Nitartha Digital Library
Tibetan
 
previousཤོག་ལྷེབ་ ༣༥༡ ནས་ ༤༣༠ བར།next

ཤོག་ལྷེབ་ ༣༥༡ ནས་ ༤༣༠ བར།


CMR049_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་རྣལ་འབྱོར་སྤྱོད་པ་རཱ་ག་ཨ་སྱའི་ཐོལ་བྱུང་ཚིགས་བཅད་འགའ་རེ་ཡོད་དོ།།


CMR049_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤཱཀྱ་མུ་ནེ་ཡེ། བསྟན་པའི་བདག་པོ་གསེར་མདོག་ཅན། །ཤཱཀྱའི་ཏོག་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཤཱ་རིའི་བུ་སོགས་ཉན་ཐོས་ནི། །མཆོག་ཆེན་བརྒྱད་ལ་གསོལ་བ་འདེབས། །ཡན་ལག་འབྱུང་ལ་སོགས་པ་ཡི། །འཕགས་པ་གནས་བརྟན་བཅུ་དྲུག་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །གཉིས་ཀའི་ཆ་ལས་རྣམ་གྲོལ་སོགས། །དགྲ་བཅོམ་ཁྲི་དང་དྲུག་སྟོང་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །དྷརྨཱ་ཏ་དང་ཧྭ་ཤང་དང་། །རྒྱལ་ཆེན་བཞི་ལ་གསོལ་བ་འདེབས། །བསྟན་པ་


CMR049_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་མཛད་དུ་གསོལ། །བདག་གི་ལུས་རྟེན་འདི་ཉིད་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ལ། །འགྲོ་བ་ཐམས་ཅད་འགོད་པར་ཤོག །བདག་ལས་བརྒྱུད་པའི་སྡོམ་རྒྱུན་ཀུན། །ཉེས་ལྟུང་དྲི་མས་མ་གོས་པར། །ཉེ་བར་འཁོར་ལྟར་མཉམ་པར་ཤོག། སྦངས་བའི་ཡོན་ཏན་ཕུལ་བྱུང་བ། །འཕགས་པ་འོད་སྲུང་ལྟར་གྱུར་ཅིག །ཅེས་པ་འདི་ནི་ཡོར་སྟོད་དུ། །སྒར་པ་སླེབས་ནས་བསྡད་པའི་ནུབ། །དགེ་བསྙེན་མ་ཡི་ཆ་ལུགས་ཅན། །མང་པོ་མཇལ་དུ་བྱུང་རྨིས་དུས། །གཞི་བདག་སྨན་རིགས་ཡིན་ནམ་སེམས། །ཕྱིར་ནངས་གྲོ་རྫོང་བླ་མ་བྱོན། །དབོན་པོ་གསུམ་གྱིས་དགེ་ཚུལ་ཞུས། །དེ་ཚེ་གེ་མོ་སངས་


CMR049_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི། །མདངས་ནི་བདག་གི་རྨི་ལམ་དུ། །གནས་བརྟན་བཅུ་དྲུག་མཇལ་བ་རྨིས། །ཟེར་ཞིང་སྡོམ་པ་གནང་བསྡོ་བྱུང་། །དེ་ནི་རྟེན་འབྲེལ་ལེགས་སྙམ་ནས། །མགོ་ཟླའི་བཅོ་ལྔ་དེ་ཉིན་བྲིས།། ༈ །།ན་མོ་ཨཱརྱ་ཏཱ་རེ་ཡེ། འཇིགས་པ་བརྒྱད་ལས་སྐྱོབ་མཛད་པའི། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །པདྨ་དཀར་པོའི་མདོ་སྡེ་ལས། །འཛམ་གླིང་གཡོན་ཅན་དགྲས་གང་བར། །ཚོང་པ་ནོར་ཆེན་བགྲོད་པའི་ཚེ། །ཁྱེད་ཀྱི་མཚན་ནས་བརྗོད་བྱས་ན། །སྡང་བའི་སེམས་ཀྱིས་བལྟ་མི་ནུས། །གསུངས་ན་བདག་དང་བསྲུང་བྱར་བཅས། །རྩེ་གཅིག་ཁྱེད་ལ་གསོལ་བ་འདེབས། །འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །དགྲ་སྡང་མཚོན་ཆ་ཕྱར་ན་ཡང་། །ཁྱེད་ཉིད་ཡིད་ལ་དྲན་ཙམ་གྱིས། །མཚོན་ཆ་དུམ་བུར་འཐོར་གསུངས་ན། །བདག་གིས་རྩེ་གཅིག་ཁྱེད་དྲན་ན། །བར་ཆད་ཐམས་ཅད་བསལ་དུ་གསོལ། །འཇིགས་པ་ཀུན་སྐྱོབ་ཏཱ་རེ་མ། །འཇིག་རྟེན་དབང་ཕྱུག་སྤྱན་ཆབ་ལས། །འགྲོ་བའི་དོན་དུ་འཁྲུངས་མ་ཐག །འཇིག་རྟེན་དག་ན་འཇིགས་པ་ཡིས། །གང་ཞིག་འཇིགས་ཤིང་སྐྲག་པ་ཀུན། །ང་ཡིས་སྐྱབས་


