Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

5 occurrences of འ་འུར་
[Clear Hits]


 expand section
  
collapse section
  
 
ཤོག་ལྷེབ་ ༤༣༠ ནས་ ༥༠༠ བར།
  
 
  


5 occurrences of འ་འུར་
[Clear Hits]

 
previousཤོག་ལྷེབ་ ༤༣༠ ནས་ ༥༠༠ བར།next

ཤོག་ལྷེབ་ ༤༣༠ ནས་ ༥༠༠ བར།


CMR049_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མོ་བཛྲ་ཀྲོ་དྷ་བིར་བ་ཡེ། རིག་འཛིན་བླ་མ་ཐམས་ཅད། །གཅིག་ཏུ་འདུས་པའི་ངོ་བོ། །རྡོ་རྗེ་གྲོ་ལོད་མཁྱེན་ནོ། །དུས་ངན་ལྔ་བརྒྱའི་ཐ་མ། །མཐའ་དམག་བོད་ཡུལ་བཟུང་དུས། །མི་ནད་རླུང་ལྟར་འཚུབ་ཅིང་། །ནོར་ནད་མེ་ལྟར་འབར་དུས། །ཁྱེད་ལ་གསོལ་བ་བཏབ་ན། །ཁྱེད་ཀྱིས་བཟློག་པར་གསུངས་ན། །བདག་གིས་ཐེ་ཚོམ་མེད་པར། །ཁྱེད་ལ་གསོལ་བ་འདེབས་སོ། །ཕྱུགས་ནད་གོད་ཡམས་གློ་ཧོན། །ཐ་མའི་དགྲ་ཇག་ཆོམ་རྐུན། །བཟློག་པའི་དུས་ལ་བབ་ལགས། །དུས་གསུམ་རྒྱལ་བའི་ཡུམ་གཅིག །རི་ཁྲོད་ལོ་མ་ཅན་མ། །ཁྱེད་ཀྱི་མཚན་ཙམ་བརྗོད་ཀྱང་། །མི་ནད་ཕྱུགས་ནད་ཞི་བ། །ཁྱེད་ཀྱི་ཕྲིན་ལས་ཡིན་ན། །བདག་གིས་ཁྱོད་ཀྱི་ཡོན་ཏན། །བརྗོད་ཅིང་ཀུན་ལ་སྤེལ་ན། །བདག་ཉིད་གར་གནས་གར་འགྲོ། །མི་ནད་ཕྱུགས་ནད་ཞི་ཞིང་། །བཀྲ་ཤིས་བདེ་ལེགས་འབྱུང་བ། །ལྷ་མོ་ཁྱེད་རང་མཁྱེན་ནོ། །བསྟན་སྲུང་དུད་སོལ་ལྷ་མོ། །ཁྱོད་མཚན་ཙམ་གཅིག་ཤེས་ཀྱང་། །མི་ནད་ཕྱུགས་ནད་ཞི་བར། །རྡོ་རྗེ་འཆང་གིས་གསུངས་ན། །ཁྱེད་


CMR049_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་མཆོད་ཅིང་བསྟོད་ན། །མི་ནད་ཕྱུགས་ནད་དལ་ཡམས། །ཐམས་ཅད་ཞི་བར་ཁྱེད་མཁྱེན། །སྡེ་བརྒྱད་སྣང་སྲིད་ལྷ་འདྲེ། །མགུར་ལྷ་བརྟན་མ་དགེ་བསྙེན། །ཁྱད་པར་ཡུལ་འདིའི་གཞི་བདག །ཁྱེད་ཅག་སྔོན་ཚེ་སློབ་དཔོན། །པདྨ་འབྱུང་གནས་སྤྱན་སྔར། །ཁས་བླངས་དམ་བཅས་མ་གཡེལ། །སློབ་དཔོན་དེ་ཡི་བརྒྱུད་འཛིན། །རྣལ་འབྱོར་བདག་ཅག་མི་ནོར། །མི་ནད་ཕྱུགས་ནད་གོད་ཁ། །དགྲ་ཇག་ཆོམ་པོའི་གནོད་པ། །ཐམས་ཅད་བཟློག་པར་མཛོད་ཅིག །བཀའ་དང་དམ་ལ་མ་འདའ། །ཆོས་ཉིད་གདོད་ནས་རྣམ་དག །ཀུན་རྫོབ་སྒྱུ་འབྲས་བསླུ་མེད། །རྒྱལ་བ་སྲས་བཅས་ཐུགས་རྗེ། །བདེན་ལྡན་ཀུན་གྱི་བདེན་པས། །ཕྱུགས་ནད་གློ་ཧོན་གནོད་པ། །ཐམས་ཅད་ཞི་བར་གྱུར་ཅིག །དགྲ་ཇག་ཐ་མའི་ཆོམ་རྐུན། །ཐམས་ཅད་མྱུར་དུ་བཟློག་ཅིག །ཨེ་མ་ཀུན་རྫོབ་འཁྲུལ་སྣང་། །མི་ནད་ཕྱུགས་ནད་དགྲ་ཇག །ངོ་བོ་ཡེ་ནས་སྟོང་པ། །ཅི་ཡི་ངོ་བོར་མ་གྲུབ། །སྒྱུ་མ་སྨིག་སྒྱུ་བཞིན་དུ། །བདེན་པར་གྲུབ་པ་མེད་དོ། །དེ་ལྟར་མ་རྟོགས་སེམས་ཅན། །སྒྱུ་མས་བསླུས་པ་ལྟ་བུ། །དེ་ལ་


CMR049_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་མེད་སྙིང་རྗེ། །རང་བཞིན་ཤུགས་ལ་འཁྲུངས་པས། །སྟོང་ཉིད་སྙིང་རྗེས་བདེན་པ། །འཁོར་བའི་སྡུག་བསྔལ་འདི་རྣམས། །ཆོས་ཀྱི་དབྱིངས་སུ་བཟློག་ཅིག །འགྲོ་དྲུག་སེམས་ཅན་ཐམས་ཅད། །ཕ་མ་དྲིན་ཅན་ཤ་སྟག །ཡིན་པར་ཤེས་པའི་གནད་ཀྱིས། །འགྲོ་ཀུན་བདེ་བར་འདོད་པ། །དགྲ་གཉེན་ཕྱོགས་རིས་མེད་པས། །བྱམས་པ་ཆེན་པོའི་བདེན་པས། །གོ་ཆ་བླ་ན་མེད་པས། །ནོར་ཕྱུགས་ཐམས་ཅད་སྲུངས་ཤིག །ཡ་ཀི་རྒྱལ་བའི་ཐུགས་རྒྱུད། །མ་ཀི་འགྲོ་བའི་སེམས་རྒྱུད། །རྣལ་འབྱོར་བདག་གི་སེམས་གསུམ། །དབྱེར་མེད་གཅིག་ཏུ་རྟོགས་པས། །ལྟ་བ་འཁོར་འདས་དབྱེར་མེད། །ངེས་པར་བདག་གིས་རྟོགས་ན། །ལྟ་བ་དེ་ཡི་བདེན་པས། །ཕྱུགས་ནད་གོད་ཡམས་ཐམས་ཅད། །ཞི་ཞིང་མེད་པར་གྱུར་ཅིག །ཅེས་པ་འདི་ནི་ཡོར་སྟོད་དུ། །ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི། །དབང་ཁྲིད་སྦྲེལ་མ་བཙུགས་པའི་དུས། ཕྱུགས་ནད་ཆེན་པོས་ཀུན་ནས་བསྐོར། །རང་གཞན་ཐམས་ཅད་སྐྲག་པའི་དུས། །ཉམས་དང་རྨི་ལམ་འདྲེས་པའི་སྐབས། །མི་ནི་དཀར་པོ་ཆེ་ཞིང་བརྗིད། །དེ་འདྲ་ཞིག་གིས་འདི་སྐད་དུ། །ཨུ་དོགས་ཟེར་སྙམ་བྱེད་པ་བྱུང་། །དེ་ཕྱིར་རྟེན་འབྲེལ་བྲིས་པ་ཡིན།། ༈ །།


CMR049_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཡེ་གསོན་དང་སྤྱན་རས་གཟིགས་ཀྱི་ལྕམ། །ཁ་ནི་ཤར་དུ་རྒྱུ་བས་ཞི་བ་འགྲུབ། །ག་ལྗང་དྲུག་དཀར་གཡུ་བོ་ཆེན་པོས་བརྒྱན། །ང་ཡི་ཚེ་རབས་གཏན་གྱི་སྲུང་མ་ཁྱོད། །ཅ་ཅོའི་བསྟོད་དབྱངས་འདི་ལ་སྙན་གཏད་འཚལ། །ཆ་ལུགས་བརྒྱ་བྱིན་སྲས་མོ་འདྲ་བ་ལ། །ཇ་ཆང་ཕུད་དང་གཏོར་མའི་མཆོད་པ་འབུལ། །ཉ་རྒྱས་ཟླ་ལྟར་མཛེས་འཛུམ་ལྷ་མོ་ཁྱོད། །ཏ་ཐཱ་ག་ཏའི་བསྟན་པ་མན་ཆད་ནས། །ཐ་ན་བདག་གི་ནོར་ཕྱུགས་ཡན་ཆད་རྣམས། །ད་ནི་མ་གཡེལ་སྲུང་ཞིང་བསྐྱབ་ཏུ་གསོལ། །ན་ཚ་ཤི་ཆད་གོད་ཁ་མ་བཏང་ཞིག །པ་ར་ག་ཏའི་དོན་ལ་མཉམ་བཞག་ཅིང་། །ཕ་རོལ་ཕྱིན་དྲུག་ཉམས་སུ་ལེན་བསམ་པས། །བ་མོར་ཉི་ཟེར་ལྟར་དུ་བར་ཆད་སེལ། །མ་གཅིག་ཁྱེད་ཀྱིས་རྟག་ཏུ་གྲོགས་མཛོད་ལ། །རྩ་རླུང་བྱང་ཆུབ་སེམས་ཀྱི་ཡོན་ཏན་སྤེལ། །ཚ་གྲང་འདུ་བའི་ནད་ཀུན་ཞི་བ་དང་། །ཛ་ཡེའི་གོ་འཕང་འགྲུབ་པའི་སྡོང་གྲོགས་མཛོད། །ཝ་ལེར་དུས་གསུམ་ལེགས་ཉེས་གསལ་པོར་སྟོན། །ཞྭ་ལྟར་ཀུན་གྱིས་གཙུག་ཏུ་བཀུར་བར་མཛོད། །ཟ་འཐུང་ལོངས་སྤྱོད་ཤུགས་ལ་འབྱུང་བ་དང་། །འ་རེ་འུ་རེའི་སྙན་གྲགས་


CMR049_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་ལྟར་སྒྲོག །ཡ་མཚན་ཆེ་བའི་རྟགས་མཚན་དུ་མ་སྟོན། །རྭ་ཅོ་གཉིས་ལྟར་ཟླ་གྲོགས་ཁྱོད་བསྟེན་གྱི། །ལ་ཆེན་ཕྲིན་ལས་ཐམས་ཅད་ཁྱོད་ཀྱིས་སྒྲུབས། །ཤ་ས་ན་འདི་དར་ཞིང་རྒྱས་པ་དང་། །ས་ཆ་གར་འདུག་གར་འགྲོ་འབྲལ་མེད་དུ། །ཧ་ཧའི་གད་མོ་དང་བཅས་ཕྱི་བཞིན་འབྲང་། །ཨ་ལ་ལ་ཧོ་དངོས་གྲུབ་ཐམས་ཅད་སྩོལ། །ཅེས་པ་ཡོར་སྟོད་ལས་བཞིའི་སྦྱིན་སྲེག་ནུབ། །མ་གཅིག་ལྷ་མོ་མཛེས་སྡུག་རྒྱན་གྱིས་བརྒྱན། །ཉམས་ཀྱི་སྐབས་ལ་ཡུད་ཙམ་མཐོང་བས་བྲིས།། ཨ༈ །།ན་མོ་རཏྣ་ཏྲ་ཡཱ་ཡ། དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །ན་མོ་བཛྲ་པཱ་ཎི་ཡེ། གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས། །འཕགས་པ་སྤྱན་རས་གཟིགས་ནི་ཐུགས་རྗེའི་བདག །འཇམ་དབྱངས་མཁྱེན་རབ་མཚུངས་པ་མེད་པ་དང་། །ཕྱག་ན་རྡོ་རྗེ་མཐུ་སྟོབས་ཟླ་མེད་པས། །བདེན་པ་ཆེན་པོས་ཕྱུགས་ནད་ཞི་གྱུར་ཅིག །ཐུབ་དབང་གྲངས་མེད་གསུམ་དུ་ཚོགས་བསགས་དང་། །པདྨ་འབྱུང་གནས་རྫུ་འཕྲུལ་བསམ་ལས་འདས། །སྒྲོལ་མ་ཉེར་གཅིག་ཐུགས་རྗེ་མྱུར་བ་ཡི། །བདེན་པ་ཆེན་པོས་


CMR049_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུགས་ནད་ཞི་གྱུར་ཅིག །ཆོས་རྣམས་ངོ་བོ་ཡེ་ནས་སྟོང་ཉིད་དང་། །རྣམ་པ་རྟེན་འབྲེལ་བསླུ་བ་མེད་པའི་མཐུས། །ཕྱུགས་ནད་གློ་ཧོན་གནོད་པ་ཞི་གྱུར་ཅིག །བསྐལ་བཟང་འདི་ལ་བཅོམ་ལྡན་རྒྱལ་བ་སྟོང་། །འབྱོན་པར་གསུངས་པའི་ལུང་བསྟན་དེ་བདེན་ན། །བདེན་པ་དེ་ཡིས་ཕྱུགས་ནད་ཞི་གྱུར་ཅིག །འཛམ་གླིང་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་སུ། །ཐུབ་དབང་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་ནི། །བྱོན་ཅིང་མདོ་སྔགས་ཆོས་འཁོར་བསྐོར་གསུངས་པ། །བདེན་པ་དེ་ཡི་བདེན་པས་ནོར་ནད་ཆོད། །རྒྱ་གར་ཡུལ་དུ་གྲུབ་ཆེན་བརྒྱད་ཅུ་དང་། །བོད་དུ་རྗེ་འབངས་ཉི་ཤུ་རྩ་ལྔ་དང་། །མར་མི་དྭགས་གསུམ་བཀའ་བརྒྱུད་གྲུབ་ཐོབ་སོགས། །མཆོག་ཐུན་དངོས་གྲུབ་ཐོབ་པ་དེ་བདེན་ན། །བདེན་པ་དེ་ཡིས་ཧོན་ནད་ཞི་གྱུར་ཅིག །དགེ་སྡིག་རྒྱུ་འབྲས་བསླུ་བ་མེད་པ་དང་། །རྒྱལ་བའི་བཀའ་ནི་ནམ་ཡང་མི་རྫུན་ཞིང་། །མ་མགོན་ཆོས་སྐྱོང་དམ་ལས་མི་འདའ་ན། །བདེན་པ་དེ་ཡིས་བསྲུང་བྱའི་ནོར་ཕྱུགས་ལ། །ཧོན་གྱི་གནོད་པ་ཐམས་ཅད་ཞི་གྱུར་ཅིག །པད་འབྱུང་གཏེར་ཁ་བྱེ་བ་སར་སྦས་ཤིང་། །གཏེར་སྟོན་བརྒྱ་དང་རྩ་


