Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
ཤོག་ལྷེབ་ ༢༠༡ ནས་ ༣༠༤ བར།
   
   
  expand section
   
   


 
previousཤོག་ལྷེབ་ ༢༠༡ ནས་ ༣༠༤ བར།next

ཤོག་ལྷེབ་ ༢༠༡ ནས་ ༣༠༤ བར།


CMR049_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མོ་གུ་རུ་ཨཱ་ཡུཛྙཱ་ན་ཡེ། བདེ་བ་ཆེན་པོའི་ཞིང་ཁམས་ན། །བཞུགས་པའི་སྟོན་པ་སྣང་མཐའ་ཡས། །གཏེར་ཆོས་སྟོན་པ་ཁྱེད་ལགས་ན། །བསྟན་འཛིན་མི་འགྱུར་རྡོ་རྗེ་ལ། །ཐུགས་རྗེས་གཟིགས་ལ་ཚེ་དབང་སྩོལ། །པོ་ཏཱ་ལ་ཡི་གནས་མཆོག་ན། །བཞུགས་པའི་འཕགས་པ་ཐུགས་རྗེའི་བདག །མི་འགྱུར་རྡོ་རྗེ་ཐུགས་རྗེས་གཟིགས། །འགྲོ་འདུལ་ཕྲིན་ལས་དངོས་གྲུབ་སྩོལ། །སྲིན་ཡུལ་ཟངས་མདོག་དཔལ་རི་དུ། །བཞུགས་པའི་ཐོད་པ་རྩལ་ཆེན་གྱི། །མི་འགྱུར་རྡོ་རྗེ་བྱིན་གྱིས་རློབས། །བར་ཆད་མེད་པའི་སྲུང་སྐྱབས་ཞུ། །མཁའ་སྤྱོད་དག་པའི་ཕོ་བྲང་ན། །བཞུགས་པའི་བདེ་ཆེན་རྒྱལ་མོ་ཡིས། །མི་འགྱུར་རྡོ་རྗེ་བདེ་བར་སྐྱོངས། །མྱུར་དུ་ས་གཏེར་ཁ་བྱང་སྤྱོད། །མི་མཇེད་སྟོང་གསུམ་འཇིག་རྟེན་ན། །བཞུགས་པའི་གཏེར་སྲུང་དམ་ཅན་ཚོགས། །སྔོན་གྱི་དམ་ཚིག་མ་གཡེལ་བར། །མི་འགྱུར་རྡོ་རྗེར་དབང་བ་ཡིས། །གཏེར་རྣམས་ད་ནི་ཕྱག་ཏུ་སྤྲོད། །སྨོན་ལམ་ཨོ་རྒྱན་བཀའ་མ་བསླུ། །བསྟན་དང་སེམས་ཅན་བློས་མ་དོར། །རྩ་གསུམ་ཐུགས་རྗེའི་དུས་ལ་


CMR049_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བབ། །ཅེས་པའི་གདུངས་དབྱངས་འབྲུག་གི་ལོ། །སྨིན་དྲུག་ཟླ་བའི་ཚེས་བཅུར་བླངས།། ༈ །།ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་ཡེ། སངས་རྒྱས་ཆོས་དང་དགེ་འདུན་གསུམ། །དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །རྩ་བ་གསུམ་ལ་གསོལ་བ་འདེབས། །ཆོས་ཉིད་ཆོས་ཅན་འགོགས་ལམ་གསུམ། །བདེན་དོན་གསུམ་ལ་གསོལ་བ་འདེབས། །གཞི་དང་ལམ་དང་འབྲས་བུ་གསུམ། །ཆོས་ལམ་གསུམ་ལ་གསོལ་བ་འདེབས། །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །རྣམ་དག་གསུམ་ལ་གསོལ་བ་འདེབས། །འདུལ་བ་མདོ་སྡེ་མངོན་པ་གསུམ། །སྡེ་སྣོད་གསུམ་ལ་གསོལ་བ་འདེབས། །རྒྱུད་དང་ལུང་དང་མན་ངག་གསུམ། །གསང་སྔགས་གསུམ་ལ་གསོལ་བ་འདེབས། །ཕྱི་ནང་གསང་བ་ཡང་གསང་གསུམ། །དཀྱིལ་འཁོར་གསུམ་ལ་གསོལ་བ་འདེབས། །རྩ་དང་རླུང་དང་ཐིག་ལེ་གསུམ། །གནས་འགགས་གསུམ་ལ་གསོལ་བ་འདེབས། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །དོན་དམ་གསུམ་ལ་གསོལ་བ་འདེབས། །བདེ་དང་གསལ་དང་མི་རྟོག་གསུམ། །ཉམས་རྟོགས་གསུམ་


CMR049_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས། །སྐྱེ་མེད་འགག་མེད་གནས་མེད་གསུམ། །རྣམ་ཐར་གསུམ་ལ་གསོལ་བ་འདེབས། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །འབྲས་བུ་གསུམ་ལ་གསོལ་བ་འདེབས། །དབྱིངས་དང་ཐིག་ལེ་ལུག་རྒྱུད་གསུམ། །རྫོགས་ཆེན་གསུམ་ལ་གསོལ་བ་འདེབས། །གཤིན་རྗེ་རྟ་མགྲིན་ཕྱག་རྡོར་གསུམ། །ཁྲོ་བོ་གསུམ་ལ་གསོལ་བ་འདེབས། །འཇམ་དབྱངས་སྤྱན་གཟིགས་ཕྱག་རྡོར་གསུམ། །རིགས་གསུམ་མགོན་ལ་གསོལ་བ་འདེབས། །སྣང་མཐའི་སྤྱན་གཟིགས་པད་འབྱུང་གསུམ། །སྐུ་གསུམ་ལྷ་ལ་གསོལ་བ་འདེབས། །ཆོས་ལོངས་སྤྲུལ་པའི་ཌཱཀི་གསུམ། །མཁའ་འགྲོ་གསུམ་ལ་གསོལ་བ་འདེབས། །ཡེ་ཤེས་ལས་དང་འཇིག་རྟེན་གསུམ། །མགོན་པོ་གསུམ་ལ་གསོལ་བ་འདེབས། །མ་མོ་གཟའ་དང་དམ་ཅན་གསུམ། །བསྟན་སྲུང་གསུམ་ལ་གསོལ་བ་འདེབས། །བདུད་རྗེ་བཙན་རྒོད་ཀླུ་གསུམ་ལ། །སྤུ་གྲི་གསུམ་ལ་གསོལ་བ་འདེབས། །ཕོ་རྒྱུད་མོ་རྒྱུད་མ་ནིང་གསུམ། །བཀའ་སྲུང་གསུམ་ལ་གསོལ་བ་འདེབས། །དེ་ལྟར་སྐྱབས་གསུམ་རྩ་གསུམ་ལ། །ལན་གསུམ་སྙིང་ནས་འོ་དོད་


CMR049_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

འབོད། །ད་ནི་ཟླ་ཕྱེད་གསུམ་ཙམ་ལ། །འགྲོ་དོན་བསྡུ་བ་རྣམ་བཞི་སྩོལ། །དེ་ནས་ལོ་གྲངས་བཅུ་ཕྲག་གསུམ། །སྒོ་གསུམ་མཚམས་ལ་བར་ཆད་མེད། །སྡོམ་གསུམ་མཐའ་རུ་ཕྱིན་པ་དང་། །སྐུ་གསུམ་འབྲས་བུ་ཐོབ་པ་ཞིག །རེ་ས་གཞན་མེད་རྩ་གསུམ་མཁྱེན། །གིག་ཐང་ཆོས་རིའི་ཚེས་གསུམ་ལ། །གསོལ་བཏབ་དོན་དང་ལྡན་གྱུར་ཅིག །རཱ་ག་ཨ་སྱས་གསུངས་སོ། །དགེ་ལེགས་འཕེལ།། །།ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཛྲ་པཱ་ཎི་ཡེ། བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །པད་འབྱུང་རྩ་བ་གསུམ་གྱི་ཚོགས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདག་གིས་བྱང་ཆུབ་སེམས་བསྐྱེད་ནས། །ལོ་བདུན་འགྲོ་དོན་བྱས་པའི་མཇུག །ད་ནི་བཅུ་ཕྲག་གསུམ་མམ་བཞི། །གྲངས་ལས་མི་མང་ཞག་གྲངས་འདིར། །འགྲོ་དོན་དཔག་མེད་འགྲུབ་པ་རུ། །བྱིན་གྱིས་རློབས་ཤིག་དཀོན་མཆོག་གསུམ། །དེ་ལ་བར་ཆད་མེད་པ་རུ། །བྱིན་གྱིས་རློབས་ཤིག་ཏཱ་རེ་མ། །བསམ་པ་ལྷུན་གྱིས་གྲུབ་པ་རུ། །བྱིན་གྱིས་རློབས་ཤིག་པདྨ་འབྱུང་། །


CMR049_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ར་འདི་རུ་འོང་ཚད་ལ། །ཡམས་ནད་ཆུ་དང་གདོན་སོགས་ཀྱིས། །བར་ཆད་སྲུངས་ཤིག་ཆོས་སྐྱོང་ཚོགས། །མཐོང་གྲོལ་དྲན་གྲོལ་རེག་གྲོལ་དང་། ཐོས་པ་ཙམ་གྱིས་རྒྱུད་གྲོལ་བར། །བྱིན་གྱིས་རློབས་ཤིག་སྤྱན་རས་གཟིགས། །བར་ཆད་སོལ་ཅིག་གསང་བའི་བདག །དངོས་གྲུབ་སྩོལ་ཅིག་ཕག་མོ་ཡུམ། །བྱིན་ཆེན་ཕོབ་ཅིག་རིག་འཛིན་རྣམས། །མཐུན་རྐྱེན་སྒྲུབས་ཤིག་ཛམ་བྷ་ལ། །དགྲ་བགེགས་སྒྲོལ་ཅིག་གཤིན་རྗེའི་གཤེད། །ཆོམ་རྐུན་ཆིངས་ཤིག་འོད་ཟེར་ཅན། །རྟོགས་པ་སྐྱེད་ཅིག་གྲུབ་ཐོབ་རྣམས། །ཞག་གྲངས་དེ་ཙམ་རྫོགས་ནས་ནི། །རྣམ་གཡེང་བར་ཆད་མི་ལྡང་བར། །བསྒྲུབ་པའི་རྒྱལ་མཚན་ཚུགས་པ་ཞིག །བདེན་ལྡན་ཀུན་གྱིས་བདེན་པ་དང་། །ཆོས་སྐྱོང་སྲུང་མའི་སྟོབས་ཀྱིས་ཤོག །གནས་མདོ་ནང་དུ་དབང་དང་ཆོས། །རྗེས་མ་བཙུགས་དུས་སྨྲས་པའོ།། ༈ །།ན་མོ་ཨཱ་ཡུཛྙཱ་ན་ཡེ། །པདྨ་འབྱུང་གནས་རྩ་བ་གསུམ། །མི་འབྲལ་སྙིང་ནས་གསོལ་བ་འདེབས། །མི་འགྱུར་རྡོ་རྗེའི་བར་ཆད་སོལ། །སྐུ་ཚེ་བརྟན་ཅིང་ཕྲིན་ལས་རྒྱས། །ས་གཏེར་རྟེན་འབྲེལ་མྱུར་


CMR049_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིགས་ནས། །འགྲོ་དོན་རྒྱ་ཆེན་འགྲུབ་པར་ཤོག །ཅེས་པ་སྒྲ་རྒྱལ་འབྲུག་གི་ལོ། །མགོ་ཡི་ཟླ་བའི་ཚེས་བཅུ་ལ། །བཀའ་བརྒྱད་བཙུགས་སྐབས་རྟེན་འབྲེལ་བྲིས། །ཀརྨ་ཨ་རཱ་གས་སོ།། ༈ །།ན་མོ་རཏྣ་ཏྲ་ཡཱ་ཡ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །བཀའ་སྲུང་དམ་ཅན་རྒྱ་མཚོ་ཡི། །བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས། །དབང་ཆོས་འདི་ལ་བར་ཆད་མེད། །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །དེ་ཡང་ཚེས་བཅུར་དགོང་བྱུང་བྲིས།། ༈ །།ན་མོ་རཏྣ་ཏྲ་ཡཱ་ཡ། བདག་ཅག་སྐྱབས་གཅིག་བསླུ་བ་མེད་པ་ཡི། །དཀོན་མཆོག་གསུམ་དང་རྩ་བ་གསུམ་པོ་ལ། །ཉེ་གནས་མ་ཕམ་སྙིང་ནས་སྐྱབས་ཞུ་ཡི། །དུས་མིན་འཆི་དང་ནད་ཀྱི་གནོད་པ་ཟློག །གང་ལ་ཕྱག་འཚལ་མཚན་ནས་བརྗོད་པ་ལ། །ནད་རིགས་ཐམས་ཅད་ཞི་བའི་སྨོན་ལམ་ཅན། །བཅོམ་ལྡན་སྨན་བླ་མཆེད་བདུན་ལ་ཕྱག་འཚལ། །སངས་རྒྱས་བདེན་པས་མ་ཕམ་ནད་ཞི་ཤོག །མཚན་ནས་བརྗོད་དང་རིག་སྔགས་འཛིན་པ་རྣམས། །ཚེ་ཟད་པ་ཡང་ཚེ་བསྲིང་སྨོན་ལམ་ཅན། །བཅོམ་ལྡན་ཚེ་དཔག་མེད་ལ་གསོལ་བ་འདེབས། །སངས་རྒྱས་


CMR049_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པས་མ་ཕམ་ཚེ་འཕེལ་ཤོག །འཇིག་རྟེན་ཁམས་ན་འཇིགས་པས་སུ་སྐུག་པ། །སྐྱོབ་པར་ཐོག་མར་ཞལ་བཞེས་ཕྱག་མྱུར་བ། །འཕགས་མ་སྒྲོལ་མར་མ་ཕམ་སྐྱབས་སུ་མཆི། །ནད་དང་དུས་མིན་འཆི་བའི་འཇིགས་ལས་སྐྱོབ། །གང་ཞིག་ཤིན་ཏུ་སྙིགས་མར་གྱུར་ཚེ་ཡང་། །ཐུགས་རྗེ་བྱིན་རླབས་ལྷག་པར་མྱུར་བ་ཅན། །པདྨ་འབྱུང་གནས་ཁྱེད་ལ་འོ་དོད་འབོད། །རྗེས་འཇུག་མ་ཕམ་དུས་མིན་འཆི་བ་ཟློག །ཨོ་རྒྱན་བཀའ་སྲུང་དམ་ཅན་ཐམས་ཅད་ཀྱིས། །ཨོ་རྒྱན་རྗེས་འཇུག་དད་ལྡན་མ་ཕམ་འདིའི། །རྐྱེན་ངན་བར་ཆད་ཐམས་ཅད་ད་བཟློག་ལ། །བསྐྱེད་རྫོགས་ཉམས་ལེན་མཐར་ཕྱིན་སྡོང་གྲོགས་མཛོད། །དཀོན་མཆོག་གསུམ་དང་རྩ་གསུམ་ཐུགས་རྗེ་དང་། །ཆོས་ཉིད་ཆོས་ཅན་འགོག་དང་ལམ་གྱི་བདེན། །བདེན་ལྡན་ཇི་སྙེད་བདེན་པའི་བདེན་སྟོབས་ཀྱིས། །ཉེར་གནས་མ་ཕམ་དུས་མིན་འཆི་བ་ཟློག །ནད་མེད་བདེ་བའི་ལང་ཚོ་རྒྱས་གྱུར་ཅིག །ཅེས་པ་རང་གི་ཉེ་གནས་མ་ཕམ་ལ་ན་ཉིན་དབྱར་ནས་རྨི་ལྟས་ངན་ཅིང་ལོ་གསར་རྙིང་མཚམས་ནས་ནད་དྲག་པོས་འཆི་ལ་ཉེ་དུས་བྲིས་སོ།། ༈ །།ན་མོ་མ་ཧཱ་མུ་དྲ་ཡེ། པོ་ཊ་ལ་བཞུགས་སྤྱན་


CMR049_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་མ། །སྒྲོལ་མ་ཉི་ཤུ་རྩ་གཅིག་ལ། །གསོལ་བ་འདེབས་སོ་ཕྱག་མྱུར་སྐྱོངས། །བདག་དང་བདག་ལ་ལྟོས་པ་རྣམས། །རིམས་ནད་དྲག་པོའི་འཚེ་བ་ཟློག །ལྷོ་ཕྱོགས་སངས་རྒྱས་ཞིང་ཁམས་ནས། །ཡིད་བཞིན་འཁོར་ལོ་སྤྱན་རས་གཟིགས། །སེམས་དཔའ་བྱེ་བ་ཕྲག་དང་བཅས། །གློག་བཞིན་མྱུར་བར་འདིར་གཤེགས་ལ། །བདག་དང་བདག་ལ་ལྟོས་པ་རྣམས། །རིམས་ནད་འཚེ་བ་མྱུར་དུ་ཟློག །རྔ་ཡབ་སྤྲུལ་པའི་གནས་མཆོག་ན། །མཐུ་སྟོབས་རྨད་བྱུང་ཨོ་རྒྱན་རྗེ། །རྗེས་འབྲང་རིག་འཛིན་རྒྱ་མཚོ་ལ། །ལྕེགསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བདག་དང་བདག་ལ་ལྟོས་པའི་མི། །ནད་རིམས་དུས་མིན་འཆི་བའི་རྐྱེན། །ད་ལྟ་ཉིད་དུ་བཟློག་ཏུ་གསོལ། །མུ་ལེ་མཐིང་གི་མཚོ་འགྲམ་ནས། །དཔལ་ལྡན་ལྷ་མོ་དཔོན་གཡོག་ལ། གསོལ་བ་འདེབས་སོ་ཐུགས་དམ་བསྐུལ། །ཁྱོད་མཆོད་རིག་སྔགས་བཟླས་ལགས་ན། །དམ་ཚིག་སོམས་ལ་རིམས་ནད་དང་། དལ་ཡམས་རྐྱེན་ཁ་བཟློག་ཏུ་གསོལ། །ཁྱད་པར་རིག་པ་ཤིང་ལོ་ཅན། །དུར་ཁྲོད་གནས་པའི་ཤ་ཟ་མ། །ཁྱེད་ཀྱི་རིག་སྔགས་བདག་འཆང་གིས། །དལ་ཡམས་


CMR049_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ཁ་ད་ལྟ་ཟློག །བདག་གིས་བྲིས་པའི་ཡི་གེའི་དོན། །མངོན་ཤེས་དྲུག་དང་རྡོ་རྗེ་ཡི། །སྤྱན་དང་སྙན་མངའ་ཁྱེད་ལགས་པས། །དོན་གྱི་འབྲས་བུ་མཆིས་པར་མཛོད། །ཅེས་པ་རང་གི་སློབ་བུ་བརྩོན་འགྲུས་རྒྱ་མཚོ་སོགས་རིམས་ནད་ཀྱི་འཚེ་བ་ཆེན་པོས་བྲོ་འཚལ་དུས་བྲིས།། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །དེ་རིང་བདག་ལ་ཐུགས་རྗེས་གཟིགས། །ཀྱེ་མ་ཀྱེ་ཧུད་ཨ་ཙ་མ། །ནམ་འཆི་ཆ་མེད་མི་རྟག་པ། །མི་ལ་ཡང་ཡང་བཤད་ལགས་ཀྱང་། །རང་གིས་མ་གོ་ཨ་ཙ་མ། །དེ་རིང་མངོན་སུམ་ཐོག་ཏུ་བབ། །གཞེ་ཉིན་ལོ་ཡི་ཆོས་ར་ན། །མིག་གི་འོད་དཀར་མེད་པ་སོགས། །མ་ཕམ་འཆི་རྟགས་ཚང་བྱུང་ཡང་། །འཕོ་བ་བསྒོམ་པའི་དོན་ཡིན་སྙམ། །ད་ནི་འཕོ་བ་མ་བསྒོམས་སྨྲས། །ན་ཉིན་དབྱར་ཁ་ཐོ་རངས་ཙམ། །མ་ཕམ་ད་ལོ་ནས་འགྲོ་ཞེས། །ལུང་བསྟན་སྒྲ་ཞིག་ཐོས་སྙམ་བྱེད། །རི་ཁྲོད་གཞན་དུ་འགྲོ་འམ་སྙམ། །རྨི་ལམ་དུ་ཡང་མ་ཕམ་ཉིད། །མི་དགའ་བཞིན་དུ་འགྲོ་ཤོམ་བྱེད། །ཚེ་སྒྲུབ་བསྙེན་པ་གྱིས་དང་སྨྲས། །ད་རུང་ཨུ་དོགས་ཨུ་དོགས་བསམ། །ཅེ་


CMR049_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ལང་ཚོད་ཨ་ཙ་མ། །རང་གཞན་ཐམས་ཅད་འདི་དང་འདྲ། །ཨུ་དོགས་བསམ་ཞིང་རང་མགོ་འཁོར། །འཆི་བདག་ཐོག་ཏུ་ཕྱིན་ཙམ་ན། །སྨན་དང་སྔགས་དང་དམིགས་པ་དང་། །སྲུང་ཟློག་ཀུན་གྱི་ནུས་པ་རྡུགས། །དཔེར་ན་ད་རེས་མ་ཕམ་བཞིན། །ཐམས་ཅད་ཆོས་ཉིད་འདི་དང་མཚུངས། །ཉམས་ལེན་དམ་ཆོས་བསྒྲུབ་བསམ་ཡང་། །ལོང་མེད་མ་ཕམ་ཤི་དང་འདྲ། །ངོ་སྤྱོད་མངོན་སུམ་འདི་ལ་ལྟོས། །ལོ་འགའ་ཉེ་གནས་འདྲིས་ཆེ་བས། །སྙིང་རྗེ་བཟོད་གླགས་མི་གདའ་སྟེ། །གཉེན་འདུན་རྣམས་ཀྱིས་མཐའ་བསྐོར་ཡང་། །སྲོག་ཆད་པ་ཡི་ཚོར་བ་ནི། །རང་ཉིད་གཅིག་པུས་མྱོང་བར་འགྱུར། །གསུངས་པ་དེ་ཉིད་མངོན་སུམ་མཐོང་། །ཟུག་གཟེར་ཁུར་རོགས་བྱེད་ཐབས་རྡུགས། །ཁོ་ཉིད་གྲོགས་མེད་གཅིག་པུར་འགྲོ། །ཕྱིན་ཆད་འཕྲད་པ་མི་འོང་བ། །འདི་ལ་བསམ་ན་སྐྱོ་བ་ལ། །ཀུན་ཀྱང་འདི་འདྲ་ཤ་སྟག་ཡིན། །བདག་གི་ཉེ་གནས་མ་ཕམ་དེ། །ཆུང་ནས་རབ་ཏུ་བྱུང་བ་དང་། །སྡོམ་པ་དམ་ཚིག་བསྲུང་བ་དང་། །སྟག་ལུང་ཞབས་དྲུང་དབུ་བྱས་པའི། །བླ་མ་བཟང་དགུ་བསྟེན་པ་དང་། །བསྐྱེད་རྫོགས་ཉམས་ལེན་བྱས་


CMR049_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །གཏོར་མ་རྒྱལ་བ་རྒྱ་མཚོ་སོགས། །ཐམས་ཅད་ཆག་མེད་རེམ་པ་དང་། །དབང་བསྐུར་བརྒྱ་ཕྲག་མང་པོ་དག །ཐོབ་པ་ལ་སོགས་དུས་གསུམ་དུ། །དགེ་བའི་རྩ་བ་ཅི་བསགས་ཀུན། །ཕྱོགས་བཅུའི་སངས་རྒྱས་ཀུན་ལ་འབུལ། །མཆོད་སྤྲིན་ནམ་མཁའ་མཉམ་གྱུར་ཅིག །དེ་ཡི་དགེ་བ་གཅིག་བསྡུས་ཏེ། །མར་གྱུར་སེམས་ཅན་ཀུན་ལ་བསྔོ། །ཀུན་ཀྱང་སངས་རྒྱས་མྱུར་ཐོབ་ཤོག །དགེ་བ་དེ་དག་གཅིག་བསྡུས་ཏེ། །མ་ཕམ་རྒྱུད་ལ་ད་ལྟ་ཉིད། །མངོན་སུམ་ཉིད་དུ་སྨིན་གྱུར་ཅིག །དེ་ཡི་ནུས་པ་ད་ལྟ་ཉིད། །འཆི་བ་འོད་གསལ་ཆོས་ཀྱི་སྐུ། །ངོས་ཟིན་བརྟན་པ་ཐོབ་གྱུར་ཅིག །དེ་ནས་འཕོས་ཚེ་སྤྱི་གཙུག་ན། །བསམ་ཞིང་ཆགས་མེད་ཞེན་མེད་དུ། །བདེ་ཆེན་ཞིང་དུ་འཕོ་གྱུར་ཅིག །གཟུགས་སྐུ་སྐྱེ་གནས་བར་མ་ཆོད། །བདེ་བ་ཅན་དུ་པདྨ་ལ། །བརྫུས་སྐྱེས་སྤྲུལ་སྐུ་ཐོབ་གྱུར་ཅིག །རྒྱལ་བ་སྲས་བཅས་ཐུགས་རྗེ་དང་། །ཆོས་ཉིད་རྣམ་པར་དག་པ་དང་། །བདེན་ལྡན་ཀུན་གྱི་བདེན་སྟོབས་དང་། །རྩ་བ་གསུམ་གྱི་མཐུ་སྟོབས་ཀྱིས། །བསྔོ་བ་སྨོན་ལམ་འགྲུབ་གྱུར་ཅིག །ཉེ་གནས་ཚེ་ལས་འདས་པའི་ཉིན། །


CMR049_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ངག་བཅད་སྨྲེ་སྔགས་ཡི་གེར་བྲིས། ༈ །ན་མོ་མ་ཧཱ་ཀ་རུ་ཎི་ཀཱ་ཡེ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །རྡོ་རྗེའི་སྙན་དང་ཡེ་ཤེས་སྤྱན། །དུས་དྲུག་སེམས་ཅན་ཐམས་ཅད་ལ། །བུ་གཅིག་བཞིན་དུ་བརྩེར་དགོངས་པ། །དེང་འདིར་བདག་ལ་དགོངས་སུ་གསོལ། །ང་ཡི་ཉེ་གནས་མ་ཕམ་དེ། །གཤིན་རྗེའི་སྐྱེས་བུས་ཁྲིད་ནི་ཐལ། །ར་མདའ་མཛོད་ཅིག་སྤྱན་རས་གཟིགས། །འཆི་ཁ་ནད་གཅོད་ཟུག་གཟེར་ཆེ། །ཚེ་འདིར་སྒྲིབ་པ་མི་ཆེ་ཡང་། །ཚེ་རབས་མང་པོའི་སྡིག་སྒྲིབ་ཀུན། །ཟུག་གཟེར་དེ་ཡིས་བྱང་བ་རུ། །བྱིན་གྱིས་རློབས་ཤིག་སྤྱན་རས་གཟིགས། །ཚེ་འདིར་སྲོག་བཅད་སྤངས་ན་ཡང་། །ཚེ་རབས་དུ་མར་སྲོག་བཅད་པའི། །ལས་ཀྱི་རྣམ་སྨིན་ལན་ཆགས་ཀུན། །ད་རེས་ཚེ་ནི་ཐུང་བ་དེས། །ལྷག་མ་མེད་པར་བྱང་བ་རུ། །བྱིན་གྱིས་རློབས་ཤིག་སྤྱན་རས་གཟིགས། །ཚེ་འདིར་བླ་མ་མང་པོ་མཇལ། །དབང་ལུང་ཁྲིད་རིམ་རྒྱ་མཚོ་ཐོབ། །སྡོམ་གསུམ་ཉེས་སྐྱོན་མེད་པ་དང་། །ཐོས་བསམ་བསྒོམ་ལ་འབད་པ་དང་། །བདག་དང་མི་འགྱུར་རྡོ་རྗེ་ཡི། །ཆགས་ཕྱི་དཀའ་ལས་གང་བྱས་དེས། །ད་རེས་


CMR049_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོ་འདི་ཉིད་ནས། །རྩལ་པོ་ཆེ་ཡིས་མདའ་འཕང་བཞིན། །བདེ་ཆེན་ཞིང་དུ་སྐྱེ་བ་ཅིག །ཐུགས་རྗེས་ཟུངས་ཤིག་སྤྱན་རས་གཟིགས། །སྤྱིར་ནི་འབྲེལ་ཐོགས་ཚེ་འདས་ཀུན། །ཁྱད་པར་ཉེ་གནས་མ་ཕམ་གྱི། །སྐྱིད་སྡུག་རེ་ས་ང་བས་མེད། །ང་ཡི་རེ་ས་སྤྱན་རས་གཟིགས། །འབྲེལ་ཐོགས་ཚེ་འདས་ཐམས་ཅད་དང་། །མ་ཕམ་ཐུགས་རྗེས་མ་བཏང་ཞིག །རང་དང་ལས་འབྲས་དབང་བཙན་ཏེ། །གཤིན་རྗེ་ཆོས་ཀྱི་རྒྱལ་པོས་ཀྱང་། །ལས་འབྲས་གང་གདའ་མ་གཏོགས་པ། །ལས་འབྲས་བཅོས་སུ་མེད་ན་ཡང་། །ལམ་རྒྱུད་ལྔ་ཡི་བདག་པོ་ནི། །ཚངས་པ་ཀུན་འཇིགས་ཞེས་བྱ་བ། །འཕགས་པ་སྤྱན་རས་གཟིགས་དབང་ཁྱེད། །ལས་ལ་དབང་བའི་སྟོབས་མངའ་བས། །སྐྱེ་གནས་མཐོ་དམན་ཁྱེད་དབང་ཆེ། །དེ་སྐད་མོའུ་འགལ་མདོ་ལས་གསུངས། །དེ་ཕྱིར་མ་ཕམ་ལ་སོགས་པ། །བདག་ལ་འབྲེལ་ཐོགས་ཚེ་འདས་ཀུན། །ལས་སྒྲིབ་ཤིན་ཏུ་ཆེ་ན་ཡང་། །ཁྱེད་ཀྱི་ཐུགས་རྗེའི་མཐུ་སྟོབས་ཀྱིས། །ལས་ངན་སྒྲིབ་པ་ཟིལ་མནན་ནས། །ད་རེས་སྐྱེ་བ་གཞན་དག་གིས། །བར་མ་ཆོད་པར་ནུབ་ཀྱི་ཕྱོགས། །