CMR049_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཞལ་བཞེས་ན། །བདག་སོགས་འགྲོ་བ་སེམས་ཅན་རྣམས། །སྙིགས་དུས་འཇིགས་པས་རབ་ཏུ་སྐྲག །འདི་ལ་མི་འཇིགས་ཕྱག་རྐྱངས་འཚལ། །དུས་ཀྱི་འཁོར་ལོའི་ཡུམ་གཅིག་མ། །ཁྱེད་ནི་ཡིད་ལ་དྲན་ཙམ་གྱིས། །འཇིགས་པ་བཅུ་དྲུག་སྐྱོབ་པའི་ཚུལ། །རྒྱུད་དང་དྲི་མེད་འོད་ལས་གསུངས། །སྣ་ཚོགས་ཡུམ་ལ་སྐྱབས་ཞུས་པས། །བདག་དང་བསྲུང་བྱ་ཐམས་ཅད་ལ། །སྐྱོབ་པར་མཛོད་ཅིག་རྣལ་འབྱོར་མ། །དུ་རུ་ཀ་ཡི་དམག་དཔུང་གིས། །མཐའ་འཁོར་ཆོས་འཁོར་འཇིག་ཉེ་ན། །པད་འབྱུང་ཁྱེད་ལ་གསོལ་བཏབ་ན། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །གནོད་བྱེད་ཟློག་པར་གསུངས་ལགས་ན། །ཐེ་ཚོམ་མེད་པར་ཨོ་རྒྱན་མཁྱེན། །བར་ཆད་ཐམས་ཅད་བཟློག་ཏུ་གསོལ། །གཤེད་མའི་དམག་གིས་མཐའ་འཁོར་ནས། །མཚོན་ཆ་རྣོན་པོས་འདེབས་པ་ན། །པད་འབྱུང་ཁྱེད་ལ་གསོལ་བཏབ་ན། །གཤེད་མ་སྐྲག་ཅིང་མཚོན་་འཐོར་གསུངས། །ཐེ་ཚོམ་མེད་པར་ཨོ་རྒྱན་མཁྱེན། །བར་ཆད་རྐྱེན་ངན་བཟློག་ཏུ་གསོལ། །རིག་སྔགས་ལྷ་མོ་འོད་ཟེར་ཅན། །ཁྱེད་ཉིད་མཚན་ཙམ་ཤེས་པས་ཀྱང་། །


CMR049_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པས་བཅད་དུ་མེད་པ་དང་། །བསྒག་མེད་སྒལ་དུ་མེད་གསུངས་ན། །བདག་གིས་ལྷ་མོ་ཁྱེད་བསྟེན་ན། །འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །འཇམ་དཔལ་ཕ་རོལ་རྒོལ་འཇོམས་པ། །ཁྱེད་ལ་གསོལ་བ་བཏབ་པ་ན། །ཕ་རོལ་རྒོལ་བས་མི་བརྫི་བར། །གསུངས་ན་ཡི་དམ་ཁྱེད་བསྟེན་ན། །ཕ་རོལ་རྒོལ་བ་བཟློག་ཏུ་གསོལ། །དཔལ་ལྡན་མགོན་དཀར་དུར་ཁྲོད་བདག །ཁྱེད་ཀྱིས་ཐུགས་དམ་སྨོན་ལམ་ནི། །དགྲ་ཇག་གནོད་པ་བཟློག་གསུངས་ན། །བདག་གི་སྲུང་མར་ཁྱོད་བསྟེན་ན། །ཙོ་ར་མི་རྒོད་གནོད་པ་ཟློག །སྟོང་ཉིད་ཡུམ་ཆེན་ཕ་རོལ་ཕྱིན། །གང་གིས་སུ་ཞིག་སྒོམ་བྱེད་ན། །འཇིགས་དང་བར་ཆད་ཐམས་ཅད་ཀུན། །རང་ས་རང་སར་ཞིའོ་ཞེས། །ཤེར་ཕྱིན་རྒྱུས་འབྲིང་རྣམས་ནས་གསུངས། །བདག་ནི་ཡུམ་དོན་སྟོང་ཉིད་དོན། །བསྒོམས་པའི་བདེན་པས་འཇིག་པ་ཀུན། །རང་ས་རང་སར་ཞི་གྱུར་ཅིག །བྱམས་ཆེན་གཉུག་མའི་ཏིང་འཛིན་གྱི། །སུ་ཞིག་སྒོམ་པར་བྱེད་པ་ལ། །འཇིགས་པ་གང་གིས་མི་བརྫི་བར། །མདོ་སྡེ་ཀུན་ནས་གསུངས་ལགས་ན། །བདག་གིས་བྱམས་པའི་ཏིང་འཛིན་ནི། །