CMR049_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ལ་སོགས་པས། །འདོན་ཞིང་རིམ་པར་འགྲོ་དོན་འབྱུང་བདེན་ན། །ཕྱུགས་ནད་ཧོན་གྱི་གནོད་པ་ཞི་གྱུར་ཅིག །ཐུགས་རྗེ་ཆེན་པོའི་ཡང་སྤྲུལ་སད་ན་ལེགས། །སྤྲུལ་པའི་ཆ་ཤས་ཆགས་མེད་ཡིན་པ་རུ། །ལུང་བསྟན་བདེན་ན་དེ་ཡི་བདེན་སྟོབས་ཀྱིས། །བསྲུང་བྱའི་ནོར་ཕྱུགས་ཧོན་གྱིས་མི་ཚུགས་ཤོག །ལོཙྪཅོག་རོ་ཀླུ་ཡི་རྒྱལ་མཚན་གྱིས། །སྤྲུལ་པའི་ཆ་ཤས་ཆགས་མེད་ཡིན་ནོ་ཞེས། །བསམ་ཡས་གཏེར་ཁའི་ཤོག་སེར་ལས་བྱུང་བས། །བདེན་ན་དེ་ཡིས་བདེན་པས་བསྲུང་བྱ་ཡི། །ནོར་ཕྱུགས་ཧོན་གྱི་གནོད་པས་མི་ཚུགས་ཤོག །བོད་རྗེའི་གདུང་དང་མཁའ་སྤྱོད་པ་ཡི་གདུང་། །རིགས་རྒྱུད་ཆགས་མེད་ཡིན་པར་རློམ་པ་དེ། །བདེན་ན་དེ་ཡི་བདེན་པས་བསྲུང་བྱ་ཡི། །ནོར་ཕྱུགས་རྣམས་ལ་ཧོན་གྱིས་མི་ཚུགས་ཤོག །གང་གི་སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་དོན། །མ་ནོར་མངོན་སུམ་རྟོགས་པར་རློམ་པ་དང་། །སྡོམ་གསུམ་རྩ་བ་མ་ཉམས་སྐྱོན་མེད་པར། །སུམ་ལྡན་རྡོ་རྗེ་འཛིན་པ་ཡིན་ངེས་ན། །དེ་ཡི་བདེན་པས་ཧོན་གྱི་འཇིགས་བྲལ་ཤོག །སྡེ་དཔོན་སུམ་ཅུ་ལྷ་སྲིན་སྡེ་བརྒྱད་ཚོགས། །མགུར་ལྷ་བརྟན་མ་བོད་ཀྱི་དགེ་


CMR049_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་རྣམས། །སློབ་དཔོན་པདྨའི་དམ་ལ་མི་འདའ་ན། །དེ་ཡི་བདེན་པས་ཧོན་ནད་གནོད་པ་ཟློག །འཕགས་པ་བཞི་དང་འཇིག་རྟེན་སྐྱོང་བ་དང་། །བདེན་ལྡན་ཇི་སྙེད་བདེན་པའི་ནུས་མཐུ་ཡིས། །བསྲུང་བྱའི་ནོར་ཕྱུགས་ཧོན་གྱིས་མི་ཚུགས་ཤོག །ནོར་ཕྱུགས་གོད་ཁ་མེད་ཅིང་འཕེལ་གྱུར་ཅིག །ཏདྱཐཱ། པཉྩ་དྲི་ཡ་ཨ་བ་བྷོ་དྷ་ན་ཡེ་སྭཱ་ཧཱ། ཞེས་པ་འདི་ནི་ཉལ་ཁ་བདེན་སྟོབས་ཀྱི་སྨོན་ལམ་འགའ་རེ་བཏབ་ནུབ་རྨི་ལམ་དུ་ཕྱག་ན་རྡོ་རྗེས་སངས་རྒྱས་ཐམས་ཅད་ལ། ཅི་བསམ་འགྲུབ་པའི་གདམས་ངག་གནོང་ཞུས་པས། ཁྱེད་རང་སྨོན་ལམ་ཐོབ་དང་འགྲུབ་གསུངས་ཞེས། གཏམ་རྒྱུད་འདྲ་བའི་སྒྲ་ཞིག་གྲག་པ་ལ། བརྟེན་ནས་ཕྱི་ནུབ་རྟེན་འབྲེལ་བྱས་ནས་བྲིས།། ༈ ན་མོ་གུ་རུ་དེ་ཝ་ཌཱཀི་ནི་ཧཱུཾ། ཆོས་འབྲེལ་ཐོབ་པའི་བླ་མ་མང་ལགས་ཀྱང་། །ད་བསམ་ཞིང་བཀའ་དྲིན་ཆེ་བ་དེ། །ཕ་ཀུན་མཁྱེན་ཆོས་ཀྱི་དབང་ཕྱུག་ཡིན། །སྐུ་ཐ་དད་ཀྱང་ངོ་བོ་དབྱེར་མེད་པ། །རྗེ་པདྨ་འབྱུང་གནས་སྙིང་ནས་དྲན། །དབང་ཨུཎྜ་ལུང་ཐོབ་ཀྱི་ཡི་དམ་མང་ལགས་ཀྱང་། །ཚེ་འདི་ཕྱིའི་བློ་སྙིང་གཏད་ས་དེ། །དཔལ་རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །དོན་དབྱེར་མེད་ཐུགས་རྗེ་ཁྲོས་པའི་སྐུ། །དཔལ་གུ་


CMR049_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བས་རུ་དྲག་པོ་སྙིང་ནས་དྲན། །མ་ཌཱཀི་བྱེ་བ་བསམ་ཡས་ཀྱང་། །དོན་དབང་བཞི་ཐོབ་ཅིང་དད་པའི་ཡུལ། །དཔལ་ལྷན་སྐྱེས་རྡོ་རྗེ་རྣལ་འབྱོར་མ། །དེ་ཐུགས་རྗེ་དྲག་པོར་བཞེངས་མཛད་པ། །མ་སེང་ཧ་མུ་ཁ་སྙིང་ནས་དྲན། །སྐྱབས་རྩ་བ་གསུམ་པོ་ཁྱེད་རྣམས་ལ། །མི་བདག་གི་སྐྱིད་སྡུག་བློ་གཏད་བཅལ། །ད་མཐོར་བཏང་དམར་བཏང་ཁྱེད་རྣམས་མཁྱེན། །དུས་དེང་སང་སྙིགས་མའི་ཡང་མཐའ་ལ། །བདག་འགྲོ་དོན་འགྲུབ་པར་ཐུགས་རྗེས་ཟུངས། །སྤྱིར་འབྲེལ་ཚད་དོན་དང་ལྡན་པ་དང་། །སྒོས་སྒྲུབ་རྒྱུད་བསྟན་ལ་ཕན་པ་དང་། །འཁོར་རྗེས་འཇུག་ཆོས་ཚུགས་ཟིན་པ་དང་། །དགྲ་ནད་གདོན་བར་ཆད་མེད་པ་ཞིག །ལྷ་རྩ་གསུམ་ཁྱེད་ཀྱི་བྱིན་གྱིས་རློབས། །ཅེས་པ་འདི་ནི་ཡོར་སྟོད་ཆོས་རའི་མཇུག །ནོར་ནད་ལ་སོགས་དོགས་པ་ཆེ་བ་ཡིས། །རང་ཡུལ་ངོས་སུ་ཁལ་མ་འོང་ཨེ་ཡོད། །བསམ་ཞིང་རྩ་བ་གསུམ་ལ་གསོལ་བཏབ་པས། །རང་མདུན་མར་ཁུ་ཁོལ་མ་སྐྱོགས་ཆེན་གང་། །གཡང་གི་ཁ་ཞག་ཡིན་ཟེར་འདུག་པ་དེ། །ཕར་ལ་ཁྱེར་ནི་ཨེ་ཕོད་བསམ་པ་ལ། །ཁྱེར་ནས་ཕོ་མོ་མ་ཤོར་ཕྱིན་པ་རྨིས། །དེ་ཉིད་ལེགས་སྙམ་གཞན་ཡང་རང་གི་ནོར། །རང་ཡུལ་ལུང་པ་བཙན་པོར་བཙུད་པ་ཡིས། །ད་ནི་དགྲ་དོགས་མེད་དོ་སེམས་ལ་


CMR049_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །རྨི་ལམ་ལུང་བསྟན་བྱུང་ཕྱིར་གསོལ་བ་དེ་བཏབ་བོ།། །།ན་མོ་བཛྲ་དྷ་ར་ཡེ། འགྲོ་དྲུག་སྤྱི་དང་ཁྱད་པར་དུ། །གངས་ཅན་བོད་ཀྱི་གཉེན་གཅིག་པོ། །ཨོ་རྒྱན་རྗེ་ལ་གསོལ་བ་འདེབས། །ཁ་བ་ཅན་གྱི་རྒྱལ་ཁམས་སུ། །སྒྲུབ་བརྒྱུད་བསྟན་པ་དར་བ་དང། །སྐྱེས་ཆེན་དབུ་འཕང་མཐོ་བ་དང་། །བསྟན་ལ་གནོད་བྱེད་མེད་པ་དང་། །མི་ནད་ཕྱུགས་ནད་ཞི་བ་དང་། །ལོ་ཕྱུགས་ལེགས་པར་བྱིན་གྱིས་རློབས། །འགྲོ་དྲུག་སྤྱི་དང་ཁྱད་པར་དུ། །གངས་ཅན་བོད་ཀྱི་ལྷ་གཅིག་པོ། །སྤྱན་པ་རས་གཟིགས་ལ་གསོལ་བ་འདེབས། །ཁ་བ་ཅན་ལྗོངས་བོད་ཡུལ་འདིར། །སྒྲུབ་བརྒྱུད་བསྟན་པ་དར་བ་དང་། །བསྟན་འཛིན་དབུ་འཕང་མཐོ་བ་དང་། །བསྟན་ལ་གནོད་བྱེད་མེད་པ་དང་། །མི་ཕྱུགས་དལ་ཡམས་ཞི་བ་དང་། །ལོ་ལེགས་འབྲུ་འཕེལ་བྱིན་གྱིས་རློབས། །བོད་ཡུལ་གནས་ཆེན་བརྒྱ་རྩའི་བདག །མགོན་པོ་སེང་གདོང་ཡབ་ཡུམ་་ལ། །གསོལ་བ་འདེབས་སོ་མཐུ་རྩལ་བསྐྱེད། །ཁ་བ་ཅན་གྱི་ཞིང་ཁམས་སུ། །སྒྲུབ་བརྒྱུད་བསྟན་པ་དར་བ་དང་། །སྐྱེས་བུ་དམ་པ་དབུ་འཕང་མཐོ། །ཕྱུགས་ནད་མི་ནད་


CMR049_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དལ་ཡམས་ཞི། །བསྟན་ལ་གནོད་བྱེད་མཐར་བྱེད་ཅིང་། །ལོ་ལེགས་བཀྲ་ཤིས་བདེ་ལེགས་སྩོལ། །ཅེས་པ་ཡོར་སྟོད་ཆོས་ར་གྲོལ་ཁ་ནུབ། །གཉིད་པ་མ་ཡིན་ཉམས་ཀྱི་སྣང་བ་ལ། །བྲིས་པ་ཡང་མ་ཡིན་ཡི་གེ་འབྲུ་མང་པོ། །ཆེ་ཞིང་གསལ་བ་མིག་གི་ཐད་དུ་སྣང་། །དེ་དག་བཏོན་པས་དེ་ཡི་དོན་ནི་འདི། །ལོ་འདི་སར་ནས་སྒྲུབ་བརྒྱུད་བསྟན་པ་དར། །བསྟན་ལ་གནོད་བྱེད་རཱ་ཛ་ས་མཐར་འགྲོ། །ནོར་ནད་ཧོན་གྱི་གནོད་པ་ཆེར་མི་འབྱུང་། །ཞེས་པའི་དོན་ནི་འལ་འོལ་གསལ་སྙམ་བྱེད། །དེ་ཕྱིར་གསོལ་འདེབས་འདི་ཡང་བྲིས་པ་ཡིན། །ཡོར་སྟོད་དེ་རུ་ཞག་པོ་བཅུ་དགུ་ཙམ། །ཐུགས་རྗེ་ཆེན་པོའི་དབང་ཁྲིད་སྦྲེལ་མ་ལ། །བར་ཆད་མེད་ཅིང་ཁྲོམ་ལ་ན་ཚ་མེད། །གྲོ་རྫོང་བླ་མ་ལ་སོགས་སེར་མོ་བ། །གསར་རྙིང་དབང་ལུང་མང་ཞིག་འཕེལ་བ་དང་། །དགེ་ཚུལ་སྒྲུབ་མི་བཅུ་གཅིག་སྐྲ་ཕུད་གཉིས། །ཡིག་དྲུག་དུང་ཕྱུར་གཅིག་དང་བྱེ་བ་ནི། །བརྒྱད་ཅུའི་ཁས་ལེན་བྱུང་ཞིང་ཚུར་བཏེགས་ནས། །མཚམས་བསྡམ་རེ་ཞིག་ཐུགས་དམ་སྐུ་རིམ་བསྒྲུབས།། ༈ །།ན་མོ་གུ་རུ་བཛྲ་ཀྲོ་དྷ་བིར་བ་ཡེ། རྒྱལ་བ་ཀུན་གྱི་ངོ་བོ་པདྨ་འབྱུང་། །ལྷ་སྲིན་འདུལ་ཕྱིར་རྡོ་རྗེ་ཁྲོ་བོ་ལོད། །དེ་ཉིད་ཞི་ཚུལ་ཆོས་དབྱིངས་རྡོ་རྗེ་དང་། །ཁྲོ་ཚུལ་སྟོན་པ་བདུད་འདུལ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་དེང་འདིར་ཐུགས་རྗེས་གཟིགས། །བསྟན་དང་བསྟན་


CMR049_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དང་བཅས་བོད་ཁམས་ཀྱི། །བར་ཆད་བདུད་དང་དམ་སྲི་བཟློག་ཏུ་གསོལ། །བླ་མེད་ཡང་གསང་ཨ་ཏིའི་བསྟན་པ་དང་། །བསྟན་འཛིན་རྣམས་ཀྱི་དབུ་འཕང་བསྟོད་དུ་གསོལ། །མི་ནད་ཕྱུགས་ནད་དལ་ཡམས་བཟློག་ཏུ་གསོལ། །རིག་འཛིན་སྟོབས་བཅུ་མངའ་བ་ཁྱེད་ཀྱི་མཐུས། །ཟབ་གཏེར་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །བསྟན་འཛིན་མི་འགྱུར་རྡོ་རྗེ་ཞབས་བརྟན་ཅིང་། །བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །བདག་ཀྱང་ཁྱེད་ལྟར་ནུས་པའི་སྟོབས་རྒྱས་ནས། །བསྟན་དང་འགྲོ་བའི་དཔལ་དུ་འགྱུར་བར་ཤོག །ཅེས་པ་རྒྱལ་གྱི་ཟླ་བའི་ཚེས་བརྒྱད་ནུབ། །རབ་རིབ་འཁྲུལ་བའི་བག་ཆགས་རྨི་ལམ་ལ། །རང་ཉིད་རྡོ་རྗེ་གྲོ་ལོད་བསྒོམས་བྱས་པས། །ཕོད་ཁ་ལ་སོགས་མངོན་སུམ་ལྟ་བུར་གྱུར། །ཕུར་བུ་ཕྱོགས་བཅུར་འདྲིལ་ཞིང་འཆམས་པ་དང་། །རྒྱལ་དབང་ཆོས་དབྱིངས་རྡོ་རྗེ་དེ་ཉིད་ཀྱང་། །ཁྲོ་ལོད་ཆ་ལུགས་འདྲ་བའི་སྔགས་ཆས་མཛད། །ཟངས་ཀྱི་མཆོད་ཆ་འདྲ་བ་མང་པོ་དང་། །རྡོ་ཡི་པར་བུ་གཏེར་ནས་བཏོན་པ་དང་། །མྱོང་གྲོལ་དམ་རྫས་གཅིག་ཀྱང་གནང་གྲབ་དང་། །ཤོག་སེར་སཾ་སྐྲི་ཏ་ཡི་ཡི་གེ་གཅིག །ཕབ་རྒྱུ་ཡོད་གསུངས་ཕབ་གྲབ་མཛད་པ་དང་། །ཤར་ཕྱོགས་ས་མཐར་འགྲོ་ལ་ཕན་པའི་ཕྱིར། །དངུལ་གྱི་གཏེར་ཁ་ཆེན་པོ་ཕྱེས་ཡོད་གསུངས། །


