Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
ལྷ་དམག་སྤྱི་བསྐུལ་ཐན་ལྟས་ཁྲ་འགྱེད་དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་འགྲིགས་ཆགས་སུ་བཀོད་པ།
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousལྷ་དམག་སྤྱི་བསྐུལ་ཐན་ལྟས་ཁྲ་འགྱེད་དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་འགྲིགས་ཆགས་སུ་བཀོད་པ།next

ལྷ་དམག་སྤྱི་བསྐུལ་ཐན་ལྟས་ཁྲ་འགྱེད་དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་འགྲིགས་ཆགས་སུ་བཀོད་པ།


CMR047_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དམག་སྤྱི་བསྐུལ་ཐན་ལྟས་ཁྲ་འགྱེད་དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་འགྲིགས་ཆགས་སུ་བཀོད་པ་བཞུགས་སོ།


CMR047_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་མ་ཧཱ་ཀ་ལ་ན་མ། དགྲ་ཆོས་ལྷ་དམག་སྤྱི་བསྐུལ་དགྲ་བགེགས་ཚར་གཅོད་ལ། དམར་གཏོར་གཅིག་ལ་དམར་གཏོར་བཅུས་བསྐོར། དཀར་གཏོར་གཅིག་ལ་གཡག་ལུག་བྱ་རིགས་གཟུགས་ཀྱིས་བསྐོར། སྤྲོ་ན་གཡག་རུ་གཡོན་པའམ། རྟ་རྨིག་གཡོན་པའི་ནང་དུ། དགྲ་བོའི་བླ་བྱང་རྡོ་ནག་རྡེའུ་དགུ་བཅུག །ལིངྒ་མགོ་ཐུར་བསྟན་ལ་བཏགས་སོ། །གླང་མའི་ལིང་དགུ་ཧཱུྃ་དང་བྷྱོ་ཁྲམ་བྲི། ཚྭ་གཡེར་རམ་རུག་གོ་གསུམ་ཐལ་བ་དང་། ཤ་རུ་དགོ་རུ་གཙོད་རུ་མདའ་ཆག་རྣམས། གྲི་ཡས་ལ་ཙག་བྱུག་པ་དང་། ཤིང་ནག་ལ་རྔ་མོང་དྲེལ་ཕག་དང་། ཐན་ལྟས་ཁྲ་འགྱེད་ཀྱི་ཡིག་ཆུང་གནད་ཡིག་དཔེའུ་རིས་ལྟར་བྱས་ལ། ཤིང་ཚེར་མ་ཅན་ནམ་དྲག་པོའི་ཤིང་གི་མཚོན་ཆ་སྣ་ཚོགས་བྱེད་ལ་རྩེ་མོ་ལ་དུག་ཁྲག་གི་ཁྲག་རོ་སོལ་དང་


CMR047_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེས་པ་བྱུག དེའི་སྟེང་ལ། མཱརཡདགྲབོའིསྲོགལརྦདདགྲབོའིསྲོགལརྒྱུགལུསལཧབཤམཱརཡསོད༔ བཟློག་པ་ཁ་རྐྱང་ཡིན་ན། བྷྱོ་ཟློག་སྒྱུར༔ སོགས་ཁ་སྒྱུར་བྱེད། མཚོན་ཆའི་རྩེ་མོ་དགྲ་ཕྱོགས་སུ་བསྟན་ལ་རྔ་མོང་ལུས་ལ་བཙུགས་ནས་བོར་ན་དགྲ་བྲུབ་འགྲོ་བ་ཡིན། ཡི་དམ་ཆོས་སྐྱོང་བཀའ་སྲུང་ཡོངས་རྫོགས་བསྐུལ། དེ་ནས་ཨ་ཁཾ་དམིགས་བྱ་བསྐྱེད་པ་ནི། ཨོཾ་སྭ་བྷ་ཝས་སྦྱངས། གཏོ་ནག་མི་དམིགས་པ་སྟོང་པའི་ངང་ལས་བདུད་ཤིང་ནག་པོའི་གླང་གཟུགས་དང་ཤིང་མི་ནག་པོ་ཁ་སྨྲས་གླེང་གཞིའི་ཁྲག་གྲོད་མགུལ་དུ་བཏགས་པ། ཐན་རིགས་ལྟས་ངན་མི་སྡུག་སྣ་ཚོགས་ཀྱིས་བསྐོར་བ། དེའི་མདུན་དུ་ལྕགས་ཁང་


CMR047_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོའི་ནང་དུ། དགྲ་བོ་འགུགས་པའི་གཡག་རུ་ནག་པོ་ཚ་ལ་རྩུབ་པ་ནག་ལ་འཇིག་པ། དེའི་ནང་དུ་ཐད་དུ་ལང་བའི་དགྲ་བོ་ཐམས་ཅད་ཀྱི་བླ་དང་སྲོག་གི་ལིང་གཟུགས་དང་སྐྱེ་མཆེད་ཚང་བ་སྔོ་ལ་སྐྱ་བ། ཧཾ་ལ་རིད་པ། མིག་ནས་ཁྲག་གི་མཆི་མ་ཤོར་བ། རྐང་ལག་ལྕགས་སྒྲོག་གིས་བསྡམ་པ། མགོན་སྐྱབས་ཀྱི་ལྷ་དང་བྲལ་ནས་འདར་ལྡི་ལི་ལི་སྔང་ཧད་ཧད་བྱེད་པ་ཉམ་ཐག་ཉོན་མོངས་པ་ཁ་ནས་ང་སྡུག་དང་ང་བསྔལ་གྱི་ཆོ་ངེ་འདེབས་པ་ཞིག་ཏུ་གྱུར། གཞན་ཡང་སྔགས་འཆང་བདག་དང་ཡོན་བདག་འཁོར་དང་བཅས་པ་ཐམས་ཅད་ལ། ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅས་པ་ཐམས་ཅད་ནས་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། །ལེན་པ་མེད་པའི་ནོར་འཕྲོག་པ། བཟློས་པ་མེད་པའི་སྲོག་ལ་རྒོལ་བ། ཟོས་པ་མེད་པའི་བུ་ལོན་སྙག་པ། དོ་བསྡོ་ཤིང་ཕོད་བཙུགས་པའི་དགྲ་ཡ་གྱོད་ཡ་འཛིང་ཡ་འཁོན་ཡ་བྱེད་པའི་དགྲ་བོ། ལ་ཁ་ནས་ཇག་པ་རྟ་སྒ་བཏོད་མི། ལུང་ཁུང་ནས་རྐུན་མ་ཤེད་སྤུ་ཁུར་མི། རྐུན་ཁ་ཤོམ་བྱེད་མི། འཇབ་ལག་ཤོམ་བྱེད་མི། ཁ་མཆུ་དང་བཙོད་ཡ་བྱེད་