CMR049_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པའི་བདེན་པས་འཇིགས་བྲལ་ཤོག །དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདེན་ལྡན་ཇི་སྙེད་བདེན་པའི་མཐུས། །རྒྱལ་པོ་ཆོས་བཞིན་སྤྱོད་པ་དང་། །བོད་ཁམས་བདེ་ཞིང་སྐྱིད་པར་ཤོག །བསྟན་དང་བསྟན་འཛིན་སྐྱེས་བུ་རྣམས། །དབུ་འཕང་དགུང་བས་མཐོ་བ་དང་། །བླ་མེད་རྡོ་རྗེ་ཐེག་པ་ཡིས། །བསྟན་ལ་བར་ཆད་མེད་གྱུར་ཅིག །ཅེས་པ་འདི་ནི་མཐའ་འཁོབ་རཱ་ཛ་གཅིག །ཐུགས་གཏུམ་ཐམས་ཅད་འཇིགས་ཤིང་ཡ་ངའི་ཚེ། །རེ་ས་དཀོན་མཆོག་གསུམ་ལས་མེད་མཐོང་ནས། །ཐེ་ཚོམ་མེད་པར་གསོལ་བ་བཏབ་པའོ།། ༈ །།ཀྱེ་མ་གསོན་དང་ཤེས་ལྡན་ཀུན། །འཁོར་བ་སྙིང་པོ་མེད་པའི་ཚུལ། །ངོ་སྤྲོད་དངོས་སུ་མི་འདུག་གམ། །སྡིག་ལྟུང་ངལ་བ་ཁྱད་བསད་ན། །གཞན་ཕྱོགས་ཐམས་ཅད་བཅོམ་ནས་ཀྱང་། །རྒྱལ་སྲིད་ཐོབ་པར་གྱུར་ན་ཡང་། །རང་གི་རྒྱལ་སྲིད་མི་དབང་བར། །དོན་མེད་མི་ཡིས་རྒྱལ་ས་བཟུང་། །དེ་ཡང་མི་རྟག་སྒྱུ་མའི་དཔེ། །ཝཱ་དམག་དང་བུ་རྟ་ཧྲག་པ་ཡིས། །དཔོན་པོའི་སྐུ་ཆུས་བསྒྲུབས་བསྒྲུབས་ནས། །སྐུ་ཆུས་འགྲུབ་ནས་རང་ཉིད་བརླག །འདི་ཡང་མི་རྟག་སྒྱུ་མའི་དཔེ། །བྱད་ཟློག་སྲུང་བ་བྱས་


CMR049_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། །སྲུང་བ་འགྲུབ་ནས་རང་ཉིད་ཕུང་། །འདི་ཡང་མི་རྟག་སྒྱུ་མའི་དཔེ། །ཕྱོགས་རིས་གཞན་ཕྱོགས་བཏུལ་བཏུལ་ནས། །གཞན་ཕྱོགས་ཐུལ་ཛ་ནང་དུ་འཁྲུག །འདི་ཡང་མི་རྟག་སྒྱུ་མའི་དཔེ། །དམ་པའི་ཆོས་ཤིག་མ་ནུས་ན། །འཁོར་བའི་བྱ་བ་སྙིང་པོ་མེད། །ཀྱེ་མ་འཁོར་བའི་སེམས་ཅན་རྣམས། །སྙིང་པོ་མེད་ལ་སྙིང་པོར་རློམ། །དོན་དམ་སྟོང་ཉིད་མ་རྟོགས་ན། །འདུས་བྱས་དགེ་བ་ལྟར་སྣང་ཡང་། །ཕལ་ཆེར་བྱང་ཆུབ་སྒྲུབ་པའི་གེགས། །འདི་ལྟར་སྣང་བའི་དངོས་པོ་ཀུན། །མ་བརྟགས་ཚེ་ན་བདེན་བདེན་འདྲ། །བརྟགས་ན་སྙིང་པོ་ཅི་ཡང་མེད། །ཐམས་ཅད་བྱིས་པའི་རྩེད་མོ་འདྲ། །དགྲ་ཡང་གཉེན་ལ་གཉེན་ཡང་དགྲ། །ལོ་གཅིག་ཙམ་ཡང་ངེས་པ་མེད། །ཚེ་རབས་འཕོས་ན་ལྟ་ཅི་སྨོས། །ཁམས་གསུམ་སེམས་ཅན་མ་ལུས་པ། །ཕ་མ་ཡིན་པར་ཐག་ཆོད་པས། །ཐམས་ཅད་བདེ་བ་མཆོག་ཐོབ་པར། །འདོད་པ་བདག་གིས་བསྒོམ་བྱ་ཡིན། །འདི་ལྟར་སྣང་བ་ཐམས་ཅད་ཀུན། །ངོ་བོ་སྟོང་ལ་རང་བཞིན་གསལ། །ཆུ་ཟླ་འཇའ་ཚོན་སྒྱུ་མ་ལྟར། །མཐོང་བ་བདག་གི་ལྟ་བ་ཡིན། །བདག་ཅེས་བྱ་བ་མིང་ཙམ་