CMR049_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་དེ་སྐོར་ས་ཕྱོགས་འདི་ཉིད་དུ། །རྒྱལ་དབང་འོད་མཚན་དབང་པོ་དེ་ཉིད་ཀྱི། །ཕྲིན་ལས་འབྱུང་བའི་ལྟས་ཀྱང་འགའ་རྨིས་པས། །ཁྲོ་བོ་ལོད་ལ་གསོལ་བ་བཏབ་པའོ། །དེ་ཚེ་རྨི་ལམ་རྒྱལ་བའི་དབང་པོའི་གསུངས། །བདེ་བ་ཅན་ནས་འབྱོན་པའི་སྐྱེས་བུ་ནི། །བེ་རོ་ཙ་ན་ལ་སོགས་བཞི་དང་ནི། །ལབ་སྒྲོན་མ་གཅིག་ཞྭ་མ་ལ་སོགས་བཞི། །སྤྲུལ་པ་དང་པོ་དངོས་སུ་བཞུགས་པ་ཡི། །ཡེ་ཤེས་ཌཱཀིའི་རྣམ་འཕྲུལ་བུད་མེད་གཅིག །ངོས་འཛིན་ཁྲི་འདོན་མཛད་ཚུལ་ཟུར་ཙམ་གསུངས།། ༈ །།ན་མོ་གུ་རུ་བཛྲ་མ་ཧཱ་ཡེ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་པའི། །མཐུ་སྟོབས་ཐུགས་རྗེ་ནུས་པ་གཅིག་བསྡུས་ནས། །སྙིགས་དུས་འདུལ་དཀའི་སེམས་ཅན་འདུལ་བ་ལ། །དབང་བསྐུར་བཀའ་བསྒོ་བྱིན་གྱིས་བརླབས་པའི་མཐུས། །ཇི་ལྟར་སྙིགས་དུས་བཞིན་དུ་ཐུགས་རྗེ་དང་། །ནུས་པ་ཆེ་ཞེས་མྱུར་བར་ཞལ་བཞེས་པའི། །པདྨ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་གཟིགས། །བོད་ཡུལ་བསྟན་དང་འགྲོ་ལ་ཕན་པའི་ཕྱིར། །མི་འགྱུར་རྡོ་རྗེ་བསྐལ་པར་ཞབས་བརྟན་ཅིང་། །བར་ཆད་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། །བཀའ་དགོངས་ཕུར་གསུམ་ཞི་ཁྲོ་རབ་འབྱམས་རྣམས། །བླ་མེད་ཨ་


CMR049_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཏིའི་བསྟན་པ་རྒྱས་པའི་ཕྱིར། །མི་འགྱུར་རྡོ་རྗེ་ལོ་བརྒྱར་ཞབས་བརྟན་ཅིང་། །བར་ཆད་མེད་པའི་དངོས་གྲུབ་བསྩལ་དུ་གསོལ། །སྔགས་བདག་མ་ནིང་དམ་ཅན་རྒྱ་མཚོའི་ཚོགས། །ཟབ་གཏེར་བསྟན་པ་དར་ཞིང་རྒྱས་པའི་ཕྱིར། །བསྟན་འཛིན་མི་འགྱུར་རྡོ་རྗེ་འདི་ཉིད་ལ། །གནོད་བྱེད་དགྲ་བགེགས་ཐམས་ཅད་བཟློག་པ་དང་། །བསམ་པ་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །མདོར་ན་རིག་འཛིན་མི་འགྱུར་རྡོ་རྗེ་ཡི། །གྲངས་མེད་བསྐལ་པའི་གོང་ནས་ཐུགས་བསྐྱེད་དང་། །སྨོན་ལམ་རྣམ་དག་ཚོགས་གཉིས་རྒྱ་ཆེན་པོ། །བསགས་པའི་བདེན་པ་ཆེན་པོ་གང་དེ་ཡིས། །མི་འགྱུར་རྡོ་རྗེ་སྐུ་ཚེ་བརྟན་པ་དང་། །དགྲ་བགེགས་དམ་སྲིའི་གནོད་པ་མེད་པ་དང་། །རང་སྐལ་ཟབ་གཏེར་བརྒྱ་རྩ་གེགས་མེད་དུ། །ཐོན་ནས་པད་འབྱུང་དགོངས་པ་རྫོགས་བྱེད་ཤོག །ཅེས་པ་འདི་ནི་སྟོབས་ཆེན་གླང་གི་ལོ། །རྒྱལ་གྱི་ཟླ་བའི་ཡར་ཚེས་བཅུ་ཡི་ཉིན། ༧ རཱ་ག་ཨ་སྱས་གསོལ་བ་བཏབ་པའོ།། ན་མོ་ལོ་ཀེ་ཤྭ་ར་ཡེ། ཐུགས་རྗེ་ཆེན་པོ་ཕྱག་སྟོང་བཅུ་གཅིག་ཞལ། །སྤྱན་སྟོང་སྤྲུལ་པའི་འོད་ཟེར་འཛམ་གླིང་འདིར། །བསྐལ་


CMR049_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་རྒྱལ་བ་སྟོང་ཕྲག་འབྱོན་པ་ཡི། །ཐ་མ་མོས་པ་ཞེས་བྱར་འཚང་རྒྱ་ཞིང་། །འཁོར་དང་སྐུ་ཚེའི་འགྲོ་དོན་བསྟན་པའི་ཡུན། །སངས་རྒྱས་སྟོང་དང་མཉམ་པར་འགྱུར་རོ་ཞེས། །དམ་བཅའ་མི་འཇིགས་སེང་གེའི་སྒྲ་སྒྲོག་པ། །ཚེར་ལུང་པར་གྲགས་རྣམས་ལ་གསོལ་བ་འདེབས། །བདག་དང་འགྲོ་ལ་ཐུགས་རྗེས་ཉེར་དགོངས་ལ། །འགྱུར་མེད་རྡོ་རྗེ་ལྟ་བུར་ཞབས་བརྟན་གསོལ། །གྲུབ་ཆེན་བརྒྱད་ཅུའི་སྤྱི་སྐྱེས་ས་ར་ཧ། །དེ་ཡི་གསུང་སྤྲུལ་རྒྱལ་བ་རྒོད་ཚང་པ། །གངས་ཅན་ལྗོངས་འདིར་ཕྱག་ཆེན་བསྟན་པའི་བདག །དེ་ཡི་རྣམ་འཕྲུལ་སྐྱེ་བའི་ཕྲེང་བ་ཅན། །དཀོན་མཆོག་བསྟན་འཛིན་ཞབས་ལ་གུས་ཕྱག་འཚལ། །གྲུབ་ཆེན་རྨ་སེའི་བསྟན་དང་བསྟན་འཛིན་པ། །བརྩེ་བར་དགོངས་ཏེ་ཡུན་རིང་ཞབས་བརྟན་གསོལ། །གྲུབ་ཆེན་བརྒྱད་ཀྱི་ཡ་གྱལ་ཀུ་ཀུ་རི། །འཇའ་ལུས་མཁའ་སྤྱོད་གྲུབ་པའི་འོད་ཟེར་ལས། །སྤྱི་ཏི་ཛྙཱ་ན་འདན་མ་གྲུབ་ཐོབ་སོགས། །སྐྱེས་རྒྱུད་སྤྲུལ་པས་འགྲོ་བའི་དོན་མཛད་པ། །བདེ་ལེགས་སྙིང་པོའི་ཞབས་ལ་གུས་པས་འདུད། །འགྲོ་ལ་ཕན་ཕྱིར་ལོ་བརྒྱར་ཞབས་བརྟན་གསོལ། །སྤྲུལ་པའི་སྐུ་མཆོག་རྣམ་གསུམ་བསྐྱེད་


CMR049_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡུམ། །ངེས་པའི་དོན་ལ་ཡེ་ཤེས་ཌཱཀི་སྟེ། །ཀུན་རྫོབ་གདུལ་བྱ་སྣང་ངོར་ཐ་མལ་ཚུལ། །སྒྱུ་ལུས་གཡར་པོ་ཞིག་པའི་ཚུལ་སྟོན་ཚེ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །གདུགས་དང་རྒྱལ་མཚན་ལ་སོགས་མཆོད་པའི་སྤྲིན། །མེ་ཏོག་ཆར་འབེབས་རོལ་མོའི་སྒྲ་དང་བཅས། །འོག་མིན་བདེ་ཆེན་ཞིང་དུ་ཁྲིད་པར་ཤོག །ཞིང་དེར་པདྨའི་སྒྲུབ་ལ་བརྫུས་སྐྱེས་ནས། །ཀུན་ཏུ་བཟང་མོ་ཉིད་དང་དབྱེར་མེད་ནས། །གང་འདུལ་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །ནམ་མཁའི་མཐའ་མཉམ་འགྲོ་བ་འདྲེན་པ་ལ། །རྡོ་རྗེ་རྣལ་འབྱོར་མ་དང་དབྱེར་མེད་ཤོག །ཅེས་པ་ཟུར་མང་ནས་སྤྲུལ་སྐུ་མཆེད་གསུམ་གྱི་མ་ཡུམ་ཞིང་བརྗེ་བར་ཉེའོ་ཞེས་རྟ་བཞི་བཅུའི་ནང་ནས་གདམས་པ་ཡིན་ཟེར་བའི་ཆིབས་པ་གཉིས་བསྐུར་ནས་མ་ཡུམ་ལ་བྱང་བུ་དང་བསྔོ་སྨོན་གྱིས་གསུངས་དུས་བྲིས་པའོ།། ༈ །།ན་མོ་རཏྣ་ཏྲ་ཡཱ་ཡ། བཅོམ་ལྡན་རྒྱལ་བ་ཤཱཀྱ་ཐུབ་དབང་གི །བྱང་ཕྱོགས་རྒྱུད་དུ་བསྟན་ཨུ་པ་རྒྱས་པ་དང་། །བསྟན་པ་ནུབ་ཁ་ཟབ་མོའི་ཆོས་དར་བར། །ལུང་བསྟན་དེ་ལ་བདེན་པ་ཡོད་ན་ནི། །ད་ནི་མྱུར་དུ་སྒྲུབ་བརྒྱུད་བསྟན་པ་ནི། །ཉི་མ་ཤར་བ་ལྟ་བུར་འབྱུང་


CMR049_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །སྤྱན་རས་གཟིགས་ཀྱིས་བོད་ཡུལ་བདག་བཟུང་ནས། །ཆོས་རྒྱལ་མ་གཏོགས་སྡིག་རྒྱལ་མི་འབྱུང་ཞིང་། །གལ་ཏེ་བྱུང་ན་དེ་མ་ཐག་འདུལ་ཞེས། །གསུངས་པ་བདེན་ན་བསྟན་དགྲ་ད་ཐུལ་ཞིག །སྲོང་བཙན་སྒམ་པོས་ལྔ་བརྒྱ་ཐ་མའི་དུས། །བོད་དུ་བསྟན་པ་ཤིན་ཏུ་རྒྱས་གསུངས་པ། །བདེན་ན་ད་ནི་སྒྲུབ་བརྒྱུད་བསྟན་པ་ནི། །མྱུར་བ་ཉིད་དུ་ཤིན་ཏུ་རྒྱས་གྱུར་ཅིག །ནཱ་རོས་མར་པ་བོད་ཁམས་འདུལ་བར་བསྒོས། །ཆོས་བརྒྱུད་ཆུ་བོའི་གཞུང་ལྟར་ལུང་བསྟན་པ། །བདེན་ན་ད་ནི་མར་པའི་བསྟན་པའི་སྲོལ། །དབྱར་གྱི་ཆུ་བོ་བཞིན་དུ་འཕེལ་གྱུར་ཅིག །མར་པས་མི་ལའི་ཉམས་དང་རྟོགས་པའི་བརྒྱུད། །ཐུབ་བསྟན་ཇི་སྲིད་གནས་བར་མི་འཆད་པར། །ལུང་བསྟན་བདེན་ན་མི་ལའི་བསྟན་པའི་གཞུང་། །ད་ནི་མྱུར་དུ་འཕེལ་ཞིང་རྒྱས་གྱུར་ཅིག །མི་ལས་མཉམ་མེད་དྭགས་པོ་ལྷ་རྗེ་ཡི། །རྗེས་འཇུག་སེར་ཆགས་བསྟན་པ་ནི། །དར་ཞིང་རྒྱས་པར་ལུང་བསྟན་པ། །བདེན་ན་དྭགས་རྒྱུད་བསྟན་པའི་གཞུང་། །ད་ནི་མྱུར་དུ་རྒྱས་གྱུར་ཅིག །དུས་གསུམ་མཁྱེན་པས་རང་གི་བསྟན། །སྡོང་རུལ་ལ་ནི་མེ་ཟིན་ལྟར། །སངས་རྒྱས་


CMR049_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་གནས་ཀྱི་བར། །རྒྱུན་མི་འཆད་པར་ལུང་བསྟན་པ། །བསྟན་པ་དུ་བ་ཙམ་ལས་མེད། །ད་ནི་རླུང་ཆེན་མྱུར་སྦུད་ཤོག །མ་མགོན་དམ་ཅན་རྒྱ་མཚོ་ཡིས། །པཀིའི་སྐྱེས་རྒྱུད་ཐམས་ཅད་ཀྱི། །ཕྲིན་ལས་བསྒྲུབ་པར་ཡང་ཡང་དུ། །ཞལ་བཞེས་བརྫུན་དུ་མི་གཏོང་ན། །ད་ནི་ཕྲིན་ལས་དུས་ལ་བབ། །ཁྱད་པར་རང་བྱུང་རྒྱལ་མོ་ཡི། །དུས་མཁྱེན་བརྒྱུད་པ་འཛིན་རྣམས་ཀྱིས། །སྒྲུབ་ཐབས་རྒྱས་པ་མི་ཤེས་ཀྱང་། །སྡོང་གྲོགས་མཛད་པར་དམ་བཅས་ནི། །ད་ནི་དམ་བཅའ་དུས་ལ་བབ། །དྭགས་པོས་དུས་གསུམ་མཁྱེན་པ་ལ། །ཕྲིན་ལས་དབུས་གཙང་ཁམས་སུ་ཁྱབ། །པཀཱིའི་རྨ་ཟླ་སྒང་ཚུན་ཆད། །བུ་སློབ་བསྟན་པ་ཁྱབ་བོ་ཞེས། །གསུངས་པ་བདེན་ན་བུ་སློབ་དང་། །བསྟན་པ་མྱུར་དུ་ཁྱབ་གྱུར་ཅིག །ཁྱད་པར་སློབ་དཔོན་པདྨ་ཡིས། །ཀརྨའི་མིང་ཅན་བཅུ་གསུམ་གྱིས། །མཐའ་དམག་བཟློག་ཅིང་འདུལ་བ་དང་། །འབྲེལ་ཚད་ལྟ་བདེ་ཆེན་ཞིང་འདྲེན་པར། །ལུང་བསྟན་བདེན་ན་བསྟན་པ་ལ། །གནོད་པར་བྱེད་རྣམས་མྱུར་བཟློག་ཅིང་། །གངས་ཅན་གདུལ་བྱ་འདུལ་གྱུར་ཅིག །སངས་རྒྱས་གཞན་ཕན་


CMR049_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རོལ་དང་། །ས་ར་ཧ་སོགས་རྣམ་པར་འཕྲུལ། །ཁྲོ་རྒྱལ་རྟ་མགྲིན་ངོ་བོ་རུ། །ཆོས་དབྱིངས་རྡོ་རྗེས་ལུང་བསྟན་ཞིང་། །མ་འོངས་དྲུག་པ་སེང་གེ་རུ། །འགྱུར་བར་གསུངས་པ་བདེན་ན་ནི། །ད་ནི་བསྟན་པ་མྱུར་འཕེལ་ཤོག །སངས་རྒྱས་དཀོན་མཆོག་ཡན་ལག་དང་། །ཕྱོགས་གླང་ཁོལ་པོ་དགའ་ལ་སོགས། །གར་དབང་རྡོ་རྗེ་འཆང་ངོ་བོ། །ད་ལྟ་ཡེ་ཤེས་སྙིང་པོ་སྟེ། །མ་འོངས་རྒྱལ་བ་བྱམས་པ་རུ། །འབྱུང་བར་གསུངས་པ་དེ་བདེན་ན། །བདེན་པས་བསྟན་པ་མྱུར་འཕེལ་ཤོག །ཌོམྦི་ཧེ་རུ་ཀ་ཆེན་པོ། །བློརས་ཆེན་ལ་སོགས་ངོ་བོ་སྟེ། །རྡོ་རྗེ་བེར་ཅན་དབྱེར་མེད་པ། །ད་ལྟ་སི་ཏུ་སྤྲུལ་པའི་སྐུ། །གསུངས་པ་བདེན་ན་བདེན་སྟོབས་ཀྱིས། །ཉིད་ཀྱི་བསྟན་པ་མྱུར་འཕེལ་ཤོག །ཁྲི་སྲོང་ལྡེའུ་བཙན་སྤྲུལ་པའི་ཆ། །དར་མ་མདོ་སྡེ་རིན་ཆེན་གླིང་། །ད་ལྟ་དཔའ་བོ་སྤྲུལ་སྐུ་རུ། །གསུངས་པ་བདེན་ན་བདེན་པ་དེས། །ཉིད་ཀྱི་བསྟན་པ་ད་འཕེལ་ཤོག །གནད་ནས་བསྐུལ་བའི་གསོལ་འདེབས་འདི། །དད་མེད་ཅོ་འདྲི་མ་ཡིན་ཏེ། །ཡིན་པར་ངེས་པའི་བདེན་ཡུས་ཀྱིས། །བདེན་སྟོབས་སྨོན་ལམ་བཏབ་པ་ཡིན། །རླུང་ནི་ཞགས་