CMR047_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགྲ་བོ། གདོན་བགེགས་འབྱུང་པོ་དམ་སྲི་ཐམས་ཅད་ཀྱི་བླ་རྡོ་ནག་པོ། བླ་ཤིང་ལིང་དགུ་གྲུབ་པའི་ཚྭ་སྒོག་རམ་པ། གོ་གསུམ་ཐལ་བ། ཡས་སྟགས་དེ་དག་ཐམས་ཅད་ལ་དགྲ་བགེགས་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་དབྱེར་མེད་དུ་ཐིམ་པར་གྱུར། ཛཿ རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཡི་དམ་རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས་ཀྱི་བཀའ་བདེན་པ་དང་། བཀའ་སྲུང་དམ་ཅན་རྒྱ་མཚོ་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཕོ་ལྷ་དགྲ་བླ་ཝེར་མ་ཡུལ་ལྷ་ཟོ་དོར་རྣམས་ཀྱི་བཀའ་བདེན་པ་དང་། སྔགས་འཆང་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པའི་མཐུས། སྔགས་འཆང་རྣལ་འབྱོར་པ་བདག་ཅག་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ལ། ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅས་པ་ཐམས་


CMR047_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ནས། སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་བསམ་པ། ད་དགྲ་དངོས་སུ་བྱེད་པའི་གནོད་བྱེད་དགྲ་བོ། ལེན་པ་མེད་པའི་སྲོག་ལ་རྒོལ་བ། བསྡོས་པ་མེད་པའི་ནོར་འཕྲོག་པ། ཟོས་པ་མེད་པའི་བུ་ལོན་བསྙག་པ། དོ་བསྔོ་ཞིང་ཕོད་བཙུགས་པའི་དགྲ་ཡ་གྱོད་ཡ་འཛིང་ཡ་འཁོན་ཡ་བྱེད་པའི་དགྲ་བོ། ལ་ཁ་ནས་ཇག་པ་རྟ་སྒ་བཏོད་མི། ལུང་ཁུང་ནས་རྐུན་མ་ཤེད་སྤྱི་ཁུར་མི། རྐུན་ཁ་ཤོམ་བྱེད་མི། འཇབ་ལག་ཤོམ་བྱེད་མི། ཁ་མཆུ་དང་རྩོད་ཡ་བྱེད་མི། མི་མེད་དང་ལྷ་མེད་ཟེར་བའི་དགྲ་བོ་ཐམས་ཅད་ཀྱི་བླ་སྲོག་རྣམ་པ་ཤེས་པ་མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་འགྲམ། བར་ཉི་ཟླའི་ཁྱིམ། །སྔགས་པ་ནུས་པ་ཅན་གྱི་གུར་ཁང་། སྲིད་པ་གསུམ་གར་གནས་ཀྱང་སྐད་ཅིག་རང་དབང་མེད་པར་གཟུགས་ལིངྒ། བླ་རྡོ་ནག་པོ་མིང་བྱང་གླང་གཟུགས་ཐལ་རམ་འདི་ལ་ཁུག་ཅིག་ཕོབ་ཅིག །བཛྲ་ཨཾ་ཀུ་ཤ་ཛཿརཏྣ་པཱ་ཤ་ཧཱུྃ། པདྨ་སྤོ་ཊ་བི། ཀརྨ་གྷནེ་ཧོ༔ ཅེས་རོལ་ཆེན་དང་བཅས་ལན་དགུ་བཀུག་པར་བྱའོ། །དང་པོ་གཟུ་དཔང་དང་མི་འགལ་བ་རྣམས་ཚུལ་བཞིན་ཉམས་སུ་


CMR047_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ལ། དཀོན་མཆོག་གསུམ་པོ་གཟུ་དང་དཔང་། །བླ་མ་ཡི་དམ་གཟུ་དང་དཔང་། །མཁའ་འགྲོ་ཆོས་སྐྱོང་གཟུ་དང་དཔང་། །བཀའ་སྲུང་དམ་ཅན་གཟུ་དང་དཔང་། །ནོར་ལྷ་གཏེར་བདག་གཟུ་དང་དཔང་། །ཕོ་ལྷ་དགྲ་ལྷ་གཟུ་དང་དཔང་། །ཡུལ་ལྷ་གཞི་བདག་གཟུ་དང་དཔང་། །གནས་པོ་དགེ་བསྙེན་གཟུ་དང་དཔང་། །ཁྱེད་རྣམས་གཟུ་དང་དཔང་མཛོད་ཅིག །གཏོར་མ་འབྲུ་སྣ་འདོད་ཡོན་ལྔས། །མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང་། །ཇ་ཕུད་ཆང་ཕུད་བདུད་རྩི་ལྔས། །གཟུ་དཔང་ལྷ་ལ་མཆོད་པ་འབུལ། །དགྲ་བགེགས་ཤ་ཁྲག་ལིངྒ་ཡིས། །བཀའ་སྲུང་དམ་ཅན་མཉེས་གྱུར་ཅིག །བདུད་རྩི་གསེར་སྐྱེམས་མཆོད་པ་ཡིས། །ཕོ་ཉ་ལས་ལ་རྒྱུག་པ་བརྔན། །དཀར་གསུམ་མངར་གསུམ་གཏོར་མ་ཡིས། །ཡུལ་ལྷ་གཞི་བདག་གཉན་པོ་མཆོད། །ཕྱི་ནང་གསང་བའི་བསྐང་རྟེན་གྱིས། །ཁྱད་པར་ཅན་གྱི་སྲུང་མ་བརྔན། །ཚྭ་གཡེར་རམ་པ་ཐལ་འཇིམ་འདིས། །དགྲ་བོ་བྱད་མ་ཐམས་ཅད་བྲུབ། །ཤིང་ནག་གླང་མའི་ལིང་དགུ་དང་། །གྲི་ཤ་འཕང་དམར་རུ་ཅོ་ལ། །དགྲ་བོའི་མི་ནོར་ཁྲམ་ལ་ཐོབ། །གླང་


CMR047_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ངར་མི་ནག་པོ་ལ། །མོ་ངན་རྨིས་ངན་ལྟས་ངན་སྒྱུར། །ཕུང་ལྟས་ཁྲག་གི་གྲོད་པ་ལ། །དགྲ་བོ་གྲི་ངོ་རྨེ་ངོ་སྒྱུར། །གཡག་རུ་ནང་གི་ལིངྒ་ལ། །དགྲ་རྐུན་ཇག་པའི་བླ་སྲོག་ཁུག །དོ་ནུབ་ཉི་མའི་དགོང་འཚམ་ལ། །ཡི་དམ་ཆོས་སྐྱོང་བསྙེན་གྲངས་ཐེམས། །སྔགས་འཆང་བཟླས་བརྗོད་གྲངས་ཡང་ཚང་། །བཀའ་སྲུང་དམ་ཅན་རྒྱུག་པའི་སྲང་། །ཕོ་ཉ་ལས་མཁན་དམག་ལ་ཆོས། །དགྲ་བླ་ཝེར་མ་དགྲ་ལ་རྒྱུག །ཡུལ་ལྷ་གཞི་བདག་དགྲ་ལ་ཆོས། །ཁྱད་པར་སྲུང་མས་ཕྲིན་ལས་མཛོད། །ཀུ་དང་བསྲོ་ལ་དགའ་བ་དང་། །དར་ལ་འདུ་བ་དགྲ་བླའི་ལུགས། །སེར་ཆགས་ཡོངས་ཀྱི་དགྲ་བླ་རྣམས། །དར་ནག་ཕྱོར་ལ་ད་འདུས་ཤིག །རྔ་སྒྲ་ལྡིར་ལྡིར་ཆས་རེ་རན། །གོ་ཁྲབ་གྱོན་ལ་རྣོ་མཚོན་ཐོགས། །མགྱོགས་པ་ཞོན་ལ་རིངས་པར་རྒྱུག །ཞེ་སྡང་ཕྱུངས་ལ་ང་རྒྱལ་བསྐྱེད། །དགྲ་གཟུགས་ལིངྒ་འདི་གཉིས་ལ། །གང་ལ་དམིགས་པའི་དགྲ་བོ་གསུམ། །མཉམ་པོར་བཞེས་ལ་མེད་པར་མཛོད། །དགྲ་ངོ་བབ་ན་དགྲ་བོ་བྲུབ། །ཇག་ངོ་བབ་ན་ཇག་པ་བྲུབ། །རྐུན་ངོ་བབ་ན་རྐུན་མ་བྲུབ། །གྱོད་ངོ་བབ་ན་གྱོད་ཡ་