CMR049_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ལུས་སེམས་གང་ལའང་བདག་མ་གྲུབ། །བདག་མེད་རྟོགས་པའི་གདེང་ཚད་ཡིན། །དེ་ལྟར་མ་རྟོགས་སེམས་ཅན་ལ། །བཅོས་མིན་སྙིང་རྗེ་ཤུགས་ལ་སྐྱེས། །དེ་ནི་བདག་གི་ཉམས་མྱོང་ཡིན། །ཐམས་ཅད་སྟོང་པར་རྟོགས་ན་ཡང་། །སྤྱོད་པ་བླང་དོར་གཟབ་པ་དང་། །འཇིག་རྟེན་མི་ཆོས་དང་བསྟུན་པ། །ཐབས་ལ་མཁས་པའི་སྤྱོད་པ་ཡིན། །ནམ་ཞིག་མི་རྟག་འཆི་ངེས་ཤིང་། །དེ་ཚེ་ཞག་རྒྱགས་ཙམ་ཞིག་ཀྱང་། །ཁྱེར་དབང་མེད་དོ་གཅིག་པུར་འགྲོ། །དེ་ཕྱིར་འཁོར་དང་ལོངས་སྤྱོད་ལ། །དགོས་མེད་ཞེན་པ་ལོག་ལགས་ཀྱང་། །རང་བཞིན་ཆོས་ལ་འཛུད་པའི་ཕྱིར། །སྒར་གཞི་འབུལ་བ་སྡུད་པ་འདི། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན། །དཀོར་རྫས་ཆར་ལྟར་བབ་ན་ཡང་། །འཁོར་གསུམ་ཡོངས་སུ་དག་པ་ཡི། །དམིགས་མེད་བསྔོ་བས་རྒྱས་བཏབ་པས། །བྱིན་པ་ཆུད་ཟོས་མི་འོང་ཞིང་། །སྦྱིན་བདག་ཚོགས་གཉིས་རྫོགས་པ་ནི། །ཤཱཀ་ཐུབ་གསུངས་ལ་དཔང་པོ་ཡིན། །འཕྲལ་དུ་གང་དྲན་བྲིས་པ་འདི། །ཡོར་སྟོད་སླེབས་པའི་ཕྱི་དེ་ཉིན། །ཅུང་ཟད་དལ་བའི་སྐབས་ལ་བྲིས། །