CMR049_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཟིན་པ་དང་། །ཉི་ཟླ་ཐང་ལ་ལྟུང་སྲིད་ཀྱང་། །རྒྱལ་བའི་བཀའ་ནི་བསླུ་མེད་ན། །བདེན་འབྲས་རྟགས་མཚན་མངོན་སུམ་ཞིག །བོད་ཁམས་འགྲོ་ལ་བསྟན་དུ་གསོལ། །ཞེས་པ་སྟོབས་ལྡན་གླང་གི་ལོ། །རྒྱལ་གྱི་ཟླ་བའི་ཡར་གྱི་ངོ་། །མཆོག་གི་སྤྲུལ་སྐུར་བྱིན་རླབས་པའི། །བཅུ་གཅིག་ཉིན་པར་བྲིས་པ་ཡིན།།་ཨ།་་་།།ན་མོ་བྷེ་ཥ་ཛེ་ཡ། །ཀ་ཡེ་འདིར་དགོངས་བཅོམ་ལྡན་སྨན་གྱི་ལྷ། །ཁ་དོག་མཐོན་མཐིང་ནམ་མཁའ་དྭངས་བ་འདྲ། །ག་ནས་བལྟས་ཀྱང་འོད་དང་གཟི་བརྗིད་འབར། །ང་ནི་རྩེ་གཅིག་དད་པས་ཁྱེད་དྲན་ཅིང་། །ཅ་ཅོའི་མཚན་ནས་བརྗོད་པའི་སྒྲ་གསན་ནམ། །ཆ་ལུགས་སྤྲུལ་སྐུ་ཆོས་གོས་རྣམ་གསུམ་འཆང་། །ཇ་དར་ཡུལ་དོས་ཤར་ཕྱོགས་ཞིང་ཁམས་ནས། །ཉ་རྒྱས་ཟླ་བ་ལྟ་བུར་ལྷང་ངེར་བཞུགས། །ཏ་ཐཱ་ག་ཏ་བེཌཱུརྱ་ཡི་འོད། །ཐ་མལ་འགྲོ་ལ་ལྷག་པར་བརྩེ་བ་ཁྱེད། །ད་ནི་མ་གཡེལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ན་ཚ་མི་ནད་ཕྱུགས་ལ་ནད་རྒྱུན་ཆད་མཛོད། །པ་ར་ག་ཏའི་ལྟ་བ་རྟོགས་པ་དང་། །ཕ་རོལ་ཕྱིན་བཅུའི་སྤྱོད་པ་མཐར་ཕྱིན་ནས། །བ་མོར་ཉི་ཟེར་ཕོག་ལྟར་སྒྲིབ་བཅོམ་ནས། །མ་གྱུར་འགྲོ་བའི་


CMR049_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་དུ་བདག་གྱུར་མཛོད། །ཙ་རླུང་གེགས་སྐྱོན་འབྱུང་བ་འཁྲུགས་པ་དང་། །ཚ་གྲང་འདུ་བའི་ནད་ཀུན་མེད་པར་མཛོད། །ཛ་ཡེ་ཁྱེད་ལྟར་ཚེ་འདིར་བདག་འགྲུབ་ནས། ཝ་ལེར་མངོན་ཤེས་དྲུག་དང་ལྡན་ནས་ཀྱང་། །ཞ་ལྟར་འགྲོ་བས་གཙུག་ཏུ་བཀུར་རུང་ཞིང་། །ཟ་འཐུང་ལོངས་སྤྱོད་འགྲོ་བའི་ཚོགས་རྫོགས་ཏེ། ། ་རེ་འུར next hit་རེའི་རྣམ་གཡེང་སྤྱོད་ལམ་ཀུན། །ཡ་མཚན་འབྲེལ་ཚད་དོན་ལྡན་ཉིད་གྱུར་ནས། །ར་ཅན་ཁྲི་འབུམ་བྱེ་བ་གྲངས་མེད་ཀྱིས། །ལ་ཆེན་མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །ཤ་ས་ན་ལ་རབ་ཏུ་བཙུད་ནས་ཀྱང་། །ས་བཅུ་ལམ་ལྔ་གེགས་མེད་ཁྲིད་ནུས་ནས། །ཧ་ཡ་གྲི་ཝ་ལྟ་བུར་མཐུ་སྟོབས་ཀྱིས། །ཨ་ལ་ལ་ཧོ་དངོས་གྲུབ་བདག་ལ་སྩོལ། །ཅེས་པ་སྨན་གྱི་ལྷའི་ཀ་བསྟོད་དོ།། ༈ །།ཀ་ཡེ་གསོན་དང་རྗེ་བཙུན་རི་ཁྲོད་མ། །ཁ་དོག་སེར་ལྗང་དམར་སོགས་ཅི་ཡང་སྟོན། །ག་ཤལ་རིན་ཆེན་རྒྱན་ཕྲེང་དར་དཔྱངས་འཕུར། །ང་ཡིས་རྩེ་གཅིག་དད་པས་ཁྱེད་བསྟེན་ཞིང་། །ཅ་ཅོའི་བསྟོད་དབྱངས་སྔགས་སྒྲ་གསན་ལགས་སམ། །ཆ་ལུགས་སྒེག་བཞེད་ཡིད་འོང་ལྷ་མོའི་གཟུགས། །ཇ་ཆང་སྣ་ཚོགས་མཆོད་དང་གཏོར་མ་


CMR049_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །ཉ་རྒྱས་ཟླ་ལྟར་ཐུགས་རྗེའི་འོད་དཀར་ཅན། །ཏ་ཐཱ་ག་ཏ་ཀུན་གྱི་ཡུམ་གཅིག་མ། །ཐ་མལ་ནད་ཀྱིས་ཉེན་ལ་ཁྱེད་བརྩེ་ན། །ད་ནི་དུས་འདིར་ཐུགས་རྗེ་དུས་ལ་བབ། །ན་ཚ་དལ་ཡམས་ཕྱུགས་ནད་རྒྱུན་ཆོད་ཅིག །པ་ར་ག་ཏའི་གཟུགས་ཀྱི་སྐུར་བསྟན་ཅིང་། །ཕ་རོལ་ཕྱིན་དྲུག་མཐར་ཕྱིན་ལྷ་མོ་ཡིས། །བ་ལང་འབྲི་གཡག་ནོར་ཕྱུགས་ལ་སོགས་པ། །མ་གྱུར་འགྲོ་བའི་ནད་གདོན་ཞི་བར་མཛོད། །ཙ་རླུང་གེགས་སྐྱོན་རྣལ་འབྱོར་ལུས་འདི་ལ། །ཚ་གྲང་འབྱུང་བའི་ནད་ཀུན་མེད་པར་མཛོད། །ཛ་ཡེའི་གོ་འཕང་བདག་གིས་བསྒྲུབ་པ་ལ། །ཝ་ལེར་མངོན་ཤེས་ལྡན་པའི་ལྷ་མོ་ཁྱེད། །ཞྭ་ལྟར་སྤྱི་བོའི་གཏད་ས་བྱས་ལགས་ན། །ཟ་འཐུང་འཚོ་བ་འབད་མེད་འབྱུང་བ་དང་། །previous hit ་རེ་འུར next hit་རེའི་སྙན་དང་གྲགས་པ་དང་། །ཡ་མཚན་ཆེ་བའི་དངོས་གྲུབ་ཐམས་ཅད་སྩོལ། །ར་ཅན་ཁྲི་འབུམ་གྲངས་ལས་འདས་པ་ཡི། །ལ་ཆེན་མཐོང་ཐོས་དྲན་རེག་སྒྱུ་འགྲོ་བ་རྣམས། །ཤ་ས་ན་ལ་སྐྱོན་མེད་བཀོད་ནས་ཀྱང་། །ས་དང་ལམ་རྣམས་རིམ་གྱིས་བརྗོད་པ་ཞིག །ཧ་ཧ་དགྱེས་པའི་གད་མོ་དང་བཅས་ནས། །ཨ་ལ་ལ་ཧོ་དངོས་གྲུབ་


CMR049_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་སྩོལ། །ཅེས་པ་ལུང་པའི་ཕུ་ན་མི་ནད་དར། །ལུང་པའི་སྨད་ན་ནོར་ནད་མཆེད་པའི་ཚེ། །ཞི་བའི་སྦྱིན་སྲེག་བཅུ་ཕྲག་བླུགས་པའི་ནུབ། །ཀ་བསྟོད་གཉིས་པོ་རྟེན་འབྲེལ་བྱས་ནས་བྲིས།། ༈ ། ཡེ་གསོན་དང་འཕགས་པ་ངལ་བསོ་པོ། །ཁ་དོག་ཛམ་བུ་ཆུ་གསེར་བཙོ་མ་འདྲ། །ག་ནས་བསམས་ཀྱང་ཁྱོད་ནི་བསོད་ནམས་གཏེར། །ང་ཡིས་མགོན་དུ་ལྷ་མཆོག་ཁྱོད་བསྟེན་ཞིང་། །ཅ་ཅོའི་སྤྱན་འདྲེན་བསྟོད་དབྱངས་གསན་ལགས་སམ། །ཆ་ལུགས་གསེར་ཁྲབ་གསོལ་ཞིང་སེང་གེ་ཆིབས། །ཇ་དར་ཡུལ་གྱི་དགྲ་བླ་ཆེན་པོ་སྟེ། །ཉ་རྒྱས་ཟླ་ལྟར་གཟི་བརྗིད་འོད་དུ་འབར། །ཏ་ཐཱ་ག་ཏ་སྟོང་གི་བསྟན་པ་སྲུང་། །ཐ་མལ་ཕྱི་རོལ་པས་ཀྱང་ཁྱེད་ལ་མཆོད། །ད་ནི་རྩེ་གཅིག་བདག་གིས་ཁྱེད་བསྟེན་ཅིང་། །ན་མེད་དོ་གལ་གནད་ནས་བསྐུལ་ལགས་ན། །པ་དེ་པུ་དེའི་རྟགས་མཚན་དགོས་པ་མེད། །ཕ་རོལ་གནོད་བྱེད་ཐམས་ཅད་ཟིལ་ནོན་ཅིང་། །བ་གླང་ནོར་ཕྱུགས་ནད་མེད་འཕེལ་རྒྱས་ཤིང་། །མ་ལྟར་བརྩེ་བས་བདག་ཅག་བསྲུང་བྱར་གཟིགས། །ཙ་ཁ་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། །ཚ་གྲང་འདུ་བའི་ནད་ཀུན་ཞི་བར་མཛོད། །ཛ་ཡེའི་གོ་འཕང་བདག་གིས་སྒྲུབ་པ་


CMR049_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཝ་ལེར་ཡིད་ལ་འདོད་པ་ཀུན་འགྲུབ་ཅིང་། །ཞྭ་ལྟར་ཀུན་གྱིས་གཙུག་ཏུ་ཁུར་བར་མཛོད། །ཟ་འཐུང་ལོངས་སྤྱོད་ཆོས་མཐུན་ལྷུན་གྲུབ་ཅིང་། །འ་རེ་འུ་རེའི་སྙན་པ་འབྲུག་ལྟར་སྒྲོག །ཡ་མཚན་ཆེ་ཞིང་བསྟན་ལ་ཕན་པ་དང་། །ར་ཅན་ཁྲི་འབུམ་གྲངས་ལས་འདས་པ་ཡི། །ལ་ཆེན་འབྲེལ་ཚད་དོན་དང་ལྡན་པ་དང་། །ཤ་ས་ན་འདི་དར་ཞིང་རྒྱས་པར་མཛོད། །ས་དང་ལམ་གྱི་བར་ཆད་ཀུན་ཞི་ནས། །ཧ་ཧ་ཞེས་བཞད་དགྱེས་པའི་གད་མོར་བཅས། །ཨ་ལ་ལ་ཧོ་མཆོག་ཐུན་དངོས་གྲུབ་སྩོལ། །ཞེས་པ་བྱང་ཆུབ་སེམས་དཔའ་རིན་ཆེན་མང་། །དེ་ལ་དད་ཕྱིར་ཀ་བསྟོད་འདི་ཉིད་ནི། །རྒྱས་པའི་སྦྱིན་སྲེག་བླུགས་ནུབ་རྟེན་འབྲེལ་བྲིས།། ༈ །།ཀ་ཡེ་གསོན་དང་ལྷ་མོ་འོད་ཟེར་ཅན། །ཁ་དོག་གསེར་མདོག་འོད་ཟེར་རབ་ཏུ་འཕྲོ། །ག་ཤལ་རིན་ཆེན་ཕྲེང་བ་དར་དཔྱངས་འཕུར། །ང་ནི་ལྷ་མོ་ཁྱེད་ལ་སྐྱབས་ཞུ་ཞིང་། །ཅ་ཅོའི་སྔགས་སྒྲས་ཐུགས་དམ་རྒྱུད་བསྐུལ་ལོ། །ཆ་ལུལྟ་ལུགས་རབ་མཛེས་ཕག་གི་སྟེང་བཞུགས་མ། ཇ་ཕུད་འོ་ཕུད་དཀར་གསུམ་མཆོད་པ་འབུལ། །ཉ་རྒྱས་ཟླ་སྟེང་ཐུགས་སྲོག་མཾ་ཡིག་ལ། །ཏ་ཐཱ་ག་ཏས་གསུངས་པའི་རིག་སྔགས་


CMR049_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར། །ཐ་མལ་ངན་རྐུན་ཡན་ཆད་དགྲ་དང་བགེགས། །ད་ནི་ཁ་མིག་ཁབ་དང་སྐུད་པས་ཚེམས། །ན་ཚ་མེད་པར་བདེ་བར་མྱོས་སུ་ཆུག །པ་ར་ག་ཏེའི་ཕྱག་རྒྱ་ཆེར་བསྒོམ་ཞིང་། །ཕ་རོལ་ཕྱིན་དྲུག་ཉམས་སུ་ལེན་པ་ལ། །བ་མོར་ཉི་ཟེར་ཕོག་ལྟར་འགལ་རྐྱེན་སོལ། །མ་གྱུར་འགྲོ་བའི་དོན་དུ་བྱང་ཆུབ་མཆོག །ཙ་རིགས་བཟང་ངན་མ་རྟོགས་མྱུར་འགྲུབ་མཛོད། །ཚ་གྲང་འཁོར་བའི་སྡུག་བསྔལ་མི་མྱོང་ཞིང་། །ཛ་ཡེའི་གོ་འཕང་མྱུར་དུ་འགྲུབ་ནས་ཀྱང་། །ཝ་ལེར་དུས་གསུམ་ཤེས་བྱ་ཀུན་གཟིགས་ནས། །ཞྭ་ལྟར་བློའགྲོ་བའི་གཙུག་རྒྱན་འབྱུང་བར་མཛོད། །ཟ་འཐུང་ལོངས་སྤྱོད་དཀོར་གྱི་ལོངས་སྤྱོད་དང་། །previous hit ་རེ་འུར next hit་རེའི་བསྟོད་པ་གཤེ་སྐུར་ཀུན། །ཡ་མཚན་འབྲེལ་ཚད་དོན་དང་ལྡན་ནས་ཀྱང་། །ར་ཅན་ཁྲི་འབུམ་ལས་ལྷག་གྲངས་འདས་རྣམས། །ལ་ཆེན་འབྲེལ་ཚད་བདེ་ཆེན་ཞིང་དུ་དྲོངས། །ཤ་ཁྲག་རུས་པ་སྐྲ་སེན་གོས་དུམ་ཡང་། །ས་ཆ་གང་དུ་གནས་དེར་བཀྲ་ཤིས་ཤིང་། །ཧ་ཅང་ཐུ་བའི་ནད་གདོན་ཞི་ནུས་ཤིང་། །ཨ་ལ་ལ་ཞེས་འགྲོ་ཀུན་མགུ་ནུས་མཛོད། །ཅེས་པ་ཞགས་ལྔར་འོད་ཟེར་ཅན་བསྙེན་ཚེ། །བུད་མེད་མཛེས་ཤིང་ཡིད་འོང་གཞོན་ནུ་


