་སྲུང་མ་མཐུ་རྩལ་ཆེ། །ཡུལ་ལྷ་གཞི་བདག་དཀར་ཕྱོགས་ཆེ། །རྡོ་རྗེ་སློབ་དཔོན་དམ་ཚིག་ལྡན། །བཀྲ་ཤིས་ས་ཡི་ས་འདི་འབེབས་པ་ནི། །བྱ་ཁྱུང་ལྟ་བུ་ལ་འབེབས་ན། །གྲེ་བ་ལྟ་བུ་ལ་ཕོབ་ཅིག །གཡུ་འབྲུག་ལྟ་བུ་འབེབས་ན། །ཟེ་བ་ལྟ་བུ་ལ་ཕོབ་ཅིག །སེང་གེ་ལྟ་བུ་ལ་འདེབས་ན། །གཡུ་རལ་ལྟ་བུ་ལ་ཕོབ་ཅིག །རུ་སྦལ་ལྟ་བུ་ལ་འདེབས་ན། །ཁོག་པ་ལྟ་བུ་ལ་ཕོབ་ཅིག །དོམ་བུ་ལྟ་བུ་ལ་འདེབས་ན། །།དང་ཁ་ལྟ་བུ་ལ་ཕོབ་ཅིག །རྒྱ་སྟག་ལྟ་བུ་ལ་འདེབས་ན། །འཛུམ་དྲུག་ལྟ་བུ་ལ་ཕོབ་ཅིག །དུག་སྦྲུལ་ལྟ་བུ་ལ་འདེབས་ན། །སྤྱི་གཙུག་ལྟ་བུ་ལ་ཕོབ་ཅིག །དམ་ཉམས་དགྲ་


CMR047_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེའི་དུར་ས་འདིར་འདེབས་ལ། །ཁྱོད་ས་བདག་ཀླུ་གཉན་རྣམས་ལ། །ས་མིའི་མཐུ་བ་རན་ཙམ་གཅིག་བདག་ལ་གཡོར་དང་། །ང་ས་མཁན་ལ་མཛའ་རོག་དང་ཤག་རོག་ལྟ་བུ་མཛོད་ཅིག །དེ་ནས་ས་མདའ་ས་ལ་བཙུགས་ལ། ཧཱུྃ། ད་ནི་ས་མདའ་སིལ་མ་འདི། །ས་མདའ་ཡིན་པས་ས་ལ་བཙུགས། །ས་འདྲེ་ས་སྲིའི་སྙིང་ལ་བཙུགས། །ཁྱད་པར་དུར་ས་མིག་ལ་གནོད་པའི་ས་འདྲེ་ས་སྲི་ནག་པོ་དགུ་པོའི་སྙིང་ལ་བཙུགས། །ཡ་བདུད་རྒྱལ་པོ་ཡར་ལ་སྒྱུར། །མ་བདུད་རྒྱལ་མོ་མར་ལ་སྒྱུར། །བཙན་བདུད་དྲི་ཟ་ཐད་དུ་སྒྱུར། །ཐན་དང་ཐན་བདག་བཅས་པ་ད་ཆོད་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཕུར་པའམ་འཇོར་ཐོགས་ལ། གནམ་ལྕགས་ཀྱི་སྐག་ལེ་ངར་མ་འདོམ་པ་དགུ་པ་འདི། སྟེང་གི་ལྷ་ལ་མི་འདེབས། འོག་གི་ཀླུ་ལ་མི་འདེབས། བར་གྱི་བཙན་ལ་མི་འདེབས། འགོ་བའི་ལྷ་རྣམས་ལ་མི་འདེབས། སྲུང་མའི་ལྷ་རྣམས་ལ་མི་འདེབས། ནོར་ལྷ་གནོད་སྦྱིན་རྣམས་ལ་མི་འདེབས། ལེ་གུ་རྣམས་ལ་མི་འདེབས། དེ་རྣམས་གཡས་སུ་བཟུར། གཡོན་དུ་བཟུར། བར་དུ་བཟུར། མཐོ་བ་རྣམས་གནམ་ལ་བཞུགས་པ་ཡར་ལ་བཞུགས། །