CMR049_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཧ་སུ་བཛྲ་ཡེ། བྱ་བཏང་རྒྱལ་པོ་མི་ལ་རྗེ། །དབྱེར་མེད་ཀུན་དགའ་རྣམ་རྒྱལ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བསྟན་དང་སྟོན་པ་གཉིས་ཀ་སྟེ། །དམ་ཆོས་འདུལ་བའི་གཞུང་ལས་ནི། །མཐའ་གཉིས་སྤང་བར་གསུངས་པ་སྟེ། །ཧ་ཅང་འདོད་པ་ཆེ་བའི་མཐའ། །ཆོག་མི་ཤེས་པ་སྤང་གསུངས་ལྟར། །ཟས་དང་འབུལ་བ་ལྷ་རྟེན་སོགས། །ཆེ་ཞིང་མནོག་པ་རྒྱུས་ཡོད་དེ། །སྙན་བརྒྱུད་རྣམས་ཀྱི་དམ་ཚིག་དང་། །བཀའ་བརྒྱུད་གོང་མའི་རྣམ་ཐར་ལྟར། །གྲོང་ནག་འགྲིམས་དང་གྲོང་ཆོག་འདི། །ད་ནི་བདག་གིས་སྤང་བར་བགྱི། །སྲུང་འཁོར་ཟ་ཡིག་ལ་སོགས་པ། །ཡོན་དང་ལྷ་རྟེན་འོང་ཤེས་ཀྱང་། །རྣམ་གཡེང་ཆེ་ཞིང་དགེ་སྦྱོར་ཆག །ད་ནི་མི་བྱ་་དམ་བཅའ་འོ། །འབྲུ་ལྡོམ་དཀར་ལྡོམ་ལ་སོགས་པ། །ཀུན་གྱི་སྤྱི་སྲོལ་ལབ་བརྗོད་མེད། །དུས་གཉིས་ཁྲལ་འདི་ཁེབས་ཆེ་ཡང་། །ཤུགས་འབྱུང་སྤྲང་ཟས་ཚུར་སྐྱེལ་བསྒུག །ལྟོ་ཕྱིར་ཡུལ་འབྲོག་མི་ཉུག་གོ །ཉོ་སླ་ཁེ་ཆེ་དངུལ་ཁུག་ཀྱང་། །ཁལ་མ་རྒྱབ་ཆོད་རྔན་ཆེན་ཆེ། །འདེབས་ཚྭ་ཆད་ཀྱང་ཚྭ་མི་ལེན། །ཁེ་ཆེ་ཇ་དར་མོད་ལགས་


CMR049_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །ཁལ་མ་ཐམས་ཅད་སྡུག་བསྔལ་ཆེ། །གྲྭ་པ་འཁོར་གྱིས་སྲོག་ཀྱང་སྐྱེལ། །བསྐོལ་ཇ་ཆད་ཀྱང་རྒྱ་འགྲོ་སྤང་། །ཟ་འདོད་སྲུག་འབྱུང་ནས་སྔ་མཁོ། །ཞིང་འདྲ་ཤུགས་ལ་འོང་ལགས་ཀྱང་། །རྣམ་གཡེང་འཇིག་རྟེན་བྱ་བ་མཐུན། །རྩམ་དྲི་ཆད་ཀྱང་ཞིང་མི་རྨོ། །གྲྭ་འཁོར་མང་ཕྱིར་རྩྭ་བཏུ་ན། །ཁེབས་ཆེ་རྟ་ཕྱུགས་སོས་ན་ཡང་། །འབུ་སྲིན་སྟོང་ཕྲག་སྲོག་དང་ཕྲལ། །ཡུལ་མི་རྣམས་དང་རྩོད་པ་འཕེལ། །རྩྭ་སྔོ་མི་ཐུ་དམ་བཅའ་འོ། །འཚོ་སྐྱོང་མི་དགོས་མར་མཁོ་ཡང་། །རྟོལ་པོ་སྣ་ཚོགས་ཐབས་ཀྱིས་གསོད། །སྲོག་བཅད་མང་པོ་སོགས་འགྲོ་བས། །མཛོ་མོ་ཡོད་ཀྱང་ཤེ་མི་བཏང་། །དང་པོ་བསམ་པ་བཟང་ལགས་ཀྱང་། །ཕྱིས་ནས་ཁ་མཆུ་གྱོད་ཀྱི་གཞི། །ནས་འབྲུ་ཡོད་ཀྱང་དོམ་མི་བཏང་། །མི་ཆེན་མགྲོན་པོ་མང་བ་དང་། །ཚོགས་འཁོར་སྒྲུབ་ཆེན་ཤ་མཁོ་ཡང་། །རང་གི་སྒོ་བཤས་ལྟ་ཅི་སྨོས། །གཞན་ལ་བཤའ་བཅུག་ཉོ་བ་སྤངས། །གྲྭ་པ་དགེ་འདུན་སྤྱི་པའི་དཀོར། །ཕྱག་བདེ་ཕྱུག་པར་འདུག་སྲིད་པས། །མཁོ་འོ་འོས་སོ་ཟེར་བ་ཡི། །སྤྱི་རྫས་དཀོར་ལས་ཕྲི་བ་སྤང་། །སྙིང་ནས་དབང་ལུང་