CMR049_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མ། །དབུ་སྐྲ་བཤད་ཅིང་སྤྱི་བོར་ཐོར་གཙུགས་བྱས། །ཕྲུག་གོས་སྟེང་དུ་སྐུ་གཟན་དམར་པོ་གསོལ། །སྐྱིལ་ཀྲུང་གིས་བཞུགས་དང་བ་འདྲེན་པ་ཅིག །རྨི་ལམ་དུ་མཇལ་གཞན་ཡང་འཇིགས་པ་ལས། །གྲོལ་སོགས་རྨིས་ལྟས་འགའ་རེ་བྱུང་ནས་བྲིས།། ༈ །།གུ་རུ་དྷེ་ཝ་ཌཱཀི་ནཱི་སིདྡྷི་ཧཱུྃ། འཇའ་ལུས་འཆི་མེད་ཐུགས་རྗེ་གློག་བས་མྱུར། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །སྤྲུལ་གཞིའི་སྤྲུལ་པས་བྱིན་གྱིས་བརླབ་ཏུ་གསོལ། །སྒྲུབ་པའི་བར་ཆད་སོལ་ལ་ཁ་བྱང་སྩོལ། །ཡེ་ཤེས་སྤྱན་ལྡན་རྐང་མགྱོགས་དངོས་གྲུབ་ཐོབ། །བེ་རོ་ཙ་ནའི་སྐུ་ལ་གསོལ་བ་འདེབས། །སྤྲུལ་གཞིའི་སྤྲུལ་པས་བྱིན་གྱིས་བརླབ་ཏུ་གསོལ། །སྒྲུབ་པའི་བར་ཆད་སོལ་ལ་ཁ་བྱང་སྩོལ། །ཆུ་བོ་གྱེན་བཟློག་ནམ་མཁར་སྐྱིལ་ཀྲུང་བཞུགས། །ཤུད་བུ་དཔལ་སེང་གསུང་ལ་གསོལ་བ་འདེབས། །སྤྲུལ་གཞིའི་སྤྲུལ་པས་བྱིན་གྱིས་བརླབ་ཏུ་གསོལ། །སྒྲུབ་པའི་བར་ཆད་སོལ་ལ་ཁ་བྱང་སྩོལ། །སྡིགས་མཛུབ་ཙམ་གྱིས་མཁའ་ལ་ཐོག་སེར་འབེབས། །ལང་གྲོ་ལོ་ཙཱའི་ཐུགས་ལ་གསོལ་བ་འདེབས། །སྤྲུལ་གཞིའི་སྤྲུལ་པས་བྱིན་གྱིས་བརླབ་ཏུ་གསོལ། །སྒྲུབ་པའི་བར་ཆད་སོལ་ལ་ཁ་བྱང་སྩོལ། །རྫུ་


CMR049_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་སྣ་ཚོགས་ཐོགས་མེད་ཕྱོགས་བཅུར་ཁྱབ། །སྣ་ནམ་ཡེ་ཤེས་ཀྱི་ནི་ཡོན་ཏན་ལ། །གསོལ་བ་འདེབས་སོ་སྤྲུལ་པར་བྱིན་གྱིས་རློབས། །སྒྲུབ་པའི་བར་ཆད་སོལ་ལ་ཁ་བྱང་སྩོལ། །རི་བྲག་ཀུན་ལ་ཐོགས་མེད་རླུང་ལྟར་འཕྱོ། །ཤྲཱི་བཛྲ་ཀྱི་ནི་ཕྲིན་ལས་ལ། །གསོལ་བ་འདེབས་སོ་སྤྲུལ་པར་བྱིན་གྱིས་རློབས། །སྒྲུབ་པའི་བར་ཆད་སོལ་ལ་ཁ་བྱང་སྩོལ། །གཏེར་སྟོན་ཐམས་ཅད་ལུང་སྟོན་བར་ཆད་སོལ། །ཡེ་ཤེས་སྤྱན་ལྡན་མ་གཅིག་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་མི་འགྱུར་རྡོ་རྗེ་ལ། །ཁ་བྱང་མྱུར་སྩོལ་བར་ཆད་ཐམས་ཅད་སོལ། །པད་འབྱུང་ཡབ་ཡུམ་རིག་འཛིན་རྣམ་ལྔ་ལ། །སྙིང་ནས་བློ་གཏད་གསོལ་བ་འདེབས་ལགས་ཀྱིས། །ཨ་ཏིའི་བསྟན་རྩ་མི་འགྱུར་རྡོ་རྗེ་ལ། །བར་ཆད་ཀུན་སོལ་ཁ་བྱང་མྱུར་དུ་སྩོལ། །ཐུགས་རྗེ་ཐུགས་དམ་དུས་ལ་མ་འདའ་ཅིག །ཅེས་པ་གནམ་ཆོས་དཔེ་རྣམས་བཞེངས་པའི་སྐབས། །སྤྲུལ་སྐུའི་སྐུ་རིམ་བཟློག་པ་བྱས་པའི་སྐབས། །མི་འགའི་མགུལ་དུ་བསྲུང་སྐུད་རེ་རེ་བཏགས། །ལག་ཏུ་མདའ་མོ་ལ་དཀྲིས་རེ་རེ་ཐོགས། །ཁོ་བོ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཞེས་པ་ཀུན་གྱི་དབྱངས་སུ་གྱེར་བྱེད་ཅིང་། །ད་ནི་མི་གཞོན་ཁྱེད་རྣམས་སྒོར་སོང་ལ། །ངེད་རྣམས་ན་བུན་རྫོང་པ་ཡིན་


CMR049_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱོས་ཤིང་། །མདའ་རྒྱག་གིས་ཞེས་དཔའ་གཏམ་སྨྲ་བ་རྨིས། །དེ་ཕྱིར་རྟེན་འབྲེལ་ཡོད་སྙམ་བྲིས་པའོ།། ༈ །།ན་མོ་བུདྡྷ་སཏཱ་ཡེ། འདས་པའི་སངས་རྒྱས་གཞན་ཕན་རྣམ་རོལ་དང་། །སྤོས་འོད་སེང་གེ་ལ་སོགས་བཅོམ་ལྡན་དང་། །མ་འོངས་སངས་རྒྱས་སེང་གེ་སྣང་མཛད་སོགས། །ད་ལྟ་འགྲོ་བའི་དོན་དུ་སྤྲུལ་པའི་སྐུ། །ཡིན་ལ་ཡིན་བཞིན་སྟོབས་བཅུའི་སྟོབས་དང་ནི། །དབང་བཅུའི་ནུས་པ་འགྲོ་ལ་བསྟན་ནས་ཀྱང་། །བསྟན་པ་དར་ཞིང་རྒྱས་པར་གསོལ་བ་འདེབས། །འདས་པའི་སངས་རྒྱས་དཀོན་མཆོག་ཡན་ལག་དང་། །གར་དབང་རྡོ་རྗེ་འཆང་དང་འོད་དཔག་མེད། །མ་འོངས་བྱམས་པ་ཀུན་གཟིགས་ལ་སོགས་པ། །ཡིན་ལ་ཡིན་བཞིན་སྟོབས་བཅུ་དབང་བཅུའི་རྩལ། །མྱུར་དུ་འགྲོ་བའི་སྣང་ངོར་བསྟན་ནས་ཀྱང་། །བསྟན་པ་དར་ཞིང་རྒྱས་པར་གསོལ་བ་འདེབས། །བཅོམ་ལྡན་རྡོ་རྗེ་འཛིན་པ་གསང་བའི་བདག །ཀུན་དགའ་བོ་དང་ཤུད་བུ་དཔལ་སེང་སུ་ཉིད། །བེ་རོ་ཙ་ན་ས་བརྒྱད་སེམས་དཔའ་ཆེ། །ཡིན་ལ་ཡིན་བཞིན་སྟོབས་ཀྱིས་ཕར་ཕྱིན་གྱིས། །མཐུ་སྟོབས་ནུས་པ་ད་ནི་རྩལ་སྤྲུགས་ལ། །བར་ཆད་བདུད་ཀྱི་འཚེ་བ་


CMR049_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་ནས་ཀྱང་། །ས་གཏེར་རང་སྐལ་གཞན་ངོར་བསྟན་དུ་གསོལ། །སྙིགས་མའི་འགྲོ་ལ་ཐུགས་རྗེའི་གནས་གྱུར་ལ། །མངོན་སུམ་མྱུར་བར་མངོན་རྟགས་མ་བསྟན་ན། །བག་ལ་ཉལ་དུ་བྱ་བས་ཅི་ཞིག་བྱ། །ད་ནི་སེམས་དཔའ་ཆེན་པོ་མཆོག་གསུམ་པོས། །གཞན་དྲིང་མི་འཇོག་རང་རྩལ་བསྟན་དུ་གསོལ། །ཞེས་པ་ཡབ་སྲས་གཉིས་དང་སྤྲུལ་སྐུའི་དོན། །ལེགས་ཉེས་རྣམ་རྟོག་མང་པོ་ཕྲེང་བའི་ཚེ། །བདེ་བར་གཤེགས་པ་གཞན་ལ་མི་རེའོ། །ཞེས་པའི་སྒྲ་ཞིག་ཉམས་ཀྱི་སྣང་བར་གྲག །དེ་ཕྱིར་དེ་དོན་གསོལ་བ་བཏབ་པའོ།། ༈ །།ན་མོ་བུདྡྷ་བྷེ་ཥ་ཛཱི་ཡེ། །མཚན་ཙམ་ཐོས་པས་ནད་ཞི་ཐུགས་རྗེ་ཅན། །བདེ་གཤེགས་སྨན་གྱི་ལྷ་ལ་ཕྱག་འཚལ་ལོ། །རིག་སྔགས་བཟླས་པས་ནད་རིགས་སེལ་བའི་ལྷ། །པཎྜ་ཤ་ཝ་རི་ལ་སྐྱབས་སུ་མཆི། །མཚན་ཙམ་ཤེས་པས་ནད་རིགས་འཇིགས་པ་སྐྱོབ། །དུད་པའི་སོལ་བ་མ་ལ་ཕྱག་འཚལ་ལོ། །ས་བརྒྱད་སེམས་དཔའ་ནོར་ཕྱུགས་སྲུང་བའི་ལྷ། །བྷེ་ཤ་ཝ་ཎ་ཉིད་ལ་ཕྱག་འཚལ་བསྟོད། །གཞན་ཡང་བསྟན་སྲུང་བཀའ་ཡི་ལས་སྒྲུབ་པ། །བཛྲ་སཱ་དྷུ་བེ་རོ་ཏ་ལ་སོགས། །བཀའ་སྲུང་དམ་ཅན་ཀུན་ལ་ཕྱག་འཚལ་བསྟོད། །དངོས་སམ་ཡིད་


CMR049_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་མཆོད་པ་རྒྱ་མཚོ་འབུལ། །བསྲུང་བྱ་ཀུན་ལ་སྲུང་སྐྱོབ་མ་གཡེལ་ཅིག །མཐུ་རྩལ་ནུས་པ་མངོན་སུམ་བསྟན་དུ་གསོལ། །ཞེས་པ་འདི་ནི་མི་ཕྱུགས་བསྲུང་བ་ཡི། དམིགས་རིམ་བཀའ་བསྒོ་ལ་སོགས་བྱེད་སྐབས་སུ། །ཆོས་སྐྱོང་རྣམས་ཀྱི་གསུངས་པ་ཡིན་སྙམ་པའི། །ངེད་རྣམས་བསྲུང་བྱ་རྣམས་ལ་ཉིན་རེ་ལ། །ལན་གཉིས་བལྟ་ཞིང་ཡོད་དོ་ཟེར་བ་ཡི། །སྒྲ་ཞིག་ཉམས་ཀྱི་སྐབས་ལ་གྲག་ཕྱིར་བྲིས།། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡེ། མ་རྒན་འགྲོ་བ་མ་ལུས་པ། །བདེ་ཆེན་ཞིང་དུ་བགྲོད་པའི་ཕྱིར། །གསང་འདུས་སྒྲུབ་ཆེན་བུམ་སྒྲུབ་བྱས། །དེ་ཚེ་ཐུན་པ་ལ་ལ་ཡི། །དཀྱིལ་འཁོར་བུམ་པའི་ཕྱོགས་དག་ནས། །མེ་རྟག་འདྲ་བའི་འོད་འཕྲོ་དང་། །སིལ་སྒྲ་དང་བཅས་རིལ་བུ་ཁོལ། །ཚེག་སྒྲ་ཆེན་པོ་གྲགས་པ་ཐོས། །རིལ་བུ་དྲིལ་བུ་ཕྱེད་གསུམ་འཕེལ། །ནམ་མཁར་འཇའ་ཚོན་ཤར་བ་སོགས། །རྟགས་མཚན་འགའ་རེ་བྱུང་ཞེས་ཟེར། །བདག་ནི་དཀོར་སྒྲིབ་ཆེ་བ་དེས། །དངོས་རྟག་གསལ་པོར་མ་མཐོང་ཡང་། །ཉམས་སྣང་དང་ནི་རྨི་ལམ་དུ། །ལྷ་མོ་སྐྱེས་བུ་སྨྱོ་ཁ་སོགས། །བཀའ་སྲུང་ཀུན་གྱི་རྟགས་མཚན་གསལ། །ཉམས་སྣང་ནམ་མཁར་ཉི་མ་ཡི། །དཀྱིལ་འཁོར་


CMR049_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ས་གསལ་པོ་ལན་གཉིས་ཤར། །དཀར་ཡོལ་ཡུ་ཐུང་མཛེས་པའི་ནང་། །ཞིམ་ཇ་གང་བྱུང་བཏུང་བ་དང་། །རྨི་ལམ་བདུད་འདུལ་རྡོ་རྗེ་ནི། །ཡབ་ཡུམ་གཉིས་པོ་གསལ་བར་མཇལ། །འགྲོ་མགོན་ས་སྐྱ་པཎ་ཆེན་དང་། །ཆོས་ཀྱི་ཞུ་གནང་འགའ་རེ་བྱས། །སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ནི། །མ་རལ་དབུ་བརྒྱན་གསོལ་ནས་ཀྱང་། །དཀྱིལ་འཁོར་ནང་དུ་འབྱོན་པ་དང་། །རང་གི་དྲུང་དུ་བཞུགས་པ་ལ། །དར་གྱི་སྲུང་མདུད་ཕུལ་བ་དང་། །གུར་དཀར་བཟང་པོའི་ནང་ཉིད་དུ། །རང་ཉིད་འདུག་ཅིང་ཉི་མ་ཤར། །འགྲོ་མགོན་སངས་རྒྱས་དབོན་པོ་ཡི། །སྐུ་རྗེས་རྩིག་པ་ལ་བཞག་པ། །བདག་གིས་གཞན་ལ་བསྟན་པ་རྨིས། །བྱིན་འབེབས་བྱེད་ཚེ་དད་པ་ཡིས། །མཆི་མ་འཁྲུག་ཅིང་བྱིན་འཐིབ་དང་། །བསྐྱེད་རིམ་གསལ་ཞིང་སེམས་བསྐྱེད་ནི། །རྒྱ་ཆེན་རབ་ཏུ་བོགས་སྐྱེད་བྱུང་། །དེ་ལྟར་བསྒྲུབས་པའི་དགེ་བ་དེས། །འབྲེལ་ཚད་བདེ་ཆེན་ཞིང་སྐྱེ་ཤོག། །།ན་མོ་མ་ཧཱ་མུ་དྲ་ཡེ། ང་ད་ནངས་ནམ་མཁའ་གསེང་བའི་དུས། །རང་གཉིད་པ་མ་ཡིན་ཉམས་སྣང་ལ། །རང་མལ་སའི་ནང་དུ་གནས་བཞིན་དུ། །ལུས་ཆེ་རུ་