CMR049_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་གྱི་ཞིང་ཁམས་སུ། །སྐད་ཅིག་ལག་པ་བརྐྱང་བསྐུམ་ལ། །འདྲེན་པར་མཛོད་ཅིག་སྤྱན་རས་གཟིགས། །སྣང་བ་མཐའ་ཡས་སྤྱན་སྔ་རུ། །ཐུགས་དམ་ཞལ་བཞེས་མ་སྙེལ་ཞིག །ཞིང་དེར་མེ་ཏོག་པདྨ་ཡི། །སྦུབས་ལ་སྐྱེ་བ་ལེན་པ་རུ། །བྱིན་གྱིས་རློབས་ཤིག་སྤྱན་རས་གཟིགས། །ཁྱད་པར་ཨོ་རྒྱན་རིན་པོ་ཆེ། །ཁྱེད་ལ་འབོད་ཅིང་ཤི་བའི་མི། །མ་ཕམ་བདེ་ཆེན་ཞིང་དུ་དྲོངས། །གཞན་ཡང་བདག་ལ་རེ་ལྟོས་པའི། །ཚེ་འདས་བར་དོའི་འཕྲང་ནས་སུས། །བདེ་བ་ཅན་གྱི་ཞིང་ཁམས་སུ། །མྱུར་བ་ཉིད་དུ་འདྲེན་དུ་གསོལ། །མ་མགོན་ཡེ་ཤེས་ཆོས་སྐྱོང་རྣམས། །བར་མ་དོ་རུ་འཇུག་ཚེ་ཡང་། །ཞིང་ཁམས་དག་པར་ཁྲིད་གསུངས་ན། །མ་ཕམ་ལ་སོགས་ཚེ་འདས་ཚོ། །བདེ་བ་ཅན་གྱི་ཞིང་དུ་སྐྱོལ། །དེ་སྐད་མ་ཕམ་ཕུང་པོ་ཡང་། །རི་ལ་བསྐྱལ་འདྲོག་རྒོད་ཀྱིས་ཟོས། །སྐྱོ་བ་སྐྱེས་ནས་སྨྲེ་སྔགས་འདི། །རེ་ས་ཡི་དམ་ལྷ་ལ་བོས། །བོས་པ་སྙན་ལ་གསན་པ་དང་། །རེ་བ་དོན་དང་ལྡན་པར་ཤོག། ༈ །ན་མོ་ལོ་ཀེ་ཤྭ་ར་ཡེ། སྐྱབས་དཀོན་མཆོག་གསུམ་དང་རྩ་བ་གསུམ། །ལྷ་ཐུགས་རྗེ་ཆེན་པོའི་


CMR049_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་ཡིས། །བུ་ཉེ་གནས་མ་ཕམ་རྣམ་ཤེས་དེ། །མི་བདག་གི་མདུན་འདིར་མཆིས་གྱུར་ན། །ཚིག་འདི་དག་མངོན་སུམ་ཐོས་གྱུར་ཅིག །བུ་མ་ཕམ་ཆུང་ནས་ཆོས་སྒོར་ཞུགས། །དབང་བཀའ་ལུང་རྒྱ་མཚོ་ལྟ་བུར་ཐོབ། །ད་སྡོམ་པ་དམ་ཚིག་མ་ཉམས་པར། །ཁྱོད་ཤི་བ་མ་ཡིན་གྲུབ་པ་ཡིན། །དུས་སྙིགས་དུས་ཆོས་མགོ་ཐོན་པ་དཀའ། །ཁྱོད་ཤི་བས་སྡུག་རྒྱུ་མེད་དོ་བུ། །རྗེ་རྫོགས་པའི་སངས་རྒྱས་མན་ཆད་ནས། །མར་འཇག་མའི་སྲིན་བུ་ཡན་ཆད་ཀུན། །དེ་མི་འཆི་བྱ་བ་གཅིག་ཀྱང་མེད། །ཁྱོད་གཅིག་པུ་མིན་ཏེ་ཀུན་ལ་འོང་། །ཁྱོད་མ་ཕམ་ཤི་བའི་སྡུག་བསྔལ་སྤོང་། །སྔོན་བར་དོའི་དབང་ཁྲིད་མང་པོ་ཐོབ། །ད་དེ་ཚོ་མ་བརྗེད་ཡིད་ལ་ཁོད། །ཁྱོད་མ་ཕམ་ཤི་ནས་ཞག་པོ་གསུམ། །དུས་ད་རེས་ཚེས་བཅུའི་ཉི་དྲོས་བཞི། །ཁྱོད་ཤི་བ་ཡིན་མིན་ཐེ་ཚོམ་སྐྱེ། །བུ་མ་ཕམ་ཤི་བ་ཐག་ཆོད་ཡིན། །ཁྱོད་མ་སྐྲག་མ་སྔངས་རིགས་ཀྱི་བུ། །བུ་ཁྱོད་ཀྱི་ཡི་དམ་སྤྱན་རས་གཟིགས། །ལྷ་རྒྱལ་བ་རྒྱ་མཚོའི་བསྐྱེད་རིམ་བསྒོམ། །ཁྱོད་ཤ་ཁྲག་གདོས་བཅས་ལུས་མེད་པར། །ཁྱོད་ཡིད་ལུས་ཐུགས་རྗེ་ཆེན་པོའི་སྐུ། །ལྷ་རྒྱལ་བ་རྒྱ་


CMR049_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་དངོས་སུ་གྱུར། །དེ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཡིན། །དེ་སྒོམ་མཁན་སེམས་ལ་ཧྲིག་གེ་ལྟོས། །སེམས་སྟོང་པ་གཟུགས་དང་དངོས་པོ་མེད། །དེ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཡིན། །དེ་སྟོང་པའི་ངང་ནས་གཟུགས་ཀྱི་སྐུ། །དཔེ་ནམ་མཁར་ཤར་བའི་འཇའ་ཚོན་བཞིན། །ལུས་ཡི་དམ་རྒྱལ་བ་རྒྱ་མཚོ་བསྒོམ། །བུ་མ་ཡེངས་མ་འཁྲུལ་མ་ཕམ་པ། །ལུས་ཤ་ཁྲག་ཕུང་པོ་བྱ་ཡིས་ཟོས། །སེམས་རིག་པ་བར་དོར་འཁྱམས་ནི་གདའ། །ད་བླ་མ་དང་མཆེད་གྲོགས་སྲིང་མོ་སོགས། །སུ་གང་ལའང་མ་ཆགས་རིགས་ཀྱི་བུ། །རྒྱུ་དངོས་པོ་གང་གདའ་བསྔོ་འབྲེལ་ཞུ། །དེ་ཀུན་ལ་མ་འཕྲེང་རིགས་ཀྱི་བུ། །ཁྱོད་སྡུག་རྒྱུ་མེད་དོ་སྐྱིད་པ་ཡིན། །ལྷ་ཞི་ཁྲོ་རབ་འབྱམས་སུན་མ་ཡོད། །ལྷ་ཐུགས་རྗེ་ཆེན་པོའི་རྒྱབ་རྟེན་ཡོད། །ཆོ་ག་དང་བསྔོ་སྨོན་གྱི་སྐྱེལ་མ་ཡོད། །དུས་དེ་རིང་རྒྱུ་འབྲས་མ་སླེབས་པ། །མི་སྡིག་ཆེན་ཡང་གྲོལ་བའི་གསེབ་ལམ་ཡིན། །ཁྱོད་འགྲོ་ས་འདི་ནས་ནུབ་ཀྱི་ཕྱོགས། །གནས་བདེ་བ་ཅན་གྱི་ཞིང་ཁམས་ཡོད། །ཁྱོད་ཉི་ཟླ་མིག་གིས་མི་མཐོང་བས། །ནུབ་གང་ཡིན་ཐག་ཆོད་མ་བྱུང་ན། །རྗེ་སངས་རྒྱས་འོད་དཔག་མེད་པ་དེ། །


CMR049_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གར་བཞུགས་པའི་ཞིང་ཁམས་ཡིད་ལ་ཟུང་། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་ན། །དཔལ་བཅོམ་ལྡན་སངས་རྒྱས་འོད་དཔག་མེད། །དེ་དངོས་སུ་དམ་ཆོས་གསུང་ཞིང་ཡོད། །ལྷ་ཡི་དམ་ཐུགས་རྗེ་ཆེན་པོ་དང་། །དཔལ་ཕྱག་ན་རྡོ་རྗེ་མཐུ་ཆེན་ཐོབ། །དེ་ཐམས་ཅད་དེ་ན་དངོས་སུ་བཞུགས། །དེ་མཇལ་ལ་ཡུད་ཙམ་སྔ་འཕྱི་ཡོད། །གནས་འཁོར་བ་སྡུག་བསྔལ་རྒྱ་མཚོ་འདིར། །སྔོན་གྲངས་མེད་དུས་ནས་ད་ལྟའི་བར། །སྡུག་མཐའ་མེད་སྐྱེ་རྒས་ན་འཆི་མྱོང་། །མར་ངན་སོང་གཡང་ས་ཡ་རེ་ང་། །ཡར་ལྷ་་མའི་བདེ་བ་རྨི་ལམ་ཙམ། །ད་འཁོར་བའི་གནས་འདི་བཙོན་དོང་ཡིན། །བུ་མ་ཕམ་བཙོན་དོང་འདི་ནས་བྲོས། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། །སེམས་ཐེ་ཚོམ་ཡིད་གཉིས་མེད་པར་སོང་། །དེར་འགྲོ་བའི་ལམ་སོ་ཐམས་ཅད་ན། །མི་ཁྱོད་ཀྱི་ཕ་མ་ང་ཡིན་ཟེར། །མི་ཁྱོད་ཀྱི་ཉེ་དུ་ང་ཡིན་ཟེར། །མི་ཁྱོད་ཀྱི་ཟླ་གྲོགས་ང་ཡིན་ཟེར། །ཤ་ཚ་ཚ་བྱེད་ནས་འབོད་པ་ཀུན། །ཁྱོད་ཐར་ལམ་དགག་པའི་བར་ཆད་ཡིན། །དེར་མ་ཉན་མ་ལྟ་ཆགས་ཞེན་སྤོངས། །རང་ཡི་དམ་རྒྱལ་བ་རྒྱ་མཚོ་བསྒོམ། །ལྷ་སྣང་བ་མཐའ་ཡས་


CMR049_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་ནས་ཀྱང་། །གསུང་དམ་ཆོས་ཞུ་བ་སྙིང་ལ་ཆོངས། །ཞིང་དེ་ན་སྡུག་བསྔལ་མིང་ཡང་མེད། །དུས་རྟག་ཏུ་བདེ་སྐྱིད་ཕུན་སུམ་ཚོགས། །དུས་རྟག་ཏུ་སངས་རྒྱས་མཇལ་བ་དང་། །དུས་རྟག་ཏུ་དམ་ཆོས་ཉན་པ་དང་། །དུས་རྟག་ཏུ་ཆོས་ལ་སྤྱོད་ཆོག་པས། །གདན་མེ་ཏོག་པདྨའི་ཟེའུ་འབྲུ་ལ། །བུ་མ་ཕམ་སྐྱེ་བ་ལེན་པ་ཡི། །སེམས་ཐེ་ཚོམ་མེད་པར་འདུན་པ་གཏོད། །བུ་མ་ཕམ་ཚེ་ཡི་དུས་བྱས་ནས། །དུས་ཞག་གསུམ་ཉི་མའི་དྲོས་བཞི་ཡིན། །བུ་ཉེ་གནས་མ་ཕམ་འདིར་མ་བཞུགས། །ནུབ་བདེ་བ་ཅན་དུ་ཏ་ལེ་ཚུབྱོན། །ཆོ་ག་དང་བསྔོ་སྨོན་གྱིས་སྐྱེལ་མ་བྱེད། །ཚིག་དེ་སྐད་རྒྱལ་ཟླའི་ཚེས་བཅུར་སྨྲས། །དེ་སྨྲས་པ་དོན་དང་ལྡན་པར་ཤོག། ༈ །།ན་མོ་གུ་རུ་པྲ་ཝ་ཀ་ར་ཡེ། ཐུགས་རྗེ་ཅན་གྱི་པདྨ་འབྱུང་། །མངོན་ཤེས་དབང་བཅུ་ཁྱེད་ལ་མངའ། །དེ་ཕྱིར་བདག་གི་ཡི་གེ་འདི། །པད་འབྱུང་ཐུགས་ཀྱིས་མཁྱེན་པར་གསོལ། །བདག་དང་བདག་ལ་ལྟོས་བཅས་རྣམས། །བར་ཆད་དབང་དུ་མི་འགྲོ་བར། །ཚེ་དང་སྒྲུབ་པ་མཐར་ཕྱིན་ནས། །ཚེ་གཅིག་སངས་རྒྱས་འགྲུབ་པ་ཞིག །པདྨ་འབྱུང་གནས་ཁྱེད་རང་


CMR049_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན། །དུས་ངན་སྙིགས་མའི་ཡང་མཐའ་འདིར། །ནད་མུག་མཚོན་གསུམ་རླུང་ལྟར་འཁྲུག །དགྲ་ཇག་ཆོམ་རྐུན་མེ་ལྟར་འབར། །བདུད་དང་ལྷ་སྲིན་ཁ་རླངས་འཕྱོ། །འདི་འདྲ་ཁྱེད་ཀྱི་འདུལ་ཞིང་ལགས། །བར་ཆད་རྐྱེན་ངན་ཐམས་ཅད་སོལ། །བསམ་པ་ལྷུན་གྱིས་གྲུབ་པ་ཞིག །ཨོ་རྒྱན་ཆེན་པོ་ཁྱེད་རང་མཁྱེན། །ཐེ་ཚོམམེད་པར་གསོལ་བ་འདེབས། །བློ་སྙིང་བྲང་གསུམ་ཁྱེད་ལ་གཏད། །ཅི་མཛད་སྐྱིད་སྡུག་ཁྱེད་ལ་རེ། །ཐུགས་རྗེའི་ཐུགས་དམ་མ་གཡེལ་ཅིག །ཁྱེད་ལ་འགྲོ་བའི་དོན་ལས་མེད། །ཐུགས་རྗེ་བྱིན་རླབས་གློག་བས་མྱུར། །མཐུ་སྟོབས་རྫུ་འཕྲུལ་ཐོགས་པ་མེད། །ང་ཡི་རེ་ས་ཁྱེད་གཅིག་པུ། །རྔ་ཡབ་གླིང་ནས་སྤྱན་གྱིས་གཟིགས། །བདག་ཅག་འཁོར་བཅས་བྱིན་གྱིས་རློབས། །རྒྱལ་ཟླའི་ཡར་ཚེས་བཅུ་ཡི་ཉིན། །སྐྱོ་རུང་དེ་ཡི་ངང་ནས་འོ་དོད་འདི། །ཕ་ཨོ་རྒྱན་སྙན་ལ་གསན་པར་ཤོག། ༈ ན་མོ་གུ་རུ་དྷེ་ཝ་དྷཱཀི་ནཱི་ཧཱུྃ། བདེ་བ་ཆེན་པོའི་ཞིང་ཁམས་ན། །གཏེར་ཆོས་སྟོན་པ་སྣང་མཐའ་ཡས། །གཏེར་ཆོས་བསྟན་པ་ཐུགས་རྗེས་གཟིགས། །བསྟན་འཛིན་མི་འགྱུར་


CMR049_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ས་གཏེར་མྱུར་དུ་ཐོན་ནས་ཀྱང་། །གཏེར་སར་བསྟན་པ་དར་བ་གཅིག །སྟོན་པ་སྣང་བ་མཐའ་ཡས་མཁྱེན། །པོ་ཊ་ལ་ཡི་གནས་མཆོག་ནས། །གཏེར་ཆོས་ཡི་དམ་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོ་ཞི་དང་ཁྲོ། །མི་འགྱུར་རྡོ་རྗེ་སྲུང་སྐྱོབ་མཛོད། །བར་ཆད་བདུད་ཀྱིས་མི་ཚུགས་ཤིང་། །ས་གཏེར་གསར་དུ་ཐོན་པ་ཡི། །དངོས་གྲུབ་སྩོལ་ཅིག་ཡི་དམ་ལྷ། །རྔ་ཡབ་ཟངས་མདོག་དཔལ་རི་ནས། །གཏེར་གྱི་མངའ་བདག་ཨོ་རྒྱན་རྗེ། །ལུང་ཟིན་མི་འགྱུར་རྡོ་རྗེ་ལ། །བྱིན་རླབས་ས་གཏེར་དངོས་གྲུབ་ནི། །དུས་ལ་མ་གཡེལ་ད་ལྟ་སྩོལ། །དུས་རྟགས་ཐམས་ཅད་སྔར་ནས་ཚང་། །གཏེར་ལུང་ཐམས་ཅད་རྫུན་ལ་ཉེ། །ད་ནི་ཐུགས་རྗེ་དུས་ལ་བབ། །མཁའ་སྤྱོད་མཁའ་འགྲོའི་ཚོགས་ཁང་ན། །བདེ་ཆེན་རྒྱལ་མོ་དུང་སྨན་མ། །ཁྱོད་རང་སྔོན་གྱི་དམ་བཅའ་དགོངས། །ཐུགས་སྲས་མི་འགྱུར་རྡོ་རྗེ་ལ། །ཁ་བྱང་ཤོག་སེར་གནང་རེ་རན། །བྱིན་རླབས་དངོས་གྲུབ་དུས་ལ་བབ། །མ་ནིང་དྷ་ཀི་སྡེ་ལྔ་དང་། །དམ་ཅན་རྒྱ་མཚོ་ཐུགས་དམ་ཅན། །སྔོན་གྱི་དམ་བཅས་བརྗེད་དམ་ཅི། །ལུང་


CMR049_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་མི་འགྱུར་རྡོ་རྗེ་ལ། །དབང་སྐལ་ཆོས་རྣམས་ད་མྱུར་སྤྱོད། །ཕ་ནོར་བུ་ལ་མི་གཏད་དམ། །པད་འབྱུང་དམ་ལ་མི་གནས་སམ། །རང་གི་དམ་ཚིག་རང་འདྲ་ལ། །དེ་བས་དམ་ལ་མ་འདའ་བར། །མི་འགྱུར་རྡོ་རྗེའི་སྡོང་གྲོགས་མཛོད། །དགྲ་དང་བགེགས་ཀྱི་བར་ཆད་ཟློག །དབང་སྐལ་ཆོས་རྣམས་ཕྱག་ཏུ་སྤྱོད། །པད་འབྱུང་བསྟན་པ་རྒྱས་པར་མཛོད། །རྒྱལ་གྱི་ཟླ་བའི་ཡར་ཚེས་བཅུར། །ཚེས་བཅུ་བྱེད་པའི་འདོན་མཚམས་སུ། །སྤྲུལ་སྐུ་ཡིད་ལ་འཕྲེང་ནས་བྲིས། །བྲིས་པ་དོན་དང་ལྡན་པར་ཤོག །ཨ་ཨ་ཀརྨ་ཆགས་མེད་ཁྱོད། །མི་ལ་ཆོས་བཤད་ཁྲིད་འགའ་བཙུགས། །ཚེ་ལ་ངེས་པ་མེད་རབས་དང་། །འཆི་བདག་བཟློག་པའི་ཐབས་མེད་ཚུལ། །འདུས་པའི་མཐའ་ནས་བྲལ་བ་དང་། །སྐྱེ་བའི་མཐའ་མ་ཤི་བ་སྟེ། །འཁོར་བར་སྙིང་པོ་མེད་ཚུལ་དང་། །མང་པོ་གཞན་ལ་བཤད་པ་ཚོ། །རང་གི་ཡིད་ལ་མེད་ལགས་སམ། །བཅོམ་ལྡན་ཐུབ་པ་ཆེན་པོ་དང་། །སྐུ་ཚེ་འདུ་བྱེད་བཏང་བའི་ཚེ། །ཤཱ་རིའི་བུ་སོགས་དགྲ་བཅོམ་རྣམས། །མྱ་ངན་སྐུ་ལུས་སྤངས་བ་དང་། །ཚེ་དཔག་མེད་ཀྱིས་སྤྱན་རས་


CMR049_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། །མྱ་ངན་མི་འདའ་བཞུགས་དགོས་ཞེས། །ཞུ་བ་ཕུལ་ཕྱིར་བཏང་ན་ཡང་། །བཞུགས་པའི་ཐབས་མེད་མྱ་ངན་འདས། །ང་ལས་ནུས་ཀྱི་རྒྱལ་པོ་ཡང་། །གླིང་བཞི་ལྷ་གནས་ཕྱེད་དབང་བ། །ལྟུང་ནས་སྨྲེ་སྔགས་དང་བཅས་པས། །དེ་ཚོ་ཐོས་པའི་ཡུལ་ཡིན་ཀྱང་། །མངོན་སུམ་རྒྱལ་བ་ཡབ་སྲས་དང་། །བོད་སོག་རྒྱལ་པོ་དབང་ཆེན་འགའ། །སྐུ་རིམ་སྨན་དཔྱད་ནུས་པ་རྡུགས། །འདས་ནས་སོང་བ་མ་མཐོང་ངམ། །ལོ་ལྔ་མིག་སྔར་འཁོད་པ་ཡི། །ངོ་འདྲེས་ཙམ་ལས་ལྷག་པ་ཡི། །ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང་། །སོ་སོར་འབྲལ་བ་མི་ཤེས་སམ། །ཕ་མ་བུ་ཚ་སྤུན་ཟླ་དང་། །གྲྭ་སློབ་གྲོགས་མཆེད་ཡོན་བདག་སོགས། །ཐམས་ཅད་ཚོང་འདུས་མགྲོན་པོ་འདྲ། །ཡུན་རིང་མི་རྟག་སོ་སོར་འགྲོ། །ཕྱིན་ཆད་མི་འཕྲད་གར་སོང་མེད། །འཁོར་བའི་མཚན་ཉིད་མ་ལགས་སམ། །དེ་ལྟར་འཁོར་བར་འཁོར་བའི་ཚེ། །ཉེ་དུ་ཤི་བའི་མྱ་ངན་གྱི། །མཆི་མ་བསགས་ཀྱང་རོལ་མཚོ་ཙམ། །དེ་ལ་སྙིང་པོ་ཅང་མེད་པར། །རྒྱལ་བས་གསུངས་པ་མ་མཐོང་ངམ། །གཉེན་དང་བྲལ་ལམ་བྲལ་དགོས་པ། །མི་ཡི་སྡུག་བསྔལ་ཆ་ཤས་


CMR049_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ། །དེ་ནས་འཇིགས་པ་ནད་དང་འཆི། །ད་གཟོད་འོང་བ་མི་ཤེས་སམ། །དེ་དག་ཐམས་ཅད་ཤེས་བཞིན་དུ། །སེམས་སྡུག་བྱེད་པ་བྱིས་པའི་བློ། །མ་ཕམ་ཆུང་ནས་རབ་ཏུ་བྱུང་། །ཚུལ་ཁྲིམས་གཙང་མར་ཤི་བ་དེ། །ཤི་བ་མ་ཡིན་གྲུབ་པ་ཡིན། །མཆེད་གྲོགས་རྣམས་ལ་ཞེ་འཁོན་མེད། །དབང་ལུང་རྒྱ་མཚོ་ལྟ་བུར་ཐོབ། །དམ་ཚིག་མ་ཉམས་གཙང་མ་ལ། །ཤི་བ་མ་ཡིན་གྲུབ་པ་ཡིན། །བར་དོ་ཐོས་གྲོལ་ངོ་སྤྲོད་ལས། །རྩ་བའི་བླ་མ་འཛོམས་ན་རབ། །གསུངས་ཕྱིར་རྩ་བའི་བླ་མ་ཡིས། །ངོ་སྤྱོད་ལམ་སྟོན་དགོགས་ཞག་སོགས། །བྱེད་པ་བསོད་ནམས་རབ་ཏུ་གདའ། །འཆི་ཁ་ནད་གཅོད་སྡུག་བསྔལ་ལ། །རྒས་གཞོན་ཁྱད་པར་མེད་པར་གསུངས། །འཆི་ལ་མི་འཚེར་མེད་ན་ཡང་། །མ་ཕམ་ཟུག་གཟེར་ཆེ་སྐབས་སུ། །མ་ཕམ་ཉིད་ཀྱི་བསམ་པ་ལ། །ཤི་ཡང་སྡུག་རྒྱུ་མེད་བསམ་པ། །བདག་གི་མཐོང་བའི་སྣང་བ་བྱུང་། །ཕྱིར་ནངས་རྡུལ་བྱང་ལ་བྲིས་ནས། །ཁྱོད་ཀྱིས་འདི་འདྲ་བསམ་དོ་སྟེ། །རྡར་སྐད་མི་དགོས་ཨུ་དོགས་ཞེས། །སེམས་བསོའི་ཡི་གེ་བྲིས་གཏད་པས། །གཡག་གུ་ཡོད་པ་ཕྱག་ཏུ་ཕུལ། །


CMR049_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གསོན་ཤོག་གནང་བར་ཞུའོ་ཟེར། །ཐུགས་དམ་གསལ་པོ་ཟིན་འདུག་སྟེ། །ཕྱིར་ནངས་ཐོ་རངས་ཉམས་སྣང་ལ། །མ་ཕམ་ཕ་ཀིར་ཡོད་འདུག་པས། །ཡ་ད་ཟེར་ནས་འགྱོད་པ་ཡི། །ཚིག་གཅིག་སྨྲ་བ་ཐོས་སྙམ་པས། །ཐུགས་དམ་བྱི་བས་ཟོས་པ་ཡི། །རྣམ་ཤེས་འཕོས་པའི་རྟགས་སུ་སྣང་། །དེ་ནུབ་ཉམས་དང་རྨི་ལམ་མཚམས། །ད་ནས་དེ་ཅི་ཟིན་གྱིས་ཞེས་ཟེར། །རྒྱལ་པོ་རྒྱལ་སྲིད་ཆགས་པ་དང་། །སྤྲང་པོ་དབྱུག་པ་ཆགས་པ་གཉིས། །འདྲའོ་ཟེར་བ་ཡིད་ལ་ཤར། །ནས་དེ་མེད་པར་གྱིས་ཤིག་སྨྲས། །དེ་ནས་བདུན་ཕྲག་གཅིག་གི་སོ། །རྨི་ལམ་ཡད་ཡུད་མ་ཕམ་འཕྲད། །མ་ཕམ་ཁྱོད་ནི་ཤི་བ་ཡིན། །མ་འདུག་བདེ་བ་ཅན་དུ་སོང་། །དེ་སྐད་ལན་གསུམ་བསྐྱར་ནས་སྨྲས། །དེ་ནས་མེད་དེ་སོང་བ་ཡིས། །འོན་ཀྱང་ལོ་ལྔ་དུས་རྒྱུན་དུ། །འབྲལ་མེད་དྲུང་དུ་བསྡད་པ་སྟེ། །ཡང་ཡང་དྲན་ཅིང་སེམས་སྐྱོ་ནས། །སེམས་སྡུག་མྱ་ངན་བྱུང་བ་ཡིས། །རང་གིས་རང་ལ་སེམས་བསོ་འདི། །རྒྱལ་ཟླའི་བཅུ་གསུམ་ཉིན་པར་བྲིས།།་་།།ན་མོ་ལོ་ཀེ་ཤྭ་ར་ཡེ། རང་དོན་གཞན་དོན་གང་ཡིན་པ། །མཁས་པ་རྣམས་ཀྱིས་


CMR049_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་ཡིན། །རྨོངས་པ་རྣམས་ཀྱིས་ཤེས་པར་དཀའ། །སེམས་ཅན་ཀུན་གྱིས་རང་དོན་བསྒྲུབ། །མ་བསྒྲུབས་འཁོར་བའི་རྒྱ་མཚོར་ལྟུང་། །སེམས་དཔའ་རྣམས་ཀྱིས་གཞན་དོན་མཛད། །རང་ཉིད་མངོན་པར་རྫོགས་སངས་རྒྱས། །གཞན་དོན་སྙིང་ནས་བསྒྲུབ་ནུས་ན། །རང་དོན་དེ་བས་ལྷག་གཞན་མེད། །རང་དོན་ཆེ་འདིར་བདེ་སྐྱིད་ནི། །བསྒྲུབ་ཀྱང་འགྲུབ་མཁན་རེ་རེ་ཙམ། །གལ་ཏེ་འགྲུབ་ཀྱང་ཡུན་མི་རིང་། །གཞན་དོན་བསྒྲུབས་པས་རང་གི་དོན། །འགྲུབ་པ་ཆོས་ནས་གསུངས་པ་སྟེ། །འཇིག་རྟེན་ལ་ཡང་དེ་དང་མཚུངས། །ཀུན་ལ་བྱམས་དང་སྙིང་རྗེ་ཆེ། །དེ་ནི་རང་ཉིད་བླ་མར་གྱུར། །རང་གི་གང་ཤེས་ཡོན་ཏན་ཀུན། །ཕན་སེམས་གཞན་ལ་སྙིང་ནས་སློབ། །དེ་ནི་ཀུན་གྱིས་སློབ་དཔོན་བསྐུར། །སྡེ་ལ་ཕན་སེམས་སྤྱི་ཆོས་སུ། །རང་ཉིད་ལུས་སྲོག་ལོངས་སྤྱོད་བཏང་། །དེ་ནི་ཀུན་གྱི་དཔོན་དུ་གྱུར། །འགྲོ་བ་སེམས་ཅན་བདེ་བའི་ཕྱིར། །རང་གི་སྒོ་གསུམ་དགེ་སྦྱོར་བརྩོན། །དེ་ནི་མངོན་པར་སངས་རྒྱས་ཐོབ། །བདག་ཀྱང་ལོ་བདུན་དབང་ལུང་གི །མན་ངག་སྒོ་སྐྱེལ་བྱེད་དུ་ཕྱིན། །


CMR049_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་གཞན་དོན་བསམ་ན་ཡང་། །རང་དོན་ཟང་ཟིང་ཤུགས་ཀྱིས་བྱུང་། །ཆབ་མདོའི་འབུལ་སྡུད་བྱས་པ་ཡི། །གདུལ་བྱའི་ཞེ་འདོད་ཆེ་བ་དེས། །ཅུང་ཟད་གདུལ་བྱ་ཆུང་བ་འདྲ། །སེམས་བསྐྱེད་གཙོ་བོའི་གནད་གཅིག་རྟོགས། །བླ་མ་བསོད་ནམས་མགོན་པོ་ཡང་། །སྡེ་ཡི་སྤྱི་ཚོས་དགོངས་པའི་ཕྱིར། །ལྷ་ཐོག་སྤྱི་དཔོན་བྱུང་བ་ཡིན། །རང་དོན་རི་ཁྲོད་བཟུང་བ་ན། །སྤྱི་དཔོན་མི་འོང་བྱ་བྲལ་འོང་། །དེ་སྐད་ལྷ་ཐོག་བླ་མ་ཡི། །མགྲོན་གཉེར་ལ་ནི་ཀུ་རེའི་གསུང་། །འགའ་རེ་གསུངས་པ་ཐོས་པ་ན། །དྲན་ནས་ཡི་གེར་བྲིས་པ་ཡིན།། ༈ །།ན་མོ་བཛྲ་པཱ་ཎི་ཡེ། བདག་མཆིས་བཙུན་པ་ཆགས་མེད་ངས། །བུང་བ་ལྟ་བུའི་སྤྱོད་པ་ཡི། །བླ་མ་སློབ་དཔོན་མང་པོ་ལ། །དབང་ལུང་གདམས་པ་མང་དུ་ཞུས། །རང་གིས་དབང་ལུང་མ་ཐོབ་པར། །གཞན་ལ་དབང་ལུང་ངས་མི་སྤོབས། །བླུན་སྒོམ་ཨུ་ཚུགས་མ་བྱས་པས། །གྲྭ་ས་འགྲིམ་ཞིང་སློབ་གཉེར་བྱས། །གསར་རྙིང་རྒྱུད་སྡེའི་རྣམ་བཞག་ཤེས། །འོལ་ཚོལ་བློ་བཟོ་ངས་མི་ཕོད། །ས་དགེ་བཀའ་བརྒྱུད་རྙིང་མ་ཡི། །དགོངས་བཞེད་སོ་སོར་དབང་ལུང་