CMR049_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་འདོད་ཀྱང་། །འབུལ་བ་མེད་ན་མི་གནང་བ། །དམ་ཆོས་ཉོ་ཚོང་བྱེད་པ་སྤང་། །ང་ནི་རྟོགས་པར་ལྡན་པ་དང་། །གསང་སྔགས་རྣལ་འབྱོར་ཡིན་ནོ་ཞེས། །དགོང་ལྟོ་ཤ་དང་ཆང་ལ་སོགས། །ཚོགས་འཁོར་ཡིན་ཀྱང་ཟ་བ་སྤང་། །འཁྲུལ་པ་ཞིག་པ་ཡིན་ནོ་ཞེས། །འདུལ་བའི་ཆོས་དང་མི་མཐུན་པའི། །སྐྱ་ཆས་སྔགས་ཆོས་བྱེད་པ་སྤང་། །དེ་ཙམ་བདག་གིས་བྱ་བཏང་ཡིན། །ཞེན་ལོག་བསྒོམ་གྱི་རྐང་པ་རུ། །གསུངས་པའི་ས་བཅད་མ་བཏང་ཙམ། །ཤུགས་ཀྱི་ཟས་གོས་ལོངས་སྤྱོད་རྣམས། །བྱུང་ཡང་མི་སྤྱོད་དཀའ་ཐུབ་ལ། །སྡུག་སྒུར་བྱེད་པ་མུ་སྟེགས་ལུགས། །ཡིན་ཞེས་རྒྱ་ཆེ་རོལ་པ་ཡི། །མདོ་ལས་ཐུབ་པས་བཀག་པའི་ཕྱིར། །ཤུགས་ཀྱིས་བྱུང་བ་ངས་མི་སྤང་། །ཤུགས་ཀྱིས་བྱུང་ན་ཟས་དང་གོས། །གསེར་སྲང་འབུམ་ཕྲག་རི་བ་ཡང་། །དགེ་སློང་རྣམས་ལ་གནང་ངོ་ཞེས། །དམ་ཆོས་འདུལ་བ་ལས་གསུངས་ཕྱིར། །ཉུང་ཇ་ཙམ་ཞིག་ཐུད་དཀར་ཟ། །ཐེར་ཕྲུག་སྤུ་བོ་ཆེ་ཡང་གྱོན། །བསྔོས་ཤ་མིན་པའི་ཚོགས་ཤ་ནི། །མ་ཟོས་རྩ་ལྟུང་ཡིན་ཕྱིར་དང་། །ཚོགས་ཆང་སོར་མོའི་རྩེ་ལ་རེག །རྟ་གླང་མན་ནས་ཁབ་སྐུད་


CMR049_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཡན། །གང་བྱུང་ལེན་ཅིང་བྱང་ཆུབ་བསྔོས། །གསེར་དང་དངུལ་སོགས་བྱུང་ན་ཡང་། །དགེ་བའི་ཕྱོགས་སུ་དམིགས་ནས་འཚགས། །མང་ཇ་ཀློག་འདོན་སྒྲུབ་ཆེན་དང་། །བུམ་སྒྲུབ་དགེ་འདུན་འདུ་བའི་སྡེ། །དགེ་ཕྱོགས་གང་འགྲུབ་མ་གཏོགས་པ། །གེལ་སོགས་བདག་འཛིན་སེར་སྣ་སྤང་། །དེ་ཙམ་བདག་གིས་བྱ་བ་ཡི། །བཏང་ཚོད་མཐའ་རུ་ཕྱིན་ངེས་བྱ། །རྐང་བཞིའི་འབུལ་བ་མི་ལེན་དང་། །འབུལ་བ་གཏན་ནས་མི་ལེན་དང་། །བྱང་བུ་མི་བཞུ་ཟེར་བ་སོགས། །གསུངས་མཁན་མང་དུ་བྱུང་སོང་ཡང་། །མཐར་ཕྱིན་གཅིག་ཀྱང་དཀའ་འདུག་པས། །མཐར་ཕྱིན་མིན་པའི་ལོ་ཤས་ཙམ། །བྱ་བ་བཏང་ཡང་ཇོ་བརྫུ་འདྲ། །དེ་ཕྱིར་དེ་འདྲ་ངས་མི་བྱེད། །རང་གི་ཉམས་སུ་ལོན་ཚོད་དང་། །བསྟུན་པའི་བྱ་བཏང་བྱེད་ལུགས་འདི། །རྗེས་འཇུག་རྣམས་ཀྱང་དེ་ལྟར་མཛོད། །ཅེས་ཡོར་སྟོད་དུ་སྨྲས་སོ།། ༈ །།ན་མོ་ཨཱརྱ་པ་ལོ་བྱཱ་ཡེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས། །གསང་འདུས་ཐུགས་རྗེ་ཆེན་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །


CMR049_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་འཚོགས་ཁྲོམ་ལ་བྱིན་གྱིས་རློབས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ལོངས་སྐུ་འདུས་པའི་ཡེ་ཤེས་ལྔ། །བཅོམ་ལྡན་རིགས་ལྔ་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཚོགས་བརྒྱད་ཡུལ་བརྒྱད་ངོ་བོ་འདུས། །སེམས་དཔའ་ལྕམ་དྲལ་བཅུ་དྲུག་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་འདུས་པས་རིགས་དྲུག་འདྲེན། །བཅོམ་ལྡན་ཐུབ་པ་དྲུག་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བསྐལ་པ་བཟང་པོ་འདི་ཉིད་ལ། །མཛད་པ་མཐར་ཕྱིན་ཆོས་འཁོར་བསྐོར། །སངས་རྒྱས་སྟོང་དང་རྩ་གཉིས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འཇའ་ལུས་འཆི་མེད་རྡོ་རྗེའི་སྐུ། །རིག་འཛིན་ཆེན་པོ་པདྨ་འབྱུང་། །རྗེ་འབངས་ཉེར་ལྔ་འཁོར་བཅས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རིག་འཛིན་རཏྣ་གླིང་པ་སོགས། །གཏེར་སྟོན་བརྒྱ་དང་རྩ་བརྒྱད་དང་། །ཆོས་བདག་ལས་ཅན་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྔགས་སྲུང་སྐྱེས་བུ་སྨྱོ་


CMR049_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དང་། །ལུང་བཙན་ལྕམ་དྲལ་ཨ་པ་ར། །མཁའ་རི་ལྕམ་དྲལ་ལ་སོགས་པ། །བཀའ་སྲུང་དམ་ཅན་ཐུགས་དམ་བསྐུལ། །དམ་བཅའ་མ་གཡེལ་ཕྲིན་ལས་མཛོད། །དབང་ཁྲིད་སྒྲུབ་ཆེན་འཛུགས་པ་ལ། །དགྲ་དང་བགེགས་ཀྱི་བར་ཆད་ཟློག །མཐོང་ཐོས་དྲན་རེག་འགྲོ་བ་རྣམས། །ཚེ་འདིར་བཀྲ་ཤིས་བདེ་ལེགས་ཤིང་། །ཕྱི་མ་བདེ་ཆེན་ཞིང་སྐྱེ་བར། །བྱིན་གྱིས་རློབས་ཤིག་སྤྱན་རས་གཟིགས། །ཞེས་པ་ཡོར་སྟོད་དུ་དབང་ཁྲིད་ཚུགས་དུས་བྲིས་པའོ།། ༈ །།ན་མོ་ཨཱརྱ་པ་ལོ་ཡེ། །པོ་གསང་འདུས་ཐུགས་རྗེ་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོས་སེམས་ཅན་ཀུན། །འཁོར་བའི་སྡུག་བསྔལ་ཐམས་ཅད་སྐྱོབས། །འདི་དང་ཕྱི་མའི་དོན་རྣམས་ཀུན། །ཡིད་བཞིན་ནོར་བུ་ལྟ་བུར་སྩོལ། །བྱམས་པའི་ཞགས་པས་ཁམས་གསུམ་འཆིངས། །སྐུ་མདོག་པདྨ་རཱ་གའི་མདོག །སེམས་ཅན་ཀུན་ལ་རྗེས་སུ་ཆགས། །ཚད་མེད་བཞི་ལྡན་ཕྱག་བཞི་སྟེ། །ཕྱག་གཡས་དང་པོས་སྐྱབས་སྦྱིན་གྱིས། །རྒྱལ་པོའི་འཇིགས་པ་སྐྱོབ་པར་མཛད། །གཡོན་གྱི་དང་པོ་པདྨ་འཛིན། །འཁོར་བའི་སྐྱོན་དང་བྲལ་བར་མཛད། ཕྱག་