CMR049_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མ་སོང་འདི་ག་ལ། །ལ་ལུང་པ་མང་པོའི་ཕ་རོལ་ན། །ཐག་ཉེ་རུ་མ་སོང་ཡུལ་དེ་རུ། །མི་བདག་གིས་ལག་པ་བརྐྱངས་པས་སླེབས། །ལག་བུམ་པའི་ནང་གི་བདུད་རྩི་ཡིས། །མི་དད་ལྡན་ཡོན་བདག་ཕོ་མོ་ལ། །ཁྲུས་བྱས་པའི་སྣང་བ་མཚར་པོ་བྱུང་། །དུས་དེ་ཚེ་སེམས་ལ་འདི་ལྟར་དྲན། །མི་བདག་ལ་རྫུ་འཕྲུལ་མ་མཆིས་ཀྱང་། །དུས་ད་ལྟ་རྫུ་འཕྲུལ་འདྲ་བ་འདི། །ཁོང་རྣམས་ཀྱི་དད་པའི་བདེན་མཐུས་སྣང་། །དེ་དྲན་མ་ཐག་ཏུ་ཉམས་ལས་སད། །བུ་རྗེས་འཇུག་དད་པ་སྐྱེ་མཛོད་ཅིག །ཕ་རྗེ་བཙུན་མི་ལ་རས་ཆེན་ལ། །ཁྱེད་སུ་ཡིས་སྤྲུལ་པ་ཡིན་ཞུས་པས། །ང་སུ་ཡིན་ང་ལ་ཆ་མེད་དེ། །ཁྱེད་རྣམས་ཀྱིས་སངས་རྒྱས་སུ་མཐོང་བ། །དེར་སངས་རྒྱས་ཀྱི་བྱིན་རླབས་འཇུག་གོ་གསུངས། །བཅོམ་ལྡན་ཐུབ་པས་ཀུན་དགའ་བོ། །དད་པ་ལ་ནི་སྦྱོང་བར་མཛོད། །འདི་ནི་དེ་བཞིན་གཤེགས་པ་ཡི། །གསོལ་བ་འདེབས་པ་ཡིན་ནོ་གསུངས། །དད་པའི་ལྟ་ནུས་པ་ཚད་མེད་པ། །ཟུར་ཙམ་བདག་གིས་མངོན་སུམ་རྟོགས། །བུ་ཀུན་དད་པ་མ་རྙིང་མཛོད།། །།ན་མོ་ལོ་ཀི་ཤྭ་ར་ཡེ། དེ་རིང་ཟླ་བ་ཡར་གྱི་


CMR049_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །དུས་ཁྱད་པར་ཅན་གྱི་ཚེས་བརྒྱད་ཉིན། །ཆོས་རླུང་ཁྲིད་ཞག་བདུན་ཚར་བའི་ཉིན། །སེམས་བདེ་ཉམས་ཤར་བས་མགུར་གཅིག་བྱེད། །ལུས་རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །སྐུ་མཚན་དང་དཔེ་བྱད་རྒྱན་ཆ་རྫོགས། །ཕྱི་དར་དམར་གུར་ཕུབ་ལྟ་བུ་ལ། །ནང་སྟོང་པ་འོད་ཀྱི་གུར་ཁང་ནས། །རྩ་དབུ་རྐྱང་རོ་གསུམ་ཀ་བ་བཞིན། །རྩ་འཁོར་ལོ་ལྔ་པོ་ཨེ་བི་དབྱིབས། །ལུས་རྩ་མདུད་དུག་ལྔའི་ས་བོན་ལྔ། །དེ་ཡེ་ཤེས་གཏུམ་མོའི་མེ་ཡིས་སྲེགས། །ལྷ་ཐུགས་རྗེ་ཆེན་པོ་རིགས་ལྔར་བསྒྱུར། །གནས་རྩ་བྲན་རིགས་ལྔའི་ཊཱཀི་གསལ། །གནས་སྤྱི་བོའི་ཧཾ་ལས་བདུད་རྩི་བབ། །ལུས་རྩ་གནས་ལྷ་ཚོགས་འོད་དུ་འབར། །སེམས་བདེ་སྟོང་དབྱེར་མེད་རྟོགས་པ་འཆར། །འོད་འཕྲོས་པས་རྒྱལ་བ་སྲས་བཅས་མཆོད། །དེ་ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར། །རླུང་རྩུབ་པས་འོད་ཞུ་རང་ལ་ཐིམ། །རླུང་སྟེང་འོག་ཁ་སྦྱོར་བུམ་ཆེན་དང་། །སེམས་མ་བཅོས་སྟོང་ཉིད་ངང་ལ་བཞག །དོན་དེ་ལ་རྒྱུན་དུ་ཉམས་བླངས་ན། །ཚེ་གཅིག་ལ་བདེ་སྟོང་དབྱེར་མེད་པ། །དཔལ་རྡོ་རྗེ་འཆང་ཆེན་འགྲུབ་པར་གསུངས། །ཁྱེད་སྙིང་རུས་ལྡན་


CMR049_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མི་ཡོད་ན། །ཆོས་འདི་ལ་སྙིང་རུས་བྱེད་པར་རིགས། །ལུས་རླུང་དང་འཁྲུལ་འཁོར་གཅུན་ནུས་ན། །ལུས་སྦྱང་གི་འཁྲུལ་འཁོར་ཚར་རེ་ཡིས། །དུས་བསྐལ་པ་གྲངས་མེད་སྒྲིབ་པ་དག །ལུས་རྩ་གནས་ལྷ་ཚོགས་བསྒོམ་ནུས་ན། །ཟས་ཟོས་ཚད་ཚོགས་ཀྱི་འཁོར་ལོ་ཡིན། །རླུང་སྲོག་རྩོལ་རྒྱུན་དུ་བསྒོམ་ནུས་ན། །དབུགས་དབྱུང་རྔུབས་སྔགས་དང་བསྙེན་པ་ཡིན། །སེམས་མ་ཡེངས་དྲན་རྫི་བསྐྱང་ནུས་ན། །སེམས་གང་ཤར་ཡེ་ཤེས་ཟང་ཐལ་ཡིན། །ཁྱེད་འདིར་འཚོགས་ཐུགས་ལ་དེ་ལྟར་ཞོག །ཅེས་སོ།། །།ཨེ་ཨེ། བསམ་བློ་ཐོངས་ཤིག་དང་སྤྲང་པོ་ཁྱོད། །ཁྱོད་འཆི་བདག་ནམ་ཡོང་ཆ་ཡོད་དམ། །ཁྱོད་སོ་གསོད་ལྐོག་ཉལ་བྱེད་ཕོད་དམ། །མི་ཕྱུག་པོ་ཀུན་འཆི་བ་ཐོས་ཙམ་ན། །ནོར་བསགས་པས་ཕན་པ་འདུག་ལགས་སམ། །མི་བཙན་པོ་ཀུན་འཆི་བ་ཐོས་ཙམ་ན། །སྟོབས་འབྱོར་པས་ཕན་པ་འདུག་ལགས་སམ། །མི་གཙོ་བོ་ཀུན་འཆི་བ་ཐོས་ཙམ་ན། །གཏམ་མཁས་པས་ཕན་པ་འདུག་ལགས་སམ། །རྗེ་རྒྱལ་པོ་ཀུན་འཆི་བ་ཐོས་ཙམ་ན། །འཁོར་མངའ་རིས་ཀྱི་ཕན་པ་


CMR049_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ལགས་སམ། །མི་ཕ་ཚན་འཆི་བ་ཐོས་ཙམ་ན། །གཉེན་ཉེ་དུས་ཕན་པ་འདུག་ལགས་སམ། །ད་འཆི་མེད་བཙན་ས་མ་ཟིན་ན། །ཆོས་གཟུགས་བརྙན་གྱི་ཕན་པ་འདུག་ལགས་སམ། །སེམས་བདེ་གསལ་གྱི་ཉམས་དང་མི་ལྡན་ན། །རང་གཅིག་པུར་བསྡད་པས་ཕན་ལགས་སམ། །སེམས་ལྷག་མཐོང་གི་རང་ངོ་མ་འཕྲོད་ན། །སེམས་གནས་པ་ཙམ་གྱིས་ཕན་ལགས་སམ། །ཉམས་གང་བྱུང་དེས་ཆོག་གཅིག་མ་བྱུང་ན། །ཉམས་རེ་འགའ་མཐོ་བས་ཕན་ལགས་སམ། །དུས་རྒྱུན་དུ་ཉམས་ལེན་མ་བརྐྱངས་ན། །དུས་རེས་འགའ་བརྩོན་པས་ཕན་ལགས་སམ། །སེམས་ངེས་ཤེས་གཏིང་ནས་མ་སྐྱེས་ན། །སྤོམ་ཡོར་ཨང་འདིར་གྱིས་ཕན་ལགས་སམ། །འདི་གཞན་ལ་སྨྲས་པ་མ་ཡིན་ཏེ། །སེམས་སྐྱོ་བ་སྐྱེས་ནས་རང་ལ་སྨྲས། །ཞེས་པ་གློ་བུར་དུ་མི་གཅིག་ཤི་བ་ཐོས་ཏེ་སྨྲས་པའོ། །ན་མོ་མ་ཧཱ་མུ་དྲ་ཡེ། སྤྲིན་ཐག་ཆད་པའི་ནམ་མཁའ་འདི་དང་གཅིག་སྤྲོས་བྲལ་གདོད་མའི་གནས་ལུགས་འདི་དང་གཉིས། །རང་སེམས་སྐྱེ་མེད་འོད་གསལ་འདི་དང་གསུམ། །བརྗོད་མེད་བློ་འདས་ངང་དུ་འཛོམས་ནི་གདའོ་ཨང་། །


CMR049_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྣང་ལྡིང་བའི་སྤྲིན་དཀར་འདི་དང་གཅིག །རྒྱ་མཚོའི་ཀློང་གི་རྦ་རླབས་འདི་དང་གཉིས། །རང་སེམས་སྟོང་པའི་འཕྲོ་འདུ་འདི་དང་གསུམ། །རང་བྱུང་རང་གྲོལ་ཀློང་དུ་འཛོམས་ནི་གདའོ་ཨང་། །ཆུ་ནང་ཤར་བའི་ཟླ་གཟུགས་འདི་དང་གཅིག །བར་སྣང་ཤར་བའི་འཇའ་ཚོན་འདི་དང་གཉིས། །བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་འདི་དང་གསུམ། །གསལ་སྟོང་འཛིན་མེད་ཀློང་དུ་འཛོམས་ནི་གདའོ་ཨང་། །ཚེ་འདི་བློས་བཏང་སྙིང་ཁམས་འདི་དང་གཅིག །གཅིག་པུར་འདག་ཆར་སྒྲུབ་ཚུགས་འདི་དང་གཉིས། །ཐང་ལྷོད་མེད་པ་བརྩོན་འགྲུས་འདི་དང་གསུམ། །བཀའ་བརྒྱུད་རྣམ་ཐར་ཀློང་དུ་འཛོམས་ནི་གདའོ་ཨང་། །ངོས་ལྐོག་མེད་པའི་ཚུལ་ཁྲིམས་འདི་དང་གཅིག །བདག་གཞན་བརྗེ་བའི་བྱང་སེམས་འདི་དང་གཉིས། །རྣམ་གཡེང་སྤང་བའི་ཏིང་འཛིན་འདི་དང་གསུམ། །ཤཱཀ་ཐུབ་བསྟན་པའི་ཀློང་དུ་འཛོམས་ནི་གདའོ་ཨང་། །ཐེ་ཚོམ་མེད་པའི་དད་པ་འདི་དང་གཅིག །ཆག་ཉམས་མེད་པའི་དམ་ཚིག་འདི་དང་གཉིས། །རྒྱུན་ཆད་མེད་པའི་བསྙེན་སྒྲུབ་འདི་དང་གསུམ། །རྒྱུད་སྡེ་ཟབ་མོའི་ཀློང་དུ་འཛོམས་ནི་གདའོ་


CMR049_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཨང་། །རྩ་བཞི་སྲོག་ལྟར་བསྲུང་བ་འདི་དང་གཅིག །ཡན་ལག་ཅི་ནུས་བསྲུང་བ་འདི་དང་གཉིས། །ཕྲ་ཞིབ་གསོ་སྦྱོང་འབད་པ་འདི་དང་གསུམ། །བསྟན་རྩ་འདུལ་བའི་ཀློང་དུ་འཛོམས་ནི་གདའོ་ཨང་། །འགྲོ་ཀུན་སྒྲོལ་བའི་དམ་བཅའ་འདི་དང་གཅིག །འཁོར་སློབ་ཡར་ལྟོས་བསླབ་བྱ་འདི་དང་གཉིས། །འབྲེལ་ཚད་དོན་ལྡན་སྨོན་ལམ་འདི་དང་གསུམ། །བྱང་ཆུབ་སྤྱོད་པའི་ཀློང་དུ་འཛོམས་ནི་གདའོ་ཨང་། །ད་ལྟ་ཤི་ཡང་འགྱོད་མེད་འདི་དང་གཅིག །བདེ་ཆེན་ཞིང་དུ་འགྲོ་བའི་ངེས་ཤེས་འདི་དང་གཉིས། །རིགས་བདག་མཇལ་བའི་དགའ་སྤྲོ་འདི་དང་གསུམ། །ཆོས་མགོ་ཐོན་པའི་ཀློང་དུ་འཛོམས་ནི་གདའོ་ཨང་། །སྤྲོ་བ་བསྐྱེད་པའི་དབྱངས་ཆུང་འདི་དང་གཅིག །ཆར་མེད་ནམ་མཁའི་འབྲུག་སྒྲ་དེ་དང་གཉིས། །དབུས་གཙང་གཤང་མོའི་ཁ་ཐད་དེ་དང་གསུམ། །སྟོང་སྒྲོབ་ཁ་ཟད་ཀློང་དུ་འཛོམས་ནི་གདའོ་ཨང་། །ཞེས་ནམ་མཁའ་དྭངས་བ་གཅིག་ལ་བརྟེན་ནས་ཉམས་མཚར་སྨྲས་པ་ཨ་རཱ་གས་སོ།། །།ན་མོ་གུ་རུ་དྷམཱ་ཤྭ་ར་ཡེ། བླ་མ་ཡི་དམ་དབྱེར་མེད་པའི། །སྤྱན་རས་གཟིགས་ལ་གསོལ་བ་འདེབས། །བདག་གི་རྗེས་འཇུག་