CMR049_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས། །ཕ་ཞྭ་མ་ལྷམ་སྤྲད་དོན་མེད། །ཆོ་ག་རྒྱས་བསྡུས་འབྲིང་པོ་ཤེས། །གཏི་ཐུག་རིགས་འགྲེས་ངས་མི་དགོས། །སྣང་བ་དཔེ་ཆར་མ་ཤར་ཏེ། །ཤེས་རབ་རིག་པ་ནང་ནས་རྡོལ། །བཤད་པ་བཟུང་བཤར་ངས་མི་དགོས། །ཀུན་མཁྱེན་ཡེ་ཤེས་མ་ཐོབ་སྟེ། །གསར་རྙིང་དབང་ལུང་བསྒྲུབ་པའི་སྐོར། །བལྟས་པ་ཙམ་གྱིས་དེ་དོན་ཤེས། །དབང་བསྐུར་རྒྱས་བསྡུས་ཐམས་ཅད་ལ། །འབྱོར་པ་རབ་དང་དབང་པོ་ནི། །ཐ་མར་རྡུལ་ཚོན་དཀྱིལ་འཁོར་དགོས། །འབྱོར་པ་འབྲིང་དང་དབང་པོ་འབྲིང་། །རས་བྲིས་དཀྱིལ་འཁོར་བྱ་བར་གསུངས། །འབྱོར་པ་ཐ་མ་དབང་པོ་རབ། །ཚོམ་བུའི་དཀྱིལ་འཁོར་ཆོག་པར་བཤད། །འོན་ཀྱང་དབང་པོ་ཐ་མ་ཡིས། །ཚོམ་བུའི་དཀྱིལ་འཁོར་ལ་བརྟེན་ནས། །དཀྱིལ་འཁོར་དབང་བསྐུར་མི་བསྣུབ་གསུངས། །གྲུབ་པ་ཐོབ་པའི་རྣལ་འབྱོར་པས། །ཡེ་ཤེས་སྤྲུལ་པའི་དཀྱིལ་འཁོར་དུ། །དབང་བསྐུར་དབང་རྫས་མི་ལྟོས་གསུངས། །དབང་པོ་འབྲིང་དང་ཐ་མ་ཡིས། །དལ་ཞིང་ལོང་སྐབས་བྱུང་བ་ན། །བདག་མདུན་བུམ་གསུམ་བདག་འཇུག་ལེན། །ཅུང་ཟད་བྲེལ་ན་བདག་བསྐྱེད་


CMR049_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །མདུན་བུམ་དུས་གཅིག་སྒྲུབ་ཆོག་པ། །ས་ཀར་ཐམས་ཅད་མཚུངས་པ་ཡིན། །བདག་འཇུག་ཏིང་ངེ་འཛིན་གྱིས་བླང་། །གསང་སྔགས་རྙིང་མའི་ཁྱད་ཆོས་ལ། །ཆོ་ག་གཅིག་གིས་བདག་མདུན་བུམ། །གཏོར་བསྐྱེད་བཞི་ཁ་དུས་གཅིག་བསྒྲུབ། །ཏིང་ངེ་འཛིན་གྱིས་བདག་འཇུག་བླང་། །རྙིང་མའི་དབང་བསྐུར་ཐམས་ཅད་ལ། །བདག་གིས་དེ་ལྟར་བགྱིས་པ་ལགས། །དགེ་ལུགས་པ་དང་ཀར་ལུགས་སོགས། །འགའ་ཞིག་རང་གི་ཡི་དམ་ལྷ། །གནས་འགྱུར་བདག་མདུན་བུམ་པ་དུས་གཅིག་བསྒྲུབ། །དབང་བསྐུར་མཁས་པ་འགའ་ཡི་ལུགས། །རྫོགས་ཆེན་ལུགས་ལ་བདག་མདུན་བུམ། །དྲན་རྫོགས་ཅུང་ཟད་སྔགས་བརྗོད་ནས། །དབང་བསྐུར་གནམ་ཆོས་ལ་སོགས་པ། །ཚད་ལྡན་གཞུང་ལུགས་མང་པོ་དང་། །པཎ་ཆེན་རྡོ་རྗེ་གདན་པས་བཤད། །གསར་མའི་རྒྱུད་སྡེ་རྣམས་ནས་ཀྱང་། །དེ་དང་མཚུངས་པར་གསུངས་པ་སྟེ། །སྡོམ་པ་འབྱུང་བའི་རྒྱུད་ཆེན་ལས། །རྣོན་པོས་སྐད་ཅིག་རྣམ་པ་ཡིས། །བསམ་གཏན་ཉིད་ཀྱི་དཀྱིལ་འཁོར་ཏེ། །སྐད་ཅིག་རྣམ་པའི་རྣལ་འབྱོར་ནི། །རྫོགས་པའི་རིམ་པ་བསྒོམ་པར་བྱ། །ཞེས་


CMR049_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་གྲུབ་ཆེན་དྲིལ་བུ་པས། །རྫུས་ཏེ་སྐྱེས་པའི་སེམས་ཅན་བཞིན། །ས་བོན་མེད་པ་རྣམ་པར་བསྒོམ། །ཞེས་གསུངས་དེ་ལ་ས་པཎ་གྱིས། །རྔོ་བཏགས་ལེགས་པར་མ་བྱས་པའི། །རྗེན་ནི་སྐད་མི་མྱང་བ་ལྟར། །སྔོན་དུ་བསྐྱེད་རིམ་མ་གོམས་པས། །དྲན་རྫོགས་བསྒོམ་པར་མི་ནུས་གསུངས། །འོན་ཀྱང་ཁོ་བོ་ལོ་བརྒྱད་ནས། །དེང་སང་བར་དུ་བསྐྱེད་རིམ་སྦྱངས། །དྲན་རྫོགས་མི་ནུས་ཅིའམ་ཕྱིར། །མངོན་བརྗོད་ལེའུ་དྲུག་པ་ནས། །ལས་དང་པོ་པ་ཡི་སྒོམ་རིམ་ནི། སྐད་ཅིག་གཅིག་གིས་སྐུ་རྫོགས་པ། །ཞེས་གསུངས་གྲུབ་ཆེན་ཀརྨ་པས། །སྐྱེ་བོ་ཕོ་མོ་མི་ནག་པ། །ཡི་གེ་མི་ཤེས་པ་ཀུན་ལ། །དྲན་རྫོགས་བསྒོམ་པ་ཕན་ཆེ་གསུངས། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དྲན་པ་ཙམ་གྱིས་རྫོགས་པ་ཉིད། །ལྟ་བ་གྱད་ཀྱི་ལྷ་ཞེས་བྱ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཏེ། །བསྲུང་བ་ཀུན་གྱི་མཆོག་ཡིན་གསུངས། །དེ་བཞིན་རྒྱ་སྟོན་སན་དྷ་པས། །དྲན་རྫོགས་ཕག་མོ་ལ་སོགས་པ། །བསྒོམ་པ་ནམ་མཁའི་འཇའ་ཤར་ལྟར། །དེ་ནི་ཟབ་ཅིང་ཁྱད་པར་འཕགས། །བསྐྱེད་རིམ་གསལ་པོ་མེད་ན་ནི། །ཆོ་ག་


CMR049_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བཏོན་ཡང་མི་ཚང་བཞེད། །གཏེར་བཞེད་སྙིང་པོའི་ཕྱག་ལེན་དང་། །དགེ་ལུགས་བླ་མ་མང་པོ་ཡིས། །རྗེས་གནང་དབང་བསྒྲུབ་མི་མཛད་པར། །གཏོར་མ་ལྷར་བསྐྱེད་སློབ་མ་ལ། །གསལ་འདེབས་བཅུག་དེས་ཆོག་པར་མཛད། །དེ་ཕྱིར་རྒྱུད་དང་རྒྱ་གཞུང་དང་། །བླ་མ་རྣམས་ཀྱི་ཕྱག་ལེན་ལྟར། །ཁོ་བོ་དྲན་རྫོགས་བསྐྱེད་རིམ་གྱི། །དབང་བསྐུར་བྱས་ཀྱང་འགལ་བ་ཅི། །འོན་ཀྱང་སེར་མོ་ཡོན་ཏན་མཁན། །གཞན་ལ་འཕེལ་རེ་ཡོད་པ་དང་། །རང་གིས་སྒྲུབ་པ་བྱེད་མཁན་ལ། །ཤིན་ཏུ་མི་ཁོམ་བྲེལ་ན་ཡང་། །རྒྱས་བསྡུས་མ་གཏོགས་བདག་མདུན་གྱི། །དབང་ཆོག་མ་བྱས་པ་ཡི་དབང་། །བསྐུར་རེ་ཁོ་བོས་མནའ་ཡིས་ཐེག །འོན་ཀྱང་སྐྱེ་བོ་མི་ནག་པ། །དབང་ལུང་སྤེལ་བའི་རེ་བ་ཟད་། །རང་གིས་བསྙེན་སྒྲུབ་མི་ཤེས་པའི། །ནད་པ་ལ་སོགས་མང་པོ་ནི། །དུས་གཅིག་གཏི་ཐུག་རྗེས་གནང་འདྲ། །བཏུད་ནས་བྱ་དགོས་ལོང་ཁོམ་མེད། །མི་ཁོམ་ད་ལྟ་འགྲོ་དགོས་ཟེར། །དེ་འདྲ་སྐད་ཅིག་དྲན་རྫོགས་སུ། །བསྐྱེད་ནས་རྗེས་གནང་བྱེད་དགོས་བྱུང་། །དེ་དོན་རུང་ངམ་ཞབས་དྲུང་ལ། །ཞུས་པས་མི་རུང་མ་གསུངས་སོ། །


CMR049_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་གཅིག་བསྒྲུབ་ཀུན་གྱི་ངང་། །ལྷ་གཅིག་བསྙེན་པ་ལེགས་ཐེམས་ནས། །ལྷ་ཀུན་དབང་བསྐུར་རུང་ངོ་ཞེས། །རྡོ་རྗེ་ཕྲེང་བར་གསུངས་མོད་ཀྱིས། །ཡི་དམ་ཆོས་སྐྱོང་མི་གཅིག་པ། །བསྙེན་སྒྲུབ་བརྒྱ་ཕྲག་སྔར་ནས་ཐོན། །ལྷ་གཅིག་ལོ་གྲངས་བཅུ་གསུམ་བསྒྲུབས། །དབང་ལུང་ཐོབ་ཚད་ལྷ་ཀུན་སྔགས། །གཟའ་འཛིན་དུས་འགའ་བགྲངས་ནས་ཀྱང་། །འགྱུར་རྩིས་ཀུན་གྱི་བསྙེན་པ་ཐེམས། །བསྐྱེད་རིམ་འབྱང་པའི་རློམ་སེམས་ཡོད། །བདག་ལ་དབང་ལུང་ཐོབ་པ་ཀུན། །དབང་ཆོག་ཕྱག་ལེན་དག་མ་དག །ཐེ་ཚོམ་ཡིད་གཉིས་མ་བྱེད་པར། །བསྒྲུབས་ན་དག་དང་མ་དག་གི །རྟགས་མཚན་བསྒྲུབས་པའི་མཚན་མ་ཤེས། །དེ་སྐད་རང་ལ་འབྲེལ་ཆེ་བའི། །དགེ་སློང་ཞིག་གིས་འབྲུག་ཆེན་པ། །བླ་མ་བསོད་ནམས་རྒྱ་མཚོའི་དྲུང་། །གནས་མདོ་བླ་མས་དབང་བྱེད་དུས། །དབང་ཆོག་མི་འདོན་བསྐུར་འདུག་པ། །རུང་ངམ་ཞུས་པས་མི་རུང་ཞེས། །ཐུགས་ཁྲེལ་མཛད་འདུག་ཟེར་བའི་གཏམ། །རང་གི་བུ་ཆེན་གཅིག་གིས་ནི། །ཐོས་ནས་དགེ་སློང་དེ་ལ་ཡང་། །གཤེ་སྐུར་བྱེད་པ་ཐོས་པའི་


CMR049_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །མ་དགའི་རྟོག་པ་མ་བྱུང་སྟེ། །གནས་ཚུལ་དྲང་པོའི་གཏམ་གྱིས་ནི། །འདི་རུ་རང་གར་བྲིས་པ་སྟེ། །རྗེས་འཇུག་རྣམས་ལ་དགོས་སོ་སྙམ།། ༈ ན་མོ་མ་ཧཱ་ཡེ། ལྷག་བསམ་བསྐུལ་བའི་མདོ་ལས་ཐུབ་དབང་གིས། །རྙེད་དང་བཀུར་སྟི་དག་ལ་འདོད་མེད་པར། །ཆོས་ཀྱི་སྦྱིན་པ་བྱིན་ན་ཕན་ཡོན་ནི། །དྲན་པ་དང་ལྡན་བློ་ལྡན་བློ་གྲོས་ལྡན། །མོས་པ་དང་ལྡན་ཤེས་རབ་ལྡན་པ་དང་། །འཇིག་རྟེན་འདས་པའི་ཤེས་རབ་རྗེས་སུ་རྟོགས། །འདོད་ཆགས་ཞེ་སྡང་གཏི་མུག་ཆུང་བར་འགྱུར། །བདུད་ཀུན་གྱིས་ནི་དེ་ལ་གླགས་མི་རྙེད། །སངས་རྒྱས་ཀུན་གྱིས་དེ་ལ་དགོངས་པར་འགྱུར། །མི་མ་ཡིན་རྣམས་དེ་ལ་སྲུང་བར་བྱེད། །ལྷ་རྣམས་དེ་ཡི་ལུས་ལ་མངོན་འཇུག་ཅིང་། །མི་མཛའ་བ་རྣམས་དེ་ལ་གླགས་མི་རྙེད། །མཛའ་བོ་རྣམས་ཀྱང་མི་འབྱེད་ཚིག་བཟང་འོས། །ཡིད་བདེ་མི་འཇིགས་ཐོབ་ཅིང་མཁས་པས་བསྔགས། །ཆོས་ཀྱི་སྦྱིན་པ་རྗེས་སུ་དྲན་འགྱུར་ཏེ། །དེ་ལས་ཕན་ཡོན་ཉི་ཤུ་ཐོབ་པར་གསུངས། །དེ་བཞིན་མདོ་ལས་ཐུབ་དབང་གིས། །གང་ལ་ཕན་ཕྱིར་ང་ཡི་ཆོས། །ཚུལ་བཞིན་བསྟན་པས་མཆོད་འགྱུར་


CMR049_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །མེ་ཏོག་བདུག་པ་མར་མེ་ཡིས། །རྒྱས་པ་ཡང་དག་མཆོད་མ་ཡིན། །ཞེས་གསུངས་མཆོད་པའི་མཆོག་ཀྱང་ཡིན། །བྱམས་པ་སེང་གེའི་མདོ་ལས་ཀྱང་། །གངྒཱའི་བྱེ་སྙེད་རིན་ཆེན་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །དུས་ངན་ཚེ་ན་ཚིགས་བཅད་གཅིག་བརྗོད་ན། །དེ་ཡི་ཕན་འདོགས་ཅི་འདྲ་དེ་འོང་མེད། །གང་གིས་གང་གཱའི་བྱེད་སྙེད་སངས་རྒྱས་ཞིང་། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །དགའ་རབ་སེམས་ཀྱིས་རྒྱལ་ལ་ཕུལ་བ་དང་། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་སྦྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེས་བསྒྲུབས་དེ་ལ། །ཆར་ཡང་མི་ཕོད་གྲངས་སུ་མ་ཡིན་ན། །གཉིས་དང་གསུམ་ལ་བསམ་དུ་ག་ལ་ཡོད། །ཅེས་གསུངས་དེ་བཞིན་གསེར་འོད་དམ་པ་ནས། །སྦྱིན་པའི་ནང་ནས་ཆོས་སྦྱིན་མཆོག་ཅེས་གསུངས། །དེ་བཞིན་འཕགས་པ་དཀོན་མཆོག་བརྩེགས་པ་ལས། །མི་རྣམས་གང་ཞིག་གང་གཱའི་བྱེ་སྙེད་ཀྱིས། །འཇིག་རྟེན་ཁམས་མཆོག་རིན་ཆེན་བཀང་བྱས་ཏེ། །དགེ་མཆོག་སེམས་ཀྱིས་རྒྱལ་ལ་ཕུལ་བ་


CMR049_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བས། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་རྒྱ་ཆེན་བྱིན་པ་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེས་བསྒྲུབས་དེ་ལ། །ཆར་ཡང་མི་ཕོད་གྲངས་སུ་མ་ཡིན་ནོ། །ཞེས་གསུངས་སེང་གེས་ཞུས་པའི་མདོ་ལས་ཀྱང་། །ཆོས་ཀྱི་སྦྱིན་པས་སྐྱེ་བ་དྲན་པར་གསུངས། །ཀླུ་ཡི་རྒྱལ་པོ་རྒྱ་མཚོའི་ཞུས་པ་ལས། །ཆོས་ཀྱི་སྦྱིན་པས་ཟག་པ་ཟད་པ་ཡི། །མངོན་པར་ཤེས་པ་རྣམ་པར་དག་འགྱུར་ཏེ། །ཞེས་གསུངས་ཏིང་འཛིན་རྒྱལ་པོའི་མདོ་སྡེ་ལས། །གང་དག་སྲོག་ཆགས་ཕན་ཕྱིར་ཆོས་སྟོན་པ། །དེ་འདྲའི་མི་དེ་ཤིན་ཏུ་བརྟན་པ་ཡིན། །དེ་ཡང་གཅིག་ལ་གཅིག་ཀྱང་མི་འབྱེད་མཛའ། །བྱེ་བ་སྙེད་ཀྱི་བདུད་ཀྱིས་དབྱེ་མི་ནུས། །འཇིག་རྟེན་ཟང་ཟིང་དག་གིས་བརྟེན་པའི་མི། །དེ་དག་ཚེ་འདིའི་དོན་དུ་ཀུན་འགྱུར་གྱི། །ཟང་ཟིང་མེད་པའི་ཆོས་ལ་བརྟེན་པ་ཡི། །མི་དག་གིས་ཀྱང་རབ་ཏུ་དོན་ཆེན་འགྱུར། །ཟང་ཟིང་མེད་པའི་སེམས་ནི་ཉེར་བཞག་སྟེ། ཟང་ཟིང་མེད་པའི་ཆོས་རྣམས་རབ་བཤད་ལ། །གང་དག་ཟང་ཟིང་མེད་པའི་དགའ་ལྡན་པ། །དེ་འདྲ་དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཞེས་གསུངས་དེ་བཞིན་དབང་བསྐུར་


CMR049_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་ཡང་། །གསང་བ་པ་ཡི་མཛོད་ལས་ཀྱང་། །དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ནི་སྐྱེ་བ་བརྒྱད་ལས་ནི། །མ་བསྒོམས་པར་ཡང་དངོས་གྲུབ་ཐོབ། །མཁའ་འགྲོ་སྡོམ་པ་རྒྱ་མཚོ་ལས། །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །དབང་ལས་ཡང་དག་ཤེས་པར་འགྱུར། །དབང་མཆོག་རིག་པའི་ཡེ་ཤེས་ནི། །འབྲས་བུ་ལམ་དུ་འགྱུར་བ་ཡིན། །ལྟུང་བ་རྣམ་པར་གཞག་རྒྱུད་ལས། །དཀྱིལ་འཁོར་ཐར་པའི་གྲོང་མཆོག་འདིར། །ཞུགས་པ་དང་ནི་དབང་བསྐུར་བས། །ཕྱིར་ལྡོག་པ་ནི་ཡོད་མ་ཡིན། །འདིར་ཞུགས་བུ་རྣམས་སྐད་ཅིག་ཀྱང་། །འབྲལ་མེད་འོག་མིན་གནས་སུ་འགྲོ། །ཞེས་གསུངས་ཆོས་བཤད་དབང་བསྐུར་གྱི། །ཕན་ཡོན་འདི་རྣམས་སྙིང་ལ་འཆང་། །ཟང་ཟིང་སྙིང་ལ་མ་འཆང་བར། །ཁྱི་ཡི་ལོ་པ་ནས་བཟུང་སྟེ། །ཤིང་འབྲུག་ལོ་དེ་མ་རྫོགས་བར། །ལོ་བདུན་འགྲོ་དོན་དམིགས་རྩེ་གཏད། །སྲོག་དགྲ་ཅན་གྱི་ཆུ་ཆེན་དང་། །དཀའ་ཚེགས་ཅན་གྱི་ལ་ཆེན་དང་། །ཡ་ང་ཟ་བའི་ལམ་འཕྲང་དང་། །འཇིགས་སྐྲག་ཅན་གྱི་དགྲ་དོགས་དང་། །


CMR049_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་གྱི་ཆར་ཆུ་དགུན་གྱི་ལྷགས། །ལུས་ཀྱི་ངལ་དུབ་ཁྱེད་ཀྱིས་བསད། །འོབ་ཇོ་བུདྡྷ་དམར་པོ་མན། །སྨར་ཁམས་བསམ་འགྲུབ་ལུང་པ་ཚུན། །ཚ་བའི་རྡོ་རྗེ་གཡུ་སྒྲོན་ཡན། །ས་ཁོལ་འདི་ཡི་གར་ཡང་ཕྱིན། །གསང་འདུས་དང་ནི་ཞི་ཁྲོ་ཡི། །དབང་ཁྲིད་སྦྲེལ་མ་སྒྲུབ་ཆེན་ལུགས། །ཁྲིད་ཆེན་ཉི་ཤུ་རྩ་བརྒྱད་བཙུགས། །དབང་ལ་གཞི་བླང་ཁྲིད་ཆུང་བཅུ། །རྟ་རྣ་དགོན་དང་ལ་གོང་དགོན། །ཙོག་མདའ་དགོན་དང་སོག་གསའ་གཉིས། །ཀརྨ་དགོན་དང་ལྷ་སྟེང་དགོན། །ཟུར་མང་རི་གླིང་དགའ་ལྡན་དགོན། །བདུད་རྩི་དེའུ་དང་གླུ་མདའ་དགོན། །སྐྱབས་བདུད་རི་སྒེས་ཁག་སོགས་ཀྱི། །དགེ་འདུན་མང་པོར་དབང་ཆོས་ཕུལ། །ལྷོ་པ་སྤྲུལ་སྐུ་ཤོར་ཕུ་བ། །འཁྲུལ་ཞིག་དབོན་པོ་ཁུ་དབོན་གསུམ། །ཚ་བཤི་བླ་མ་ཆོས་ཕོག་པ། །སྟག་གཉིས་ལ་སོགས་འབྲུག་པ་འགལ། །འཇང་གྲྭ་བླ་མ་ཁུ་དབོན་གསུམ། །སྒོས་སྣ་བླ་མ་ཆེ་ཆུང་ལྔ། །བླ་ཚང་བླ་མ་བསྒྲེས་གཞོན་བཞི། །སྤར་ངེ་དབོན་པོ་རྣམ་པ་གཉིས། །རི་པ་སྟོད་སྨད་བླ་མ་ལྔ། །སྐྱབས་ཆེ་བླ་མ་བདུན་དང་ནི། །བདུད་མོ་བླ་མ་ཆུང་བ་གཉིས། །ས་དཀར་བླ་མ་ཆེ་བ་


CMR049_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །བོན་པོའི་བླ་མ་གཉིས་གསུམ་ཙམ། །འོག་ལ་བླ་མ་ཁུ་དབོན་གཉིས། །རྒྱ་རའི་བུ་ཆེན་བླ་མ་གཅིག །གྲོ་རྫོང་བླ་མ་ཁུ་དབོན་གཉིས། །ཝ་པ་སྐུ་སྐྱེ་ཡབ་སྲས་གསུམ། །གོ་འཇོའི་བླ་མ་བཞི་ལྔ་ཙམ། །རྙི་བ་རབ་འབྱམས་སྐུ་མཆེད་གཉིས། །སྟོང་ནག་བླ་མ་སྐུ་སྐྱེ་གཉིས། །འཇའ་མོ་སྐུ་སྐྱེ་ལ་སོགས་པ། །སྐུ་སྐྱེའི་མིང་ཐོབ་བཅུ་ལྷག་ཙམ། །དེ་དག་རྣམས་ལ་དབང་ལུང་ཕུལ། །ཁྲིད་དང་གེགས་སེལ་བོགས་འདོན་སོགས། །སོ་སོའི་ཐུགས་བཞེད་བསྐང་བར་བྱས། །རྒྱལ་པོ་བློན་པོ་ཤོག་དཔོན་རིགས། །སྔགས་པའི་རིགས་དང་སྨན་པའི་རིགས། །ཨ་མཆོད་རིགས་དང་བྱ་བྲལ་རིགས། །རྟོགས་ལྡན་གཅོད་པ་རི་ཁྲོད་པ། །སྒྲུབ་པ་མ་དང་རང་གྲོལ་རིགས། །སོ་སོར་གང་འདོད་དབང་དང་ལུང་། །ཁྲིད་དང་ངོ་སྤྲོད་མགུ་བར་བྱས། །རྒན་རྒོན་ལ་སོགས་ཆོས་ཉན་པ། །ཁྲོམ་ཚོགས་སྟོང་ཕྲག་དུ་མ་ལ། །སྐྱབས་སྡོམ་སེམས་བསྐྱེད་སྡོམ་པ་དང་། །བསྙེན་གནས་དཀར་ཕྱོགས་སྡོམ་པ་ཕོག །ཐུགས་རྗེ་ཆེན་པོའི་བསྒོམ་ལུང་དང་། །ཐོས་པས་གྲོལ་བའི་ཐོས་གྲོལ་བཤད། །བསྒོམས་པས་གྲོལ་བའི་ཕྱག་ཆེན་


CMR049_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །བལྟས་པས་གྲོལ་བའི་ཐོད་རྒལ་བསྟན། །ཟོས་པས་གྲོལ་བའི་སྐྱེ་བདུན་བྱིན། །གཟུངས་སྔགས་བྱིན་རླབས་ཅན་རྣམས་བསླབ། །མཚན་ཐོས་ངན་སོང་སྒོ་གཅོད་པའི། །སྨན་བླ་བདུན་གྱི་དབང་ལུང་བྱིན། །ཡིག་དྲུག་ལ་སོགས་དགེ་བསྐུལ་གྱི། །ཁས་ལེན་དཔག་ཏུ་མེད་པ་བྱུང་། །སྲོག་བཅད་སྤང་དང་མནའ་སྤང་དང་། །ཤ་ཁྱི་རྒྱ་རྣམས་མང་དུ་ཕུལ། །གཞན་ཡང་དགེ་བསྙེན་དགེ་བསྙེན་མ། །སྐྲ་ཕུད་བླངས་པ་དཔག་མེད་དེ། །དགེ་ཚུལ་དང་ནི་བསྙེན་རྫོགས་ཀྱི། །སྡོམ་པ་ཞུ་མཁན་མང་དུ་བྱུང་། །ཤི་ཤོག་གསོན་ཤོག་བསྔོ་འབྲེལ་གྱི། །འབྲེལ་པ་ཞུ་མཁན་གྲངས་མེད་པར། །དམིགས་མེད་བསྔོ་བས་རྒྱས་བཏབ་ཅིང་། །དཀྱིལ་འཁོར་དབུས་སུ་བྱང་བུ་བཞུས། །དེ་ལྟར་ལོ་བདུན་འགྲོ་བའི་དོན། །བྱས་པའི་བསོད་ནམས་གང་མཆིས་དང་། །རྒྱལ་བ་ཀུན་ལ་མཆོད་པ་འབུལ། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དུས་གསུམ་རྒྱུན་ཆད་མེད་གྱུར་ཅིག །འགྲོ་ཀུན་བདེ་དང་ལྡན་ཕྱིར་བསྔོ། །མྱུར་དུ་སངས་རྒྱས་འགྲུབ་གྱུར་ཅིག །དེ་ཡི་དགེ་བས་འབྲེལ་ཐོགས་རྣམས། །ཚེ་འདས་ཐམས་ཅད་རིགས་དྲུག་གི །སྐྱེ་སྒོ་ཆོད་


CMR049_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་མྱུར་དུ་ནི། །བདེ་ཆེན་ཞིང་དུ་སྐྱེ་གྱུར་ཅིག །ཚེ་དང་ལྡན་པའི་ཡོན་བདག་ཀུན། །ནད་མེད་བདེ་བར་ཡུན་རིང་འཚོ། །འཕོས་ཚེ་བདེ་ཆེན་ཞིང་སྐྱེ་ཤོག །བདག་དང་འབྲེལ་ཐོགས་བླ་མ་དང་། །དགེ་འདུན་ཐམས་ཅད་སྐུ་ཚེ་བརྟན། །ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ནས། །ཐུབ་བསྟན་གསལ་བར་བྱེད་གྱུར་ཅིག །དེ་ཡི་དགེ་བས་བདག་དང་ནི། །གྲྭ་སློབ་ཆགས་ཕྱི་བྱེད་རྣམས་ཀྱང་། །ཚེ་འདིར་ཚེ་རིང་ནད་མེད་ཅིང་། །སྡོམ་གསུམ་བར་ཆད་མེད་གྱུར་ནས། །ཚེ་འདི་ཉིད་ལ་སྤྱན་རས་གཟིགས། །རྒྱལ་བ་རྒྱ་མཚོ་འགྲུབ་གྱུར་ནས། །འཕོ་ཚེ་བདེ་བ་ཅན་གྱི་ཞིང་། །པདྨའི་སྦུབས་སུ་རྫུས་སྐྱེས་ནས། །སྟོན་པ་སྣང་བ་མཐའ་ཡས་དང་། །ནམ་ཡང་འབྲལ་བ་མེད་གྱུར་ཅིག །དཀོན་མཆོག་གསུམ་དང་རྩ་བ་གསུམ། །བདེན་ལྡན་ཇི་སྙེད་བདེན་པ་དང་། །ཆོས་ཉིད་རྣམ་པར་དག་སྟོབས་དང་། །རྒྱུ་འབྲས་རྟེན་འབྲེལ་མི་བསླུ་བས། །དེ་དག་གེགས་མེད་འགྲུབ་གྱུར་ཅིག །རྒྱལ་ཟླའི་དམར་པོའི་ཚེས་གཉིས་ལ། །བྲིས་པ་དོན་དང་ལྡན་གྱུར་ཅིག། །།ན་མོ་གུ་རུ་ཡེ། ང་ཡི་ཉེ་གནས་མ་


CMR049_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཕམ་དེ། །སོ་བཞི་གཞོན་ནུ་ནད་མེད་དེ། །གློ་བུར་གཤིན་རྗེས་ཁྲིད་ནི་ཐལ། །ནམ་འཆི་ངེས་པ་མི་གདའ་བས། །ད་ནི་འཆི་བ་སྙིང་ནས་དྲན། །རྩེ་གཅིག་སྒྲུབ་པ་བྱེད་སེམས་ཡང་། །ལོང་ཁོམ་ཡོད་མེད་ཆ་མ་མཆིས། །དཔེར་ན་མ་ཕམ་ཉིད་དང་འདྲ། །འཆི་གྲབ་བྱེད་རྒྱུ་གཞན་མ་མཆིས། །དགེ་བ་ངོམས་པ་མ་ལགས་ཏེ། །དགེ་རྩ་ཅུང་ཟད་གང་འགྲུབ་རྣམས། །བསྔོ་བས་རྒྱས་འདེབས་བྱེད་པ་གཅེས། །བདེ་གཤེགས་ཕག་གྲུའི་གསུངས་ལས་ཀྱང་། །སྔོན་བསོད་ནམས་མ་བསགས་པ་ཅིག་མ་ལགས་ཏེ། །ཡུན་རིང་པོ་ཞིག་ནས་འཁོར་བར་འཁྱམས། །གནད་བསྔོ་བ་མ་ཤེས་གཅིག་པུས་ལེན། །ཞེས་གསུངས་ཨཱརྱ་དེ་བས་ཀྱང་། །བསྔོ་བ་མི་ཟད་མང་བ་སྟེ། །འཕེལ་བར་འགྱུར་དང་བཅས་པར་གསུངས། །བ་ཚ་ཅན་གྱི་ཆུ་ཀླུང་མདོར། །དཔེར་ན་རྒྱ་མཚོར་ཆུ་ཐིགས་ཅིག་ལྷུང་བ། །རྒྱ་མཚོ་མ་ཟད་བར་དུ་དེ་མི་སྐམ། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །གསུངས་པའི་ཕྱིར་ན་དགེ་རྩ་ཕན་ཡོན་བཅས། །འདི་རུ་གསལ་བཏབ་བསྔོ་བས་རྒྱས་འདེབས་བྱ། །དམ་ཚིག་མཆོག་གི་