CMR047_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བྲུབ། །སྨྲས་ངོ་བབ་ན་སྨྲས་ཡ་བྲུབ། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བློ། །བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ། །དུས་ལ་བབ་བོ་ས་མཱ་ཡ། །དགྲ་ལ་རྦད་དོ་མཐུ་མ་ཆུང་། །ཞེས་ཡི་དམ་ཆོས་སྐྱོང་བཀའ་སྲུང་རྣམས་ཀྱི་ཆད་སྔགས་དྲག་ཏུ་བཟླའོ། །བདག་ཉིད་ཡི་དམ་རྗེ་བསྒོམ་པའི་མདུན་དུ་ཆོས་སྐྱོང་སྲུང་མ་འཇིག་རྟེན་ལས་འདས་པ་དང་མ་འདས་པ་ཐམས་ཅད་ཀྱིས་རང་རང་གི་བཀའ་ཉན་འབུམ་དང་བཅས་ནས་མགྱོགས་པ་ཆིབས་ཤིང་ཕྱག་ཏུ་ཐན་དང་ལྟས་ངན་སྣ་ཚོགས་ཐོགས་ནས་རང་གི་མདུན་དུ་ཡོད་པར་བསམ་ལ། བདག་ཉིད་ཡི་དམ་གྱི་བཀའ་ཉན་གསུང་སྡོད་དུ། དཔེར་ན་རྗེའི་བཀའ་ལ་བྲན་གྱིས་མི་འདའ་བ་བཞིན་དུ་དགྲ་ལ་ཐན་ལྟས་སྣ་ཚོགས་བཏང་བའི་ལས་བྱེད་པར་བསམ། ༈ ཧཱུྃ། མ་གཡེལ་མ་གཡེལ་སྲུང་མའི་ཚོགས། །མ་གཡེལ་དྲག་པོ་དགྲ་ལ་རྒྱུག །བསྟན་པ་གཉན་ལ་དགྲ་བྱུང་ན། །ལྷ་དང་སྲུང་མའི་དམག་ཚོགས་འདུས། །སངས་རྒྱས་ཆོས་ཀྱི་སྐུ་དགྲ་ལ། །དྲག་ཤུལ་ཅན་གྱི་དམག་ཚོགས་ཆོས། །ཞལ་ཤེས། །ལས་གཤིན་ཀིང་ཀང་དམར་ནག་ཆོས། །དུག་གདོང་ལས་གཤིན་འཁོར་བཅས་ཆོས། །རྡོ་རྗེ་འཇིགས་བྱེད་འཁོར་བཅས་


CMR047_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། །ལས་གཤིན་ཆོས་རྒྱལ་ཡབ་ཡུམ་ཆོས། །ཚེ་བདག་ནག་པོ་འཁོར་བཅས་ཆོས། །མ་མགོན་ཕྱོགས་བཅུའི་མགོན་པོ་ཆོས། །མགོན་པོ་བྱ་རོག་འཁོར་བཅས་ཆོས། །བྱིན་བརླབས་མྱུར་མཛད་མགོན་པོ་ཆོས། །དཔལ་ལྡན་ལྷ་མོ་དཔོན་གཡོག་ཆོས། །བདུད་མགོན་སྲོག་བདུད་ནག་པོ་ཆོས། །སྲིན་མགོན་གཉན་མགོན་ཡབ་ཡུམ་ཆོས། །སྔགས་སྲུང་ཚེ་རིང་མཆེད་ལྔ་ཆོས། །ཞིང་སྐྱོང་སེང་གདོང་ཡབ་ཡུམ་ཆོས། །དུར་ཁྲོད་བདག་པོ་བདག་མོ་ཆོས། །གདུག་པ་བསེ་ཡི་སྐྱེས་བུ་ཆོས། །གཙང་བཙན་མཆེད་འཁོར་བཅས་པ་ཆོས། །གཡུ་སྒྲོན་སྨན་མོ་འབུམ་ཚོགས་ཆོས། །སྔགས་བདག་ཀླུ་ཆེན་བརྒྱད་པོ་ཆོས། །མཁར་ནག་ཀླུ་བདུད་ཀླུ་བཙན་ཆོས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཆོས། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་ཆོས། །དྲག་ཤུལ་ཅན་གྱི་དམག་ཚོགས་ཆོས། །འདོད་ཁམས་ལྷ་དང་སྲུང་མ་ཆོས། །མཐུ་ཆེན་དབང་པོ་བརྒྱ་བྱིན་ཆོས། །རྩལ་མཁན་ཚོགས་བདག་གླང་སྣ་ཆོས། །མདའ་མཁན་གྱི་ནུ་རཱ་ཙ་ཆོས། །འཐབ་སྐྱེན་མ་ཧཱ་ཀཱ་ལ་ཆོས། །སྟོབས་ཆེན་ལེགས་ལྡན་ནག་པོ་ཆོས། །མཐུ་ཆེན་སྔགས་ཀྱི་བདག་


CMR047_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆོས། །འཛིན་མཁན་བྲག་ལྷ་མགོན་པོ་ཆོས། །ལམ་མཁན་ཨཱརྱ་རེ་མན་ཆོས། །སོ་མཁན་དཔལ་རབ་འཆང་བའི་མགོན་པོ་ཆོས། །ཡང་ཟོར་ཧཱ་ལུ་མ་དྷ་ཆོས། །སྒྲོགས་མཁན་ཁྱབ་འཇུག་ནག་པོ་ཆོས། །རྐྱལ་མཁན་བ་ལི་སྨུག་པོ་ཆོས། །མདའ་ར་ཉེ་དབང་སོ་གཉིས་ཆོས། །གཅོད་མཁན་ལྷ་སྲིན་སྡེ་བརྒྱད་ཆོས། །བརྟུལ་ཟླཞུགས་གླང་ཆེན་སྨྱོན་པ་ཆོས། །འཕྲང་སྲུང་སྟག་གཡག་རྔམ་པ་ཆོས། །རེ་འབྱམས་བྱ་རྒྱལ་ཁྱུང་ཆེན་ཆོས། །ཁྲོ་གཏུམ་གཡུ་འབྲུག་སྔོན་པོ་ཆོས། །ནམ་མཁའ་ལྡིང་དང་སེང་གེ་ཆོས། །ཉིན་གྱི་དྲོད་གསལ་ཉི་མ་ཆོས། །ནུབ་ཀྱི་སྒྲོན་གསལ་ཟླ་བ་ཆོས། །ཕྱི་དཔུང་ལྷ་ཀླུ་གཉན་དམག་ཆོས། །སྣ་ཁྲིད་རྡོ་རྗེ་ལེགས་པ་ཆོས། །དཔའ་བོ་བེ་གར་རྒྱལ་པོ་ཆོས། །ཞལ་ཤེས། །ནད་བདག་ཨེ་ཀ་ཙ་ཏི་ཆོས། །གནོད་སྦྱིན་ཤན་པ་དམར་ནག་ཆོས། །གསོད་མཁན་སྲོག་བདག་སྐྱེས་བུ་ཆོས། །བཤའ་མཁན་ཁྲ་ཆུང་ཤེ་ནེ་ཆོས། །ཤ་ཟ་ཕྲ་མེན་ཁྲ་སྐྱ་ཆོས། །ཁྲག་འཐུང་འབར་བ་དྲེད་མགོ་ཆོས། །མགྱོགས་བྱེད་སྐྱ་ངོམས་སྤུན་གསུམ་ཆོས། །ཟ་བྱེད་མགོན་པོ་སྡེ་ལྔ་ཆོས། །རྒྱུག་བྱེད་མོན་པ་ནག་པོ་ཆོས། །