CMR049_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་འོག་མས་ལྕགས་ཀྱུ་ཡིས། །འགྲོ་བ་ཐམས་ཅད་དབང་དུ་སྡུད། །ཕྱག་གཡོན་འོག་མས་ཞགས་པ་ཡིས། །གདུག་པ་ཅན་རྣམས་རབ་ཏུ་འཆིངས། །ཞི་འཛུམ་སྤྱན་གཉིས་འགྲོ་ལ་གཟིགས། །མཚན་དཔེས་དར་དང་རིན་ཆེན་བརྒྱན། །པདྨ་ཟླ་སྟེང་རོལ་སྟབས་བཞུགས། །ཁྱེད་ལ་ཕྱག་འཚལ་སྐྱབས་སུ་མཆི། །བདག་དང་བསྲུང་བྱ་ཐམས་ཅད་ལ། །རྒྱལ་པོའི་དབྱིངས་སྨྱོའི་འཇིགས་པ་ལས། །སྐྱོབ་པར་མཛོད་ཅིག་ཐུགས་རྗེ་ཅན། །ཞེས་ཡོར་སྟོད་ཆོས་རའི་མཇུག་ཏུ་གསོལ་བ་བཏབ་པའོ།། ༈ །།ཀ་ཡེ་ཁ་དོག་ཆར་སྤྲིན་ནག་པོ་འདྲ། །ཁ་གདངས་མཆེ་གཙིགས་ལྗགས་དམར་གློག་ལྟར་འཁྱུག །ག་ཤལ་རྒྱུ་རློན་སྤྲུལ་དང་མི་མགོའི་ཕྲེང་། །ང་རོ་བྷྱོ་བཟློག་ཙཱ་བྷ་ཡ་ཡི་སྒྲ། །ཅ་ཅོའི་སྒྲ་སྒྲོག་ལྷ་སྲིན་སྡེ་བརྒྱད་ཚོགས། །ཆ་ལུགས་དམག་ཆས་བདུད་དཔུང་ལྟ་བུ་རྣམས། །ཇ་ཆང་གསེར་སྐྱེམས་ཚོགས་དང་གཏོར་མས་མཆོད། །ཉ་རྒྱས་ཟླ་ལྟར་འགྲོ་བའི་མུན་སེལ་བའི། །ཏ་ཐཱ་ག་ཏའི་བསྟན་པའི་སྙིང་པོ་འདིར། །ཐ་དད་མེད་ཅིང་མོས་པ་ཡན་ཆད་ཀུན། །ད་ནི་སྲུང་སྐྱོབ་ར་མདའི་དུས་ལ་བབ། །ན་ཚ་དང་ནི་ཆོ་འཕྲུལ་ཅུང་ཟད་ཀྱིས། །


CMR049_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་པུ་དེའི་རྟགས་མཚན་ཕན་པ་མེད། །ཕ་རོལ་དགྲ་བགེགས་མྱུར་དུ་རྩད་ནས་ཆོད། །བ་མོར་ཉི་ཟེར་ཕོག་ལྟར་མྱུར་དུ་ཆོམས། །མ་གཡེལ་མ་གཡེལ་དམ་ཚིག་དུས་ལ་བབ། །རྩྭ་སྐམ་ཕུང་པོར་མེ་དཔུང་བརྒྱབ་པ་ལྟར། །ཚ་ངར་ནུས་པ་ཅི་ཡོད་ད་སྟོན་ཅིག །ཛ་ཡེའི་བསྟན་པ་མྱུར་དུ་རྒྱས་པར་མཛོད། །ཝ་ལེར་དུས་གསུམ་གཟིགས་པའི་པད་འབྱུང་གིས། །ཞྭ་ལྟར་བཀུར་གསུངས་ལུང་བསྟན་སྐྱེས་བུ་ལ། །ཟ་འདོད་ཁ་མཆུ་རྙེད་ཚོལ་བྱེད་པ་དང་། །འ་རེ་འུ་རེའི་གཤེ་སྐུར་འདེབས་པའི་དགྲ། །ཡ་མ་ར་ཙ་བཙན་བདུད་མ་མོ་དང་། །ར་ཞོན་སེང་ཞོན་འབྲུག་ཞོན་སྡེ་བརྒྱད་ཚོགས། །ལ་ཆེན་བཀའ་སྲུང་དམ་ཅན་ཐམས་ཅད་ཀྱིས། །ཤ་ཟོ་ཁྲག་འཐུང་ཐལ་བ་རྡུལ་དུ་རློགས། །ས་ཆ་ཡུལ་ཁམས་འགྲོ་བ་དབང་དུ་སྡུས། །ཧ་ཧའི་གད་མོ་དང་བཅས་གསང་སྔགས་བསྟན། །ཨ་ལ་ལ་ཞེས་དར་ཞིང་རྒྱས་པར་མཛོད། །ཅེས་པ་འདི་ནི་ནུབ་གཅིག་རྨི་ལམ་ནི། །དང་པོ་ཙཀ་ལི་ཆུ་ཚོན་བྱས་འདྲ་ལ། །ཀིང་ཀང་ནག་པོའི་ལྷ་ཚོགས་ཡོངས་རྫོགས་སྐུ། །དེ་ནས་ཚོན་རྫོགས་གསེར་རིས་ཤིན་ཏུ་ལེགས། །དེ་ནས་བྲིས་པ་རང་ཡང་མ་ཡིན་པར། །འཇའ་ཚོན་འདྲ་བ་ཤིན་ཏུ་ལེགས་པར་མཐོང་། །དེ་ཕྱིར་རྟེན་འབྲེལ་ཀ་བསྟོད་བྲིས་པའོ།། །།


previousཤོག་ལྷེབ་ ༣༥༡ ནས་ ༤༣༠ བར།next