CMR049_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཆེན་ལས། །ལུས་དང་ངག་དང་ཡིད་སྟོབས་ཀྱིས། །ཅི་ནུས་པ་ཡིས་བླ་མ་ལ། །བསྙེན་བཀུར་སྲི་ཞུ་སུས་བྱས་པ། །འདི་ལ་མཐུ་དང་ནུས་པའི་ཚོགས། །བྱིན་རླབས་ཐོགས་པ་མེད་པར་འབྱུང་། །ཞེས་གསུངས་ཡེ་ཤེས་རྒྱ་མཚོའི་རྒྱུད། །གང་གི་བླ་མའི་བྱ་བ་ལ། །མཁས་པ་སྐལ་ལྡན་གང་ཡིན་དེས། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་འདོན་ཆེ། །བླ་མས་བསྒོས་པ་བཞིན་བསྒྲུབས་ན། །འདོད་པ་ཐམས་ཅད་འགྲུབ་པ་དང་། །བསོད་ནམས་དཔག་ཏུ་མེད་པ་ཐོབ། །ཅེས་གསུངས་མདོ་ནི་དགོངས་འདུས་ལས། །བཀའ་ཟུར་མ་བཅག་ཆོས་བསྲུངས་ན། །ཆོས་སྐྱོང་སྲུང་མ་མཐུ་ཆེན་རྣམས། །བུ་བཞིན་རྟག་ཏུ་སྲུང་བྱེད་གསུངས། །དེ་ལྟར་བདག་གི་སློབ་དཔོན་བྱས། །དེ་སྔ་ཕན་ཆད་གྲྭ་པ་དང་། །རྟ་པ་ནོར་རྫི་ཡན་ཆད་ཀྱིས། །ཆགས་ཕྱི་དཀའ་ལས་བྱས་པ་ལ། །བསོད་ནམས་དགེ་རྩ་གང་ཐོབ་པ། །དེ་བཞིན་མདོ་ནི་དགོངས་འདུས་ལས། །ཆོས་ཀུན་མི་ཤེས་མ་གཏོགས་ཀྱང་། །མཚན་ཉིད་བཟང་ལྡན་བླ་མ་ལ། །བཀུར་སྟི་རིམ་གྲོ་ཆེར་


CMR049_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །དཔེར་ན་ཞིང་རབ་གཤིན་པོ་ལ། །ས་བོན་བཏབ་ན་འཕེལ་རྒྱས་བཞིན། །ཞེས་གསུངས་དབང་ཆོས་འབྲེལ་མེད་ཀྱང་། །བདག་ལ་འབུལ་ཞབས་བྱས་ཚད་དང་། །བཀོད་པ་ཆེན་པོའི་རྒྱུད་ལས་ཀྱང་། །རྟ་དང་གླང་པོ་ནོར་གྱི་དབྱིག །རྒྱལ་སྲིད་བུ་དང་ཆུང་མ་དང་། །གསེར་དངུལ་ཟངས་ལྕགས་རིན་པོ་ཆེ། །བཟའ་བཅའ་དགའ་སྟོན་ན་བཟའ་དང་། །སྙིང་པོ་སྨན་འབུ་མེ་ཏོག་དང་། །ཆོས་དང་ཟང་ཟིང་ལོངས་སྤྱོད་རྣམས། །བླ་མ་མཉེས་ཕྱིར་ཡོན་དུ་འབུལ། །དེ་ཡི་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་ཐོགས་མེད་འགྲུབ། །ཅེས་གསུངས་དབང་བསྐུར་ཆོས་བཤད་ཡོན། །རྟ་ནི་བརྒྱ་ཕྲག་མང་པོ་དང་། །གནག་ཕྱུགས་སྟོང་ཕྲག་མང་པོ་དང་། །ཇ་དང་གསེར་དངུལ་འབྲུ་ལ་སོགས། །གྲངས་ལས་འདས་པ་ཕུལ་བྱུང་བའི། །སྦྱིན་པའི་བསོད་ནམས་ཐམས་ཅད་དང་། །རྡོ་རྗེ་མེ་ལྕེའི་རྒྱུད་ལས་ཀྱང་། །བླ་མ་ཉིད་དང་བླ་མའི་འཁོར། །ཉེ་འཁོར་གཡོག་དང་བཅས་པ་ལ། །གསེར་ལ་སོགས་པའི་ཡོན་ཕུལ་ན། །སངས་རྒྱས་ཞིང་ཁམས་གྲངས་མེད་པའི། །གཙོ་བོ་


CMR049_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྲག་གྲངས་མེད་ལ། །བསྙེན་བཀུར་མཆོད་པ་གྲངས་མེད་པས། །བསོད་ནམས་འདི་ཡི་ཆར་མི་ཕོད། །ཅེས་གསུངས་བདག་གིས་དབང་ཁྲིད་ཚེ། །བདག་དང་གྲྭ་འཁོར་ཐམས་ཅད་ལ། །གཞི་ལེན་མང་ཇ་འོ་ཞོ་མར། །ཚོགས་འཁོར་ཞི་ཁྲོ་ལ་སོགས་ཀྱི། །ཚོགས་སོགས་བསྙེན་བཀུར་བྱུང་ཚད་ལས། །སྦྱིན་འབྲས་བསོད་ནམས་གང་ཡོད་དང་། །དེ་བཞིན་དད་གུས་ཕྱག་བསྐོར་བ། །དགེ་བ་ཁས་ལེན་གང་བྱས་སོགས། །བདག་ལ་བརྟེན་ནས་གཞན་དག་གིས། །དགེ་བའི་དངོས་པོ་གང་འགྲུབ་དང་། །ཀུན་ཏུ་ཁ་སྦྱོར་རྒྱུད་ཆེན་ལས། །ཡེ་ཤེས་ཀུན་སེམས་ཞེས་བྱ་བའི། །སངས་རྒྱས་ཀུན་གྱི་སློབ་དཔོན་མཆོག །དངོས་གྲུབ་སྣ་ཚོགས་གཏེར་གཅིག་པ། །བློ་དང་ལྡན་པས་རྟག་མཆོད་བྱ། །གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་སེམས་མཆོད་བསོད་ནམས་ལས། །སློབ་དཔོན་བ་སྤུ་ཁུང་གཅིག་མཆོག །དེ་ཕྱིར་སློབ་དཔོན་མཆོད་བྱེད་པ། །སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། །བདུད་རྩི་རྒྱ་མཚོ་འབྱུང་རྒྱུད་ལས། །ནམ་མཁའ་གང་བའི་སངས་རྒྱས་ལ། །རིན་ཆེན་སྣ་ཚོགས་སྤྲས་པ་


CMR049_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །སྟོང་གསུམ་གང་བར་ཕུལ་གྱུར་པས། །བླ་མའི་བ་སྤུ་ཉག་རེ་ལ། །མར་གྱིས་ཐིགས་པ་གཅིག་བྱུགས་པ། །བསོད་ནམས་བརྒྱ་ཕྲག་ཆར་མི་ཕོད། །མེ་ལྕེ་ཕྲེང་བའི་རྒྱུད་ལས་ཀྱང་། །གལ་ཏེ་རྣལ་འབྱོར་བློ་ལྡན་གྱིས། །རང་ཟས་གོས་ལ་གྱོང་ཁུར་ནས། །བླ་མ་རྡོ་རྗེ་མཆོད་པ་ན། །ཞིང་གི་འཁོར་ཡུག་རྒྱལ་ཁམས་ནས། །དགེ་སློང་དཔག་ཏུ་མེད་པ་ལ། །སྟོན་མོ་ལན་སྟོང་བྱས་པ་བས། །ཟས་སམ་ཡང་ན་གོས་ཀྱང་རུང་། །བླ་མ་ལན་གཅིག་མཆོད་པ་ཡི། །བསོད་ནམས་བརྒྱ་ཕྲག་བརྗོད་མི་རྫོགས། །ཞེས་གསུངས་ཕྱིར་ན་བདག་ཅག་གིས། །སྟག་ལུང་ཞབས་དྲུང་ཚེར་ལུང་པར། །སོ་སོར་བརྒྱ་འབུལ་རེ་རེ་དང་། །ཞལ་སྔ་མཁན་སློབ་རྣམ་གཉིས་ལ། །སྔ་ཕྱི་བརྒྱ་འབུལ་ཕྱེད་ལྔ་ཙམ། །མི་འགྱུར་རྡོ་རྗེར་སྔ་ཕྱི་རུ། །བརྒྱ་འབུལ་གཅིག་གིས་ཁ་བཀང་བའི། །བསོད་ནམས་དངོས་པོ་གང་མཆིས་དང་། །ཡེ་ཤེས་རྒྱ་མཚོའི་རྒྱུད་སྡེ་ལས། །ཇི་ལྟར་དགེ་སློང་ཁྲིམས་ལྡན་པ། །འབུམ་ཕྲག་དྲུག་ཅུ་རྩ་གསུམ་ལ། །ཆོས་སྟོན་ལྔ་བཅུ་རྩ་གཅིག་པས། །བླ་མའི་ཞལ་དུ་འབྲས་ཆེན་འབྲུ། །རྡོག་མ་བདུན་དྲངས་བསོད་ནམས་ལ། །


CMR049_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་སྟོང་ཁྲི་ཕྲག་ཆར་མི་ཕོད། །ཅེས་གསུངས་ཕྱིར་ན་བདག་ཅག་གིས། །ལྷོ་པ་ཟུར་མང་རི་བོ་ཆེ། །བདུད་འདུལ་རྡོ་རྗེ་ལ་སོགས་པའི། །བླ་མ་ཆེ་ཕྲ་དཔག་མེད་ལ། །འབུལ་བ་ཆེ་ཕྲ་སྣ་ཚོགས་དང་། །བསྙེན་བཀུར་གསོལ་ཞབས་བྱས་པའི་དགེ །སྦྱིན་པའི་ཕར་ཕྱིན་མདོ་སྡེ་པས། །སྒོམ་བྱིན་པས་ནི་མཁས་པ་དེ། །ཀུན་ཏུ་འབར་ཞིང་རབ་འབར་བའི། །ཡི་དྭགས་ཉམ་ངར་མི་སྐྱེ་ཞིང་། །སྐོམ་པའི་གནོད་པ་འབྱུང་མི་འགྱུར། །ཁ་ཟས་བྱིན་པས་དགའ་བ་དང་། །ཚེ་རིང་སྟོབས་ལྡན་བདེ་སྐྱིད་འགྱུར། །སྐྱིད་ཅིང་བརྟན་པ་དེ་དག་ནི། །ཐོགས་མེད་སྤོབས་དང་ལྡན་པར་འགྱུར། །ཕྱུག་ཅིང་ནོར་མང་དཔལ་དང་ལྡན། །མི་ནི་དེས་ཤིང་བློ་ལྡན་ལ། །བསོད་ནམས་ལྡན་ཞིང་མཁས་ལ་ཞི། །ཁ་ཟས་བྱིན་པས་དེ་ལྟར་འགྱུར། །བཞོན་པ་བྱིན་པས་དྲང་སྲོང་ཆེ། །སངས་རྒྱས་ཞིང་ནས་ཞིང་དག་ཏུ། །བློ་ལྡན་བྱ་ཡི་ཤུགས་འདྲ་བར། །རྫུ་འཕྲུལ་གྱིས་ནི་མཁའ་ལ་འགྲོ། །གསུངས་ཕྱིར་དགོན་སྡེ་མང་པོ་ལ། །མང་ཇ་མང་དུ་བསྐོལ་བ་དང་། །གང་འོས་ཆེ་ཕྲ་མང་པོ་ལ། །རྟ་སོགས་རྐང་འགྲོས་ཕུལ་དང་བྱིན། །


CMR049_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཞུ་འགྲིམ་འགྲུལ་སྤྲང་པོ་སོགས། །ཅི་འབྱོར་ཟས་སྐོམ་བྱིན་པ་དང་། །མར་མེ་འབུལ་བའི་མདོ་སྡེ་ལས། །མར་མེ་ཕུལ་བའི་རྣམ་སྨིན་འདི་ཡིན་ཏེ། །འཆི་དུས་བྱེད་ཚེ་དྲན་པ་ཉམས་མི་འགྱུར། །དེ་ལ་ཕྱོགས་ཙམ་སྣང་བར་བྱེད་པར་འགྱུར། །སྔོན་ཆད་མ་མཐོང་གཟུགས་བཟང་རྣམས་ཀྱང་མཐོང་། །དེ་ནི་ཤི་ནས་མཐོ་རིས་ངན་འགྲོ་ཞིང་། །ལྷ་ཡི་རྟེན་ལ་དེ་ལུས་འདུག་པར་ཤེས། །ཞེས་གསུངས་བཞིན་དུ་ཚེ་འབར་བཙུགས་པ་དང་། །ཞི་ཁྲོ་སྒྲུབ་ཆེན་དུས་དང་རྒྱུན་དུ་ཡང་། །མཆོད་ཁང་རྣམས་སུ་མར་མེ་བགྱིད་པ་དང་། །འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་སྡེ་ལས། །གང་ཞིག་སྟོན་པ་མི་མཆོག་གཟུགས་བྱེད་པ། །རས་བྲིས་རྩིག་ངོས་འབྲིའམ་གསེར་ལས་བྱས། །དེ་ཡི་ཆོས་ཀྱི་ཁྱད་པར་གང་ཡིན་པ། །དེ་དག་མ་ལུས་རབ་ཏུ་བསྟན་གྱིས་ཉོན། །མི་རྟ་མ་ཡིན་ལོང་བར་བཞག་མི་འགྱུར། །སྒུར་པོར་མི་འགྱུར་ཡན་ལག་མི་སྡུག་མིན། །དེ་ནི་གཟུགས་དང་ལྡན་ཞིང་ཁ་དོག་ལྡན། །སུམ་ཅུ་རྩ་གཉིས་མཚན་གྱི་གོ་ཆར་འགྱུར། །ལུས་ནི་རྣམ་པར་དག་ཅིང་ཁྱད་པར་ཐོབ། །སྤོབས་པ་ཐོབ་ཅིང་སྒྲ་སྙན་ཡིད་དུ་འོང་། །ཤེས་བཞིན་ལྡན་


CMR049_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འཇིག་རྟེན་ཀུན་གྱིས་མཆོད། །དེ་མཐོང་སེམས་ཅན་བདེ་ཞིང་དགའ་བར་འགྱུར། །སྡིག་བྱེད་མི་འགྱུར་ཞེ་སྡང་མེད་སེམས་ལྡན། །གཡོ་སྒྱུ་མེད་ཅིང་རྒྱལ་པོ་འཁྲུག་མི་བྱེད། །མཐུ་དང་ལྡན་ཞིང་དབང་ཆེ་གྲགས་པར་འགྱུར། །ཞེས་སོགས་ཕན་ཡོན་མཐའ་ཡས་གསུངས་མཐོང་ཕྱིར། །དམ་པ་རིགས་བརྒྱ་ཐུགས་རྗེ་ཆེན་པོ་ཡི། །ཕོ་བྲང་གཉིས་དང་སྨན་བླའི་ཕོ་བྲང་གཅིག །ཚེ་དཔག་ཨོ་རྒྱན་བསྐལ་བཟང་སངས་རྒྱས་སྟོང་། །ཐུབ་དབང་འབར་སྐུ་སྟོང་སོགས་སྟོང་སྐུ་འགའ། །ཞིང་བཀོད་རྩ་བ་གསུམ་སོགས་ཐང་སྐུ་འགའ། །དངུལ་བྲིས་གླེགས་བམ་གཉིས་དང་དཔེ་ཕྲན་གྱི། །གླེགས་བམ་མང་པོ་གནམ་ཆོས་ཆ་གསུམ་སོགས། །དེ་བཞིན་སྤྱན་རས་གཟིགས་ཀྱི་མདོ་ལས་ནི། །དེ་བཞིན་གཤེགས་པ་སུས་མཆོད་པ། །དེ་ནི་ནོར་གྱི་ཕུང་པོ་ལ། །རྒྱལ་པོ་དང་ནི་ཆོམ་རྐུན་དང་། །མེ་དང་ཆུས་ཀྱང་རེག་མི་འགྱུར། །འཇིག་རྟེན་སྒྲོན་མ་མཆོད་བྱེད་པ། །ཚེ་རབས་དག་ནི་ཐམས་ཅད་དུ། །མྱ་ངན་མེད་ཅིང་གནོད་མེད་དང་། །འཁོར་ལོས་སྒྱུར་བ་འབྱོར་ཆེན་འགྱུར། །ཞེས་གསུངས་བླ་མ་དགོངས་འདུས་ལས། །ཞག་བདུན་སྔགས་


CMR049_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་མ་ཆད་ན། །སྒྲུབ་པའི་གྲལ་ཡོད་ཐམས་ཅད་ཀྱིས། །སོ་སོས་ལོ་བདུན་བསྒྲུབས་པ་དང་། །ཕན་ཡོན་འདྲ་བར་གསུངས་པ་དང་། །རང་བཞིན་ཡིག་དྲུག་བཟླས་པ་བས། །སྒྲུབ་ཆེན་བརྒྱ་འགྱུར་ལྷག་གསུངས་པས། །ཐུབ་པ་ལྔ་བཅུ་ཟུང་ཙམ་ལ། །དགོངས་འདུས་སྒྲུབ་ཆེན་གསུམ་དང་ནི། །གསང་འདུས་བུམ་སྒྲུབ་སྒྲུབ་ཆེན་བཞི། །ཐུགས་སྒྲུབ་སྒྲུབ་ཆེན་གཅིག་དང་བརྒྱད། །དེ་བས་ཐུན་པ་ཉུང་བ་ལ། །རྒྱལ་བ་རྒྱ་མཚོ་ལ་སོགས་པའི། །སྒྲུབ་ཕྲན་འུར་འདོན་མང་འགྲུབ་དང་། །སྤྱན་རས་གཟིགས་ཀྱི་མདོ་ལས་ནི། །གང་ཞིག་སངས་རྒྱས་སྟོང་རྣམས་དང་། །བརྒྱ་དང་བྱེ་བ་འགེངས་དག་ལ། །བསྐལ་པ་གང་གཱའི་བྱེ་མ་སྙེད། །དེ་སྙེད་བསྐལ་པར་བཀུར་བ་བས། །འཇིག་རྟེན་མགོན་གྱིས་གསུངས་པ་ཡི། །དམ་ཆོས་འཇིག་ཚེ་གང་དག་གིས། །ཉིན་དང་མཚན་དུ་འཛིན་པ་ནི། །དེ་ཡི་བསོད་ནམས་ཁྱད་པར་འཕགས། །ཆོས་འཇིག་ཚེ་ན་ཆོས་འཛིན་པ། །སྔོན་གྱི་སངས་རྒྱས་ཐམས་ཅད་དང་། །སངས་རྒྱས་ཡེ་ཤེས་རབ་གནས་པ། །དེ་ནི་ང་ལ་མཆོད་པ་བྱས། །ཞེས་གསུངས་ཕྱིར་ན་དུས་འདི་ལ། །ཕྱོགས་འདིར་བསྟན་


CMR049_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནུབ་པའི་སྐབས། །བདག་ཅག་དཔོན་སློབ་ཐམས་ཅད་ཀྱིས། །ཐོས་བསམ་སྒོམ་གསུམ་འབད་པ་དང་། །སུ་དག་རབ་ཏུ་བྱུང་དང་འཚམས་པ་ཡི། །ཁ་ཟས་བཟང་པོ་དགེ་འདུན་སྦྱིན་བྱེད་པ། །དེ་དག་འཁོར་བའི་དགོན་པར་གནས་པ་ན། །ཁ་ཟས་ཁ་དོག་རོ་མཆོག་སོགས་ལྡན་ཐོབ། །སུ་དག་རབ་ཏུ་བྱུང་དང་འཚམས་པ་ཡི། །བཏུང་བ་རྒྱ་ཆེན་དགེ་འདུན་སྦྱིན་བྱེད་པ། །དེ་དག་འཁོར་བའི་དགོན་པར་གནས་པ་ན། །བཏུང་བ་ཁ་དོག་རོ་མཆོག་སྣ་ཚོགས་ཐོབ། །དེ་སྐད་ཐུབ་པའི་དབང་པོས་གསུངས་པའི་ཕྱིར་། །རང་འཁོར་སྡོམ་ལྡན་སེར་མོ་བཞི་བཅུ་ཙམ། །བཟའ་དང་བཏུང་བ་རྟག་ཏུ་ཕོངས་མེད་བྱས། །བདེ་མཆོག་ངེས་བརྗོད་བླ་མའི་རྒྱུད་ལས་ནི། །སྐྱེ་བོ་ཉན་ཐོས་དཔག་མེད་ལ། །རྒྱན་དང་བསོད་ནམས་སྤེལ་བ་བས། །ཚོགས་ཆུང་གཅིག་བྱས་བསོད་ནམས་ཡང་། །འབུམ་གྱི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་ཕྱིར་ན་རྒྱུན་དུ་ཚོགས་འཁོར་འབད། །ཚོགས་ཆང་བག་མེད་བསྔོས་ཤ་དུག་ལྟར་འཛེམ། །དེ་བཞིན་ཐུབ་པའི་དབང་པོའི་བཀའ་ལས་ནི། །མི་རྣམས་གང་དག་དགེ་བའི་སེམས་ལྡན་པས། །རྒྱལ་པོའི་


CMR049_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་གཞན་གྱིས་བྱས་པ་ལ། །རྗེས་སུ་ཡི་རང་དོན་དེ་མ་བྱས་ཀྱང་། །མདོར་ན་དེ་དག་གིས་ཀྱང་བྱས་པར་འགྱུར། །གསུངས་ཕྱིར་དེང་སང་མཐོང་དང་ཐོས་པ་ཡི། །དགོན་སྡེ་བཀའ་དང་བསྟན་འགྱུར་ལ་སོགས་པ། །གཞན་གྱི་བྱེད་ལ་རྗེས་སུ་ཡི་རང་བསྒོམ། །དེ་ལྟར་བདག་ཅག་འཁོར་དང་བཅས་པ་ཡི། །བྱ་བ་ཆོས་མཐུན་དགེ་བ་ཁོ་ན་སེམས། །འོན་ཀྱང་མ་ལེགས་ཉེས་པ་གང་མཆིས་པ། རྒྱལ་བ་སྲས་དང་བཅས་པའི་དྲུང་དུ་བཤགས། །འདི་དང་ཕྱི་མར་སྒྲིབ་པར་མ་གྱུར་ཅིག །དེ་ལྟར་གཞན་གྱིས་བདག་ལ་འབུལ་བ་དང་། །དེ་ལ་བརྟེན་ནས་དགེ་ཕྱོགས་གང་བྱས་དང་། །ཆོས་དབང་དངོས་གྲུབ་རྒྱལ་མཚན་ཆོས་འཕེལ་གྱིས། །གཙོ་བྱས་གྲྭ་པ་རྫི་བོ་ཡན་ཆད་ཀྱིས། །ཚག་དང་བརྩོན་འགྲུས་སྒྱུ་བ་རོགས་ལྡན་པ། །ལྷ་བཟོ་བྲིས་པ་བཟོ་བོ་ཤིང་བཟོ་སོགས། །ཆུ་ལེན་མེ་འབུད་ཤིང་ཐུ་རྔོ་བཏགས་དང་། །ཁ་ཐེ་ལག་འབག་འབྲེལ་པ་ཐོབ་ཚད་ཀྱི། །བསོད་ནམས་དགེ་རྩ་གང་ཐོབ་ཐམས་ཅད་དང་། །མཆོད་ཁང་སྒྲུབ་ཁང་བཟོ་བའི་དཀའ་ལས་སོགས། །དེ་དག་ཀུན་གྱི་དགེ་བ་གཅིག་བསྡུས་ཏེ། །བླ་མ་སྐུ་གསུམ་ལ་སོགས་


CMR049_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུ་ཡི། །སངས་རྒྱས་བྱང་སེམས་ཀུན་གྱི་སྤྱན་སྔར་འབུལ། །སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་ཐར་བཞིན། །མཆོད་སྤྲིན་རྒྱ་མཚོ་ཟད་པ་མེད་གྱུར་ཅིག །དེ་ལ་བརྟེན་ནས་ཨ་ནུ་པད་དབང་སོགས། །ཞིང་གཤེགས་རྣམས་ཀྱི་ཐུགས་ཀྱི་དགོངས་པ་རྫོགས། །ས་ལམ་ཡོན་ཏན་གོང་དུ་འཕགས་གྱུར་ཅིག །མདོ་སྔགས་བསྟན་པ་དར་དྲག་ཡུན་རིང་དུ། །ནུབ་པ་མེད་པ་རྟག་ཏུ་རྒྱས་གྱུར་ཅིག །རྒྱལ་བ་ཡབ་སྲས་མི་འགྱུར་རྡོ་རྗེ་དང་། །དྲུང་སྐྱིད་ལ་སོགས་བདག་གི་བླ་མ་རྣམས། །སྐུ་ཚེ་བརྟན་ཅིང་ཕྲིན་ལས་རྒྱས་གྱུར་ཅིག །དེ་ཡི་དགེ་བ་སེམས་ཅན་ཐམས་ཅད་ལ། །བསྔོས་པས་འགྲོ་ཀུན་མྱུར་དུ་བྱང་ཆུབ་ཤོག །དེ་ཡི་དགེ་བས་ཇོ་རུ་ཚེ་དབང་སྒྲོན། །རིན་རྒྱལ་ཀརྨ་མགོན་པོ་ཐུགས་རྗེ་དང་། །གོ་ཁྲ་བར་བསྒོམ་ལྷུན་གྲུབ་མ་ཕམ་དང་། །བདག་ལ་བསྔོ་བ་བྱང་བུ་འབྲེལ་ཚད་ཀྱི། །ཚེ་འདས་ཐམས་ཅད་རིགས་དྲུག་སྐྱེ་སྒོ་ཆོད། །མྱུར་དུ་བདེ་བ་ཅན་གྱི་ཞིང་ཁམས་སུ། །པདྨའི་སྦུབས་ལས་རྫུས་ཏེ་སྐྱེ་གྱུར་ཅིག །གསོན་བསྔོ་གསོན་ཤོག་ཟས་ནོར་འབྲེལ་ཐོགས་པའི། །ཡོན་བདག་ཐམས་ཅད་ཚེ་རིང་ནད་མེད་ཅིང་། །དུས་བབ་


CMR049_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་ཚེ་བདེ་ཆེན་ཞིང་ཁམས་སུ། །སྐྱེ་གཞན་བར་མ་ཆོད་པར་སྐྱེ་གྱུར་ཅིག །དབང་ལུང་ཁྲིད་སོགས་ཆོས་འབྲེལ་ཐོབ་ཚད་ཀུན། །བསྐྱེད་རྫོགས་བརྟན་ཐོབ་ཉམས་རྟོགས་འཕེལ་ཞིང་རྒྱས། །རབ་ཏུ་ཚེ་འདི་འབྲིང་དུ་འཆི་ཁ་དང་། །ཐ་མ་ཡང་ནི་བར་དོར་གྲོལ་གྱུར་ཅིག །བདག་ཀྱང་རིང་དུ་འཚོ་ཞིང་བར་ཆད་མེད། །ཚེ་གཅིག་ལུས་རྟེན་འདི་ལ་མངོན་སངས་རྒྱས། །འཆི་བ་འོད་གསལ་བར་དོ་ལོངས་སྤྱོད་རྫོགས། །སྐྱེ་བ་སྤྲུལ་སྐུ་བདེ་བ་ཅན་གྱི་ཞིང་། །རྫུས་སྐྱེས་སྤྲུལ་སྐུ་འོད་དཔག་མེད་མགོན་གྱི། །རྟག་ཏུ་ཞབས་འབྲིང་བྱེད་ཅིང་ཆོས་ཉན་ཏེ། །ལུས་རྟེན་དེ་ལ་རྫོགས་སངས་རྒྱས་གྱུར་ཅིག །ཆོས་དབང་དོན་གྲུབ་རྒྱལ་མཚན་ཆོས་འཕེལ་སོགས། །བདག་ལ་རེ་ཞིང་ལྟོས་པའི་གྲྭ་རིས་རྣམས། །ཚེ་རབས་འདི་ལ་ཐུགས་རྗེ་ཆེན་པོ་འགྲུབ། །འབྲེལ་ཚད་དོན་ལྡན་སངས་རྒྱས་བསྟན་ལ་ཕན། །དེ་ལ་ནད་གདོན་དགྲ་ཡི་བར་ཆད་ཞི། །འཕོ་ཚེ་བདེ་ཆེན་ཞིང་དུ་མཉམ་དུ་འཚོ། །ཕན་ཚུན་ངོ་ཤེས་བཀའ་མཆིད་བྱེད་པར་ཤོག །བདག་གིས་བརྩམས་དང་བདག་ལ་འཕེལ་བ་ཡི། །སྡོམ་རྒྱུན་དབང་ལུང་རྒྱུན་དང་ཁྲིད་རིམ་སོགས། །དུས་ཀྱི་འཁོར་


CMR049_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་རྒྱུད་ལས་གསུངས་པ་ཡི། །བསྟན་པའི་གནས་ཚད་དེ་ཉིད་མ་རྫོགས་བར། །ནམ་ཡང་ནུབ་མེད་དར་ཞིང་རྒྱས་པར་ཤོག །བདག་ལ་མོས་ཤིང་བདག་གི་རྗེས་འཇུག་རྣམས། །ཆོས་སྐྱོང་རྣམས་ཀྱིས་བུ་བཞིན་སྐྱོང་བ་དང་། །ནོར་ལྷ་རྣམས་ཀྱིས་དགོས་འདོད་ཆར་འབེབས་ནས། །ཆོས་དང་འབྱོར་པ་འབད་མེད་ལྷུན་གྲུབ་ཤོག །ཨོ་རྒྱན་ཆེན་པོའི་ཕྲིན་ལས་མ་རྫོགས་པར། །གནས་འདིར་གསང་སྔགས་བཤད་སྒྲུབ་སྡེ་རྒྱས་ཤིང་། །ཟབ་ཆོས་ཀུན་གྱི་འབྱུང་གནས་འོང་བར་ཤོག །དེ་ལ་ཆོས་སྐྱོང་ཀུན་གྱིས་དུས་རྟག་ཏུ། །སྲུང་སྐྱོབ་སྡོང་གྲོགས་གཡེལ་བ་མེད་པ་ཡི། །མངོན་རྟགས་མི་རྣམས་ཀུན་ལ་གསལ་བར་ཤོག །ལུང་བསྟན་བཞིན་དུ་བདག་གི་རྣམ་ཤེས་ཀྱིས། །དུམ་བུ་སྨན་བླ་དང་ནི་ཨོ་རྒྱན་གྱི། །ཞབས་འབྲིང་བྱེད་ཅིང་རང་གི་རྒྱུད་འཛིན་ལ། །རྟག་ཏུ་སྲུང་སྐྱོབ་ལམ་སྣ་འདྲེན་པར་ཤོག །རྣམ་ཤེས་དུམ་བུ་མི་རུ་གྱུར་གཉིས་པོ། །ཚེ་རིང་ནད་མེད་མངའ་ཐང་དགུང་ལས་མཐོ། །གསར་རྙིང་བསྟན་ལ་ཕན་ཐོགས་རྒྱ་ཆེར་ཤོག །རྒྱལ་བ་སྲས་བཅས་རྩ་གསུམ་ཐུགས་རྗེ་དང་། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་མཐུ་སྟོབས་དང་། །