CMR047_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ཆོས། །མཐུ་ཆེན་འཇིག་རྟེན་སྲུང་མ་རྣམས། །གོ་ཁྲབ་གྱོན་ལ་རྣོ་མཚོན་རྡོར། །མགྱོགས་པ་ཞོན་ལ་རིངས་པར་རྒྱུགས། །ཞེ་སྡང་ཕྱུངས་ལ་ང་ལྟརྒྱལ་སྐྱེད། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །རྒྱ་གར་ཡུལ་གྱི་མཁའ་འགྲོ་མ། །བོད་ཀྱི་ཡུལ་གྱི་བརྟན་སྐྱོང་མ། །སྟོང་གསུམ་དམག་དཔོན་བྱེད་མཁན་མོ། །བརྟན་མ་དམག་གི་རྒྱལ་མོ་ནི། །བརྟན་སྐྱོང་ཡ་མའི་ཚོགས་དང་བཅས། །གོ་ཁྲབ་གྱོན་ལ་རྣོ་མཚོན་རྡོར། །མགྱོགས་པ་ཞོན་ལ་རིངས་པར་རྒྱུགས། །ཞེ་སྡང་ཕྱུངས་ལ་ང་རྒྱལ་སྐྱེད། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །སངས་རྒྱས་ཆོས་ལ་ཕྱོགས་པའི་ལྷ། །མཆོད་ན་མགོན་སྐྱབས་བྱེད་པའི་ལྷ། །བརྔན་ན་དགྲ་ལ་རྒྱུག་པའི་ལྷ། །བོད་ཀྱི་མགུར་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་དང་། །བོད་ཀྱི་ཐང་ལྷ་ཡར་ཞུར་དང་། །གཉན་ཆེན་རྨ་གཉན་སྤོམ་ར་ནི། །འཁོར་དུ་གཉན་དམག་བསམ་མི་ཁྱབ། །ཀུན་ཀྱང་མི་དཀར་རྟ་དཀར་ཅན། །གོ་ཆ་སྲ་ལ་མཚོན་ཆ་རྣོ། །བ་དན་དཀར་པོ་གནམ་ལ་


CMR047_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གཡུགས། །ཀི་བསྭོ་ཆ་སྒྲ་དི་རི་རི། །ཀུན་ཀྱང་མཐུ་ཆེན་རྩལ་དྲག་ཅན། །དྲག་པོའི་བློསྒྲ་དི་རི་རི། །རྣལ་འབྱོར་དམ་ཚིག་ཅན་གྱི་གཉེན། །སྐྱེ་བོ་དགྲ་ལྷ་ཅན་གྱི་གཉེན། །རྨངས་པོ་རྩ་དཀར་བཀྲོལ་བའི་གཉེན། །འཐབ་མོ་གཡུལ་ལས་རྒྱལ་བའི་གཉེན། །སངས་རྒྱས་ཆོས་ལ་ཕྱོགས་པའི་གཉེན། །ཆ་ལ་དགའ་ཞིང་དར་ལ་འདུ། །ཀི་ལ་དགའ་ཞིང་བསོ་ལ་དགྱེས། །གོ་ཁྲབ་གྱོན་ལ་རྣོ་མཚོན་བརྡར། །མགྱོགས་པ་ཞོན་ལ་རིངས་པར་རྒྱུགས། །ཞེ་སྡང་ཕྱུངས་ལ་ང་རྒྱལ་སྐྱེད། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །མ་གཡེལ་ཡུལ་ལྷའི་དམག་ཚོགས་རྣམས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །སྐུ་རྒྱལ་བཙན་གྱི་དམག་ཚོགས་ཆོས། །སྨོན་སྐྱེས་གང་བཞུར་མཆེད་གསུམ་ཆོས། །དམག་དཔོན་དབྱི་རྒྱལ་རིན་ཆེན་ཆོས། །ཀླུ་རྒྱལ་པོ་ཏོ་འཁོར་བཅས་ཆོས། །ཙོ་རྒྱལ་གོ་རྒྱལ་ཡབ་ཡུམ་ཆོས། །སྐྱེས་བུ་ངོམ་རྒྱལ་འཁོར་བཅས་ཆོས། །གཏམ་རྒྱལ་དབྱི་དོ་དགེ་བསྙེན་ཆོས། །མཐུ་ཆེན་འཇིག་རྟེན་སྲུང་མ་རྣམས། །གོ་ཁྲབ་གྱོན་ལ་རྣོ་མཚོན་རྡོར། །མགྱོགས་པ་ཞོན་ལ་


CMR047_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རིངས་པར་རྒྱུགས། །ཞེ་སྡང་ཕྱུངས་ལ་ང་རྒྱལ་སྐྱེད། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །འཇིག་རྟེན་སྲུང་མའི་དམག་ཚོགས་ལ། །དཀར་གསུམ་བརྒྱན་པའི་གཏོར་མ་དང་། །ཁྱུང་དང་སེང་གེ་གཡུ་འབྲུག་དང་། །གྱི་ལིང་ཤང་ཤང་རྨ་བྱ་དང་། །སྟག་གཟིག་གུང་གཡི་དཀར་པོ་དང་། །གཡག་ལུག་བྱ་རིགས་སྣ་ཚོགས་འདི། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །བསམ་གཏན་ལྷ་ཡི་དཀོར་བས་ལྷག །ལྷ་སྲུང་གཉན་པོའི་སྐུ་ལ་འབུལ། །གཞན་ཡང་དངོས་དང་ཡིད་ལས་སྤྲུལ། །བཀྲ་ཤིས་རྟགས་བརྒྱད་རིན་ཆེན་བདུན། །སྲ་བའི་གོ་ཆ་རྣོ་བའི་མཚོན། །མདའ་དར་ཕུད་རྒོད་གཙང་མ་འབུལ། །ལྷ་དང་སྲུང་མའི་དམག་ཚོགས་རྣམས། །རེམ་ཞིག་སྡང་བའི་དགྲ་ལ་རྒྱུགས། །སྡང་བའི་དགྲ་ལ་ཞེ་སྡང་སྐྱེད། །ཧོར་སོགས་དགྲ་རྐུན་ལས་ངན་གྱིས། །སྲུང་མ་གཉན་པོ་མ་བརྩིས་ན། །ཁྱོད་ཀྱིས་ཀོ་ལོང་དམ་པོ་མཛོད། །བསྐལ་པ་དུས་ཀྱི་སྙིགས་མ་ལ། །ཡེ་ཤེས་ལྷ་ནི་འགྲུབ་ཐག་རིང་། །ཁྱེད་རྣམས་འཇིག་རྟེན་མྱུར་མགྱོགས་ལྷ། །སྣང་སྲིད་ལྷ་འདྲེ་དམག་ལ་འདུས། །རྒྱལ་ཆེན་སྡེ་བཞིས་