CMR049_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ཡི། །བུ་གཅིག་བསོད་ནམས་ནོར་བུ་ལ། །རྒས་པོའི་སྙིང་གཏམ་ཚིག་གསུམ་ཞུ། །དལ་འབྱོར་མི་ལུས་རིན་ཆེན་འདི། །ལོ་བརྒྱ་ནང་གི་ཐོག་གཅིག་ཡིན། །དེ་ཉིད་དོན་དང་ལྡན་པའི་ཕྱིར། །རྩ་བ་བཞི་པོ་སྲོག་ལྟར་བསྲུང་། །དེ་སྲུང་དམ་ཆོས་ལམ་དུ་འགྲོ། །ཡོན་ཏན་ཆེའམ་ཆུང་ཡང་རུང་། །རང་གཞན་དོན་ཆེན་འགྲུབ་པར་ངེས། །དེང་སང་རྩ་བཞི་བསྲུང་བ་ལས། །ཁྲིམས་ལྡན་ཡིན་པར་རྒྱལ་བའི་དབང་། །མི་བསྐྱོད་ཞབས་ཀྱིས་གསུངས་པ་ཡིན། །ཟས་ཀྱི་ནང་ནས་སྡིག་ཆེ་བ། །ཆང་དང་བསྔོས་ཤ་ཡིན་པ་ནི། །ཐུབ་པས་ཡང་ཡང་བཀའ་སྩལ་ཕྱིར། །འདི་གཉིས་ཤིན་ཏུ་འཛེམ་གལ་ཆེ། །དེ་ནི་སྙིང་གཏམ་དང་པོ་ཡིན། །མི་རྟག་འཆི་བ་ཞེས་བྱ་བ། །ཀུན་ལ་འོང་ཞིང་བཟློག་ཐབས་མེད། །ནམ་འོང་ཆ་མེད་སྐྱོན་རེ་ཆེ། །དེ་རིང་ཤི་ཡང་འགྱོད་མེད་པའི། །དགེ་སྦྱོར་ཉམས་ལེན་བརྩོན་འགྲུས་བསྐྱེད། །བྱེད་བསམ་བཟང་ཡང་ལ་ཕན་པ་མེད། །རང་གི་བརྩོན་འགྲུས་མ་བྱས་ན། །བླ་མ་བཟང་དང་གདམས་ངག་ཟབ། །གནས་རི་བཟང་དང་ཉམས་རྟོགས་དཀའ། །མ་ཡེངས་དྲན་པའི་རྒྱང་སོ་དེ། །མ་


CMR049_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བརྗེད་དྲན་པའི་རྩི་ཡིས་ཟུངས། །དེ་ནི་སྙིང་གཏམ་གཉིས་པ་ཡིན། །རང་བྱས་ལས་ཀྱི་རྣམ་སྨིན་ནི། །རྫོགས་སངས་རྒྱས་དང་བདུད་སྡིག་ཅན། །སྟོབས་ཆེན་སུས་ཀྱང་བཅོས་རྒྱུ་མེད། །དེ་ཕྱིར་དགེ་སྒྲུབ་སྡིག་པ་སྤང་། །སྔགས་པ་ཡིན་དང་ལྟ་བ་མཐོ། །གང་བྱས་སྐྱོན་མེད་མ་བསམ་པར། །སྒྲིབ་སྦྱངས་བསོད་ནམས་ཚོགས་རྫོགས་ཐབས། །ཅི་ནུས་འབད་ཅིང་སྤྱོད་པ་ཞིབ། །རང་ཉིད་ཆོས་པའི་གྲལ་ཚུད་པ། །བྱེད་པ་སྙིང་གཏམ་གསུམ་པ་ཡིན། །ཐོག་མ་ཉིད་ནས་ད་ལྟའི་བར། །སྐྱེ་རྒས་ན་འཆིའི་འཁོར་ལོ་བསྐོར། །རིགས་དྲུག་གནས་སུ་འཁྱམས་ཡུན་རིང་། །ངན་སོང་གསུམ་དུ་གནས་ཡུལ་བྱས། །ད་རེས་འཁོར་བའི་རྒྱ་མཚོ་ནས། །ཐར་བའི་ཐབས་ཤིག་མ་བསྒྲུབས་ན། །རང་གིས་རང་ལ་བསླ་ཚབས་ཆེ། །རང་གིས་རང་ལ་སྙིང་རྗེ་ལྟོས། ཟས་ནོར་སྦྲང་མའི་སྦྲང་རྩི་འདྲ། །རང་གིས་གསོག་པ་གཞན་གྱིས་སྤྱོད། །གཉེན་འདུན་ཚོང་དུས་མགྲོན་པོ་འདྲ་། །ཡུན་རིང་མི་འདུག་སོ་སོར་འགྲོ། །ཅི་དང་གང་ལ་སྙིང་པོ་མེད། །ཚངས་དང་བརྒྱ་བྱིན་འཁོར་ལོས་སྒྱུར། །དེ་འདྲར་སྐྱེས་ཀྱང་ནམ་ཕུག་ལྟུང་། །གཏན་དུ་བདེ་ཞིང་


CMR049_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་པའི་ས། །བདེ་བ་ཅན་གྱི་ཞིང་ཁམས་སུ། །འགྲོ་བའི་ཐབས་དང་བརྩོན་འགྲུས་མཛོད། །རྒན་པོའི་སྙིང་གཏམ་བཞི་པ་ཡིན། །རང་ཉིད་བདེ་བས་མི་ཆོག་སྟེ། །གྲོ་ཀུན་ཕ་མ་དྲིན་ཆེན་ཡིན། །དེ་རྣམས་སངས་རྒྱས་སར་འགོད་ཕྱིར། །རང་ཉིད་བྱང་ཆུབ་ཐོབ་བྱས་ནས། །འབད་མེད་ལྷུན་གྲུབ་ཕྲིན་ལས་ཀྱི། །འགྲོ་ཀུན་འདྲེན་པར་བྱ་བའི་ཕྱིར། །བསྐྱེད་རྫོགས་བཟླས་བསྒོམ་བྱ་བ་སོགས། །སེམས་བསྐྱེད་བཟང་པོས་ཟིན་པར་བྱ། །བྱམས་དང་སྙིང་རྗེ་བཏང་ལེན་གྱིས། །དམིགས་པའི་བསྒོམ་བྱ་གཙོ་བོ་ཡིན། །དེ་ནི་སྙིང་གཏམ་ལྔ་པ་ཡིན། །མདོ་ལས་ཟབ་པ་གསང་སྔགས་གནད། །རང་ལུས་ཡི་དམ་ལྷ་ཡི་སྐུ། །ང་རྒྱལ་བརྟན་པོ་བསྒོམ་པ་ནི། །འགྲོ་འདུག་སྤྱོད་ལམ་ཀུན་ཏུ་བྱ། །ངག་ནི་དལ་བར་མི་སྡོད་པར། །བསྙེན་པ་ཆུ་བོའི་གཞུང་བཞིན་ཏེ། །འདོན་ཆ་ཆོ་ག་མང་པོ་བས། །བསྙེན་པ་བཟླས་པས་ནུས་པ་འབྱུང་། །བླ་མ་ཡི་དམ་ལུ་ཆོས་སྐྱོང་སོགས། །བསྲེ་མ་དུང་ཕྱུར་ཞེ་ལ་འཆོང་། །དབང་ལུང་གདམས་ངག་ཐོབ་པ་རྣམས། །ཡི་དམ་དངོས་ཉིད་ཡིན་སྙམ་པའི། །དག་སྣང་བྱས་པས་འགྲུབ་ཐག་ཉེ། །


CMR049_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་དངོས་སུ་མ་མཇལ་ཡང་། །དེང་སང་ཀཾ་ཚང་ཐམས་ཅད་ཀྱི། །སྟོན་པ་ཡབ་སྲས་རྣམ་གཉིས་ཡིན། །དེ་ཉིད་རྩ་བའི་བླ་མར་ཟུངས། །ཐེ་ཚོམ་མེད་པར་གསོལ་བཏབ་ན། །ཉམས་རྟོགས་སྐྱེ་བར་ངེས་པ་ནི། །དུས་གསུམ་མཁྱེན་པས་ཞལ་གྱིས་བཞེས། །བླ་མ་རང་སེམས་གཅིག་ཏུ་བསྲེས། །གང་ཤར་རང་ངོར་གཅེར་གྱིས་ལྟོས། །བལྟས་པས་མ་མཐོང་ངང་ལ་ཞོག །ཉམས་ཀྱི་མཐོ་དམན་བཟང་དང་ངན། །གང་ཤར་སྟོང་པའི་ངང་ལ་ཞོག །གང་ཤར་སྤང་བླང་དགའ་སྡུག་མེད། །ལྷོད་དེ་བཞག་ན་རྟོགས་པ་འཆར། །དེ་ནི་སྙིང་གཏམ་དྲུག་པ་ཡིན། །ན་སོ་གཞོན་ཞིང་ནད་མེད་མིས། །ཐིག་ལེ་མ་ཉམས་སྲོག་ལྟར་བསྲུང་། །རྩ་རླུང་འཁྲུལ་འཁོར་ལ་འབད་ན། །ལམ་རྟགས་ཡོན་ཏན་དུ་མ་འཆར། །གཅོང་ནད་བྱང་ཞིང་ཉམས་རྟོགས་འབར། །རྟོགས་ལྡན་སྒོམ་ཆེན་ཚད་ལྡན་འགྱུར། །རྩ་རླུང་ནུས་པ་ལྡན་ན་ཡང་། །གཞན་ལུས་ཕྱག་རྒྱ་མི་བསྟེན་པར། །འདུལ་ཁྲིམས་གཙང་མར་བསྲུང་བ་འདི། །བཀའ་བརྒྱུད་གོང་མའི་རྣམ་ཐར་ལེགས། །བསྟན་ལ་ཕན་ཕྱིར་འགྲོ་དོན་འབྱུང་། །དེ་ནི་སྙིང་གཏམ་བདུན་པ་ཡིན། །


CMR049_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཆོག་ལ་སོགས་བྱེད་པའི་ཚེ། །བསྙེན་བཀུར་འབུལ་ཞབས་བཟང་ངན་ལ། །དགའ་དང་མི་དགའི་རྣམ་འགྱུར་སྤང་། །བཟང་ན་རྐྱེན་འགྱུར་ཁོ་རང་ལེགས། །ངན་ན་རང་ལ་དཀོར་སྒྲིབ་ཆུང་། །གང་ལྟར་བྱུང་ཡང་དགའ་བ་བསྒོམ། །ལྷ་བསྙེན་ཐེམ་ཞིང་ནུས་པར་ལྡན། །དྲག་པོའི་ལས་སྦྱོར་མཁས་ན་ཡང་། །མཐུ་སྡིག་ངན་སྦྱོར་ཞེ་དམ་སྤང་། །དགྲ་གཉེན་ངེས་པ་ཅི་ཡང་མེད། །དགྲ་དེ་གཉེན་འགྱུར་གཉེན་དེ་དགྲ། །ལོ་རེ་ལ་ཡང་འགྱུར་ཞིང་འགྲོ། །དོན་ལ་འགྲོ་ཀུན་ཕ་དང་མ། །འཁོར་བའི་བྱ་བ་སྙིང་པོ་མེད། །རང་ཉིད་གཉོམ་ཆུང་ས་བཟུང་ན། །རང་ལ་སྡིག་གི་མི་གོས་ཤིང་། །གཞན་ལ་གནོད་པ་མི་འབྱུང་བས། །རང་ཉིད་འཆི་ཚེ་འགྱོད་མེད་འབྱུང་། །དེ་ནི་སྙིང་གཏམ་བརྒྱད་པ་ཡིན། །རྒྱུན་དུ་ཡི་དམ་གང་བྱེད་ཀྱི། །མངོན་རྟོགས་གཏོར་བསྔོས་ཆག་མེད་དང་། །ཚེས་བཅུ་དགུ་གཏོར་གཟབ་པར་བྱ། །ལོ་དུས་བསྐང་གསོལ་གཟབ་པ་དང་། །དུས་བཟང་ཚོགས་དང་བསྐང་གསོལ་བྱ། །རྒྱུན་དུ་འདོན་ཆ་མི་མང་བར། །སྔགས་དང་ཏིང་འཛིན་གཙོ་བོར་སྟོན། །དེ་ཡིས་ཉམས་ལེན་འཕེལ་བ་དང་། །


CMR049_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཌཀྐི་ཆོས་སྐྱོང་ངང་གི་འདུ། །མཚམས་ལ་འདུག་རྒྱུ་བྱུང་བའི་ཚེ། །སོ་གསོད་ལྐོག་ཉལ་མི་བྱ་བར། །ངག་མཚམས་དམ་ཞིང་མལ་ས་གནོན། །ཆབ་ཆོབ་མང་པོ་མི་འདོན་པར། །གང་སྒྲུབ་ལྷ་དེ་རྟགས་ཐོན་བྱ། །ཤིན་ཏུ་དམ་པའི་མཚམས་བསྡམས་ན། །ཡུན་རིང་མི་ཐོག་རྟགས་ཐོན་ངེས། །དེ་ནི་སྙིང་གཏམ་དགུ་པ་ཡིན། །ཁྱད་པར་ཀུན་ཏུ་བཟང་པོའི་བཀའ། །ཐེག་དགུའི་ཡང་རྩེ་རྫོགས་པ་ཆེ། །འཇའ་འོད་ཐིག་ལེ་ཐིག་ཕྲན་ལ། །ངེས་ཤེས་བསྐྱེད་ལ་རྒྱུན་དུ་ལྟོས། །ཉམས་ལེན་སེམས་དང་བསྲེ་ཞིང་བལྟ། །དེ་ལ་ཐེ་ཚོམ་ཡིད་གཉིས་ན། །བསོད་ཆུང་སྐལ་པ་མེད་པར་ངེས། །དེ་ཕྱིར་ཟབ་ཆོས་མཆོག་ཏུ་ཟུང་། །བར་དོ་ཆོད་པར་ཐེ་ཚོམ་མེད། །དེ་ནི་སྙིང་གཏམ་བཅུ་པ་ཡིན། །ཤེས་རབ་རང་བཞིན་བུད་མེད་ལ། །གཤེ་སྐུར་མི་རུང་དམ་ཚིག་སྟེ། །འོན་ཀྱང་མི་ཉེ་རྒྱང་བསྲིངས་ནས། །འགོ་བའི་ནད་ལྟར་འཛེམ་བྱས་ན། །རང་ཉིད་ཆོས་མགོ་ཐོན་པ་ཡི། །བསྟན་པ་དང་ནི་བླ་མ་ཡི། །ཆགས་ཕྱིར་ཞབས་ཏོག་ཆེ་ཤོས་ཏེ། །དེ་ནི་སྙིང་གཏམ་བཅུ་གཅིག་པ། །བློ་སེམས་ཆོས་ལ་འགྱུར་བ་དང་། །ཆོས་དེ་ཆོས་མིན་མི་འགྲོ་


CMR049_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བར། །བྱང་ཆུབ་ལམ་དུ་འགྲོ་བའི་ཐབས། །མི་རྟག་ནམ་འཆི་ཆ་མེད་འདི། །ཉིན་རེ་ལན་གསུམ་དྲན་པ་གཅེས། །ད་ལྟ་འཆི་ནད་ཕོག་བྱུང་ན། །མི་འཇིག་གདེང་ཚོད་ཅི་འདུག་པ། །རང་གི་སེམས་ལ་སྐོར་རྫོགས་བྱ། །འདི་ནི་སྙིང་གཏམ་བཅུ་གཉིས་པ། །རྒྱུན་དུ་བདེ་ཆེན་ཞིང་ཁམས་སུ། །སྐྱེ་བའི་བསྔོ་བ་སྨོན་ལམ་དང་། །འགྲོ་བའི་འདུན་པ་དྲག་པོ་བྱ། །དེ་རུ་སྐྱེ་བའི་དགེ་ཚོགས་འབད། །དེ་ནི་སྙིང་གཏམ་བཅུ་གསུམ་ཡིན། །བན་རྒན་རཱ་ག་ཨ་སྱ་ཡིས། །ཚེམ་དཀར་མདོ་རུ་ཞུན་མར་ངོགས། །འཕྲལ་དུ་གང་དྲན་བྲིས་པའོ། །མངྒ་ལཾ།། ༈ །།རཱ་ག་ཨ་སྱས་ཀརྨ་ནཱ་ཐ་ལ་གདམས་པའི་མགུར་ཚན་གཅིག་བཞུགས། ན་མོ་མ་ཧཱ་མུ་དྲ་ཡེ། བླ་མ་ཡི་དམ་དབྱེར་མེད་པའི། །འཇིག་རྟེན་དབང་ཕྱུག་ཞབས་ལ་འདུད། །བཙུན་པ་ཀརྨ་མགོན་པོ་ཡི། །སེམས་ལ་ཕན་པ་དགོས་གསུངས་པ། །མདོ་རྒྱུད་བླ་མའི་གསུངས་རྣམས་ལྕསྒྱུ་ཀུན། །སེམས་ལ་ཕན་ཐབས་ཁོ་ན་སྟེ། །དོན་གཞན་གསུངས་པ་འདུག་གམ་ཅི། །སེམས་ལ་ཕན་ཐབས་གང་ཞེ་ན། །རང་སེམས་རང་གིས་འདུལ་བ་ཡིན། །དེ་ཕྱིར་བུ་