CMR047_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

དམའ་བ་རྣམས་ས་ལ་བཞུགས་པ་རང་ཡུལ་བཞུགས། དེ་དག་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་མཛོད་ཅིག །ངས་ས་འདི་འདེབས་པ་ནི་ཐན་དང་ཆོ་འཕྲུལ་བཏང་བའི་བདག་པོ་དང་བདག་མོ་རྣམས་ཀྱི་སྙིང་ལ་འདེབས། སྟེང་གི་ཐན་བཅུ་གསུམ་གྱི་གནོད་པ་དགྲ་ལ་སྒྱུར། བར་གྱི་ཐན་བཅུ་གསུམ་གྱི་གནོད་པ་དགྲ་ལ་སྒྱུར། འོག་གི་ཐན་བཅུ་གསུམ་གྱི་གནོད་པ་དགྲ་ལ་སྒྱུར། བྷྱོ་བྷྱོ་ཟློག་ཟློག །དེ་ནས་ས་བརྐོ་བ་ནི། ས་བདག་ལྟོ་འཕྱེ་རྩི་བ་ནི། དཔྱིད་གསུམ་བྱང་། དབྱར་གསུམ་ཤར། སྟོན་གསུམ་ལྷོ། དགུན་གསུམ་ནུབ་ཏུ་ཁ་གྲུ་བཀོ། ༈ རང་ཉིད་ཁྱུང་ནག་བསྒོམ་ལ་འཇོར་མགོ་ལན་གསུམ་ས་ལ་འདེབ། དེ་ནས་ཤ་ལག་པ་ཐོགས་ལ། ཧཱུྃ། ལག་པ་གནམ་ལ་བསྟན་པ་ནི། །སྐྱིད་ཀྱི་གཡང་སྒོ་ཕྱེ་བར་མཛོད། །ལག་པ་ས་ལ་བསྟན་པ་ནི། །འོག་གི་ས་སྒོ་བྱེ་བ་ཆོད། །ས་འོག་དུར་ཕག་ནག་པོས་ཆོད། །ཞག་དུས་ཉི་མའི་ཆོ་འཕྲུལ་ཟློག །དེ་ནས་གཡང་གཞི་ཐོགས་ལ། གཡང་མོ་ལུག་གི་གཡང་གཞི་འདི། །ཤ་ནི་མ་ཉམས་པ་ཡིན་པས། །ནོར་ལ་གོད་ཁ་མེད་པའི་རྟགས། །སྤུ་འདི་མ་ཉམས་པ་འདི་ནི། །ནོར་ཕྱུགས་འཕེལ་བའི་རྟགས་ཤིག་ཡིན།


CMR047_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་གཡང་གཞི་རྩ་བཞི་ཚང་བ་འདི་ནི། །ཕྱོགས་བཞིའི་དགྲ་འདྲེ་འདུལ་བའི་རྟགས་ཡིན་པས། གཡང་གཞི་རྩལ་ཆེན་གནམ་ལ་ལན་གསུམ་གཡུག །ཡར་གྱི་བདུད་བཞི་དང་ས་སྒོ་བྱེ་བ་ཆོད་ཅིག །གཡང་གཞི་ས་ལ་ལན་གསུམ་བརྡེབ། ས་ལ་བརྡབས་པས་ས་སྲིའི་བརྟན་ཕུར་ཕུད། མར་གྱི་ས་སྒོ་བྱེ་བ་ཆོད་ཅིག །བར་དུ་གཡུག་པས་བར་གྱི་ས་འདྲེ་གབ་རྐུང་ཕུད་པ་འདིས་གནོད་བྱེད་ཐམས་ཅད་གཡང་གཞི་འདིས་མནན་པས་མ་ལྡང་ཞིག །མ་འགུལ་ཅིག །བདག་ཅག་ཡོན་མཆོད་ཐམས་ཅད་བསྐལ་པ་དང་ལྡན་པར་གྱུར་ཅིག །ཅེས་མེ་ཏོག་འཐོར། ལག་ལ་ནས་ཐོགས་ལ་དེ་མཁའ་ལ་གཏོར། དེ་ནས་ཐན་ཐག་བྲེག་པའི་ཟོར་བ་དགོས། །ཐན་ཕུར་ཕུད་པའི་ཐོ་བ་དགོས། །ཐན་སྒབ་གཅོད་པའི་སྣ་རེ་དགོས། གཞི་མ་དཀར་པོ་ཕྱིང་པའི་ལྭ་བ་དཀར་པོ་ཁ་གང་གི་ཐོག་ཏུ་དཀར་གཏོར་འབྲུ་སྣ་གསེར་སྐྱེམས་བཞག །རེ་བ་ནག་པོའམ་ཕྱིང་མ་ནག་པོ་ཁ་གང་གི་ཐོག་ཏུ་འབྲུ་ནག་གི་དཔལ་གཏོར་དུག་ཁྲག་གིས་བརྒྱན་པ་གཅིག་འོག་ཏུ་བཞག །དེ་ལ་ཐན་ཐག་ནག་པོ་འདོམ་པ་དགུ་པས་བཅའ་ཏི་འོག་ཏུ་བཞག །རང་ཉིད་སྔགས་འཆང་དྲག་པོ་བསྐྱེད། ཨོཾ་ཨཱཿཧཱུྃ་གསུམ་གྱིས་གཏོར་མ་དྲི་རོ་ཕུན་སུམ་ཚོགས་པར་གྱུར། ཧ་ཧོ་ཧྲཱིཿཕེཾ། ལྷ་ཡི་སྡེ་ཚོགས་ཚངས་པ་ཆེན་པོ་དང་། །ཀླུ་ཡི་སྡེ་ཚོགས་