CMR047_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དམག་དཔོན་གྱིས། །ཕྱོགས་སྐྱོང་བཅུ་ཡིས་སོ་མཚམས་སྲུངས། །རཱ་ཧུ་ལ་ཡིས་ཤན་པ་གྱིས། །རྡོ་རྗེ་ལེགས་པས་སྣ་ཁྲིད་གྱིས། །མ་མོའི་ཚོགས་ཀྱིས་དལ་ཡམས་ཕོབ། །གཤིན་རྗེའི་ཚོགས་ཀྱིས་ཁྲམ་ལ་ཐོབ། །ནམ་མཁའི་ཁམས་ནས་ལྷ་དམག་དྲོངས། །བར་སྣང་ཁམས་ནས་གཉན་དམག་དྲོངས། །ས་གཞིའི་ཁམས་ནས་ཀླུ་དམག་དྲོངས། །རྒྱལ་པོ་ཉི་མའི་ཟེར་ལ་རྒྱུགས། །བདུད་དམག་ནམ་གྱི་གུང་ལ་རྒྱུག །བཙན་དམག་སྐྱ་རེངས་ཟེར་ལ་རྒྱུགས། །གནམ་ས་རི་ལུང་བར་སྣང་གང་། །ལྷ་སྲིན་སྡེ་བརྒྱད་དམག་ལ་ཆོས། །མྱུར་བར་མྱུར་བར་རིངས་པོ་རིངས། །གོ་ཁྲབ་གྱོན་ལ་རྣོ་མཚོན་རྡོར། །མགྱོགས་པ་ཞོན་ལ་རིངས་པར་རྒྱུགས། །ཞེ་སྡང་ཕྱུངས་ལ་ང་རྒྱལ་སྐྱེད། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །དགྲ་མཁར་ཤིགས་ལ་དགྲ་གཞུ་ཆོག །དགྲ་དཔུང་ཆོག་ལ་དགྲ་སྲོག་ཆོད། །དཔའ་བོ་སོད་ལ་མགྱོགས་པ་སྐྱེལ། །གོ་ཁྲབ་ཤུས་ལ་རྣོ་མཚོན་འཕྲོག །དཔུང་པ་ཆོག་ལ་རྒྱུས་པ་ཆིངས། །སྡང་བའི་དགྲ་བོ་གནོད་བྱེད་ཀྱིས། །དམག་དང་རྐུན་ཇག་ཤོམ་པའི་ཚེ། །སྲུང་མ་


CMR047_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཤོལ་ཐོབ་ཅིག །སྲུང་མ་རྣམས་ཀྱིས་དམག་སྣ་སྒྱུར། །ཕོ་ཉ་རྣམས་ཀྱིས་སྡང་དགྲའི་དམག་དཔུང་ཟློག །ལས་མཁན་རྣམས་ཀྱིས་དགྲ་བོ་སོད། །དྲེགས་བྱེད་རྣམས་ཀྱིས་དགྲ་སྙིང་ཕྱུངས། །ལྷ་སྲིན་ཚོགས་ཀྱིས་བླ་ཚེ་ཟོ། །དགྲ་ཤ་ཟོ་ལ་དགྲ་ཁྲག་འཐུང་། །བཙོ་བསྲེག་མི་ཁོམ་རློན་པར་ཟོ། །།དགྲ་ཇག་རྐུན་འཕྲོག་ཤོམ་པ་དང་། ཁ་མཆུ་གྱོད་ཚོལ་བྱེད་པ་དང་། །དཀོན་མཆོག་གསུམ་གྱི་སྤྱི་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་རྣམས། །ལོ་དང་ཟླ་བར་མ་འགྱང་བར། །ཞག་དང་ཟ་མར་མ་བཞག་ལ། །ད་ལྟ་ཉིད་དུ་རྡུལ་དུ་རློགས། །དགྲ་བོ་རང་གཤེད་རང་གིས་གྱིས། །དགྲ་བོ་རང་མཚོན་རང་ལ་རྒྱོབ། །དགྲ་བོ་རང་ཤ་རང་གིས་ཟོ། །དགྲ་བོ་རང་ཁྲག་རང་གིས་འཐུངས།མ་གཡེལ་སྲུང་མ་མཐུ་རྩལ་ཅན། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། ཟས་སུ་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཏོར་མ་མདོས་ནང་དུ་ཕུལ། བཀའ་སྲུང་རྣམས་ཀྱི་སྤྲུལ་པ་གྲངས་མེད་འཕྲོས་ནས་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་བོ་རྣམས་རང་


CMR047_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེད་པར་བཀུག་ནས་གཡག་རུ་ནང་གི་ལིངྒ་བླ་རྡེལ་ལ་ཐིམ་པར་བསམ་ཞིང་། ཧཱུྃ། མ་གཡེལ་ཆོས་སྐྱོང་སྲུང་མའི་ཚོགས། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས། །བདག་ལ་སྡང་བའི་དགྲ་བོ་འདི། །སྐད་ཅིག་ཉིད་ལ་ཁུག་ལ་ཤོག །ལིངྒ་དགྲ་ཡས་འདི་ལ་མྱུར་དུ་ཁུག །གཡག་རུ་གཡོན་མའི་ནང་དུ་ཁུག །ལྕགས་མཁར་སྒོ་མེད་ནང་དུ་མནན། །རྟ་རྨིག་གཡོན་པའི་ཞབས་སུ་མནན། །སྐལ་པའི་མུན་པས་སྟེང་ནས་ནོན། །རི་རབ་ཆེན་པོའི་སྟེང་ནས་ནོན། །རྒྱ་མཚོ་ཆེན་པོས་སྟེང་ནས་ནོན། །བྲུབ་བོ་མནན་ནོ་མ་ལྡང་ཞིག །བཅུག་པ་ཡིན་ནོ་མ་ལྡང་ཞིག །བཅད་པ་ཡིན་ནོ་མ་སྐྱེད་ཅིག །དམ་ཉམས་དགྲ་བོ་མ་ཤོར་ཅིག །དགྲ་སྲོག་དམར་པོ་མྱུར་དུ་ཆོད། །ཐལ་བ་རྡུལ་དུ་བརླག་པར་མཛོད། །སྲུང་མ་རྣམས་ཀྱིས་དགྲ་བོའི་ཤ་ཟོས་ཁྲག་འཐུང་ནས་རྔམ་ཞིང་གྱེས་པར་བསམ་ལ། བདག་གི་གང་བཅོལ་ཕྲིན་ལས་སྒྲུབ་པར་བསམ་ཞིང་འདི་སྐད་དོ། །ཧཱུྃ། ཡི་དམ་ལྷ་ཚོགས་གཏོར་མ་འདི་བཞེས་ལ། །བསྟན་པའི་སྤྱི་དགྲ་རྣལ་འབྱོར་སྒོས་དགྲ་ཟློག །ཕོ་རྒྱུད་མགོན་པོའི་ཚོགས་རྣམས་དགྲ་ལ་ཆོས། །བསྟན་པའི་སྤྱི་དགྲ་བདུད་རྒྱུད་རྩད་ནས་ཟློག །མོ་རྒྱུད་ལྷ་མོའི་