CMR049_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་ལྡན་བདེན་འགྲུབ་ཀུན་གྱི་བདེན་སྟོབས་དང་། །ཆོས་ཉིད་རྣམ་དག་རྒྱུ་འབྲས་བསླུ་མེད་མཐུས། །བདག་གི་བསྔོ་བ་སྨོན་ལམ་དེ་དག་ཀུན། །གེགས་མེད་བསླུ་བ་མེད་པར་འགྲུབ་གྱུར་ཅིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ་པཉྩ་དྲི་ཡ་ཨ་ཝ་བྷོ་ཏ་ན་ཡེ་སྭཱ་ཧཱ། ༈ །།ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ། བསླུ་མེད་སྐྱབས་གནས་པདྨ་འབྱུང་། །སྙིང་ནས་ཁྱེད་རྗེས་བདག་ཞུགས་པས། །ཐུགས་རྗེ་བྱིན་རླབས་འགྲོ་དོན་འགྲུབ། །རང་ལ་མཁོས་ཁ་མ་མཆིས་ཀྱང་། །ཨོ་རྒྱན་ཆེན་པོའི་ཐུགས་རྗེ་ཡིས། །སྡེ་ཆེན་བླ་ཆེན་མང་པོ་ཡིས། །དབང་ཞུས་ཆོས་ཞུས་སྐྱབས་གནས་ཞུས། །འཁོར་ལྡན་ཡོན་བདག་མང་པོ་ཡིས། །བཀུར་སྟི་ཕུ་དུད་རྒྱ་ཆེན་བྱས། །གདུལ་བྱ་ཟང་ཟིང་མང་པོ་ཡང་། །ཕལ་ཆེར་དགེ་བའི་ཕྱོགས་སུ་ཐེངས། །རྟ་ཕྱུགས་འགའ་ཟུང་ཆོམ་རྐུན་གྱིས། །ཁྱེར་ཡང་ཆོ་འཕྲུལ་དྲག་པོ་ཡིས། །ཚུར་ལ་ལོན་དང་མ་ལོན་པར། །བཀའ་ཆད་ལོ་མ་འགོར་བར་བབ། །དྲག་ལས་གཏད་སེལ་བཞེས་འབོད་སོགས། །སྙིང་ནས་དམིགས་ངན་མ་བྱས་ཀྱང་། །སྙིང་ནས་ཨོ་རྒྱན་རྗེས་ཞུགས་པས། །བཀའ་སྲུང་


CMR049_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་རང་རང་གི །དམ་ཚིག་སྲུང་བ་ཡིན་པར་གོ །དཔྱིད་སོ་ས་ཚིགས་འོང་དོགས་ནས། །ཐམས་ཅད་སྐྲག་ཅིང་བསྔངས་བའི་ཚེ། །དེ་ཙམ་མི་དགོས་ལོ་ཉེས་ཀྱང་། །འབྲུ་བཟང་སྐྱོན་མེད་འོང་བ་དང་། །སྟོན་དུས་ཕྱོགས་ཀུན་ལ་ཉེས་པས། །རང་ལ་མུ་གེ་འོང་དོགས་ཚེ། །ནས་ནི་ཅི་འོང་གྲངས་ཀ་དང་། །ངོམ་སྨད་ཆུ་དང་ལྟེ་རྒྱུད་སོགས། །ཁྲོམ་ཚོགས་འདུ་བར་དཀའ་བའི་ཚེ། །ཨོ་རྒྱན་རྗེ་ལ་གསོལ་བཏབ་ཅིང་། །ཁོ་བོ་ཨོ་རྒྱན་ལུང་བསྟན་པའི། །གལ་ཏེ་ཆོས་བདག་ཡིན་ན་ནི། །ཁྱེད་ཅག་ཡཾ། སྣང་སྲིད་ལྷ་འདྲེ་ཡིས། །ཨོ་རྒྱན་ཆེན་པོའི་བཀའ་བཞིན་དུ། །ལོ་གཞུག་འདི་ལ་འགྲོ་བའི་དོན། །རྒྱ་ཆེན་འགྲུབ་པར་མཛོད་ཅིག་ཅེས། །དཀར་གཏོར་ཕུལ་ཞིང་དམ་བརྡར་ནས། །འོག་ནས་མཚོ་ནི་བསྡུར་བ་དང་། །གཞན་ནས་རི་ནི་རབ་ཏུ་བསྡུར། །རང་དང་ཉེ་གནས་ལ་སོགས་ཀྱིས། །ཐོས་པའི་ཆོ་འཕྲུལ་འོང་བའི་སྐབས། །ཉམས་དང་རྨི་ལམ་འདྲེས་མཚམས་སུ། །གཟུགས་ནི་གསལ་བར་མ་མཐོང་ཡང་། །གཞི་བདག་རྣམས་ཀྱི་འདི་སྐད་དུ། །ངོམ་གྱི་སྟོད་སྨད་ཐམས་ཅད་དུ། །ཁྲོམ་ཚོགས་འདུས་ཞེས་ངེད་


CMR049_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། །ཆ་ངག་བྱེད་ཅིང་ཡོད་དོ་ཟེར། །ངོམ་དང་ནང་ཆེན་གྲ་ནང་ནས། །གདུལ་བྱ་དགའ་རབ་འོང་བར་རྟོགས། །དེ་དང་མཚུངས་པས་ཁྲོམ་ཆེ་ཞིང་། །བླ་མ་རྣམས་ཕེབས་འགྲོ་དོན་འགྲུབ། །ཁྲག་འཐུང་བདུད་འདུལ་རྡོ་རྗེ་ལ། །བཀའ་བརྒྱད་བཙུགས་པའི་ཁས་ལེན་ཞུས། །དེ་ཕྱིར་བཀའ་བརྒྱད་དབང་མོ་ཆེ། །སྒྲུབ་ཆེན་སྦྲག་པ་བཙུགས་པ་ཡིས། །བུད་མེད་གཅིག་ཤི་གཅིག་ལ་སོགས། །སློང་དང་རྩུབ་ཉམས་ཆེ་ན་ཡང་། །ནུབ་གསུམ་ཟླ་བས་འཇའ་གུར་ཕུབ། །མར་མེ་འཛིན་སོགས་བརྡའ་ཙམ་བྱུང་། །མགོན་པོ་བཀའ་རྒྱས་དཀྱིལ་ཐང་དང་། །དབང་རྒྱུན་སྒོ་སྐྱེལ་ལ་སོགས་པ། །ལེགས་ཚོགས་རྟེན་འབྲེལ་འགའ་རེ་འགྲིག །གྲྭ་སློབ་དྲག་རིམ་ཕལ་ཆེར་ལ། །གཏེར་སར་མ་གཏོགས་གསར་རྙིང་གིས། །དབང་རྒྱུན་ཕལ་ཆེར་རྫོགས་པར་འགྲུབ། །སྣ་ཁ་འགའ་ཟུང་རྟེན་འབྲེལ་གྱིས། །མ་རྫོགས་ཚེ་ཡི་རྟེན་འབྲེལ་དང་། །གནམ་ཆོས་སྤྲུལ་སྐུ་ཉིད་ཀྱིས་ནི། །གནང་བའི་རྟེན་འབྲེལ་བྱས་ནས་བཞག །སློབ་མ་འགའ་ལ་བརྒྱུད་པ་གཏད། །གདམས་གཏད་བྱས་རྗེས་དྲེགས་པ་ཡི། །སྲོག་དབང་བྱས་ན་རུང་ངམ་


CMR049_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས། །སློབ་བརྒྱུད་རྣམས་ལ་ལེགས་པ་ཡིམ། །ལྟས་བྱུང་སྲོག་དབང་རིགས་གསུམ་བྱས། །ཞག་གཉིས་སོང་ནས་མ་ཕམ་ལ། །ནད་ཕོག་ཤི་བར་གྱུར་པ་སྟེ། །བུམ་སྒྲུབ་བཙུགས་པའི་སློང་དང་ནི། །དྲེགས་པའི་སྲོག་དབང་སུམ་བརྩེགས་དེ། །བྱས་པའི་རྩུབ་སློང་འདྲ་ན་ཡང་། །དོན་ལ་ཁོང་ལ་ཚེ་མེད་ཅིང་། །ད་ལོ་ནས་ནི་འཆི་བ་ཡི། །ལུང་བསྟན་དབྱར་ནས་བྱུང་བའི་ཕྱིར། །དེ་ཚོ་མ་ཉེས་བསམ་པ་ཡི། །བློ་འགྱོད་ཙམ་ཡང་མེད་པ་ཡིན། །རང་གིས་དྲན་ནས་གཅིག་ལབ་བྱས། །བྷ་ཝནྟུ།། ༈ །ན་མོ་ཤཱཀྱ་མུ་ནེ་ཡེ། ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །ཤཱཀྱའི་གཙོ་ལ་ཕྱག་འཚལ་ལོ། །འདྲེན་མཆོག་འོད་མཚན་དབང་པོ་ཡིས། །དབང་རྟུལ་དད་པའི་རྗེས་འབྲང་ལས། །དབང་རྣོན་ཆོས་ཀྱི་རྗེས་འབྲང་བ། །བྱུང་བ་དེ་ཉིད་མཆོག་ཡིན་ཞེས། །དངོས་སུ་བཀའ་སྩལ་ཡིད་ལ་འཆང་། །ལོངས་སྤྱོད་རྒྱ་ཆེན་ལྡན་ན་ཡང་། །མི་ཟད་དཀའ་ཐུབ་སྡུག་སྐུར་དང་། །ཟས་གོས་རྐྱེན་ནི་ཆོག་ཙམ་གྱིས། །མི་ཚིམ་སྡིག་ལྟུང་སྤྱོད་ཅིང་ཚོལ། །དར་ཟབ་ཕྲུག་ཐུལ་དོས་ལ་བརྩིགས། །སྤྲང་


CMR049_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་རྒེབ་བེ་གྱོན་པ་དང་། །བཙུན་ཆས་གྲྭ་ཐུལ་གྱོན་ཙམ་གྱིས། །མ་ཆོག་བཟང་དགུ་ཚོལ་བ་ཡིས། །སྡིག་ལྟུང་སྣ་ཚོགས་སྤྱོད་པ་དང་། །བཟང་པོའི་སྙན་གྲགས་འདོད་པ་ལྟཡིས་། །སྔས་སྤང་ཆབ་ལེན་ལྷམ་ཕུད་སོགས། །ལན་རེ་བརྗེད་ཀྱང་སྐྱོན་ཆེར་རྩི། །སྟོང་ཉིད་ཕྱོགས་ཙམ་རྟོགས་པ་ཡིས། །འདུལ་ཁྲིམས་བྱིས་པའི་ཆོས་ཡིན་ཟེར། །ཆང་འབྱམས་ཉིན་བཟི་མཚན་མི་དང་། །འདི་དག་ཀུན་ཀྱང་ཐུབ་པས་བཀག །རང་ཉིད་མི་དགེ་སྡིག་ལྟུང་སྤྱོད། །གཞན་ལ་རྒྱུ་འབྲས་བླང་དོར་བཤད། །རང་ཉིད་ཚིག་ངན་གཅིག་མི་ཐེག །གཞན་ལ་དགྲ་གཉེན་མཉམ་དགོས་སྐད། །རང་ཉིད་གནས་དགའ་འགྱུ་ན་སྡུག །གཞན་ལ་མ་བཅོས་བཞག་ཚུལ་འཆད། །རང་ཉིད་ཚེ་འདི་ཁོང་དུ་འཆང་། །གཞན་ལ་བྱ་བ་བཏང་ཚུལ་བཤད། །ཕན་བྱ་སོ་སྔགས་ཙམ་ཤེས་ན། །ལོབ་དོགས་ངན་སྔགས་བཞིན་དུ་གསང་། །གཞན་ཕན་བློ་སྦྱོང་སེམས་བསྐྱེད་འཆད། །མདོ་རྒྱུད་དང་ནི་མི་འགལ་བའི། །ཤུགས་འབྱུང་རིག་པ་མ་རྟོགས་པའི། །བླུན་གཏམ་གང་དྲན་ཆོས་འཆད་བྱེད། །འདོད་པ་ཁོང་མེད་འབུལ་སྡུད་ཀྱང་། །ཟས་ནོར་མི་འདོད་དགོས་མེད་


CMR049_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ། །རང་ཉིད་ནམ་འཆི་ཆ་མེད་པར། །གཞན་ལ་ལེགས་ཉེས་མངོན་ཤེས་སྨྲ། །ལྐོག་ཏུ་ནག་ཆང་མི་དགེ་སྤྱོད། །ངོས་སུ་ཆོས་གོས་ཟླུམ་ཁྱེར་གཟབ། །རང་ངོ་རྗེན་པར་མ་མཐོང་བར། །བདེ་གསལ་ཉམས་ལ་མཆོག་ཏུ་རློམ། །ཡི་དམ་གཅིག་ཙམ་བསྙེན་སྒྲུབ་ལ། །རྟགས་ཐོན་ཙམ་ཞིག་མ་བྱས་པར། །རོ་བསྲེགས་དབང་བསྐུར་བྱང་བུ་བཞུ། །ཆོས་གོས་བཟང་དང་བཏང་བྱུང་བཟང་། །དེ་ལ་བླ་མ་མཆོག་ཏུ་རློམ། །གཞན་ལ་གདུལ་བྱ་བྱུང་ཐོས་ན། །རང་གི་ཤོར་བ་ཙམ་དུ་སྡུག །ཐོས་བསམ་སྒོམ་གསུམ་མི་དྲན་པར། །གདུལ་བྱ་སྙན་གྲགས་འགྲན་སེམས་ལྡང་། །རང་ལ་ལྟོས་བཅས་གྲྭ་རིས་རྣམས། །ཐོས་བསམ་སྒོམ་ལ་མི་དཀྲི་བར། །ཚོང་དང་དགྲ་འདུལ་ལས་ལ་སྦྱོར། །བསྙེན་སྒྲུབ་གཏོར་བསྔོས་དགུ་གཏོར་སོགས། །ངག་ནུས་འདོད་དང་རིམ་གྲོ་ལས། །བྱང་ཆུབ་བསྒྲུབ་པའི་སེམས་བསྐྱེད་མེད། །དྲིན་ཆེན་སློབ་དཔོན་རྣམས་ལ་ཡང་། །ད་ནི་མི་མཁོ་སྤང་སེམས་ལས། །གདུང་སེམས་བཀའ་དྲིན་དྲན་པ་མེད། །བརྒྱུད་པ་གསང་ནས་མཐོ་སར་བསྙག །བསྐྱེད་རིམ་ཨ་འཐས་ཐེར་ཟུག་གོལ། །གདོན་


CMR049_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞེ་སྡང་ཐུབ་ཐུབ་བྱེད། །ཕན་ཐོགས་བྱུང་ན་རང་ཉིད་ཀྱི། །བྱིན་རླབས་ཡིན་སྙམ་རློམ་སེམས་ལས། །ལྷ་དང་བླ་མའི་ཐུགས་རྗེ་བརྗེད། །བྱང་བུ་བསྔོ་ཞུས་བརྒྱ་བྱུང་ཡང་། །ཚེ་འདས་དེ་ལ་སྙིང་རྗེ་མེད། །རང་ཉིད་ཕོ་སྒོ་བཟང་བར་སེམས། །བསྔོ་བ་བྱང་ཞུས་ཚར་ཚུགས་ནས། །བུ་ལོན་སོད་བཞིན་དེ་ཕྱིས་བརྗེད། །ཟས་ནོར་རྒྱ་མཚོ་ལྟར་བྱུང་ཡང་། །ད་རུང་མུས་ཀྱིས་འདོད་པ་ལས། །དཀོར་གྱི་སྒྲིབ་པ་ཡིད་ལ་མེད། །དཀོན་མཆོག་ཕྱོགས་སུ་མི་གཏོང་བར། །དགྲ་འདུལ་གཉེན་སྐྱོང་ཕྱོགས་སུ་གཏོང་། །བུན་བཏང་ཚྭ་ཁེ་ཚོང་སྤྱོད་རེམ། །ཅུང་ཟད་མ་དགའི་རྩོད་བྱུང་ན། །མཐུ་མི་ཤེས་ཀྱང་མཐུ་སྡིག་བྱེད། །ཤེས་ན་ཀླུ་གཏད་སེལ་ནག་དང་། །སེར་བ་འབེབས་ལའང་ཡ་ང་མེད། །དགྲ་ཤི་ཐོས་ན་དགའ་སྤྲོ་ཆེ། །འདྲེན་དགོས་དཀའ་བསམ་ཡིད་ལ་མེད། །མི་ཚེ་གྲོང་ཆོག་འབྱམས་ན་ཡང་། །ཟས་ནོར་ཇི་རྙེད་མ་གཏོགས་པ། །རང་གཞན་གཉིས་དོན་སེམས་བསྐྱེད་མེད། །འབུལ་བ་མ་བྱུང་བརྡ་བསྙག་སྐྱེན། །ཁོ་ལ་དགོས་དུས་འགྲོ་རེ་སེམས། །ཅི་ལྟར་ཕུལ་ཡང་མགུ་བ་དཀའ། །འཁང་ཤིང་དྲིན་རྣམས་རྩི་ཞིང་


CMR049_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར། །ནད་པ་མང་པོའི་སྔས་ཕྱིན་ཡང་། །འཆི་ཁ་སྙིང་རྗེ་བསམ་པ་ཡི། །དཀྱིལ་འཁོར་དབང་བསྐུར་གཅིག་ཙམ་མེད། །རང་གི་འཕོ་བ་མ་བྱང་ཡང་། །རོ་དང་ཤ་བ་གང་སྔའི་དཔེ། །འབུལ་བ་བསམས་ནས་སྔོན་ལ་རྒྱུག །ང་སྔ་འབུལ་བ་ཆེ་དགོས་བསམ། །འཕོ་བ་ཨེ་ཐེབ་རྟགས་མ་རིག །ཆོ་ག་མང་དུ་བཏོན་ན་ཡང་། །བར་དོའི་རྣམ་ཤེས་མངོན་ཤེས་ལྡན། །དྲུང་འདིར་ཡོད་པ་སྙིང་རེ་རྗེ། །བསམ་ནས་དམིགས་པ་མི་གཏད་པར། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གསུམ། །ཁྲིག་ཁྲིག་མི་འཕྲོད་ལྷག་ཆད་མང་། །བྱམས་དང་སྙིང་རྗེའི་བསམ་པ་མེད། །ཇ་དང་རྒྱ་རི་བཟང་ན་བསམ། །བསྔོས་ཤ་རྟགས་ཀྱང་ཡ་ང་མེད། །ཀུན་རིག་མི་འཁྲུགས་པ་ལ་སོགས། །འདོན་སྐབས་གསོལ་ཆང་བྱུང་ན་མཉེས། །གཤེད་དམར་རྗེས་གནང་ཙམ་ལ་ཡང་། །བཀའ་གཉན་ཟེར་ནས་ལྷ་རྟེན་རྩོད། །བྱང་གདན་ཁྲུས་གདན་ལ་སོགས་པ། །མ་འབྱོར་བྱང་བུ་བཤོལ་ལ་སྐད། །འདོད་ཡོན་ནང་གི་ཤ་ཐུད་ཀྱང་། །ལེགས་ན་རྩམ་ཁུག་ནང་དུ་བཅུག །རྟ་དང་ནོར་གྱི་སོ་གྲུས་རྩི། །བྱང་ཐལ་ཚ་ཚ་ཙམ་མི་འགྲུབ། །རོ་བསྲེག་ཐབ་ཐིག་


CMR049_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་མི་ཤེས། །རྡུལ་ཚོན་མི་འབྱོར་ཆུར་ཙམ་འདེབས། །རི་མོ་རྒོ་རུས་ཟླུམ་པོར་འཐེན། །གནས་ཡིག་སྤུར་གདན་སྤུར་འགེབས་མེད། །བསྲེགས་རྫས་མི་འཛོམ་ནས་ཀྱང་འདེབས། །སྔགས་ལ་གྲངས་རྐུན་མཛེས་ཆོས་ཙམ། །མེ་དར་མར་སྣོད་མཆོད་གཞི་སོགས། །ཁ་མཆུ་ཆུང་ཆུང་གཏམ་དགོས་ཐུག །རུས་པར་ཚ་ཚ་འགའ་ཟུང་མེད། །རྒྱ་གར་གདུང་སྲེག་ཧ་ལས་རྩི། །རི་ཁྲོད་བཟུང་ཞིང་མཚམས་བསྡམས་ཀྱང་། །ཚེ་གཅིག་བྱང་ཆུབ་བསྒྲུབ་བསམ་མེད། །གཞན་གྱི་བཟང་པོར་ཨེ་མཐོང་བསམ། །ངག་ནུས་ཟློབསམ་ནས་བསྙེན་པར་རེམ། །འོན་ཀྱང་སྒྲུབ་པའི་ཐབས་མི་ཤེས། །ཆུ་ཤིང་ཡོན་བདག་ངོ་སྲུང་ལས། །རང་གི་དགེ་སྦྱོར་སད་ལ་བསྐུར། །རྙེད་པས་རྙེད་པ་ཚོལ་བའི་ཕྱིར། །རྒས་གོག་རྣམས་ལ་ཇ་ཐེབ་སྐུར། །བཙུན་མ་གཞོན་ནུ་དད་ལྡན་ལ། །རྩེ་རླུང་ཡོད་སྐད་སྡོམ་པ་བཏང་། །ལུས་ནི་དབེན་པར་གཅིག་པུ་འདུག །སེམས་ནི་རྒྱ་ཡན་རྒྱལ་ཁམས་བསྐོར། །གདུལ་བྱ་མ་བྱུང་བར་དུ་ནི། །མི་འདི་དཀའ་ཐུབ་རྡེའུ་འཆའ་ཟེར། །རྐང་བཞི་མི་ལེན་དམ་བཅའ་སྐད། །བྱུང་ན་ཅིས་ཀྱང་ཆོག་མི་ཤེས། །སྤུ་རྟགས་སོ་སོར་ཁྱུ་


CMR049_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་སྐད། །དབང་རྩལ་མེད་དུས་ཉམ་ཆུང་ཞིང་། །དགྲ་དང་གཉེན་ལ་ཁྱད་མེད་སྐད། །ཉམས་པོ་བྱུང་ན་དམག་མགོ་རྒོད། །མི་ནི་བརྒྱ་སྟོང་བསད་ན་ཡང་། །མི་བསྒྲིབས་དྲངས་ནི་ཡོད་དོ་སྐད། །དབང་རྩལ་ཆུང་ན་སངས་རྒྱས་བསྟན། །ཁྱད་མེད་དག་སྣང་ཕྱོགས་མེད་ཟེར། །དབང་བྱུང་ན་ནི་རང་གི་ལུགས། །མིན་པའི་སེར་མོ་རེ་རེ་ཡང་། །མཐོང་ཐོས་ཡུལ་ནའང་འདུག་མི་འཇུག །གུང་ཚིགས་སྦྱིན་ལེན་བཟའ་ལགས་ཀྱང་། །འཕྲོག་བཅོམ་ཐུབ་ན་ཅི་ཡོད་ལེན། །དགེ་འདུན་སྡེ་ནི་མཆོག་ཡིན་ཀྱང་། །ཐོས་བསམ་སློབ་གཉེར་ཆགས་སྡང་དབང་། །འདོན་པ་ཆོས་སྤྱོད་སྤྱི་ཡི་ཁྲལ། །སྡོམ་པ་ངོ་ཚ་ཁྲིམས་ལ་སྐྲག །བྱང་ཆུབ་བསྒྲུབ་པ་ཕར་ལ་སྐྱུར། །རང་དོན་ཡིན་བསམ་ཙམ་ཡང་མེད། །ཚོང་ལ་བྲེ་སྲང་གཡོ་སྒྱུ་ཆེ། །སྙིང་ལ་འཆང་རྒྱུ་ཁེ་དང་རྒྱུ། །འདི་འདྲ་བདག་དང་བདག་འདྲ་ཡི། །རྣལ་འབྱོར་རྣམས་ལ་ལེགས་དཔྱད་ན། །ཐུབ་དབང་བཀའ་དང་རྒྱབ་འགལ་བས། །དད་པ་འགྲོ་དཀའ་བདེན་ན་ཡང་། །དེ་ལྟར་གཞན་སྐྱོན་ལྟ་མི་རུང་། །གཞན་སྐྱོན་མཐོང་བ་རང་སྐྱོན་ཡིན། །སངས་རྒྱས་སེམས་


CMR049_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཁྱད་པར་ཡང་། །སྣང་བ་དག་དང་མ་དག་ཁྱད། །རྒྱལ་བ་ཡབ་སྲས་རྣམས་ཀྱིས་ཀྱང་། །དགེ་འདུན་སྡེ་ལ་ཚོགས་ཕྱག་འཚལ། །དཔེར་ན་ཐུབ་པའི་འདག་སྐུ་ཡང་། །ཤཱཀྱ་ཐུབ་པ་ག་ལ་ཡིན། །འོན་ཀྱང་དེ་ལ་བཀུར་སྟི་དང་། །དད་གུས་བྱས་ན་ཕན་ཡོན་ཐོབ། །དེ་བཞིན་བླ་གཟུགས་སེར་ཆགས་ཀུན། །ཚད་ལྡན་ཡིན་མིན་མང་ན་ཡང་། །དད་གུས་བྱས་ན་ཕན་ཡོན་ཐོབ། །ལོགས་ལྟ་བསྒོམས་ན་ཉེས་སྒྲིབ་སོགས། །དེ་ཕྱིར་དག་སྣང་བསྒོམ་པ་མཆོག །རང་ཉིད་ཆོས་དང་མི་མཐུན་ཞིང་། །ཉམས་རྟོགས་ཕོ་བྱེད་མེད་ན་ཡང་། །གཞན་ལ་ཆོས་བཤད་བྱས་པ་ཡི། །ཕན་ཐོགས་ཉམས་རྟོགས་སྐྱེས་པ་དང་། །དགེ་བ་ཁས་ལེན་སྡིག་སྤང་སོགས། །ཕན་ཐོགས་མང་པོ་འོང་བར་མཐོང་། །འོན་པས་དུང་བུས་ལྟ་བུ་ཡི། །ཆོས་བཤད་གཞན་ཕན་འབྱུང་ལུགས་ལ། །བལྟས་ན་དོན་ལྡན་ཆོས་གསུངས་རྣམས། །ཕན་ཡོན་རྒྱ་ཆེན་སྨོས་ཅི་དགོས། །བསམས་ཤིང་ཆོས་ལ་དད་གུས་བསྐྱེད། །དབང་སྒྲུབ་མ་ཚར་གློ་བུར་དུ། །གཏོར་མའི་བྱིན་རླབས་རེ་རེས་ཀྱང་། །ནད་པ་གཉིད་ཁུག་བདེ་མཐོང་ན། །ཅི་བཞིན་དབང་བསྐུར་ཞིབ་རྒྱས་པའི། །


CMR049_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་རྒྱ་ཆེན་སྨོས་ཅི་དགོས། །བསམ་ཞིང་རང་ཡང་བདག་འཇུག་ལེན། །བྱང་བུ་དབང་བསྐུར་རོ་ལ་བྱ། །སེང་གེའི་རྒྱལ་པོ་ཡི་དམ་བསྟན། །རྔོན་པས་ངུར་སྨྲིག་གོས་གྱོན་ནས། །དུག་མདའ་བརྒྱབ་ནས་བགྲངས་པའི་དུས། །དད་པ་མ་ལོག་ལན་མ་བྱས། །དེ་ཡི་བསོད་ནམས་ཚོགས་རྫོགས་པའང། །བསམ་ཞིང་སེར་མོ་གྱོན་ཚད་ལ། །གུས་འདུད་དག་སྣང་བཀུར་སྟི་བྱ། །རང་སངས་རྒྱས་པ་མཐོང་མྱོང་བའི། །སྤྲེའུ་ལུས་གནད་བསྟེན་པ་བཞིན། །བྱས་པས་མང་པོས་དགྲ་བཅོམ་ཐོབ། །ལོ་རྒྱུས་འདི་ལ་བསམས་བྱས་ནས། །ཉམས་རྟོགས་མེད་པའི་ཁྲིད་སྟོན་ལའང་། །གཤེ་དང་འཕྱ་བར་མི་བྱའོ། །མདོར་ན་རང་གི་སེམས་རྒྱུད་ལ། །བརྟགས་ན་སྐྱོན་རྣམས་གང་འདུག་པ། །སྤང་བའི་ཐབས་ལ་འབད་བྱ་ཞིང་། །གཞན་སྐྱོན་མི་ལྟ་མི་གླེང་བར། །ཀུན་ལས་རང་ཉིད་དམན་པར་ལྟ། །རང་རྒྱུད་གཙང་བར་འགྱུར་བ་དང་། །སྒྲུབ་པ་མི་གསོག་ཚོགས་རྫོགས་པའི། །གདམས་ངག་ཟབ་མོ་ཡིན་པར་ངེས། །དོན་ལ་འཁོར་འདས་མཉམ་པ་ཉིད། །དག་དང་མ་དག་གཙང་མི་གཙང་། །ལེགས་དང་མ་ལེགས་བཟང་དང་


CMR049_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ངན། །ཐམས་ཅད་ཡེ་ནས་སྤྲོས་དང་བྲལ། །རྣམ་དག་ཆོས་སྐུ་ཀུན་ཏུ་བཟང་། །དེ་ལས་ནམ་ཡང་མ་གཡོས་པས། །ལྟ་བའི་ཞེ་ཕུག་འདི་འཆང་ནས། །གྲུབ་མཐའ་བཟང་རྒྱུན་ལྟ་གྲུབ་དང་། །བརྒྱུད་པ་གཙང་དང་དམ་སེལ་དང་། །སྐྱེ་རྒྱུད་བཟང་ངན་ལུས་རྟེན་སོགས། །གཉིས་འཛིན་རྣམ་རྟོག་སྣ་ཚོགས་པ། །ད་ནི་ཁོ་བོའི་རྣམ་རྟོག་ནི། །ཤུགས་ཀྱིས་བྱུང་བས་ཕྱམ་གདལ་བ། །ཕྱི་ནང་བཟང་ངན་འདྲེས་འདྲ་བ། །གུ་ཡངས་པ་གཅིག་བྱུང་བ་འདི། །ལྷ་དང་བླ་མའི་ཐུགས་རྗེར་སེམས། །དེ་སྐད་ནུབ་གཅིག་རྨི་ལམ་དུ། །ཚེ་ལས་འདས་པ་གཅིག་བྱུང་ནས། །ཁོ་བོའི་བླ་མ་འགའ་ཞིག་གིས། །སྤྱོད་པ་མཐོང་བས་དད་པ་ཡང་། །མ་སོང་ཟེར་ཞིང་ལོ་རྒྱུས་འགའ། །སྨྲ་བ་རྨིས་ཕྱིར་བྲིས་པ་སྟེ། །གཞན་ལ་ཟུར་ཟ་ཡིན་རེ་ཀན། །རང་སྐྱོན་ངོས་ལེན་མཛད་དོན་མེད། །རང་ལ་བརྟགས་ནས་རང་སྐྱོན་སྨྲས། །བྷ་ཝནྟུ།། ༈ །།ན་མོ་གུ་རུ་ཨཱ་ཡུམྦྷ་ན་ཡེ། བླ་མ་ཡི་དམ་དབྱེར་མེད་པའི། །སྟོན་པ་སྣང་བ་མཐའ་ཡས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཚེ་དང་སྒྲུབ་པ་མཐར་ཕྱིན་ནས། །འབྲེལ་