CMR047_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

མི་མགོན་དཀར་པོ་དང་། །ས་བདག་ས་ཡི་ལྷ་མོ་བརྟན་མའི་ཚོགས། །ཡུལ་ཕྱོགས་འདི་ཡི་གནས་བདག་གཞི་བདག་རྣམས། །གཏོར་མ་བཞེས་ལ་གཟུ་དང་དཔང་པོ་མཛོད། །མགུར་ལྷ་དགེ་བསྙེན་བརྟན་མ་ཡུལ་འདིས་བདག །དཀར་ཕྱོགས་མཆོད་པར་འོས་དང་བསྟོད་པར་འོས། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ། །དངོས་འབྱོར་ཡིད་སྤྲུལ་རྒྱས་པའི་གསེར་སྐྱེམས་དང་། །དཀར་དམར་ལོངས་སྤྱོད་འབྲུ་སྨན་གཏོར་མས་མཆོད། །གསེར་སྐྱེམས་མཆོད་པའི་དམ་རྫས་འདི་བཞེས་ལ། །ལྟས་ངན་རྨི་ལམ་ངན་པ་ཐམས་ཅད་ཟློག །ལོ་ཟླ་སྤར་སྨེ་ས་བདག་ཐམས་ཅད་རྣམས། །གསེར་སྐྱེམས་མཆོད་པའི་དམ་རྫས་འདིབཞེས་ལ། །ལོ་ཟླ་ཞག་གི་སྐག་རྣམས་ཐམས་ཅད་ཟློག །གཟུ་དང་དཔང་པོ་དམ་པ་མཛད་དུ་གསོལ། །བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་དཀར་གཏོར་གསེར་སྐྱེམས་མཆོད། དེ་ནས་གཞི་ནག་པོའི་ཐོག་འབྲུ་ནག་དམར་གཏོར་དང་བཅས་པ་བྲན། ཞེས་སོགས་བཀའ་བརྒྱད་གཞུང་དུ་ཡོད་ལྟར་གཟུ་དཔང་གསེར་སྐྱེམས་བཅོལ་གཏད་བྱའོ། །དེ་ནས་གཏོར་མ་ནག་པོ་དེ་བྲན་ལ། ཧཱུྃ། བདག་ཅག་རྣམས་ལ་གནོད་པ་ཡི། །ཆགས་ཆེ་ཉམ་ང་ཐམས་