CMR047_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་དགྲ་ལ་ཆོས། །གསང་སྔགས་ཆོས་ལ་སྡང་བ་རྩད་ནས་ཟློག །སྲོག་བདུད་མ་ནིང་ནག་པོ་དགྲ་ལ་ཆོས། །དགྲ་བོའི་སྲུང་ཟློག་མཁན་གྱི་ནུས་པ་ཟློག །ལས་མགོན་ཕོ་རྒྱུད་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་རྐྱེན་ངན་སྟོང་དང་ཉི་ཁྲི་ཟློག །མ་མོ་མོ་རྒྱུད་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །རྡོར་ལེགས་ཐེའུ་རང་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ཕོ་ལྷོག་གླང་ཐབ་སྦྱོས་གྲིས་ཟློག །ཁྱབ་འཇུག་གཟའ་སྐར་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་གདོང་ཐུགས་ཧུར་ཐུམ་ནག་པོས་ཟློག །སྔགས་སྲུང་མ་མོའི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ཁྲག་ནད་རྒྱུ་གཟེར་དྲག་པོས་ཟློག །པེ་ཧར་རྒྱལ་འགོང་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་བྱེ་ཞིག་སྨྱོ་འབོག་ལྕེབ་གྲིར་ཟློག །ཡམ་ཤུད་བཙན་གྱི་དམག་ཚོགས་དགྲ་ལ་ཆོས། །།སྡང་དགྲ་གློ་བུར་གྲི་ཐབས་སྣ་དགུའི་ཟློག །སྨྱོ་ཁ་ཀླུ་བདུད་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ཞྭ་གྲུམ་ལྷོག་རྒོད་མཛེ་ཡིས་ཟློག །མིག་དམར་ཤན་པའི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་གློ་བུར་ཁྲག་སྐྱུག་བམ་ལོག་ཟློག །མཆེད་གསུམ་སྤུ་གྲིའི་


CMR047_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ཧུར་ཐུམ་ཁྲག་སྐྱུག་གྲི་རུ་ཟློག །ཀེང་རུས་དུར་བདག་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ཕྲ་མེན་དུར་འདྲེ་དུར་སྲི་ཟློག །གཅིག་ཆར་ལས་གཤིན་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་འཆོར་མེད་གཤིན་རྗེའི་ཕོ་ཉས་ཟློག །སྡེ་དཔོན་སུམ་ཅུའི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་སྣང་སྲིད་དྲེགས་པའི་དམག་གིས་ཟློག །དྲེགས་ཆེན་བཅོ་བརྒྱད་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་དྲག་སྔགས་གདུག་པའི་དབལ་གྱིས་ཟློག །དྲེགས་པ་ཉི་ཤུའི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་ལྟས་ངན་བརྒྱད་ཅུ་རྩ་བཞིས་ཟློག །ཏྲང་དཀར་བདུད་ཀྱི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་འཆུག་མེད་བདུད་ཀྱི་ཞགས་པས་ཟློག །སྲོག་བསྒྲུབ་མོ་གདོན་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲ་རིམས་ནད་དལ་ཡམས་དྲག་པོས་ཟློག །ཤ་ཟ་ཁ་མོའི་དམག་ཚོགས་དགྲ་ལ་ཆོས། །དགྲ་ནོར་གློ་ཧོན་གོད་ཡམས་དམར་ཕྱོགས་ཟློག །བཙན་རྒོད་འབར་བའི་དམག་ཚོགས་དགྲ་ལ་ཆོས། །དགྲ་བོའི་འོག་རྟ་རྟ་ནད་འཚེར་བཅུས་ཟློག །ལྟོ་འཕྱེ་ས་བདག་དམག་ཚོགས་དགྲ་ལ་ཆོས། །སྡང་


CMR047_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དགྲའི་ལོ་ཐོག་བཙའ་སད་སེར་བས་ཟློག །ཕྱོགས་སྐྱོང་གདོན་གྱི་དམག་ཚོགས་དགྲ་ལ་ཆོས། །སྡང་དགྲའི་རྗེས་ཤུལ་སྟོང་ཕྲག་བརྒྱད་ཅུས་ཟློག །ཡེ་ཤེས་མགོན་པོ་ཡབ་ཡུམ་དགྲ་ལ་ཆོས། །བསྒྲལ་ཚད་རྣམ་ཤེས་དག་པའི་ཞིང་དུ་ཟློག །མ་གཡེལ་ལས་མཛོད་དམ་ཅན་རྒྱ་མཚོའི་ཚོགས། །ཁས་བླངས་དུས་ལ་བབ་བོ་སཱ་མ་ཡ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི༔ ཏྲག་རཀྟ་ཁཱ་ཧི། ཏྲཀྵ་རཀྟ་ཐུན་བྷྱོ་ཁཱ་ཧི། ཏྲག་རཀྵ་རྦད་བློ་ཁཱ་ཧི། དམ་ཅན་མགོན་པོ་མཁའ་འགྲོའི་ཚོགས་སུ་གྱུར་པ་རྣམས་དམ་རྫས་དགྲ་བོའི་ཤ་ཁྲག་བཞེས་སུ་གསོལ། ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་ཡ་ཤ་ས་ན་ཨུ་པ་ཧ་རི་ཎི། ཨེ་ཥ་ཨ་པཉྩི་མ་ཀ་ལོ་ཡང་། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རི་ཎི་ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥཱན་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྷིཉྩ་ཧཱུྃ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན་དགྲ་བགེགས་སྒྲེ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་འདི་གཏོར་འབུལ་གྱི་མཇུག་ཏུ་སྦྱར་ན་དགྲ་ཆོས་དང་དགྲ་བཟློག་ཏུ་འགྱུར་རོ། །༈ མ་གཡེལ་སྲུང་མ་མཐུ་རྩལ་ཅན། བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ཕྱོགས་བཞི་མཚམས་བརྒྱད་