CMR049_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་བདེ་ཆེན་ཞིང་ཁམས་སུ། །ཁྲིད་པའི་ནུས་པ་ཐོགས་མེད་གཅིག །བདག་ལ་སྩོལ་བར་མཛད་དུ་གསོལ། །གསོན་དང་དད་ལྡན་བསམ་བཟང་མཁན། །བདག་ནི་བྱང་ཆུབ་སེམས་བསྐྱེད་ཅིང་། །གཞན་ཕན་སེམས་བསྐྱེད་མི་ཆུང་ཡང་། །དེང་སང་སྙིགས་མའི་མཐའ་ལ་ཐུག །འགྲོ་དོན་འགྲུབ་པའི་སྐབས་མ་མཆིས། །དཔལ་ལྡན་ཇོ་བོ་ཨ་ཏི་ཤས། །འགྲོ་དོན་བྱེད་པའི་གང་ཟག་ལ། །མངོན་ཤེས་མེད་ན་མི་འོང་གསུངས། །དེ་ཡང་མངོན་ཤེས་ཡོད་ངེས་ཀྱི། །སྐྱེས་བུ་དམ་པ་ཕལ་ཆེར་ཡང་། །བསྟན་པའི་དོན་དང་འགྲོ་བའི་དོན། །བློས་བཏང་སྦས་ཡུལ་དབེན་ས་བསྙག །འདི་ཡང་འགྲོ་དོན་དཀའ་བའི་རྟགས། །འོན་ཀྱང་མུན་པ་ནག་པའི་ཚེ། །མར་མེས་ཁྱིམ་ཆུང་གསལ་བ་ལྟར། །བསམ་བཟང་ལོ་བདུན་དབང་དང་ཁྲིད། །སྒོ་སྐྱེལ་བྱས་ནས་ཆར་ཕབ་ཀྱང་། །ན་བཞོན་རྣམས་ནི་ལྟད་མོའི་ཕྱིར། །ཚིག་དོན་ཉན་པ་འགའ་ཙམ་མེད། །རྒན་གོག་འཆི་རན་ཆོས་འདོད་འགའ། །རྣ་བ་འོན་པས་ཚིག་མི་གོ །འགའ་ཞིག་གོ་ཡང་དུད་འགྲོ་ལ། །བཤད་པ་བཞིན་དུ་དོན་མི་རྟོགས། །གྲོང་ཆོག་འབྱམས་པའི་སེར་མོ་


CMR049_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བ། །ཆོས་དང་དབང་ནི་ཞུ་འདོད་ཀྱང་། །མི་ཁོམ་གྲོང་ཆོག་བརྡ་དགོས་སྐད། །ལོངས་སྤྱོད་ཆེ་བའི་ཕྱུག་པོ་འགའ། །མི་ཁོམས་རྟ་ལུག་འཚོ་དགོས་ཟེར། །ཡུལ་དཔོན་གཙོ་བོ་རྒན་གསུམ་འགའ། །མི་ཁོམ་ཁ་མཆུ་གཏམ་དགོས་ཟེར། །དཔའ་རྩལ་ལྡན་པའི་མི་དཔོན་འགའ། །མི་ཞུ་དམག་ཇག་བྱེད་དགོས་ཟེར། །རིགས་རུས་ཆེ་བའི་བླ་མ་འགའ། །དབང་རྒྱུན་ལུང་རྒྱུན་འདོད་ན་ཡང་། །རིགས་རུས་ཆེ་བ་ཉམས་དོགས་འཛེམ། །བཟང་པོར་གྲགས་པའི་སྒོམ་ཆེན་འགའ། །གནད་ཟབ་ངོ་སྤྲོད་འདོད་ན་ཡང་། །ཆོས་ལུགས་ཆེ་བ་ཉམས་དོགས་འཛེམ། །དགེ་སློང་དགེ་ཚུལ་གནས་པོ་སོགས། །ཉམས་ལེན་འདོད་པ་ཆེ་ན་ཡང་། །དགོན་པས་ཁ་ཟེར་དོགས་པས་འཛེམ། །ཉམ་ཆུང་ཆོས་འདོད་ཕལ་ཆེར་ཡང་། །ལྷགས་པས་མི་ཚུགས་ཆོས་བརྒྱགས་མེད། །རྒན་གོག་ཆོས་ཞུ་འདོད་ན་ཡང་། །བུ་དང་མནའ་མས་ཕྱག་རྟེན་དང་། །ཆོས་བརྒྱགས་མི་བསྐུར་འགྲོ་དབང་མེད། །ལ་ལ་སོ་ནམ་ཚོང་དང་མགྲོན། །ལ་ལ་དམག་ཁྲལ་འུ་ལག་ཁྲལ། །ལ་ལ་སྡེ་ཡི་བང་ཆེན་སོགས། །ཆོས་ཞུ་འདོད་ཀྱང་ཁོམ་སྐབས་མེད། །ཆོས་གཞི་སྣ་ལེན་


CMR049_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་དཀའ། །ལ་ལ་རྒྱུ་མེད་ཞུ་མི་སྤོབས། །ལ་ལ་དཔོན་གྱིས་བཀའ་བཀྱོན་དོགས། །ལ་ལ་དགོན་པས་ཕྲག་དོག་སྐྲག །ལ་ལ་སྡེ་བླ་མི་མཉེས་དོགས། །ལ་ལ་རྩྭ་ཤིང་མི་འབྱོར་དོགས། །ས་ཆ་འདི་རུ་ཆོས་ཚུགས་ཞེས། །ཞུ་ཕྱོགས་ནུས་པར་དཀའ་མོར་གདའ། །དེ་བས་ཀྱང་ནི་ཆོས་བཤད་མཁན། །སྒར་འགྲོས་འགྲོ་འདུག་དཀའ་བར་སྣང་། །སྲོག་ལ་བསྡོ་བའི་ཆུ་ཆེན་དང་། །རྐང་ལག་ཕྱིད་པའི་ཁ་ཆེན་དང་། །གཡང་ལ་ལྟུང་བའི་འཕྲང་ངན་དང་། །འོག་རྟ་འཕྲོག་པའི་ཧོར་སོག་འགྲིམ། །ནམ་འོང་ཆ་མེད་ཁྱི་སྨྱོན་རྒྱུག །གར་ཡོད་ཆ་མེད་ས་སྐྱོན་ལྡང་། །འགྲོ་སྟན་དཀའ་བའི་ནོར་མུའི་ཁྲིམས། །ཆོས་ཚུགས་ཁྲོམ་ཚོགས་རྒྱས་ན་ཡང་། །སྣོད་ལྡན་ཆོས་དང་མཐུན་པ་དཀོན། །མི་ཤ་མོ་གྱོད་ཐུག་པ་མང་། །སྡེ་ཧྲག་ཤོག་ཁའི་གླད་རུ་འཐེན། །ངན་རྐུན་ཆོས་ཕྲུག་ཆོས་བརྒྱགས་བཅོམ། །ཇག་རྐུན་འགྲིམས་པའི་རྟ་ཁལ་འཇབ། །རིམས་ངན་ཁྲོམ་ལ་མཆེད་གྲབ་བྱེད། །སྐུ་ཁག་ཆེ་བའི་གཅེས་ཕྲུག་མང་། །གདོན་བགེགས་དམ་སྲིས་བར་ཆད་རྩོམ། །འབུལ་བ་ཞབས་ཏོག་བྱེད་རྣམས་ཀྱང་། །


CMR049_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་རྒན་ཕུལ་ལ་རྟ་གཞོན་འདོད། །མཛོ་རྒན་ཕུལ་ནས་མཛོ་གཞོན་འདོད། །དཔོན་རིགས་གསོལ་ལོས་ཆེ་བ་མང་། །སྡེ་ཡི་འབུལ་བ་བྱས་པ་ཡི། །གསོལ་རས་དཔོན་ཁ་བ་རྣམས་འདོད། །ཚེ་འདས་དྲན་པ་འགའ་ཙམ་སྟེ། །ཕལ་ཆེར་འདྲེན་པའི་འབུལ་བ་མང་། །དབང་ལ་དཔུང་ཤེད་བཙན་དབང་ཞུ། །ཆོས་རར་གྲལ་རྩོད་འཁྲུག་པ་སློང་། །ཚེ་འདས་དྲན་པའི་ཞི་ཁྲོ་དང་། །ཆོ་ག་བྱང་བཞུས་བསྔོ་རྟེན་ཡང་། །མི་ཁ་ཨེ་ཆོད་སེམས་ལ་འཆང་། །ཞི་ཁྲོ་བྱེད་ཟེར་བསྔོས་ཤ་མང་། །ཆོས་ཉན་ཁྲིད་སྦུག་པ་རྣམས་ཀྱང་། །ལ་ལ་ཁ་སྦུབ་ལྟ་བུའི་སྣོད། །ཇི་ཙམ་བཤད་ཀྱང་དོན་མི་གོ །སྤྱོད་པའི་དམིགས་པ་མི་བསྒོམ་པར། །ངག་འཁྱལ་ཁ་དལ་ཚོང་གཏམ་མང་། །ལ་ལ་ཞབས་རྡོལ་ལྟ་བུའི་སྣོད། །ལུས་གནད་བསླབས་ཀྱང་འདུག་མགོ་མེད། །རྒྱུ་འབྲས་ད་ལྟ་བཤད་པ་ཡི། །ཕྱིར་ནངས་ཉིད་ནས་མི་དགེ་སྤྱོད། །ལ་ལ་དུག་ཅན་ལྟ་བུའི་སྣོད། །གསང་སྔགས་དབང་ལུང་ཞུས་ནས་ནི། །མཐུ་གཏད་ངན་སྔགས་རྣོན་པོ་འདོད། །ལ་ལས་ངག་ནུས་ལྡན་བྱས་ཏེ། །འདྲེ་འདུལ་ཟས་ནོར་སྡུད་པ་འདོད། །ལ་ལས་དབང་ལུང་ལག་ཆར་


CMR049_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར། །འབུལ་སྡུད་ཟང་ཟིང་བསྡུ་བར་འདོད། །ལ་ལས་ཁྲིད་ཙམ་ཐོབ་ཕྱི་ནས། །རང་གིས་ཉམས་ལེན་མི་བྱེད་པར། །ཕོ་སྒོས་གཞན་ལ་ཁྲིད་སྟོན་འདོད། །ལ་ལས་འཕོ་ལུང་ཙམ་ཞུ་ནས། །རང་གིས་རྟགས་ཐོན་མི་སྦྱོང་བར། །གཞན་ལ་འདེབས་ནས་རྟ་ཁྲིད་འདོད། །ལ་ལས་ཡི་དམ་གཅིག་ཙམ་གྱི། །ལས་རུང་བསྙེན་པ་མི་བྱེད་པར། །དབང་བསྐུར་རོ་བསྲེགས་བྱང་བུ་བཞུ། །དཀོར་གྱི་ལོངས་སྤྱོད་གང་ཆེ་འདོད། །གལ་ཏེ་དབང་ལུང་ཐོབ་པ་ནས། །ཟླ་མཚམས་ཡ་ཟུང་བྱེད་པ་ཡང་། །རྐྱེན་ཟློག་དབང་སྡུད་དྲག་སྔགས་སོགས། །ཚེ་འདིའི་དོན་དུ་མ་གཏོགས་པ། །བྱང་ཆུབ་སྒྲུབ་པ་བྱེད་མཁན་དཀོན། །འགའ་ཞིག་ཆོ་ག་ཕྱག་ལེན་སོགས། །རིག་པས་ལེགས་པར་མི་སློབ་པར། །མགོ་མེད་མཇུག་སྡུམ་གང་བྱུང་བྱེད། །བླ་མས་འདི་འདྲ་གྱིས་གསུངས་སྨྲ། །ལ་ལས་དབང་ལུང་ཚན་ཆེན་ཞུས། །བརྒྱུད་པ་སངས་རྒྱས་ཕྲེང་བ་ལས། །མ་བྱུང་རྩིས་མེད་སྐད་པ་ཟེར། །ལ་ལས་ཞག་པོ་བཅུ་ཙམ་རེ། །སྡོད་ནས་ཐམས་ཅད་ཐོབ་འདོད་སྐྱེད། །དབང་ལུང་ཅི་འགྲོ་བྱས་པ་ན། །དབང་སྒྲུབ་ཉུང་བས་མི་


CMR049_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

མགུ་སྐད། །ཡུན་རིང་འདུག་ལོང་མེད་དོ་སྐད། །ཐམས་ཅད་ཐོབ་ནི་དགོས་དོ་སྐད། །ཐ་མལ་རྨོངས་པའི་སྤྲང་པོ་འགའ། །དབང་ཆོས་དོ་དམ་མེད་པའི་རྟགས། །ཉམས་ལེན་དམིགས་པ་མི་སྐྱོང་བར། །ངག་འཁྱལ་རྩེ་ཀྱུའི་ངང་ལ་སྡོད། །འཕྲལ་དུ་ད་ལམ་ཟླ་ཤས་འདིར། །དཀོར་ལྷག་ཁ་ཐོན་སེམས་ལ་འཆང་། །ཡོན་བདག་དྲག་རིམ་ངོ་ཆེན་འགའ། །ད་ལྟ་ཉིད་དུ་འགྲོ་དགོས་པར། །ཟབ་ལ་བཀའ་གཉན་དབང་དགོས་ཟེར། །ཡུད་ཙམ་དབང་སྒྲུབ་དགོས་སྨྲས་ན། །མི་ཁོམ་མི་འགྲོ་ཁ་མེད་ཟེར། །སྲོག་རླུང་སྨྱོ་འབོག་བརྒྱལ་ནད་དང་། །མཛེ་ནད་སྨིན་མ་བྱི་བ་དང་། །བད་ཀན་བག་ལྷུང་མིད་གཅུས་དང་། །སྐྲན་ནད་འདྲིལ་སོགས་གཅོང་ནད་རིགས། །སྨན་དཔྱད་རིམ་གྲོའི་རྡུགས་པ་རྣམས། །ཕྱག་རྟེན་བརྡ་ཚོན་ཙམ་རེ་ཁྱེར། །ཐག་རིང་ཡུལ་ནས་ཁུར་འགེལ་བྱས། །ཁྱེད་ལ་དད་ནས་འོང་བ་ཡིན། །འདི་ཉིད་ཕན་ཐབས་ཁྱེད་ཤེས་ཟེར། །འགོས་ནད་བྱུང་བའི་ནད་ལངས་རྣམས། །བཀའ་བསྒོ་བྱིན་རླབས་དགོས་སོ་སྐད། །གློ་བུར་སྙེམ་མེད་མདུན་དུ་འདུག །ཁྲིམས་ཕོག་ནད་བྱུང་སྔོན་ལས་སྨིན། །མིག་བྲུས་རྐང་ལག་ཞ་བ་


CMR049_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །བླ་མས་བྱས་ལྟར་ཡུས་ཆེ་ཞིང་། །བཞོན་རྒྱུ་འགེལ་རྒྱུ་གྱོན་རྒྱུ་དང་། །བཟའ་རྒྱུ་གྱི་ནོམ་དགོས་ཞེས་རྩོད། །བྱིན་པས་མི་མགུ་འབོད་ངན་བྱེད། །ལ་ལས་སྲོག་བཅད་རིགས་དྭགས་ཀྱང་། །བརྔན་པ་རྟ་མཛོ་དགོས་ཟེར་རྩོད། །ལ་ལས་ཤ་ཁྱི་རྒད་པོ་དང་། །རྒྱ་རུལ་ཕུལ་ནས་གནང་སྦྱིན་འདོད། །རྒྱ་སར་བསྒྲུབ་ཅིང་ཤ་ཁྱི་ཉོ། །ཆོས་འཁྲེབ་སོང་བའི་སེར་གཟུགས་འགའ། །ཆོས་དང་དབང་ནི་གར་ཡང་ཐོབ། །འདི་རུ་ཞུ་བའི་བརྔན་པ་ལ། །གོས་དང་དགུན་བརྒྱགས་འདོད་དོ་ཟེར། །ལ་ལས་གཅོད་དང་སྔགས་ཆོས་ཀྱི། །དཔེ་རུལ་མགོ་མེད་མཇུག་སྡུམ་ཁྱེར། །དེ་ཡི་དབང་ལུང་ཞུ་ནས་ནི། །གྲོང་ཆོག་འགྲིམ་མོ་ཟ་འདོད་ཟེར། །མགོ་མཇུག་ཚང་བའི་དབང་དང་ལུང་། །བྱས་ཀྱང་ཡི་གེ་བྲི་མི་མེད། །ཤེས་ཀྱང་ཤོག་སྣག་སྨྱུ་གུ་མེད། །དཔེ་ཆ་བྲིས་ལ་གནང་དགོས་ཟེར། །ལ་ལས་མཚམས་སྒྲུབ་མི་དགོས་པའི། །ཕན་གནོད་ལས་ཚོགས་རྣོན་པོའི་རིགས། །ཁག་ཁུར་ཕེར་བ་འདོད་དོ་སྐད། །ལ་ལས་ཐེ་ཚོམ་ཁུ་འཕྲིག་གིས། །གནམ་ཆོས་ལ་སོགས་ལས་ཚོགས་རྣམས། །བསྙེན་སྒྲུབ་ནུས་རྟགས་མ་ཐོན་


CMR049_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པར་། །བྱས་པས་ཕན་པ་མ་བྱུང་ཞེས། །བླ་མ་ཆོས་ལ་ལོག་ལྟ་སྒོམ། །ལ་ལས་རྫོགས་ཆེན་ཐོད་རྒལ་སོགས། །ཤིན་ཏུ་གསང་བའི་གདམས་པ་ཚོ། །ཀུན་ལ་འཆལ་གཏམ་གཡེལ་ཆུང་སྨྲ། །འཕོ་ལུང་གསང་སྔགས་ཧིག་ཀ་སོགས། །རི་ལུང་ཁུར་བའི་ཧུར་སྒྲ་འབྱིན། །ལ་ལས་ཡེ་ཤེས་ལྷ་མི་བསྙེན། །རྣོ་མྱུར་དམ་ཅན་ལ་སོགས་པ། །འཕྲལ་དུ་བསྒྲུབས་ནས་རྟགས་སྟོན་འདོད། །ལ་ལས་དབྱར་ལྡོམ་སྟོན་ལྡོམ་དང་། །གྲོང་ཆོག་གཅིག་ཀྱང་མེད་པའི་དུས། །དབང་ལུང་རྒྱ་ཆེན་ཞུ་འདོད་སྐད། །ཁྲིད་ཚུགས་ཁྲོམ་ཚོགས་རྒྱས་པ་ཡིས། །དབྱར་དགུན་ལྡོམ་བུ་པ་རྣམས་ཀྱིས། །སྒོ་རྡུགས་ཕོག་ཟེར་གཤེ་སྐུར་འདེབས། །ལ་ལས་དད་པ་མི་འོང་བའི། །འདི་ཚང་གདུལ་བྱ་ཆེ་བ་འདི། །རྫས་དང་གདམས་ངག་ཡོད་པས་ཟེར། །ལ་ལས་གཏོ་ཆོག་ཡན་ཆོད་ཀྱི། །མི་ཤེས་དགུ་ཤེས་དོན་ཡིན་སྐད། །ལ་ལས་འཆམས་དང་འབག་ལ་སོགས། །ཅལ་སྒྲོགས་རྗེས་རྒྱུག་ཕན་པན་ཟེར། །སེར་མོ་ཕལ་གཅིག་ཟུག་རྔུ་ལྡང་། །ཡོན་བདག་བསམ་བཟང་ལ་ལ་ཡིས། །ད་ཙམ་སྐུ་མཚམས་མི་བསྡམས་པར། །དཀོར་ནོར་འདི་ཙམ་བསྡུ་བ་ནི། །བཙན་


CMR049_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་རྣམས་ལ་འབུལ་བ་ནི། །ཁྲོག་བརླག་ཡིན་ཞེས་སེར་སྣ་བྱེད། །ལ་ལས་དཀོར་ནོར་འདི་ཙམ་བསྡུ། །བཀའ་འགྱུར་མི་བཞེངས་ཅི་ཡིན་ཟེར། །ལ་ལས་ནང་ཟོག་གསེར་དང་དངུལ། །མང་པོ་ཡོད་སྙམ་ཚོད་གྱིས་སྨྲ། །གྲམ་གསེང་ཆུ་བླུག་ཅི་ལྟ་བར། །འབུལ་བ་ཅུང་ཟད་གང་བྱུང་བ། །ཇ་དང་ཙམ་རྒྱུག་ཕྱག་མདུད་དགོས། །འབུལ་བ་ཆེ་ན་གནང་སྦྱིན་དང་། །གྲྭ་མང་འགྲིམ་པ་བརྒྱ་སྟོང་ལ། །ཕོག་དང་ཇ་ཐུག་རྒྱུན་ལྡན་དང་། །སྡེ་དགོན་བླ་མ་མི་དཔོན་སོགས། །ཅི་རིགས་བཏང་སྒོ་དགོས་པ་སོགས། །ཕར་ལ་ཅི་འགྲོ་གནད་མ་རིགས། །དབང་བསྐུར་དཔག་མེད་ཞུས་པས་ཀྱང་། །དམ་ཚིག་སྲུང་མཁན་ཤིན་ཏུ་དཀོན། །བཀའ་སྲུང་ལ་སོགས་ཐ་མལ་པས། །ཞུ་མི་རུང་བའི་དབང་བསྐུར་དུས། །ངོ་ཆེན་བྱེད་དང་དཔུང་ཤེད་བརྫང་། །མི་རུང་སྨྲས་ན་ཤིན་ཏུ་ཁྲོ། །དེ་ཕྱིན་དབང་ཞུ་མི་འདོད་སྐད། །སྒོམ་ཆེན་རྟོགས་འབུལ་བྱེད་པ་ཕལ། །ལ་ལས་མེད་ཀྱང་ཡོད་མདོག་སྨྲ། །རྩད་གཅོད་དྲིས་ན་ཁྲོ་བསྡུར་བྱེད། །ལ་ལས་སྤོམ་ཡོར་གཡོ་གཏམ་སྨྲ། །ངོ་སྤྲོད་གེགས་སེལ་ཁྱད་པར་ཅན། །གཞན་ལ་མེད་


CMR049_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟབ་གནད་རྣམས། །དང་པོ་ཐོས་ཀྱང་མ་མྱོང་བ། །ལེགས་པར་བསླབ་ནི་ཚར་མ་ཐག །དེ་དག་སྔར་ནས་ཤེས་སྐད་སྨྲ། །ལ་ལས་གསང་སྔགས་ཟབ་གནད་རྣམས། །རང་གིས་ཤེས་རྒྱུའི་ངང་གཅིག་ལ། །རྐུ་ཐབས་གཡོ་སྒྱུས་ཨེ་ལོན་ལྟ། །ལ་ལས་ངན་སྔགས་མི་འདོད་ཅེས། །གཞན་ལ་བྱེད་རེའི་མནའ་བྱེད་ཅིང་། །དྲག་སྔགས་ཕྱག་ལེན་འདོད་པ་ཆེ། །ལ་ལས་སངས་རྒྱས་བསྟན་པའི་དོན། །ཡིན་པས་དྲག་སྔགས་བསླབ་དགོས་སྐད། །མ་བསླབས་ཁ་གཏམ་མེད་པ་སྐད། །ལ་ལས་རྫས་དང་བསྙེན་སྒྲུབ་སོགས། །དཀའ་གནད་ཅི་ཡང་མི་དགོས་པར། །བསམ་པ་ཙམ་ནས་བྱད་མ་གསོད། །ནོར་ཤོར་ཆོ་འཕྲུལ་སྣ་ཚོགས་པ། །འོང་བའི་ཐབས་ཤིག་འདོད་དོ་སྐད། །ལ་ལས་རང་གི་ཉམས་ལེན་དང་། །སྒྲུབ་པ་བྱེད་བསམ་མེད་ན་ཡང་། །བླ་མའི་ཐུགས་དམ་གང་ཡིན་གྱི། །ཡི་དམ་ཆོས་སྐྱོང་ཐམས་ཅད་ཀྱི། །དབང་ལུང་ཚང་བར་ཞུ་འདོད་སྐད། །ཤུགས་ཀྱིས་བྱུང་བའི་རྟ་ནོར་རྣམས། །བླ་མ་རྣམས་ཀྱི་དཀོར་ཕུད་འདོད། །མི་ཆོག་ད་རུང་འབུལ་སྡུད་འདོད། །དགོན་པས་འགྱེད་དང་མང་ཇ་འདོད། །མི་ཆོག་ད་རུང་དགོན་


CMR049_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གསོས་འདོད། །དཔོན་པོ་རྣམས་ཀྱི་དཔོན་ཆེན་འདོད། །མི་ཆོག་ད་རུང་ཁྲལ་ཡང་འདོད། །ཡོན་བདག་སྲུང་མདུད་བཟའ་བཏུང་འདོད། །མི་ཆོག་ད་རུང་གནང་སྦྱིན་འདོད། །སེར་མོ་བ་རྣམས་ཆོས་བརྒྱགས་འདོད། །མི་ཆོག་ད་རུང་ཁུར་རྒྱུ་འདོད། །ལོང་སྤྲང་རྣམས་ཀྱིས་ཟས་གོས་འདོད། །མི་ཆོག་ད་རུང་བཞོན་རྒྱུ་འདོད། །ཉེ་བ་རྣམས་ཀྱིས་མཉམ་ཟ་འདོད། །མི་ཆོག་ད་རུང་བསོགས་རྒྱུ་འདོད། །གྲྭ་པ་རྣམས་ཀྱིས་ཟས་གོས་འདོད། །མི་ཆོག་ད་རུང་འཚགས་རྒྱུ་འདོད། །རྫི་བོ་བཞོན་མས་གླ་ཟས་འདོད། །མི་ཆོག་ད་རུང་འབག་སྒོ་འདོད། །ཇག་པ་རྐུན་མས་འཕྲོག་བཅོམ་འདོད། །མི་ཆོག་ཞོར་ལ་གསོད་རྒྱུ་འདོད། །བཟོ་རིག་པ་ཀུན་ཡོན་ཟ་འདོད། །མི་ཆོག་ལག་གཟར་སྣ་སྣེ་འདོད། །བླ་བྲན་རྣམས་ཀྱིས་དབང་ལུང་འདོད། །མི་ཆོག་དཔེ་ཆ་མཆོད་ཆ་འདོད། །སློབ་མ་རྣམས་ཀྱིས་བསྐོ་ཇ་འདོད། །མི་ཆོག་བཀའ་སྲུང་གྲྭ་པ་འདོད། །ཡོན་བདག་ངོ་ཆེན་དབང་བརྒྱ་འདོད། །མི་ཆོག་སྲུང་འཁོར་རྫས་སྲུང་འདོད། །དཔོན་ཕྲན་དགྲ་བླའི་གསོལ་མཆོད་འདོད། །མི་ཆོག་མཚོན་སྲུང་ཟབ་མོ་འདོད། །སྔགས་པས་


CMR049_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་ཟློག་ཕྱག་ལེན་འདོད། །མི་ཆོག་རྫས་དང་ངན་སྔགས་འདོད། །རི་ཁྲོད་པ་ཡིས་ཆར་འབོད་འདོད། །མི་ཆོག་ཆར་རྫས་རྣོན་པོ་འདོད། །སོ་སོའི་འདོད་དོན་གང་ཡིན་པ། རང་གིས་འབད་དེ་བསྐངས་བྱས་ནས། །ངེད་རང་དཔོན་སློབ་འཁོར་བཅས་ཀུན། །ལོ་རེ་ཙམ་ལ་མ་སྤུངས་ཀྱང་། །ཁ་ཐོན་འོང་ཙམ་མ་བཞག་ཀྱང་། །མགུ་བ་མང་ལ་ཁང་པ་མང་། །ལ་ལས་བླ་མ་འཁོས་ཆུང་ཟེར། །ལ་ལས་དབོན་པོ་ཁྲམ་མོ་ཟེར། །ལ་ལས་གཉེར་པ་མི་ངན་ཟེར། །ལ་ལས་དེ་ཚང་གྲྭ་པ་ཟེར། །མི་ཁ་ཆོད་ཙམ་ཐོན་པར་དཀའ་། །འདི་དག་དུས་ཀྱི་དབང་གིས་ཏེ། །བདུད་ཀྱི་ལས་སུ་ཐུབ་པས་གསུངས། །དེ་ཕྱིར་དབང་ཁྲིད་འགྲོ་བའི་དོན། །བྱས་ཀྱང་ཆོས་དང་མཐུན་དཀའ་བས། །ད་ནི་བསམ་པ་གཞན་དོན་དུ། །སེམས་བསྐྱེད་སྨོན་ལམ་མ་གཏོགས་པ། །སྦྱོར་བ་གཞན་དོན་རྫོགས་སོ་ཡིན། །དེ་སྐད་ཤིང་འབྲུག་ལོ་མཇུག་ལ། །ཡུལ་མི་རྒན་པོས་གྲོས་བྱས་ནས། །བླ་མས་འགྲོ་དོན་རྫོགས་གསུངས་པ། །ཅི་ཡིན་གོ་རྒྱུ་མི་གདའ་བས། །བརྟན་བཞུགས་ཞུ་འབུལ་དགོས་སོ་ཞེས། །སློབ་མ་ཀུན་དང་ཡོན་བདག་བཅས། །ཁ་ཐག་


CMR049_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་འབུལ་བ་དང་། །བརྟན་བཞུགས་བརྩམས་ཤིང་སུན་ཟློག་བྱས། །འགྲོ་དོན་རྒྱ་ཆེན་མི་མཛད་ཀྱང་། །ལོ་དུས་ཉེ་སྐོར་ངེད་རྣམས་ལ། །ཆོས་ལུང་དགོས་ཟེར་ཞུ་འབུལ་བྱས། །ཚེ་ནི་རྟེན་འབྲེལ་ཡིན་ཟེར་བའི། །དེ་དུས་མི་བྱེད་མ་སྨྲས་སོ། །དེ་རྗེས་དད་ལྡན་ཡོན་བདག་ཅིག །འབུལ་བ་གྱ་ནོམ་དང་བཅས་ནས། །ཚུགས་མ་ཉི་ཤུའི་སོ་ནས་ནི། །རྐང་གཏད་མཇལ་ཕྱིར་འོང་ཟེར་བྱུང་། །གསུང་ངག་ཐོས་ཀྱང་བློ་མ་ཚིམ། །སང་ཕོད་མ་ཤི་ངེད་ཕ་བུ། །འོང་བས་ཞལ་མཐོང་དགོས་སོ་ཞེས་། །སླར་ཡང་ཕྱི་ཆ་བྱུང་བ་དང་། །དངོས་སུ་ཁྱེད་ཀྱིས་འགྲོ་བའི་དོན། །ཁྱད་པར་ཁྲིད་རིམ་མ་གནང་ན། །ཤར་གྱི་རྐང་ལ་མན་ཆོད་ལ། །ཆོས་འདོད་ཉམས་ཁྲིད་སུས་སྐྱོང་ཞིང་། །རྟེན་འབྲེལ་ཞུ་བ་བྱུང་ཕྱིར་བྲིས། །བྷ་ཝནྟུ།། ༈ །།ན་མོ་རཏྣ་ཏྲ་ཡཱ་ཡ། གང་ལ་ཐོག་མར་ཕྱག་འཚལ་ན། །བྱ་བ་མཐའ་རུ་ཕྱིན་མཛད་པའི། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྱི་བ་ཟླ་གསུམ་ཉལ་ཁ་ཡང་། །ཁུང་སྒོར་སྣ་ཡིས་ཐེའུ་རྒྱབ་ནས། །སྨོན་ལམ་འདེབས་པ་ཡིན་སྐད་ན། །ཁོ་བོ་བླ་