CMR047_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བཟློག་ཏུ་གསོལ། །ཡས་ཀྱི་བདུད་གཡོས་མས་ཀྱི་སྲི་ལངས་ཟློག །བདུད་བཙན་གཤིན་རྗེ་དྲི་ཟའི་ཕོ་ཉས་ཟློག །མ་བདུད་ཐེའུ་རང་དམུ་ཡི་ཕོ་ཉ་ཟློག །ལྷག་པ་ཐམས་ཅད་ཡ་བདུད་ཕོ་ཉས་ཟློག །མ་ཚང་བ་རྣམས་མ་བདུད་ཕོ་ཉས་ཟློག །མོན་དང་རྒྱུ་ལུག་ཐམས་ཅད་བཟློག་གྱུར་ཅིག །ཧོ་དགོངས་སུ་གསོལ་ལོ། །ས་རིམ་པ་དགུའི་འོག་རོལ་ནས། མཐའ་མེད་རྒྱ་མཚོའི་ནང་ཤེད་ནས། གཤིན་རྗེ་ཡ་མ་རཱ་ཙ། ལས་གཤིན་སུམ་བརྒྱ་དྲུག་ཅུ། ལས་ཀྱི་གཤིན་རྗེ་བྷ་ཝ་སྭ་ཏ། སྤྲུལ་པ་ཉི་ཁྲི་གཅིག་སྟོང་། ཡང་སྤྲུལ་ལས་མཁན་ཕོ་ཉ་ཁྱེད་རྣམས་ཀྱིས་གནམ་ས་ཙམ་གྱི་ཞལ་ཕྱེས། གངས་རི་ཙམ་གྱི་མཆེ་བ་གཙིགས། བར་སྣང་ཙམ་གྱི་ལྗགས་རྐྱངས་ལ། སྟོང་གསུམ་ཙམ་མིད་པ་རུ༔ བསྟན་པ་བཤིགས་པའི་དགྲ་བགེགས་འབྱུང་པོ་རྣམས། ཐན་ལྟས་རྨི་ལམ་མོ་ངན་པ་བཞེས་ཤིག །དགྲ་གྱོད་ཇག་རྐུན་གནོད་པ་བཞེས་ཤིག །ནད་བདག་ཡམས་བདག་རིམས་ཀྱི་བདག་པོ་བདག་མོ་བཞེས་ཤིག །ཟ་འདྲེ་འགོང་པོ་དབུལ་སྲི་བཞེས་ཤིག །སྟེང་འོག་བར་གསུམ་གྱི་ལྷ་ཀླུ་གཉན་རྣམས་ཀྱིས་དྲང་ཤན་ཕྱེས་ཤིག །ཐན་ཐག་འདི་


CMR047_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཟོར་བས་བྲེག་ཅིག །ཐན་ཕུར་འདི་ཐོ་བས་ཕུད་ཅིག །ཐན་སྒབ་འདི་སྟ་རེས་ཆོད་ཅིག །ཐན་ལྟས་འདི་དགྲ་ལ་སྒྱུར་ཅིག །ལྟས་ངན་འདི་བགེགས་ལ་སྒྱུར་ཅིག །ཆོ་འཕྲུལ་འདི་དགྲ་བོ་དམ་ཉམས་བསྟན་དགྲ་རྣམས་ལ་སྒྱུར་ཅིག །བཟློག་ཅིག །ཨོཾ་ལཾ་ཧཱུྃ་ལཾ་སུཾ་བྷ་ཡ་ནན། བཟློག་ཅིག་སྒྱུར་ཅིག །ཅེས་དམོད་བཅོལ་གང་དྲན་དང་བཅས་ལ་ཐན་ཐག་ཟོར་བས་དུམ་བུ་དགུ་བཅད་ལ་དོང་ནང་དུ་ཐན་དང་མཉམ་དུ་མནན་ལ། འགུགས་གཞུག་ལན་གསུམ་བྱ། དེ་ནས་བཅའ་ཐི་མ་ཧཱ་བ་ལ་སོགས་གང་འོས་འདོན་ལ་མནན་ནོ། །དེ་སྟེང་བཅའ་ཐི་ནག་པོ་གྲུ་གསུམ་ལྟ་བུ་བརྩེགས། །དམ་ཉམས་ཐན་ཐན་བདག་དང་བཅས་པ་ལས་གཤིན་ཞལ་དུ་འཕང་བར་བསམ། ཞེས་རྟ་བྲོ་དང་བྱ་ཁྱུང་གིས་རྗེས་བཅད་པར་བསམས་ལ་མི་དམིགས་པའི་ངང་ལ་ཡུན་རིང་དུ་བཞག་གོ། །ཞེས་པ་འདི་ཡང་སློབ་དཔོན་པདྨས་མཛད་པའི་བཅའ་ཐི་དང་། ཕྱག་རྡོར་གྱི་ལས་མཐའ་བཅའ་ཐི་དང་། རྒྱ་ནག་དུ་ཧར་ནག་པོས་མཛད་པའི་ས་འབེབས་ནང་མནན་པ་ལ་གཞི་བྱས་ནས་སྔགས་ཆུང་གསར་བུ་འགའ་ལ་ཕན་ཕྱིར་༧ རཱ་ག་ཨ་སྱས་སྨྲས་པ་ལྟར། པདྨ་ཐབས་མཁས་ཞེས་པའི་ཡི་གེར་བཀོད། །ཉེས་འགལ་མཆིས་ན་ལྷ་དང་སྲུང་མར་བཤགས། །དགེ་བས་སེམས་ཅན་རྣམས་ལ་ཕན་ཐོགས་དང་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །སརྦ་མངྒ་ལམ།། །།


previousཐན་པ་འབེབས་པ་རལ་གྲི་གོམ་གཅོད།no next