CMR047_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གར་འགྲོ་ཡང་། །སྔོན་ནས་སུས་ལ་རྒྱབ་ནས་སྐྱོལ། །གཞི་བྱེས་ལམ་གསུམ་གར་འདུག་ཀྱང་། །འཇིགས་པ་བརྒྱད་ལས་སྐྱོབ་པར་མཛོད། །མཐོ་ལ་བབ་ན་ལམ་སྒྲོལ་མཛོད། །དམའ་ལ་བབ་ན་ལམ་སོལ་ཅིག །ཆུ་ལ་བབས་ན་ཆུ་སྒྲོལ་ཅིག །ཉམ་ངའི་ས་ནས་མཛོད་རྟ་རྟེན། །མཐོ་བ་དགུང་ནས་བྱ་ར་མཛོད། །དམག་བ་ཐང་ནས་འཚོ་རྫི་མཛོད། །བདག་གི་གར་འགྲོའི་ལམ་སྣ་དྲོངས། །ཚོང་པ་རྒྱབ་ཀྱི་ཤུལ་ཡར་ཆོག །ཁལ་ཁུར་མ་ཡོ་བདེ་བར་སྲོངས། །བདག་གི་མི་རྟ་ཁལ་མཛོད་རྣམས། །ཤུལ་རིང་ལམ་དུ་ཞུགས་པའི་ཚེ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཚའི་འཚེ་བ་མ་བཏང་ཞིག །བདག་ཅག་འཁོར་བཅས་གར་འགྲོ་ཡང་། །ཉིན་ལ་བབ་ན་མཚོ་རྗེ་མཛོད། །མཚན་ལ་བབས་ན་མེལ་ཚེ་མཛོད། །ཕྱི་རྐུན་ནང་དུ་མ་བཏང་ཞིག །ནང་རྐུན་བྱུང་ལ་མ་འགྱེད་ཅིག །སློབ་དཔོན་ཐུགས་ཡིད་མ་དཀྲུག་ཅིག །བྲང་མིའི་ནང་འཁོན་མ་བཏང་ཞིག །གྲོ་ལ་སྣོག་པོ་མ་བཏང་ཞིག །ནང་མི་ཐུགས་འགལ་མ་བཏང་ཞིག །ཡེ་འདྲོག་གློ་བུར་མ་བཏང་ཞིག །བདག་ཅག་འཁོར་བཅས་གར་འགྲོ་ཡང་། །


CMR047_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཡག་དང་སྤྱོད་ལ་ཉེས་དང་བསྣོལ། །མི་ཕྱུགས་ནང་ནོར་གྲོགས་དང་སྤྱོད། །ཁ་ནི་ཟས་འདོད་ཟས་དང་སྤྱོད། །རྒྱབ་ནི་གོས་འདོད་གོས་དང་སྤྱོད། །ལག་ནི་ནོར་འདོད་ནོར་དང་སྤྱོད། །ཕ་རོལ་རྣམས་ཀྱི་ཆངས་པ་ཁྲོལ། །གནས་པོ་རྣམས་ཀྱི་ཡིད་སེམས་སླུས། །གནས་མོ་རྣམས་ཀྱི་སྙིང་ལག་སྤྲུལ། །ཅི་འདོད་ནོར་གྱི་དངོས་གྲུབ་སྩོལ། །ལེགས་ལྡན་མགོན་པོས་ཚོང་དཔོན་གྱིས། །དཔལ་རབ་འཆང་གི་ལམ་ལྷ་མཛོད། །ཉི་མའི་སྲས་པོས་སོ་བ་གྱིས། །པནྟ་ཤ་བ་རི་ཡི་ནོར་རྣམས་སྐྱོངས། །ཨཱརླ་རེ་མན་ཏ་ཡིས་རྟ་རྣམས་འཚོས། །བྲག་ལྷ་མགོན་པོས་མགྲོན་ལམ་ཕྱེས། །ཨཱརྱ་ཛམ་བྷ་ལྷ་ཡིས་ནོར་ལྷ་མཛོད། །རྣམ་ཐོས་སྲས་ཀྱིས་གསེར་དངུལ་སྡུས། །སྲུང་མ་རྣམས་ཀྱིས་སྡང་དགྲ་ཐུལ། །འཇིགས་པ་བརྒྱད་ལས་ཐུགས་རྗེས་སྐྱོབ། །ཡུལ་ལྷ་གཉན་གྱི་མཐུ་རོགས་མཛོད། །ལྷ་ཀླུ་གཉན་གྱིས་རྒྱབ་རྟེན་མཛོད། །རྡོ་རྗེ་ལེགས་པ་ཚོང་ལ་མཁས། །ཕ་རོལ་རྣམས་ཀྱི་འཆང་པ་ཁྲོལ། །མི་ནས་ཆོད་ལ་བདག་ལ་བྱིན། །མ་གཡེལ་སྲུང་མ་མགྲོན་གྱི་ལྷ། །རེམ་ཞིག་འདོད་པའི་དོན་རྣམས་སྒྲུབས། །ལམ་དགྲ་བྱེས་ཀྱི་འགོང་པོ་ཡི། །


CMR047_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་པ་ཆིངས་ལ་རྡུལ་དུ་རློགས། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དམིགས་པ་ནི་རང་ཉིད་ཡི་དམ་དུ་སྒོམ་པའི་མདུན་དུ་ཆོས་སྐྱོང་དང་ལྷ་ཀླུ་གཉན་དམག་རང་རང་གི་འཁོར་གྱི་དམག་དཔུང་ལ་ལྷ་དམག་འབུམ་ལ་ཀླུ་དམག་འབུམ། ལ་ལ་བཙན་དམག་གཤིན་རྗེ་མ་མོ་ཕྱོགས་སྐྱོང་གི་དམག་འབུམ་འབུམ་དང་བཅས་ནས་དགྲ་བོའི་ཤ་ཟོས་ཁྲག་འཐུང་ནས་རྡུལ་དུ་བརླག་པར་བསམ། ཚར་དགུ་སོགས་བྱ་ཞིང་རེ་རེ་ཐོན་པ་དང་བློ་གདབ་རེ་བྱ། བློ་གདབ་ནི་རྣལ་འབྱོར་པ་བདག་དང་མཆེད་ལྕམ་རྣམས་ཀྱིས་ནས་ཐོགས་ནས་གཏོར། དར་ནག་གིས་གཡབ་ཅིང་འདི་སྐད་དོ།། བྷྱོ། ང་ནི་སྔགས་འཆང་རྒྱལ་པོ་ཡིན། །ང་ནི་ཟློག་བྱེད་ཆེན་པོ་ཡིན། །ང་ནི་སྟོང་གསུམ་བདག་པོ་ཡིན། །སྣང་སྲིད་ང་ཡི་དབང་དུ་བསྡུས། །རང་བྱུང་བསྟན་པ་རིན་ཆེན་ལ། །བདག་ཅག་བཞུགས་དང་རྐྱང་ལགས་ཏེ། །འགྲོ་དྲུག་སེམས་ཅན་གྲང་མང་བས། །ལོག་རྟོག་གདུག་པའི་སེམས་ཀྱིས་སུ། །བསྟན་པའི་རུ་ཏྲ་བྱེད་པ་དང་། །དུག་ལྔ་རྒྱས་པའི་དབང་གིས་ནི། །རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་། །སྔགས་འཆང་རྒྱལ་པོ་བདག་ཅག་ལ། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས། །གདུག་རྩུབ་གཏུམ་པའི་སེམས་ཀྱིས་སུ། །ངན་སྔགས་དམོད་པ་གང་བྱེད་