CMR049_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མའི་མིང་ཐོབ་གཅིག །ཚེ་མཚམས་དམ་བཅའ་བྱེད་སྐབས་སུ། །སྨོན་ལམ་འདེབས་པར་ཅིས་མི་རིགས། །ད་ནི་ན་སོ་རྒན་པོར་སོང་། །མི་འཆིའི་ཐབས་ནི་མི་སྲིད་ན། ནམ་འཆི་ཆ་ཡང་མ་ངེས་པས། །ཤི་ཡང་འགྱོད་མེད་སྒྲུབ་པ་བྱེད། །ཤིང་མོ་སྦྲུལ་ལོ་འདི་ཚེས་ནས། །བདག་ནི་ཚེ་མཚམས་བསྡམ་མོ་ཞེས། །སྤྱན་རས་གཟིགས་དབང་འཕགས་པ་ལྷ། །འཇམ་དཔལ་དབྱངས་དངོས་སྟག་ལུང་པ། །ཨུ་རྒྱན་དངོས་ཉིད་ལྷོ་སྤྲུལ་སྐུ། །ས་བཟང་སངས་རྒྱས་ཚེར་ལུང་པ། །བླ་ཆེན་བཞི་ལ་ཁས་ལེན་ཕུལ། །ལྷ་འབྲང་སེར་གསུམ་སྒོམ་སྟག་སོགས། །དཔོན་ཆེན་རྣམས་ལ་ཆ་ཡོད་བྱས། །ཚེ་དང་སྒྲུབ་པ་མཐར་ཕྱིན་པར། །བླ་མ་རྣམས་ལ་གསོལ་བ་བཏབ། །ཡི་དམ་རྣམས་ལ་དངོས་གྲུབ་ཞུ། །ཆོས་སྐྱོང་རྣམས་ལ་ཕྲིན་ལས་བཅོལ། །བཀའ་སྲུང་རྣམས་ལ་བཀའ་བསྒོ་བྱས། །དྲིན་ཆེན་ཡོན་བདག་འགའ་རེ་ཡིས། །ད་རུང་འགྲོ་དོན་དགོས་ཟེར་དུས། །དམག་དཔོན་ཆུ་ནི་ཡག་པ་ན། །དམག་ནི་ཐམས་ཅད་མགོ་ཐོན་ལྟར། །ང་ཡི་སྒྲུབ་པ་མཐར་ཕྱིན་ན། །ཁྱེད་ཅག་འབྲེལ་ཐོགས་ཤི་གསོན་ནི། །ཀུན་ལ་ཕན་པ་ཡིན་ནོ་སྨྲས། །


CMR049_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་ད་ནི་ཁྲོམ་སྡུད་ཀྱིས། །དབང་ལུང་ཁྲིད་སོགས་མི་བྱའོ། །སྔོན་ནས་ཞུས་ཤིང་ཡིད་ཡུལ་དུ། །མཚམས་བསྡམ་བཞག་པ་འགའ་ཟུང་ལས། །མི་ལ་ངོ་ཡང་མི་གཏུག་གོ །ཧ་ཅང་ས་ཐག་རིང་བ་ཡི། །རང་ལ་རྐང་གཏད་འོང་བ་དང་། །མཚམས་སྒྲུབ་ཁས་ལེན་གནད་ཆེ་སོགས། །མི་ལ་མཚམས་ཁུང་ཆོས་བཤད་མེད། །དམ་ཆོས་སྦྱིན་ལེན་ཆོག་པ་དང་། །ས་གནས་སེམས་དཔའ་འཁྲུལ་མེད་པ། །མཚམས་ཁུང་ཞབས་ཀྱིས་བཅགས་ཕྱིར་ལས། །ཕྱི་རྒྱབ་ངོ་ཆེན་སུ་ལ་ཡང་། །མཚམས་ཁུང་ནང་དུ་གདན་འདྲེན་མེད། །རང་ཉིད་ནད་ཀྱིས་མནར་བའམ། །སྦྱིན་སྲེག་བཅའ་ཚོགས་མཆོད་གཡོག་སོགས། །མི་མཁོ་ཀ་མེད་མ་གཏོགས་པ། །གྲྭ་པ་ནང་དུ་འོང་ས་མེད། །རྒྱལ་བ་ཡབ་སྲས་མཇལ་བ་ནི། །མ་གཏོགས་ནམ་ཡང་མཚམས་མི་གྲོལ། །གྲྭ་རིས་ནང་མ་ཨ་མ་སོགས། །ཤི་བ་མ་གཏོགས་མཚན་འགྲོས་ཀྱིས། །འཕོ་འདེབས་མི་བྱེད་དམ་བཅའ་འོ། །རང་དབང་མ་ཐོབ་རཱ་ཛ་ཡིས། །ཁྱེར་ན་མ་གཏོགས་སྲུང་རིམ་དང་། །གྲོང་ཆོག་ཕྱིར་དུ་གོམ་མི་སྤྲོ། །ཟན་སྒོང་ཡར་འདྲིལ་མ་བྱུང་ན། །གྲྭ་སློབ་དབོན་པོ་བཏང་


CMR049_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས། །ལྡོམ་བུར་རང་ཉིད་བརྒྱགས་ཆད་ཀྱང་། །མི་བྱ་སྡུག་བསྒྱུར་དམ་བཅའོ། །སྲུང་ཟློག་དམིགས་རིམ་ཅུང་ཟད་ལས། །ངན་སྔགས་དྲག་སྔགས་བསད་ལས་རིགས། །སྒྲུབ་པར་མི་བྱ་དམ་བཅའོ། །བློ་སྦྱོང་ཕྱག་རྫོགས་གསུམ་པོ་ལ། །ཉམས་ལེན་འཐིལ་པོ་དམ་བཅའོ། །ཕྱི་རབས་གཞན་ལ་ཕན་སེམས་ཀྱིས། །རང་གི་གང་ཤེས་ཡོན་ཏན་སྐོར། །བལྟས་ཆོག་ཟིན་བྲིས་བྲི་བྱའོ། །ཐུགས་རྗེ་ཆེན་པོས་གཙོར་བྱས་པའི། །ཡི་དམ་བསྙེན་སྒྲུབ་ཆུ་བོ་བཞིན། །རྒྱུན་མི་གཅོད་པ་དམ་བཅའ་འོ། །འབྲེལ་ཐོགས་ཚེ་འདས་ཐམས་ཅད་ལ། །བསྔོ་སྦྱོང་བྱམས་དང་སྙིང་རྗེ་དང་། །གཟུངས་སྔགས་རྒྱུན་བཟླས་མ་བརྗེད་པས། །དཀོར་སྒྲིབ་བྱང་ངེས་ཐུགས་དམ་ནི། །བྱ་བ་འདི་ཡང་དམ་བཅའ་འོ། །མི་འགྱུར་རྡོ་རྗེས་དབུ་བྱས་པའི། །རང་རྒྱུད་འཛིན་ངེས་སློབ་མ་དང་། །བློ་སེམས་གཏད་པའི་གྲ་རིས་ལ། །སྲུང་འཁོར་བསྲེ་བ་ལ་སོགས་པ། །དམིགས་རིམ་མི་བརྗེད་དམ་བཅའ་འོ། །དེ་ལྟར་དམ་བཅས་བཅུ་དྲུག་ཙམ། །གེགས་མེད་མཐའ་རུ་ཕྱིན་པ་རུ། །རྩ་བར་བརྒྱུད་པའི་བླ་མའི་ཚོགས། །ཐམས་ཅད་ཀུན་གྱིས་བྱིན་གྱིས་


CMR049_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །དེ་ལྟར་ཚེ་དང་སྒྲུབ་པ་གཉིས། །མཐར་ཕྱིན་པ་ཡི་དངོས་གྲུབ་དེ། །ཡི་དམ་ལྷ་ཚོགས་ཀུན་གྱིས་སྩོལ། །དེ་ལྟར་བླ་མེད་བྱང་ཆུབ་ནི། །ཚེ་འདི་ཉིད་ལ་སྒྲུབ་འདོད་པའི། །བར་ཆད་ཆོས་སྐྱོང་ཀུན་གྱིས་སོལ། །དེ་ལ་ཆོས་མཐུན་ལོངས་སྤྱོད་ཀྱི། །འཚོ་བ་ནོར་ལྷ་ཀུན་གྱིས་སྦྱོར། །དེ་ལྟར་ངེས་པ་དམ་པའི་ཆོས། །སྒྲུབ་པའི་མཐུན་རྐྱེན་སྡོང་གྲོགས་ནི། །ཡུལ་ལྷ་བརྟན་མ་དགེ་བསྙེན་ཚོགས། །བཀའ་སྲུང་དམ་ཅན་རྒྱ་མཚོས་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །བསླུ་བ་མེད་པའི་དཀོན་མཆོག་གསུམ། །དཀོན་མཆོག་གསུམ་གྱི་བདེན་པ་ཡིས། །དམ་བཅའ་མཐའ་རུ་ཕྱིན་པར་ཤོག །བླ་མ་ཡི་དམ་མཁའ་འགྲོ་གསུམ། །རྩ་བ་གསུམ་གྱི་ཐུགས་རྗེ་ཡིས། །དམ་བཅའ་མཐའ་རུ་ཕྱིན་པར་ཤོག །མ་མགོན་ལ་སོགས་ཆོས་སྐྱོང་ཚོགས། །ཆོས་སྐྱོང་ཀུན་གྱི་མཐུ་སྟོབས་ཀྱིས། །དམ་བཅའ་མཐའ་རུ་ཕྱིན་པར་ཤོག །ཛཾ་ལྷ་ཡབ་ཡུམ་སྲས་དང་འཁོར། །གཏེར་བདག་རྣམས་ཀྱི་གཟི་བྱིན་གྱིས། །དམ་བཅའ་མཐའ་རུ་ཕྱིན་པར་ཤོག །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བཀའ་དང་དམ་ལ་


CMR049_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་ཡི། །ལྷ་སྲིན་བརྟན་མ་དགེ་བསྙེན་ཚོགས། །བདག་གི་བསམ་པ་མི་བསྒྲུབས་ན། །རང་རང་དམ་ཚིག་མི་འགལ་ལམ། །བདག་ནི་སློབ་དཔོན་པདྨ་ཡི། །རྗེས་འཇུག་བཀའ་བཞིན་བསྒྲུབ་ལགས་སམ། །ཚེ་རིང་མཆེད་ལྔས་བདག་གི་ནི། །བསམ་པ་སྒྲུབ་པར་མི་བྱེད་ན། །རྗེ་བཙུན་ཆེན་པོའི་བཀའ་བཅག་གམ། །བདག་ནི་ལྷན་ཅིག་སྐྱེས་སྦྱོར་ཉིད། །སྙིང་ལ་འཆང་ནས་བཀའ་བརྒྱུད་འཛིན། །ངོམ་རྒྱལ་གཏམ་རྒྱལ་དབྱི་དོ་སོགས། །ཡུལ་ཕྱོགས་འདི་ཡི་ས་བདག་ཚོ། །ངས་ནི་ཁྱེད་ཅག་གནས་པོ་བྱས། །བླ་མེད་བྱང་ཆུབ་བསྒྲུབས་ནས་ཀྱང་། །ཁྱེད་ཅག་བླ་མེད་བྱང་ཆུབ་ཀྱི། །ལམ་ལ་འགོད་པར་འདོད་པས་ན། །འདི་ཡི་སྡོང་གྲོགས་མ་བྱས་ན། །ཨུ་རྒྱན་ཆེན་པོའི་བཀའ་ལས་འདས། །དེ་ཕྱིར་དམ་ཚིག་ས་མ་ཡ། །ཤིང་འབྲུག་རྫོགས་པའི་གནམ་གང་ལ་དགེའོ། །མངྒ་ལཾ།། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡེ། དེ་རིང་ཟླ་བ་ཡར་གྱི་ངོ་། །དུས་ཁྱད་པར་ཅན་གྱི་ཚེས་བརྒྱད་ཉིན། །ཆོས་རླུང་ཁྲིད་ཞག་བདུན་ཚར་བའི་ཉིན། །སེམས་བདེ་ཉམས་ཤར་བས་མགུར་གཅིག་བྱེད། །ལུས་རྒྱལ་བ་རྒྱ་མཚོ་སྤྱན་


CMR049_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས། །སྐུ་མཚན་དང་དཔེ་བྱད་རྒྱན་ཆ་རྫོགས། །ཕྱི་དར་དམར་གུར་ཕུབ་ལྟ་བུ་ལ། །ནང་སྟོང་པ་འོད་ཀྱི་གུར་ཁང་ནང་། །རྩ་དབུ་རྐྱང་རོ་གསུམ་ཀ་བ་བཞིན། །རྩ་འཁོར་ལོ་ལྔ་པོ་ཨེ་བི་དབྱིབས། །ལུས་རྩ་མདུད་དུག་ལྔའི་ས་བོན་ལྔ། །དེ་ཡེ་ཤེས་གཏུམ་མོའི་མེ་ཡིས་བསྲེགས། །ལྷ་ཐུགས་རྗེ་ཆེན་པོ་རིགས་ལྔར་བསྒྱུར། །གནས་རྩ་ཕྲན་རིགས་ལྔའི་ཌཱཀི་གསལ། །གནས་སྤྱི་བོའི་ཧཾ་ལས་བདུད་རྩི་བབ། །ལུས་རྩ་གནས་ལྷ་ཚོགས་འོད་དུ་འབར། །སེམས་བདེ་སྟོང་དབྱེར་མེད་རྟོགས་པ་འཆར། །འོད་འཕྲོས་པས་རྒྱལ་བ་སྲས་བཅས་མཆོད། །དེ་ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར། །རླུང་རྡུབས་པས་འོད་ཞུ་རང་ལ་ཐིམ། །རླུང་སྟེང་འོག་ཁ་སྦྱོར་བུམ་ཆེན་དང་། །སེམས་མ་བཅོས་སྟོང་ཉིད་ངང་ལ་བཞག །དོན་དེ་ལ་རྒྱུན་དུ་ཉམས་བླངས་ན། །ཚེ་གཅིག་ལ་བདེ་སྟོང་དབྱེར་མེད་པ། །དཔལ་རྡོ་རྗེ་འཆང་ཆེན་འགྲུབ་པར་གསུངས། །ཁྱེད་སྙིང་རུས་ལྡན་པའི་མི་ཡོད་ན། །ཆོས་འདི་ལ་སྙིང་རུས་བྱེད་པར་རིགས། །ལུས་རླུང་དང་འཁྲུལ་འཁོར་གཅུན་ནུས་ན། །ལུས་སྦྱོང་གི་འཁྲུལ་འཁོར་ཚར་རེ་


CMR049_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །དུས་བསྐལ་པ་གྲངས་མེད་སྒྲིབ་པ་དག །ལུས་རྩ་གནས་ལྷ་ཚོགས་བསྒོམ་ནུས་ན། །ཟས་ཟོས་ཚད་ཚོགས་ཀྱི་འཁོར་ལོ་ཡིན། །རླུང་སྲོག་རྩོལ་རྒྱུན་དུ་བསྒོམ་ནུས་ན། །དབུགས་དབྱུང་རྔུབས་སྔགས་དང་བསྙེན་པ་ཡིན། །སེམས་མ་ཡེངས་དྲན་རྫི་བསྐྱང་ནུས་ན། །སེམས་གང་ཤར་ཡེ་ཤེས་ཟང་ཐལ་ཡིན། །ཁྱེད་འདིར་ཚོགས་ཐུགས་ལ་དེ་ལྟར་ཞོག །ཅེས་སོ།། ༈ །།མཆོག་གི་སྤྲུལ་པའི་སྐུ་ལྷོ་པ་རིན་པོ་ཆེ་ཡི་དྲུང་ནས་དབང་རྡོ་རྗེ་ཕྲེང་བ་ཞུས་པའི་རྟགས་ཡིག་ཡོད། ན་མོ་གུ་རུ་བཛྲ་དྷ་ར་ཡེ། རབ་འབྱམས་དཀྱིལ་འཁོར་ཀུན་གྱི་བདག །བླ་མ་རྡོ་རྗེ་འཆང་ལ་འདུད། །དགེ་སློང་རཱ་ག་ཨ་སྱ་བདག །རྒྱུད་འབུམ་གླེགས་བམ་ལན་འགའ་བལྟས། །གོ་བའི་སྐྱ་རིས་ཐེབ་ལགས་ཀྱང་། །དབང་བསྐུར་ལེགས་པར་མ་ཐོབ་ན། །རྒྱུད་དོན་ལེགས་པར་ཤེས་ན་ཡང་། །གཞན་ལ་བཤད་པ་ལྟ་ཅི་སྨོས། །རང་གིས་ཉམས་སུ་བླང་མི་རུང་། །གལ་ཏེ་དད་དང་འདོད་པ་ཡི། །ཉམས་སུ་རྩེ་གཅིག་བླངས་གྱུར་པས། །ཐུན་མོང་དངོས་གྲུབ་ཅུང་ཞིག་དེར། །ཐོབ་ཀྱང་ངན་སོང་ལྟུང་བར་གསུངས། །དེ་ཕྱིར་རྒྱུད་སྡེ་རབ་འབྱམས་


CMR049_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། །རྡོ་རྗེ་ཕྲེང་བ་ཞེས་བྱའི་དབང་། །ཞུ་འདོད་སྐོམ་པ་ཆུ་ལྟར་གདུངས། །མཁས་པར་གྲགས་པ་འགའ་ཞིག་ལ། །ཞུ་བར་བརྩམས་ཀྱང་བསྐུར་མ་སྤོབས། །དབང་ལུང་ཐོབ་པའི་མཆེད་གྲོགས་འགར། །ཞུ་བར་སེམས་ཀྱང་སྤོབས་པ་ཟད། །ཀྱེ་མ་བདག་འདྲ་སྐལ་བ་དམན། །སྙམ་ནས་ཡི་མུག་ག་ཆད་གྱུར། །འོན་ཀྱང་གསང་སྔགས་སྣོད་གྱུར་པའི། །གང་ཟག་གང་དུ་ཡོད་པ་དེར། །རྡོ་རྗེ་འཆང་ཆེན་སློབ་དཔོན་གྱི། །ཚུལ་བཟུང་སྐལ་བར་འཚམས་པ་ཡི། །སྐུ་རུ་སྤྲུལ་ནས་དེ་ནང་དུ། །སངས་རྒྱས་ཐུགས་རྗེ་དུས་མི་གཡེལ། །གསུངས་པའི་ལུང་དང་རྗེས་མཐུན་པར། །མཁས་གྲུབ་ཡོངས་གྲགས་སྤྲུལ་པའི་སྐུ། །བཀའ་གཏེར་གསང་སྔགས་མཛོད་འཆང་བ། །ཀུན་མཁྱེན་ལྷོ་པ་རིན་པོ་ཆེ། །དབུས་ནས་ཕེབས་པ་ཞལ་མཇལ་ཚེ། །གསུང་གླེང་འཕྲོ་འགའ་བྱུང་བའི་ཞོར། །ཞབས་དྲུང་ཆོས་ཀྱི་གྲགས་པའི་བཀའ། །དམ་པ་མགར་གྱི་སྤྲུལ་སྐུ་ལ། །རྡོ་རྗེ་ཕྲེང་བ་གནང་དགོས་པས། །དེ་ཞོར་མཚམས་ཁུང་རེད་ན་ཡང་། །ཁྱོད་ལ་གནང་གསུངས་ཞལ་བཞེས་བྱུང་། །དེ་ནས་ལོ་གསུམ་གླང་གི་ལོ། །སྦོ་ཡི་ཟླ་


CMR049_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ནང་ཙམ་དུ། །དུས་ཆད་ཡོད་ཀྱང་ངག་མ་བྱུང་། །ད་ནི་ཆ་ངག་མི་འོང་ངམ། །བར་ཆད་དབང་དུ་ལུས་དོགས་ཚེ། །ཉམས་དང་རྨི་ལམ་འདྲེས་པའི་སྐབས། །ལྷ་དེ་གཡར་ཕྱིར་བཏང་འོང་ཞེས། །ཟེར་བའི་སྒྲ་ཞིག་ལྷང་གིས་གྲག །རྙིང་མའི་དབང་ལུང་འགའ་ཞིག་སོགས། །གསན་བཞེད་གནད་ཀྱིས་འོང་བར་གོ །རིང་པོར་མ་ཐོགས་བཀའ་ཤོག་ཕེབས། །དགའ་ཞིང་གུས་པས་མཇལ་དུ་སོང་། །ཁ་བ་ལྷགས་པ་ངལ་དུབ་སོགས། །དཀའ་ཚེགས་བག་ཙམ་བྱུང་བའི་དུས། །སྒྲིབ་པ་དག་པའི་དགའ་བ་སྐྱེས། །སྦོ་ཟླ་དམར་པོའི་ཚེས་བཅུ་ལ། །མཚམས་ཁུང་ཉིད་དུ་ཞལ་མཇལ་ཞིང་། །མཎྜལ་ཕྱག་རྟེན་ཕུལ་ནས་ཀྱང་། །ལུགས་གཉིས་གསུང་གླེང་མང་པོ་དང་། །ཐུགས་སྒྲུབ་ཡང་སྙིང་འདུས་པ་ཡི། །པོད་ལུང་ཡོངས་རྫོགས་ཕུལ་བའི་སྐབས། །རྨི་ལམ་ཨོ་རྒྱན་རིན་པོ་ཆེ། །སྐུ་ནི་གསལ་པོར་མ་མཐོང་ཡང་། །གསུང་གླེང་མང་དུ་བྱུང་བ་ལ། །ལྷོ་པ་སྤྲུལ་པའི་སྐུ་ཉིད་ནི། །རྗེ་འབངས་སོག་པོ་ལྷ་དཔལ་གྱི། །སྐྱེ་མཐའ་ཡིན་པར་ལུང་བསྟན་དང་། །འབྲི་ཁུང་ཞབས་དྲུང་གསུམ་མཐུན་ཅིང་། །ཨོ་རྒྱན་རྗེ་དང་སོག་པོ་དཔལ། །


CMR049_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་འཁོར་ཐ་མི་དད་པའི་ཕྱིར། །དོན་ལ་བླ་མ་དམ་པ་འདི། །ཨོ་རྒྱན་དངོས་སུ་འདུག་སྙམ་པའི། །གོ་བ་མོས་གུས་ངེས་ཤེས་ཐོབ། །ཆོས་ཀྱི་བགྲོ་གླེང་འདྲ་བ་འགའ། །བྱུང་ནུབ་ཉམས་ཀྱི་སྣང་བ་ལ། །གསང་སྔགས་ལུགས་ལ་བླ་མ་ཡི། །ཅི་གསུངས་ཚད་མར་འཛིན་དགོས་པ། །བགྲོ་གླེང་བྱས་ན་བླ་མ་ཡི། །ཅི་གསུངས་དེ་འཆ་ལ་ཐལ་རྒྱག་དགོས། །དཀྱིལ་འཁོར་དུ་མའི་དབང་ཞུ་དུས། །སློབ་དཔོན་གསུང་ལ་ཐལ་རྒྱག་པ། །རྟེན་འབྲེལ་ལེགས་པོ་མིན་པར་གོ །བདག་ནི་དབང་ལུང་ཞུ་ཕྱིར་འོང་། །བགྲོ་གླེང་བྱེད་དུ་འོང་བ་མིན། །ད་ནི་ཅི་ལྟར་གསུངས་པ་ལ། །ཉམས་མཚར་བགྲོ་གླེང་མི་བྱེད་ཞུས། །ཅི་ཡིན་གསུངས་པས་རྟགས་བྱུང་ཞུས། །ཁྱེད་ལ་འཕྲལ་དུ་རྟགས་གསལ་བ། །བསྙེན་པ་མང་བའི་དོན་ཡིན་གསུངས། །ད་ནི་རྡོར་ཕྲེང་བཙུགས་པ་ནས། །ང་ཡི་ཐུགས་དམ་འགའ་ཆག་ཆེ། །དཔོན་སློབ་བསྲུང་བྱ་འགའ་སྣང་བར། །སྲུང་འཁོར་དམིགས་འདུན་མཛོད་ཅིག་གསུངས། །ཚེས་གཅིག་ནས་བཟུང་དབུ་བཙུགས་ཏེ། །རྡོ་རྗེ་ཕྲེང་བའི་ལུང་རྣམས་དང་། །སྟ་གོན་ནས་བཟུང་རིམ་པར་གནང་། །དེ་


CMR049_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཎྜལ་དང་བཅས་ཏེ། །ཞུས་པས་རྔོག་དཀྱིལ་བདུན་པོ་གནང་། །གཤེད་དམར་དང་བཅས་དཀྱིལ་འཁོར་གྱི། །དབང་བསྐུར་ལྔ་བཅུ་ང་གསུམ་ཙམ། །ཐོབ་པས་སེམས་དགའ་བག་དྲོ་ཞིང་། །སྟན་ཐོག་གཅིག་ཏུ་དཀྱིལ་འཁོར་དབང་། །འདི་ལས་མང་བ་ཞུ་མ་མྱོང་། །ཆོས་ཀྱི་སྙིང་པོ་གསང་སྔགས་ཏེ། །གསང་སྔགས་རྩ་བ་དབང་ཡིན་ཅིང་། །དབང་པོ་རབ་ཀྱི་གང་ཟག་ནི། །དབང་བསྐུར་ཁོ་ནས་གྲོལ་བར་གསུངས། །གྲོལ་བའི་སྐལ་པ་མི་ལྡན་ཡང་། །སྒྲིབ་པ་དཔག་མེད་དག་པ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །ས་བོན་རྒྱུད་ལ་ངེས་པར་ཐེབས། །ཨེ་མ་ང་རེ་སྐལ་པ་བཟང་། །ཁྱད་པར་ད་རེས་ཉ་མཚམས་ལ། །ཉི་ཟླ་གཟས་འཛིན་གཉིས་དང་འགྲིག །ཐོབ་པའི་ཡི་དམ་དེ་་རྣམས་ཀྱི། །བསྐྱེད་རིམ་སྐད་ཅིག་དྲན་རྫོགས་བསྒོམས། །བཟླས་པ་ཕྲེང་སྐོར་རེ་རེ་བྱས། །ཟླ་བ་བྱེ་བ་བརྒྱ་འགྱུར་ཏེ། །ཉི་མ་བྱེ་བ་འབུམ་འགྱུར་དུ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར། །ཡི་དམ་དཀྱིལ་འཁོར་དེ་རྣམས་ཀྱི། །བསྙེན་པ་དུང་ཕྱུར་སྟོང་རེ་ལྷག །འཕྲལ་དུ་ཐེམས་པས་བསོད་ནམས་ཆེ། །དཀྱིལ་འཁོར་རེ་རེ་ཐོབ་མ་ཐག །


CMR049_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་གསལ་བའི་ངང་དེ་ལ། །བསྙེན་པ་ཕྲེང་སྐོར་དུ་ཐོན་བགྱིས། །ཁྱེད་ཀྱིས་བསྙེན་སྒྲུབ་བྱེད་ལུགས་འདི། །ལྟོགས་པ་ཟས་དང་འཕྲད་པ་འདྲ། །གསུངས་ཤིང་མཉེས་པའི་རྣམ་འགྱུར་མཛད། །དེ་ལྟར་དཀྱིལ་འཁོར་དབང་རྫོགས་ནུབ། །རྟགས་ཤིག་འོང་ངམ་སེམས་ཤིང་ཉལ། །དང་པོ་ལུང་བསྟན་དཔེ་ཆ་གཅིག །ལག་ཏུ་བྱུང་བར་དེ་གདའ་སྙམ། །དེ་ནས་དཔེ་ཆ་མ་ཡིན་པར། །རང་གིས་དྲན་ཅིང་ཤེས་སྙམ་བྱེད། །བཅོམ་ལྡན་ཤཱཀྱ་ཐུབ་པའི་ཡབ། །རྒྱལ་པོ་ཟས་གཙང་སྤྲུལ་པ་ནི། །བོད་རྗེ་ལྷ་སྲས་སད་ན་ལེགས། །དེ་ཉིད་དངོས་ཀྱི་སྐྱེ་མཐའ་ནི། །འབྲི་ཁུང་སྐྱུ་རའི་རིགས་འཁྲུངས་པ། །གཏེར་སྟོན་རིན་ཆེན་ཕུན་ཚོགས་ཏེ། །དེ་ཡི་སྤྲུལ་པའི་ཆ་ཤས་གཅིག །ཁོ་བོ་ཡིན་པ་དྲན་སྙམ་བྱེད། །དཀྱིལ་འཁོར་མང་པོའི་དབང་རྫོགས་པའི། །བྱིན་རླབས་ཡིན་པར་ངེས་ཤེས་སྐྱེས། །གཞན་ཡང་གསང་བ་སྙིང་བྱང་གི །དབང་ལུང་གནང་ནུབ་བསྙེན་པ་བྱས། །ཤར་ལྷོ་མཚམས་ཀྱི་ནམ་མཁའ་ལ། །ཉི་མའི་དཀྱིལ་འཁོར་གསལ་པོ་གཅིག །ཤར་ནས་བྱུང་བའི་རྨི་ལྟས་བྱུང་། །ཡང་ཟབ་ཆོས་དེ་ཟབ་པར་གོ །ཀརྨ་