CMR047_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །སྟོང་གསུམ་མ་མོ་བློ་ཡིས་གདབ། །སྟོང་གསུམ་བྷྱོ་སྒྲ་དི་རི་རི། །སྣང་སྲིད་ལྷ་འདྲེ་བློ་ཡིས་ཐོབ། །སྣང་སྲིད་ཕྱོགས་སྒྲ་ཏི་རི་རི། །ནམ་མཁའ་ལྷ་ཡི་བྱད་སྣ་ཡང་། །ཉམས་པའི་དགྲ་བགེགས་འདི་ལ་བྷྱོ། །བར་སྣང་གཉན་གྱི་བྱད་སྣ་ཡང་། །ཉམས་པའི་དགྲ་བགེགས་འདི་ལ་བྷྱོ། །ས་བདག་ཀླུ་ཡི་བྱད་སྣ་ཡང་། །ཉམས་པའི་དགྲ་བགེགས་འདི་ལ་བྷྱོ། །སྣང་སྲིད་ལྷ་འདྲེའི་བྱད་སྣ་ཡང་། །ཉམས་པའི་དགྲ་བགེགས་འདི་ལ་སྦྱོ། །གླིང་བཞི་མི་ཡི་བྱད་སྣ་ཡང་། །ཉམས་པའི་དགྲ་བགེགས་འདི་ལ་བྷྱོ། །དྲང་སྲོང་ཡོངས་ཀྱི་དམོད་ཟོར་ཡང་། །ཉམས་པའི་དགྲ་བགེགས་འདི་ལ་བྷྱོ། །དེ་རིང་འཚོགས་པའི་གདུག་རྩུབ་ཅན། །ཉམས་པའི་དགྲ་བགེགས་འདི་ལ་བྷྱོ། །སེམས་ཀྱི་བསམ་པའི་གདུག་སེམས་ཅན། །ཉམས་པའི་དགྲ་བགེགས་འདི་ལ་བྷྱོ། །དུག་ལྔ་གཡོས་པའི་གདུག་རྩུབ་ཡང་། །ཉམས་པའི་དགྲ་བགེགས་འདི་ལ་བྷྱོ། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །བྱོ་བློ་གནོད་པའི་བགེགས་ལ་བྷྱོ། །བྷྱོ་ཕྱོགས་བར་ཆད་བདུད་ལ་བློ། །བྷྱོ་བྷྱོ་བྱད་མའི་སྲོག་ལ་བློ། །བྷྱོ་བྷྱོ་བྱད་མའི་ཤ་ལ་བློ། །བྷྱོ་བྷྱོ་བྱད་མའི་སྙིང་ལ་བློ། །བྷྱོ་བྷྱོ་བྱད་མའི་


CMR047_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་རུས་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་ལྕེ་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་ལུས་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་ངག་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་ཡིད་ལ་བློ། །བྷྱོ་བྷྱོ་བྱད་མའི་ལྷ་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་སྔགས་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་ཐོག་ཏུ་བྷྱོ། གང་དགོས་ཀྱང་འདི། དགྲ་ཆོས། དགྲ་ཟློག །དགྲ་བྲུབ། དགྲ་མནན་སྤྱི་ལྟར་བྱའོ། །ཨོཾ་སརྦ་དྷརྨཱ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར། དགྲ་བགེགས་ཀྱི་སྲོག་ལ་ཁཱ་ཧི། ཚྭ་ས་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། གོ་རོ་ཙ་ན་ལ་ཁཱ་ཧི། བྷ་ལིཾ་ཏ་ལ་ཁཱ་ཧི། གཏོར་མ་དུག་མཚོན་མེ་དཔུང་དུ་བསམས་ལ། ཆོས་སྐྱོང་བཀའ་སྲུང་ལྷ་འདྲེའི་དམག་དང་བཅས་པ་རྣམས་ཅི་ལྟ་བ་བཞིན་དུ་དགྲ་བགེགས་ཀྱི་ཐོག་ཏུ་སོང་ནས་ཐལ་བ་རྡུལ་དུ་བརླག་པར་བསམས་ལ། ཐན་དམག་བྱེ་བ་ས་ཡ་དགྲའི་ཁྱིམ་དུ་ཐན་དང་ལྟས་ངན་མི་སྡུག་པ་སྣ་ཚོགས་ཀྱིས་གང་ནས་རང་གི་དམག་དཔུང་མེད་པར་དགྲ་ལ་ལྟས་ངན་གྱི་ཆར་ཕབ་པར་བསམས་ལ། གཟའ་དར་བ་དང་སྤྱོད་ལ་དགྲ་ཕྱོགས་སུ་བཏང་། འདི་ནི་བྱད་ཁ་བཟློག་པ་དང་། དགྲ་སྣ་བསྒྱུར་བ་དང་། ཇག་སྣ་བསྒྱུར་བ་དང་། རྐུན་མ་བཅིང་བ་དང་། མོ་ངན་ འཚེརརྩུབ next hit་བསྒྱུར་བ་ལ་དགོས་སོ། འདི་ནི་རང་ལ་དགྲ་བྱུང་ངམ་བྱུང་དོགས་སམ། ནོར་གཞན་གྱིས་ཁྱེར་རམ་ཁྱེར་དོགས། གཞན་ལ་འཁོན་འགྲས་དང་། ཁ་མཆུ་རྩོད་པ་


CMR047_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་འདི་བྱའོ། །ཇག་ལ་འགྲོ་བ་དང་། དགྲ་བྲུབ་བྱེད་པ་དང་། དགྲ་ལ་མཐུ་བྱེད་པ་དང་། ཚོང་ལ་འགྲོ་བ་སོགས་ལ་འདི་བྱའོ། །འདི་ནི་ལེགས་ལྡན་དགྲ་ཆོས་གོང་འོག་གཉིས་དང་། རྟ་ནག་དགྲ་ཆོས། ཕྱག་བཞི་པ་ལྷགཉིས་ཀྱིས་རྒ་ལོ་ལ་གསུངས་པའི་དགྲ་ཆོས་དང་། མ་ནིང་དགྲ་ཆོས་དང་། ཞིང་སྐྱོང་དམག་བསྐུལ། དོམ་ཅན་དགྲ་ཆོས་གསོལ་ཀ་ཆེན་པོ་དང་། ཚེ་རིང་མའི་དགྲ་ཆོས་སོགས་ཐམས་ཅད་ཀྱི་དོན་བསྡུས་ནས་རིག་སྔགས་འཆང་བ། ༧ ཀརྨ་ཨ་རཱ་གས་སྦྱར་བའོ། །འདི་ལ་ཉེས་པ་གང་མཆིས་སྲུང་མ་རྣམས་ལ་བཤགས། །དགེ་བས་དགྲ་ཇག་ཆོམ་རྐུན་གནོད་པ་ཞི། །དཀོན་མཆོག་དབུ་འཕང་དགུང་ལ་རེག་གྱུར་ཅིག །དྲིན་ཆེན་མཁས་གྲུབ་ཀརྨ་ཆགས་མེད་ཀྱི། །ཞལ་ཁྲིད་ལྟ་བུར་སྔགས་འཆང་མགོན་ནག་གི །བསྒྲིག་པས་མི་ཁ་དགྲ་རྐུན་ཁ་མཆུ་རྣམས། །མྱུར་དུ་ཞི་ཞིང་བདེ་བར་མཛད་དུ་གསོལ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལྷ་དམག་སྤྱི་བསྐུལ་ཐན་ལྟས་ཁྲ་འགྱེད་དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་འགྲིགས་ཆགས་སུ་བཀོད་པ།next