CMR049_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་སྐུ་སྐྱེ་དང་། །ཁྲ་ལེབ་དབོན་པོ་སྐུ་སྐྱེ་དང་། །ཤོར་ཕུ་བ་ཡི་དབོན་པོ་དང་། །འཇང་གྲ་བ་ཡི་གྲ་རིས་དང་། །ཚ་བཤིའི་དབོན་པོ་སྐུ་སྐྱེ་སོགས། །དགེ་ཚུལ་བཅུ་བདུན་ཙམ་ཞིག་དང་། །དགེ་སློང་བཅུ་གཉིས་ཙམ་བསྒྲུབ་པའི། །མཁན་པོ་ལྷོ་པ་རིན་པོ་ཆེ། །སློབ་དཔོན་བདག་གིས་བྱས་ཏེ་བསྒྲུབ། །དེ་ཞོར་ཁྲ་ལེབ་སྐུ་སྐྱེ་གཉིས། །ཤོར་ཕུ་དང་ནི་ཚ་བཤི་ཡི། །བླ་མ་དབོན་པོ་སྐུ་སྐྱེ་དང་། །བསོད་ནམས་རྒྱ་མཚོའི་རྟོགས་ལྡན་གཉིས། །ཅོག་གྲྭའི་དགེ་སློང་ལ་སོགས་པ། །ཕག་མོ་བེར་དང་ཚེ་རིང་མ། །ལྷ་མོ་སྔགས་བདག་སྲིན་མགོན་དང་། །ཞིང་སྐྱོང་ལ་སོགས་ཀར་ལུགས་དང་། །གནམ་ཆོས་ཚེ་དཔག་དྲག་པོ་དང་། །གཏེར་སར་གྲོ་ལོད་ལ་སོགས་པ། །དབང་ལུང་འགྲོ་དོན་བག་ཙམ་འགྲུབ། །ཞི་དྲག་མཁའ་འགྲོའི་སྙིང་ཐིག་དང་། །བེར་ཆེན་འཁོར་ལྔ་ཚེ་དཔག་སོགས། །པོ་ཏི་བཞི་ལྔ་ཙམ་ཞིག་གིས། །དབང་ལུང་མཎྜལ་ཚུལ་དུ་ཕུལ། །བསམ་ཡས་ཆོས་སྐྱོང་གིས་བསྐུར་བའི། །རལ་གྲི་མདུང་དང་མདུང་དམར་དང་། །སྐུ་རྟེན་ཞབས་དྲུང་ཕྱག་བྲིས་སོགས། །གཟིམས་ཁང་ནང་དེར་འདུག་པའི་དྲུང་། །དྲག་པོ་


CMR049_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཀ་གོང་འོག་གི །པོད་ལུང་ཕུལ་ཚེ་རྒྱལ་པོ་ལ། །གཟིར་བའི་དྲག་སྔགས་བཏོན་པའི་ནུབ། །དྲག་པོ་སྔགས་རྒོད་དེ་ཚོ་ཡིས། །ཆོས་སྐྱོང་ཆེན་པོའི་ཐུགས་ལ་ནི། །ཕོག་ཐུག་ཅུང་ཟད་བྱུང་ཟེར་བའི། །སྒྲ་ཞིག་གྲགས་ནས་དྲེའུ་གཅིག་ཤི། །རང་ཡང་སོ་ན་ལུས་མ་བདེ། །གཞན་གྱི་ཞོར་ལ་ཐོབ་པ་ནི། །ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དང་། །བཀའ་བརྒྱད་དྲིལ་དབང་གཉིས་པོ་དང་། །ཐུགས་རྗེ་ཆེན་པོའི་དབང་རྒྱས་པ། །ཡང་ཟབ་གཏོར་དབང་ལུང་འགའ་ཞིག །པདྨ་འོད་འབར་གུ་དྲག་དང་། །ཚེ་དབང་དང་བཅས་པོད་དབང་དང་། །ཕག་མོ་ཞལ་གཉིས་ཕྱག་བཞི་པ། །རིགས་ལྔ་དགོངས་འདུས་འཁྲུལ་འཁོར་དང་། །གསང་ཁྲིད་འཁོར་ལོ་ལྔ་པའི་ཁྲིད། །ངོམས་མེད་ཆོས་ཀྱི་རྒྱ་མཚོ་ཐོབ། །བྱིན་རླབས་རྟེན་དང་ཟང་ཟིང་སོགས། །གནང་སྦྱིན་གདན་མཐོ་བཀུར་སྟི་གནང་། །མཆེད་གྲོགས་རྡོ་རྗེ་སྤུན་གྱུར་པ། །དམ་པ་མགར་དང་ཚ་བཤི་བ། །འབྲུག་ཆེན་བསོད་ནམས་དགེ་བ་སོགས། །གནང་སྦྱིན་གདན་མཐོ་བཀུར་སྟི་མཛད། །ཕྱིར་ལ་དབང་ལུང་རྫོགས་ཚར་ནས། །ཡར་ལ་འབུལ་ཞིང་ཡོད་པའི་


CMR049_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ཀཾ་ཚང་ཕྱག་ཆེན་ལམ་རིམ་དང་། །ཞིབ་རྒྱས་གང་ཡོད་འབུལ་བསམ་ཚེ། །ཡུལ་ལྷ་ངོམ་རྒྱལ་མཚོ་བཀྲ་ནི། །བན་སྐྱ་འདྲ་བའི་སྐྱ་མི་ལྔ། །རྨི་ལམ་ཡུལ་དུ་ཡད་ཡུད་མཐོང་། །མྱུར་དུ་ཕ་ཡུལ་འགྲོ་དགོས་པའི། །རྟགས་ཤིག་བྱུང་སྨྲས་ཅི་མགྱོགས་བྱས། །འོན་ཀྱང་མ་ནིང་ལ་སོགས་དང་། །ཀཾ་ཚང་ལུང་རྣམས་རྫོགས་མ་ཐུབ། །ད་རུང་མཇལ་བའི་རྟེན་འབྲེལ་ཞུས། །དེ་སྐོར་གལ་ཆེན་བརྟག་པ་ནི། །ཞུ་མཁན་གསུམ་ཙམ་བྱུང་བ་ལ། །རྨི་ལྟས་གསལ་ཕྱིར་ཕྱོགས་ཙམ་སྨྲས། །དེ་ལ་གང་ཕན་རིམ་གྲོ་བཀྲལ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི། །ཀུན་དགའ་ར་བ་དང་མཚུངས་པའི། །སྡོང་གི་གནས་པོས་གཙུག་ལག་ཏུ། །སྤྱན་དྲངས་ཡར་ལམ་མར་ལམ་ལ། །བཀུར་སྟི་གུས་ཞབས་ཚད་མེད་བྱས། །རྒྱལ་བ་ཐམས་ཅད་མཁྱེན་པ་ཡིས། །གནས་དེར་སྦྱིན་སྲེག་མཛད་པ་ཡི། །སྤྱན་ལྟོས་ལྟར་དུ་སྦྱིན་སྲེག་དང་། །དབང་གི་འབྲེལ་པ་འགའ་རེ་བྱས། །དེ་ནས་རང་གནས་སླེབས་པ་ཡི། །བན་ཁྲལ་སོགས་ཀྱི་གཏམ་ཉོག་དང་། །མི་བདེ་འགའ་རེ་བྱུང་གདའ་བས། །ངོམ་རྒྱལ་འོང་བ་དེ་རུ་གོ །གྲྭ་པ་གཞི་བ་ཐམས་


CMR049_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ། །ཌཀི་དང་ནི་བཀའ་སྲུང་མའི། །དབང་བསྐུར་དགོངས་འདུས་འཁྲུལ་འཁོར་གྱི། །ལུང་བྱས་འཁྲུལ་འཁོར་སྦྱོང་བཅུག་གོ །མངྒ་ལཾ། །ན་མོ་ལོ་ཀེ་ཤྭ་ར་ཡེ། ཡོས་ལོ་སྨིན་དྲུག་བཅོ་ལྔ་ལ། །བདུད་འདུལ་རྡོ་རྗེའི་བཀའ་ལུང་དང་། །གོང་ནས་དཔོན་པོའི་བཀའ་ཡིས་བསྐུལ། །དབང་ལུང་ཟབ་ཁྲིད་སྤེལ་བའི་ཕྱིར། །སྨར་ཁམས་ཀེ་རུའི་སྒང་དུ་ཆས། །མཚོ་དཀར་གནས་ལག་ལྷ་སྟེང་ཁོག །དམ་ཅན་འགགས་སུ་གསོལ་ཁ་བཏང་། །མགར་བ་དམར་ནག་གཉིས་ཀའི་སྐུ། །ཁྲག་ལ་གསལ་བར་འདུག་པ་མཇལ། །གྱིང་ཐང་ཞེས་བྱར་ཞག་པའི་ནུབ། །རྨི་ལམ་ཁྲོམ་ཚོགས་འགའ་བྱུང་བར། །ཆོས་འབྲེལ་དབང་འབྲེལ་བྱེད་སྙམ་ཛ། །ངེད་ཆ་རྣམས་བླ་མ་མང་པོ་ལ། །དབང་འབྲེལ་མང་པོ་ཐོབ་ཟེར་ནས། །བདག་ལ་མ་ཞུས་བྱེར་སོང་བ། །དཔོན་དེ་མཛེ་ཡིས་ཟིན་ནས་སྣང་། །བདག་ལ་ཧ་ཅང་མི་གུས་ཤིང་། །ཡུལ་དེའི་ཀླུ་ལ་ནད་བྱུང་བས། །ཆར་དཀོན་ཡུལ་རྒུད་དེས་ལེན་སྙམ། །དེ་ནས་མི་འགྱུར་རྡོ་རྗེ་ཡིས། །གནས་སྒོ་གསར་དུ་ཕྱེས་པ་ཡི། །དཀར་ཡུ་སེ་ཡུའི་དྲུང་ནས་གཤར། །


CMR049_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཡིག་ལ་སོགས་མ་མཐོང་ཡང་། །མ་གཅིག་ལབ་སྒྲོན་གྱིས་གསུངས་པའི། །གཅོད་ཀྱི་ས་དཔྱད་གཞུང་ལྟར་ན། །སྒྲོལ་མ་དཀར་སྔོན་གནས་སུ་སེམས། །ཕྱག་བརྒྱ་མཎྜལ་བརྒྱ་རྩ་ཕུལ། །ཕ་བོང་གཅིག་ལ་ཞབས་རྗེས་མང་། །སྲིན་པོའི་ཀླད་པས་བྲིས་པ་ཡི། །ཡིག་དྲུག་མཇལ་བས་ཡིད་ཆེས་སྐྱེས། །དེ་ཚེ་ནམ་མཁའ་དྭངས་སྐབས་ལ། །གློ་བུར་སྤྲིན་དཀར་འཇའ་དཀར་གྱིས། །ཨུཏྤལ་ཤིང་ལོ་སྣ་ཚོགས་གཟུགས། །ནམ་མཁའ་གང་བར་བྲིས་པ་འདྲ། །ལྷགས་སྣ་ས་ཆུ་བསྡམ་སྐབས་དེར། །ཆུ་སྣ་སྒྲ་བཅས་དཔྱིད་དུས་བཞིན། །མདུན་ནས་བསུ་ལྟར་ལན་གཉིས་བྱུང་། །གནས་པར་བྱིན་རླབས་མ་ཉམས་ཤིང་། །དམ་ཚིག་གཙང་བའི་རྟགས་སུ་གོ །འཇམ་དཔལ་རྩ་བའི་རྒྱུད་ཆེན་ལས། །འཕགས་མ་སྒྲོལ་མའི་སྤྲུལ་པ་ནི། །འཛམ་གླིང་ཆུ་བཞིའི་རྒྱུད་ཁྱབ་པར། །འགྱེད་པར་གསུངས་པ་དེ་དང་ནི། །བཅོམ་ལྡན་ཤཱཀ་ཐུབ་ཉིད་ཀྱི་གསུངས་ལས་ཀྱང་།་གླིང་དང་ནགས་ཚལ་སྟུག་པོའི་རི་ཁྲོད་དང་། །ཕུག་དང་ཆུ་ཀླུང་རི་བོའི་རྩེ་རྣམས་སུ། །དུས་རྣམས་རྟག་ཏུ་བཞུགས་པར་གྱུར་པ་ཡི། །བཅོམ་ལྡན་སྒྲོལ་མ་ཁྱེད་ལ་ཕྱག་འཚལ་


CMR049_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །ཅེས་གསུངས་ལྟར་དུ་སེ་ཡུ་དཀར་ཡུ་ཡི། །གནས་དེའི་རི་རྩེ་བྲག་ཕུག་ནགས་ཚལ་དང་། །སྒྲོལ་མ་དཀར་སྔོན་སྤྲུལ་པ་ངེས་བཞུགས་ཀྱང་། །ཡི་དྭགས་རྣམས་ཀྱིས་ཟས་ལ་དགྲ་མཐོང་ལྟར། །གནས་བཟང་མཇལ་ཞིང་བསྐོར་མཁན་ཉུང་འདུག་པ། །བསོད་ནམས་ཆུང་ཞིང་ཐོས་རྒྱ་ཆུང་བས་ལེན། །འོན་ཀྱང་རིམ་གྱིས་འགྲོ་དོན་འབྱུང་ངམ་སེམས། །པོ་ཊ་ལ་དང་དབྱེར་མེད་དོན་གཅིག་པ། །དཀར་ཡུ་སེ་ཡུ་ཞེས་བྱའི་གནས་མཆོག་ན། །སྒྲོལ་མ་དཀར་ལྗང་གཉིས་ལ་གསོལ་བ་འདེབས། །མི་འགྱུར་རྡོ་རྗེའི་སྐུ་ཚེ་འཕེལ་བ་དང་། །བདག་ཅག་འཇིགས་པ་བརྒྱད་ལས་སྒྲོལ་མཛད་གསོལ། །དེ་ནས་དམ་ཚིག་གཅིག་པའི་རྡོ་རྗེ་སྤྱན། །སྡེ་སྣོད་འཛིན་པ་ཡོངས་རྫོགས་དགེ་བའི་བཤེས། །རྙི་བ་རབ་འབྱམས་སྐུ་མཆེད་གཉིས་དང་མཇལ། །གནམ་ཆོས་དབང་ལུང་གསན་ཞིང་དག་སྣང་འཕེལ། །རྨི་ལམ་བུད་མེད་མཛེས་མས་དགའ་ཚུལ་དང་། །ཁྲོམ་འདུས་དབང་ཆོས་ཞུ་ཞིང་ཀུན་འདུད་སྣང་། །ལུང་པ་དེ་ཡི་གཞི་བདག་ཡིན་ནམ་སེམས། །དེ་ནས་མཛོ་རྫི་མདའ་རུ་ཞག་པའི་ནུབ། །རྒྱལ་འགོང་ཆོ་འཕྲུལ་གནོད་འཚེ་བྱེད་


CMR049_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟགས། །བླ་ཆེན་པཎ་ཞྭ་གྱོན་པ་གཅིག་གིས་ནི། །ང་ཡི་ཞྭ་ལ་ངན་སྐྱུགས་བྱུགས་པ་རྨིས། །ཕྱིར་ནང་ས་ཁུད་དྲོ་སར་སྒར་བརྒྱབ་ཀྱང་། །རླུང་འཚུབ་ཆེན་པོས་གནོད་པ་ཆེར་བྱུང་ཞིང་། །རང་གི་སློབ་བུ་གཅིག་གི་རྐང་པ་ཆག །ཧཱུྃ་ཧཱུྃ་ཧཱུྃ། རྣལ་འབྱོར་བདག་ལ་དམ་སྲིའི་དགྲ་བྱུང་ན། སྐྱབས་ཀྱི་དམ་པ་རྡོ་རྗེ་གྲོ་ལོད་འབོད། །ཡེ་ཤེས་སྤྱན་དང་མངོན་ཤེས་དྲུག་ཅུ་ཡིས། །སྣང་སྲིད་འཁོར་འདས་ཐམས་ཅད་ས་ལེར་གཟིགས། །རྡོ་རྗེའི་སྙན་མངའ་ནམ་མཁའི་མཐར་ཐུག་གི །སྒྲ་རྣམས་ཀུན་གྱི་རྗེས་འགྲོ་སོ་སོར་གསོན། །མཐུ་སྟོབས་ཐོགས་མེད་དྲེགས་པ་ཀུན་འདུལ་བ། །གནོད་བྱེད་དམ་སྲི་འདི་ལ་བཀའ་ཆད་ཕོབ། །མ་འོངས་པདྨ་འབྱུང་གནས་མཚན་འཛིན་པ། །སྤྱི་བོས་བླངས་ནས་ཕྲིན་ལས་བསྒྲུབ་བོ་ཞེས། །སྔོན་གྱི་དམ་ཚིག་དེ་ལས་འདས་གྱུར་ནས། །རྣལ་འབྱོར་ང་ལ་ཐོ་འཚམ་བྱེད་པ་ཡི། །བགེགས་དང་འབྱུང་པོ་དམ་སྲི་གང་ཡིན་པ། །ཡཀཱ་ཁྲོ་བོས་མགོ་དང་ཡན་ལག་ཆོད། །གནམ་ལྕགས་སྡིག་པས་དེ་ཡི་སྙིང་ཁྲག་འཇིབས། །སྔོན་གྱི་དམོད་པ་རང་རང་ཉིད་ལ་སྡིགས། །རྡོ་རྗེ་ཁྲོ་ལོད་བཀའ་ལ་བདེན་ཡོད་ན། །ང་ལ་ཐོ་འཚམ་བྱེད་


CMR049_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམ་སྲི་རྣམས། །མཐུ་སྟོབས་ནུས་པས་རྡུལ་དུ་བརླག་གྱུར་ཅིག །ནམ་ཞིག་བདག་གིས་བླ་མེད་འབྲས་ཐོབ་ཚེ། །དམ་སྲི་ཁྱོད་ཀྱང་བདག་གིས་རྗེས་བཟུང་ནས། །བླ་མེད་བྱང་ཆུབ་མཆོག་ལ་འགོད་པར་ཤོག །ཅེས་སོ། །དེ་ནས་སྒ་ཉག་ཅེས་བྱར་ཚེར་ལུང་པས། །བྱིན་གྱིས་སརླབས་པའི་གནས་སུ་ཞི་ཁྲོ་ཡི། །དབང་ཁྲིད་སྦྲེལ་མ་རྫོགས་ཆེན་ཉུང་ཁྲིད་བཙུགས། །ལྷ་ཐོག་དགྲ་བླ་ཡེ་བརྫུ་ཞེས་བྱ་དེ། །ནམ་མཁར་གནས་ཚེ་ཡེ་བརྫུ་ཞེས་བྱ་སྟེ། །རི་ལ་གནས་ཚེ་རྡོ་རྗེ་གུར་མགོན་ཡིན། །ས་འོག་གནས་ཚེ་མི་མགོན་དཀར་པོ་ཡིན། །ཟེར་བའི་སྒྲ་ཞིག་ཉམས་རྨི་མཚམས་སུ་ཐོས། །དཔོན་གྱིས་བསྐུལ་ནས་དེ་ཡི་གསོལ་ཁ་བརྩམས། །གཡག་ནག་མང་པོ་རང་གི་དྲུང་འདུག་དང་། །མི་དཀར་དིལ་མགོ་ཙམ་པ་ཆས་བཟང་ལ། །ཕྲུག་དཀར་དར་གོས་སྔོན་པོའི་གོང་ལག་ཅན། །མགོ་ལ་ཞྭ་ཐེབ་དཀར་པོ་གུར་ཙམ་གྱོན། །རྟ་བཟང་སྨུག་པོ་ཞོན་པའི་བརྗིད་བག་ཅན། །ཉམས་དང་རྨི་ལམ་འདྲེས་པའི་མཚམས་སུ་མཐོང་། །ཡེ་བརྫུའི་ཀ་བསྟོད་ལ་སོགས་འགའ་རེ་བྲིས། །གནམ་ཆོས་འདོན་འགྲིགས་མི་མགོན་དཀར་པོ་ཡི། །


CMR049_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ཆོག་ཀ་བསྟོད་བྲིས་ནས་གཏོར་མ་ཕུལ། །ཉམས་དང་རྨི་ལམ་འདྲེས་པའི་སྐབས་འགའ་ལ། །ས་གཞི་ཐམས་ཅད་རྒྱ་མཚོར་གྱུར་པ་མཐོང་། །སྡེ་ཡང་རྒྱུས་མེད་ཁྲོམ་ཡང་ཉུང་བའི་སྐབས། །ཁྲོམ་ཚོགས་ཨ་ཐོ་བ་ཅིག་འདུས་པ་ཡི། །བདག་གི་གདན་གྱི་ཐོག་དེར་རྡོ་དྲིལ་དང་། །དབང་ཆས་བཞག་པ་ཁྲོམ་པའི་སྤྱི་བོའི་ཐད། །བྱ་ལྟར་ལྡིང་ནས་མགོ་ཐོག་འདྲིལ་བ་རྨིས། །ཡུལ་དེའི་ལྷ་འདྲེ་ཅུང་ཞིག་དད་འདུག་པས། །མི་རྣམས་དད་ཅིང་འགྲོ་དོན་འབྱུང་ངམ་སྙམ། །དེ་ནས་བཟུང་སྟེ་ཁྲོམ་ཡང་ཡོད་ཚད་ཚོགས། །ཉམས་དང་རྨི་ལམ་འདྲེས་པའི་སྐབས་ཤེད་ན། །གུ་རུའི་མཚན་ཅན་སྡེ་དཔོན་དེ་ཉིད་ནི། །སྤྲུལ་པའི་ཆོས་རྒྱལ་ཡིན་ཞེས་ལུང་བསྟན་བྱུང་། །དེ་ཕྱིར་བརྟན་བཞུགས་ཚེ་དབང་ལ་སོགས་ཕུལ། །མཆེད་གྲོགས་ཡིན་ལྟར་ཕན་ཚུན་དག་སྣང་འཕེལ། །སྐུ་རིམ་དགོས་ཚུལ་ཞིབ་པར་དཔོན་ལ་ཞུས། །འདི་སྐབས་དཀོན་མཆོག་ཡན་ལག་གིས་མཛད་པའི། །གླེགས་བམ་གཅིག་ནི་མཇལ་རྒྱུ་བྱུང་བ་དེས། །དངོས་སུ་མཇལ་ལྟར་སྒྲོ་འདོགས་མང་དུ་ཆོད། །དེ་སར་གོ་ནས་དོན་ཆེན་འགྲུབ་སྙམ་དགའ། །དར་གྱི་ན་བཟའ་མཎྜལ་བརྒྱ་རྩ་


CMR049_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། །ཁྲིད་ཕྲུག་ལྷ་ཞལ་མཐོང་བ་གསུམ་བཞི་དང་། །བར་ཆད་མེད་ཅིང་བདུན་གསུམ་ཆོས་མཐར་ཕྱིན།། ༈ །།ན་མོ་གུ་རུ། རྡོ་རྗེའི་སྙན་དང་ཡེ་ཤེས་སྤྱན། །སེམས་ཅན་ཁམས་ལ་ལན་དྲུག་ཏུ། །གཟིགས་མཛད་སངས་རྒྱས་ཚེ་དཔག་མེད། །ཁྱེད་ལ་བདག་གིས་འདོད་དོན་ཞུ། །ཚེ་རབས་འཁོར་བ་ཐོག་མེད་ནས། །མི་ལུས་ལ་ནི་ཚེ་བསོད་ནམས། །བསགས་པའི་ལས་འབྲས་གང་མཆིས་པ། །ད་རེས་ལུས་ཐོག་འདིར་སྨིན་ནས། །ཕྱིན་ཆད་འཁོར་བར་མི་སྐྱེ་ཞིང་། །འདི་ནས་ཚེ་འཕོས་གྱུར་མ་ཐག །མགོན་པོ་ཁྱེད་ཀྱི་ཞབས་དྲུང་དུ། །རྫུས་སྐྱེས་སྤྲུལ་སྐུ་ཐོབ་པ་ཅིག །འོད་དཔག་མེད་མགོན་ཁྱེད་རང་མཁྱེན། །པདྨ་གར་དབང་ཁྱེད་རང་མཁྱེན། །ཆོས་ཀྱི་དབང་ཕྱུག་ཁྱེད་རང་མཁྱེན། །སྟོབས་བཅུ་མངའ་བ་ཁྱེད་རང་མཁྱེན། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །བདག་ལ་གསན་ཅིང་དགོངས་སུ་གསོལ། །ཐོག་མེད་དུས་ནས་ད་ལྟའི་བར། །མི་ཡི་ལུས་ལ་བརྟེན་ནས་ནི། །བསྟན་དང་འགྲོ་ལ་ཕན་པ་ཡི། །བསོད་ནམས་དགེ་ཚོགས་སྨོན་ལམ་ཤུགས། །གང་ཡོད་ལུས་རྟེན་འདིར་


CMR049_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་ནས། །བསྟན་ལ་ཕན་ཐོགས་ཆེ་བ་དང་། །འགྲོ་བ་སྨིན་ཅིང་གྲོལ་བ་དང་། །འབྲེལ་ཚད་དོན་དང་ལྡན་པ་དང་། །རེ་ཞིག་ལྟོས་པའི་ཤི་གསོན་ཀུན། །བདེ་ཆེན་ཞིང་དུ་ཁྲིད་ནུས་པར། །སྤྱན་རས་གཟིགས་དབང་ཁྱེད་རང་མཁྱེན། །རྒྱལ་བ་རྒྱ་མཚོ་ཁྱེད་རང་མཁྱེན། །བཛྲ་དྷརྨཱ་དྷ་ཏུ་མཁྱེན། །བླ་མ་ཡི་དམ་དབྱེར་མེད་མཁྱེན། །འདོད་པའི་དོན་འདི་འགྲུབ་གྱུར་ཅིག །རྒྱལ་བ་ཀུན་གྱི་མཐུ་སྟོབས་བདག །ཧེ་རུ་ཀ་དཔལ་པདྨ་འབྱུང་། །ལྷག་པར་དེང་སང་ཐུགས་རྗེ་དང་། །ནུབ་པ་མྱུར་བའི་ངོ་མཚར་ཅན། །ཐོག་མེད་མངོན་པར་ཤེས་པ་ཡིས། །དགོངས་ལ་བདག་གིས་ཞུས་འདི་གསོན། །ཐོག་མེད་དུས་ནས་ད་ལྟའི་བར། །མི་ཡི་ལུས་རྟེན་ལ་རྟེན་ནས། །མཐུ་སྟོབས་ནུས་པ་རྫུ་འཕྲུལ་སོགས། །ངོ་མཚར་འབྱུང་བའི་ལས་ཅི་བསགས། །ལུས་རྟེན་འདི་ལ་མངོན་གསལ་ནས། །གསང་སྔགས་བསྟན་པ་རྒྱས་པ་དང་། །དབང་དང་ཁྲིད་སོགས་འབྲེལ་ཐོབ་རྣམས། །བསྐྱེད་རིམ་བརྟན་ཐོབ་བསྙེན་སྒྲུབ་ཐེམ། །ཐ་མལ་ཤེས་པ་རྗེན་པར་རྟོགས། །རིག་པ་ཚད་ཕེབས་དངོས་སུ་མཐོང་། །བདུད་བགེགས་དམ་སྲིའི་བར་ཆད་ཞི། །


CMR049_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བརྒྱུད་ཆུ་བོའི་གཞུང་ཆེན་ལྟར། །ཉམས་ལེན་བསྟན་སྲོག་འཛིན་པ་ཞིག །ཨོ་རྒྱན་ཆེན་པོ་ཁྱེད་རང་མཁྱེན། །རྗེ་འབངས་ཉི་ཤུ་རྩ་ལྔ་མཁྱེན། །གཏེར་སྟོན་བརྒྱ་དང་རྩ་བརྒྱུད་མཁྱེན། །དབང་བསྐུར་ཆོས་བཤད་འགྲོ་དོན་ཡང་། །དམ་བཅའ་ད་ནི་རྫོགས་ལ་ཁད། །ཟླ་བ་བཅུ་ཕྲག་ལྷག་ཙམ་འདིར། །འགྲོ་དོན་རླབས་ཆེན་འགྲུབ་པ་དང་། །དེ་ལ་བར་ཆད་མེད་པ་ཞིག །བྱ་རོག་མིང་ཅན་ནག་པོ་མཁྱེན། །འདོད་པ་ཁམས་ཀྱི་གཙོ་མོ་མཁྱེན། །མ་ནིང་ཡབ་ཡུམ་སྲས་བཅས་མཁྱེན། །བཀའ་སྲུང་དམ་ཅན་མ་གཡེལ་ཅིག །ཅེས་སྨྲས་སོ།། ༈ །།ན་མོ་མ་ཧཱ་མུ་དྲ་ཡེ། ས་ཅོར་ན་འདུག་པའི་ནུབ་མོ་ལ། །ཉམས་རྨི་ལམ་འདྲེས་པའི་མཚམས་ཤེད་ན། །མི་དཀར་པོ་རྟ་དཀར་ཞོན་པ་གཅིག །ལུས་ཕྱིང་དཀར་མགོ་ལ་ཞྭ་དཀར་གྱོན། །མི་བདག་ཉིད་བསུ་རུ་བྱུང་བ་སྙམ། །རྗེ་པདྨ་འབྱུང་གནས་བཀའ་དྲིན་གྱིས། །མི་ང་ལ་ནུས་པ་མ་མཆིས་ཀྱང་། །ཀླུ་མི་མགོན་དཀར་པོའི་འཁོར་ཅིག་ནི། །མི་བདག་ལ་བསུ་བ་བྱེད་དམ་སྙམ། །དུས་ཕྱིར་ནང་ལ་དེར་འོང་ཙམ་ན། །མི་བདག་ལ་རྟོགས་པའི་ཡེ་ཤེས་


CMR049_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ལོ་སྔ་མའི་ནང་ནས་སྐྱེས་པ་དེ། །འཕྲལ་དེ་རུ་གསལ་ཞིང་ཡིད་ལ་བཀྲ། །ཕྱི་བཟུང་བའི་ཡུལ་སྣང་སྣ་ཚོགས་འདི། །དཔེ་རྒྱ་མཚོར་ཤར་བའི་ཟླ་སྐར་བཞིན། །དེ་སོ་སོར་གསལ་ཡང་ངོ་བོ་གཅིག །དཔེ་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་ཐམས་ཅད་རོ་གཅིག་སྟོང་པའི་ངང་། །ནང་འཛིན་པའི་དྲན་རིག་གྱ་གྱུ་འདི། །སེམས་སྣ་ཚོགས་འཕྲོ་ཡང་ངོ་བོ་གཅིག །དོན་ལྷན་སྐྱེས་ཡེ་ཤེས་འགྱུར་བ་མེད། །ཡར་སངས་རྒྱས་ཀུན་གྱི་ཐུགས་རྡོ་རྗེ། །མར་སེམས་ཅན་ཀུན་གྱི་སེམས་ཉིད་དང་། །བར་རྣལ་འབྱོར་ང་ཡི་སེམས་ཉིད་གསུམ། །དེ་དབྱེར་མེད་ལྷན་སྐྱེས་བདེ་བ་ཆེ། །དེ་ངོ་བོ་སྟོང་པ་བླ་མ་རྗེ། །དེ་རང་བཞིན་གསལ་བ་ཡི་དམ་ལྷ། །དེ་ཐུགས་རྗེ་འགག་མེད་ཌཱཀིའི་ཚོགས། །དོན་ཀུན་བྱེད་རྒྱལ་པོ་རང་གི་སེམས། །ད་རིན་ཆེན་སེམས་ཀྱི་གཏེར་ཁ་བྱེ། །བློ་བདེ་བ་བླ་མའི་བཀའ་དྲིན་ཡིན། །དོན་དེ་ལྟར་བསམ་ཞིང་འོང་ཙམ་ན། །དེ་སྙེམ་ཐ་མི་ཡི་འགྲིམ་ཕྲད་ཀྱང་། །སྐྱོན་ཉེ་ཞོ་མེད་པར་བདེ་བར་ཐར། །ས་རེ་གཞུང་སྤྱན་ལུང་འདུག་པའི་ནུབ། །ཉམས་རྨི་ལམ་འདྲེས་པའི་སོ་མཚམས་ན། །ཤར་ནམ་མཁའི་དབྱིངས་ནས་ཉི་མ་ཤར། །དོན་ཉམས་མཚར་དལ་ཕྱིར་བྲིས་པའོ།།


previousཤོག་ལྷེབ་ ༢༠༡ ནས་ ༣༠༤ བར།next