CMR049_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་སེམས་ཐུལ། །དལ་འབྱོར་མི་ལུས་རིན་ཆེན་འདི། །ཡང་ཡང་ཐོབ་དཀའ་ད་རེས་ཙམ། །ད་རེས་རྡོག་སྣ་འདྲེད་ཤོར་ན། །ནམ་ཡང་ཐར་བའི་དུས་མ་མཆིས། །ལུས་འདི་ཆུད་ཟོས་མི་འབྱུང་བར། །ལུས་འདི་དོན་དང་ལྡན་པའི་ཐབས། །སྡོམ་པ་དམ་ཚིག་བསྲུང་བ་གཅེས། །སྐྱབས་གསུམ་སྡོམ་པ་ཞུ་ཕྱི་ནས། །འདི་དང་ཕྱི་མ་བར་དོ་ཡི། །སྐྱིད་སྡུག་གང་བྱུང་དཀོན་མཆོག་ལ། །ཅི་མཛད་ཁྱེད་ཤེས་བློ་སྙིང་གཏོད། །སྐྱིད་ན་དཀོན་མཆོག་ཐུགས་རྗེར་བསྒོམ། །སྡུག་ནའང་དཀོན་མཆོག་ཐུགས་རྗེ་སྟེ། །ལས་སྒྲིབ་དག་པའི་དགའ་བ་བསྒོམ། །སེར་གོས་གྱོན་པ་ཐམས་ཅད་ལ། །དགེ་འདུན་དངོས་ཀྱི་འདུ་ཤེས་ཀྱིས། །སྐྱོན་ལ་མི་བརྟགས་དག་སྣང་སྦྱོངས། །དལ་འབྱོར་མི་ལུས་རིན་ཆེན་འདི། །ཡུན་རིང་མི་ཐོག་འཆི་བདག་འབྱུང་། །འཆི་བདག་ལས་ཀྱི་གཤིན་རྗེ་འདི། །ནམ་འོང་ཏིག་ཏིག་མ་མཆིས་ཤིང་། །བྱུང་ན་ཅེས་ཀྱང་བཟློག་ཐབས་མེད། །ཉི་མ་ནུབ་རིའི་རྩེར་ནུབ་ལྟར། །སུས་ཀྱང་མི་བཟློག་ཕ་རོལ་འགྲོ། །ལུས་དང་ལོངས་སྤྱོད་ནོར་རྫས་དང་། །ཡུལ་མཁར་མཐུན་གྲོགས་ཤུལ་དུ་ལུས། །རིག་པ་གཏན་མེད་


CMR049_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུར་ལུས། །མགོ་དཔོན་ཕ་ཚོ་ཉེ་དུ་ཡི། །དོན་དུ་སྡིག་པ་བྱས་ན་ཡང་། །སྡིག་པ་ཁོང་ཚོས་ཁུར་རོགས་མེད། །དགེ་སྡིག་ལུས་དང་གྲིབ་མ་ལྟར།། རང་དང་འབྲལ་མེད་རྗེས་སུ་འབྲང་། །ལས་ཀྱི་གཤིན་རྗེའི་ཁྲིམས་ར་ན། །རྫུན་དང་གཏམ་མཁས་བྱེད་ས་མེད། །གང་བྱས་མེ་ལོང་ཡིག་ཆུང་གསལ། །དེ་དུས་འགྱོད་ཀྱང་ཕན་པ་མེད། །དགེ་བ་འདོད་ཀྱང་ཚོལ་ཁུང་མེད། །ད་ལྟ་རང་དབང་རང་ལ་ཡོད། །བསམ་ཤེས་ཡོད་པའི་མི་ཡིན་ན། །ད་ལྟ་སྡིག་པ་ཆུང་ལ་འཛེམ། །སྡིག་པ་ཆུང་ངུ་རེ་རེས་ཀྱང་། །བསྐལ་པ་དུ་མར་སྡུག་བསྔལ་བསྐྱེད། །དགེ་བ་ཆུང་ཡང་འབད་པས་སྒྲུབས། །དགེ་བ་ཆུང་ངུ་རེ་རེས་ཀྱང་། །སྐྱེ་བ་དུ་མར་བདེ་སྐྱིད་འབྱུང་། །ལྷ་དང་མི་ཡི་བདེ་སྐྱིད་ཀྱང་། །ཡུན་རིང་མི་རྟག་སྡུག་བསྔལ་འགྱུར། །རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག །འཁོར་བ་སྡུག་བསྔལ་རྒྱ་མཚོ་སྟེ། །སྐྱེ་རྒས་ན་འཆིའི་རྦ་རླབས་འཁྲུགས། །སྐྱ་འདི་ལ་ཐར་ཐབས་དམ་པའི་ཆོས། །ད་ལྟ་བསྒྲུབས་ན་ངེས་པར་འགྲུབ། །ཆོས་ཀྱི་རྨིང་གཞི་ཚུལ་ཁྲིམས་ཡིན། །སྡོམ་པ་དམ་ཚིག་གཙང་བ་ན། །ངན་སོང་གནས་སུ་ལྟུང་


CMR049_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་མེད། །མི་ལུས་ཐོབ་པ་དཀའ་རྒྱུ་མེད། །ཐོས་བསམ་སྒོམ་གསུམ་གང་བྱེད་ཀྱང་། །ལམ་དུ་འགྲོ་ཞིང་དོན་ལྡན་འགྱུར། །གལ་ཏེ་སྡོམ་པ་ཚུལ་ཁྲིམས་རྣམས། །རྩ་བཞི་གང་རུང་ཉམས་ཤོར་ན། །རྩིགས་རྨིང་ངན་པའི་མཁར་དང་འདྲ། །ཐོས་བསམ་ཡོན་ཏན་ཆེ་ན་ཡང་། །རང་གཞན་དོན་ཆེན་འགྲུབ་པར་དཀའ། །དེ་ཕྱིར་རྩ་བ་བཞི་པོ་འདི། །རང་སེམས་དཔང་པོར་ཞོག་ལ་སྲུངས། །འཆི་བདག་ནམ་འོང་ཆ་མེད་ཅིང་། །བྱུང་ན་བཟློག་ཐབས་མི་གདའ་བས། །བྱུང་ཡང་འགྱོད་མེད་དགེ་སྦྱོར་རེམ། །གང་ཤེས་གསོལ་འདེབས་ཆོས་སྤྱོད་སོགས། །སྤྱི་པའི་ཁྲལ་དུ་མ་སེམས་པར། །ནངས་ནུབ་རྒྱུན་དུ་ཐུགས་དམ་མཛོད། །ཉམས་ལེན་བོགས་སྐྱེད་འབྱུང་བའི་ཐབས། །ཟུང་འཇུག་བརྒྱུད་པའི་བླ་མ་རྣམས། །སྤྱི་བོར་ཐོ་བརྩེགས་སྒོམ་མཛོད་ལ། །གསོལ་བ་སྙིང་གི་དཀྱིལ་ནས་ཐོབ། །ཅི་མཛད་ཁྱེད་ཤེས་བློ་སྙིང་གཏོད། །འོད་དུ་ཞུ་ནས་རང་ལ་བསྟིམ། །དེ་ནས་རང་སེམས་ངོ་བོར་ལྟོས། །བལྟས་པས་མི་མཐོང་རང་སར་ཞོག །བྱིང་ཞིང་རྨུག་ན་སྒྲིམ་ལ་ལྟོས། །ས་ལེ་ཡེ་རེ་རྗེན་ནེ་ཞོག །འཕྲོ་རྒོད་མང་ན་ལྷོད་ལ་


CMR049_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས། །གར་འགྲོ་ཐོངས་ལ་རྒྱངས་སོ་ཚུགས། །སེམས་ཀྱི་ངོ་བོ་སྟོང་པ་ཉིད། །གཟུགས་དང་ཁ་དོག་དངོས་པོ་མེད། །སྟོང་ཉིད་ཆོས་སྐུའི་ངོ་བོ་ཡིན། །སེམས་ཀྱི་རང་བཞིན་གསལ་ལ་དྭངས། །རང་རིག་རང་གསལ་རྗེན་ནེ་བ། །ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཡིན། །སེམས་ཀྱི་རྣམ་པ་འགགས་མེད་པ། །གར་ཡང་འགྲོ་ཞིང་ཅིར་ཡང་འཆར། །སྤྲུལ་པའི་སྐུ་ཡི་ངོ་བོ་ཡིན། །དེ་གསུམ་དབྱེར་མེད་ངོ་བོ་གཅིག །ངོ་བོ་ཉིད་སྐུའི་ངོ་བོ་ཡིན། །རང་ངོ་རང་གིས་མ་རིག་ན། །ལྷན་ཅིག་སྐྱེས་པའི་མ་རིག་པ། །འཁོར་བར་འཁྱམས་པའི་རྩ་བ་ཡིན། །རང་ངོ་རང་གིས་རིག་པ་ན། །ལྷན་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེ། །ཆོས་སྐུ་སྐྱེ་མེད་ངོ་བོ་ཡིན། །སེམས་ལ་རྣམ་རྟོག་གང་ཤར་བ། རང་ངོ་རང་གིས་མ་རིག་ན། །རྣམ་རྟོག་མ་རིག་ཆེན་པོ་སྟེ། །རིགས་དྲུག་འཁོར་བའི་རྩ་བ་ཡིན། །རྣམ་རྟོག་རང་ངོ་རིག་པ་ན། །རང་ཞི་ཆུ་རླབས་ཆུར་ཐིམ་ལྟར། །མི་རྟོག་ཡེ་ཤེས་ཆེན་པོ་ཡིན། །ལས་ནི་དང་པོ་པ་ཡི་དུས། །གང་ཤར་རང་གི་ངོ་བོར་ལྟོས། །བལྟས་པས་རང་ཞི་རང་གྲོལ་ནས། །གསལ་སྟོང་རྗེན་པར་ཡུད་ཙམ་གནས། །


CMR049_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཉམས་ལེན་བྱེད་པ་ཡིན། །དེ་བས་ཅུང་ཟད་མཐོ་ཙམ་ན། །དྲན་པ་ཙམ་གྱི་ཐོག་ཏུ་སླེབས། །མ་དྲན་ན་ནི་འཁྲུལ་པ་སྟེ། །དྲན་ནས་ཉམས་ལེན་དེས་ཆོག་པ། །ཉམས་ལེན་སྐྱོང་སྟབས་བདེ་བ་འབྱུང་། །རྣམ་རྟོག་ཉུང་དུ་མ་སོང་ཡང་། །རྣམ་རྟོག་བསྒོམ་ལ་མི་གནོད་དེ། །མཚོ་ལ་ཁ་བ་བབ་པ་ལྟར། །རྣམ་རྟོག་བསྒོམ་དུ་ཤར་བ་འབྱུང་། །དེ་ནས་ཅུང་ཟད་བོགས་བྱུང་ན། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རང་གི་སེམས་དུ་ངེས་པར་རྟོགས། །སེམས་ཉིད་གཞི་མེད་རྩ་བྲལ་བ། །སྟོང་ཉིད་ཕྱག་རྒྱ་ཆེན་པོར་རྟོགས། །སེམས་ངོ་སྐྱོང་བ་མ་གཏོགས་པ། །ཅི་ཡང་དགོས་མེད་སྙམ་པ་འབྱུང་། །ལུས་བདེ་སེམས་བདེ་ཞེ་རྩ་སྐྱིད། །ང་ལས་སྐྱིད་མེད་སྙམ་པ་འབྱུང་། །དགྲ་གཉེན་ཁྱད་མེད་སྙམ་པ་དང་། །ཟས་གོས་སྲེད་པ་ཆུང་བ་དང་། །བྱ་བ་བཏང་སྙིང་འདོད་པ་འབྱུང་། །དེ་དུས་གནས་ཉམས་ཤིན་ཏུ་ཆེ། །མེ་རེ་འཁྱིལ་ལེ་གནས་པ་འབྱུང་། །རེས་འགའ་གསལ་སྟོང་རྗེན་པར་འཆར། །རེས་འགའ་སྟོང་ཉམས་སྟོང་ཧད་དེ། །ཐམས་ཅད་སྟོང་པ་ཡིན་སྙམ་བྱེད། །རེས་འགའ་འཕྲོ་རྒོད་སྔར་བས་མང་། །དུག་ལྔ་ཞེ་སྡང་ཕྲག་


CMR049_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དོག་ཆེ། །སྔར་བས་ཐུ་བ་འདྲ་ཡང་འབྱུང་། །དེ་ལྟར་བཟང་ངན་གང་ཤར་ཡང་། །མི་སྐྱུར་རང་ངོ་ལྟ་བ་གཅེས། །བཟང་ལ་བློ་སེམས་མི་སྐྱེད་ཅིང་། །ངན་ལ་ཞེ་རྩ་མི་ཞུམ་པར། །གང་ཤར་ངོ་བོ་སྐྱོང་ནུས་ན། །བལྟ་བྱ་ལྟ་བྱེད་གཅིག་ཏུ་འདྲེས། །འདི་སྒོམ་གཏད་སོ་སྤུ་ཙམ་མེད། །འཁོར་འདས་སྣང་སྲིད་ཐམས་ཅད་ཀུན། །རང་གི་སེམས་དང་དབྱེར་མེད་འདྲེས། །ཕྱི་རོལ་བྲག་རི་སྐྱེ་འགྲོ་སོགས། །སོ་སོར་སྣང་ཡང་ངོ་བོ་སྟོང་། །ཆུ་ནང་ཤར་བའི་ཟླ་གཟུགས་འདྲ། །ནམ་མཁས་གར་ཁྱབ་སེམས་ཀྱིས་ཁྱབ། །སེམས་ཉིད་ངོ་བོ་རྗེན་པར་བུད། །དེ་ཡི་གནས་ཚུལ་བརྗོད་མི་ཤེས། །འདི་ཡིན་འདི་མིན་ཅི་ཡང་མེད། །མདོ་རྒྱུད་མན་ངག་བླ་མའི་གསུང་། །ཐམས་ཅད་ས་ཕག་གྲོས་བྱས་ལྟར། །ཐམས་ཅད་རང་སེམས་སྟེང་དུ་འབབ། །བློ་འཛིན་བློ་བཤར་མ་བྱས་ཀྱང་། །བཤད་ན་ཟད་མེད་ཆུ་བོ་འདྲ། །དེ་ཉིད་མ་རྟོགས་སེམས་ཅན་ལ། །བཅོས་མིན་སྙིང་རྗེ་ཤུགས་ལ་སྐྱེ། །བསྐྱེད་རིམ་མངོན་རྟོགས་མི་དགོས་པར། །དྲན་རྫོགས་ནམ་མཁའི་འཇའ་ཚོན་ལྟར། །བསྐྱེད་རྫོགས་དབྱེར་མེད་ཟུང་འཇུག་གོ །དེ་ག་


CMR049_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཞིག་སྐྱེས་པ་ལ། །ངོ་བོ་མཐོང་ཞེས་བརྗོད་རུང་ཙམ། །རྟོགས་ལྡན་མིང་ཙམ་བཏགས་ཀྱང་རུང་། །འོན་ཀྱང་སྤྱོད་པ་ཞིབ་པ་དང་། །དགེ་སྒྲུབ་སྡིག་སྤངས་གཟབ་པ་གཅེས། །བསྔོ་བ་སྨོན་ལམ་རྒྱ་ཆེར་གདབ། །ད་རུང་སྣང་སེམས་བསྲེ་བའི་གནད། །ཕྱི་རོལ་དངོས་པོ་ཐམས་ཅད་དང་། །རང་སེམས་བསྲེ་ཞིང་བསྒོམ་པ་ཟབ། །ད་རུང་ཡེངས་སྐབས་བརྗེད་སྐབས་ཡོད། །དྲན་རྗེ་རྒྱུན་དུ་བརྟན་པ་གཅེས། །ད་རུང་བརྒྱུད་པའི་བྱིན་རླབས་དགོས། །གསོལ་བ་སྙིང་ནས་གདབ་པ་གཅེས། །ཆོས་ཀུན་སྨོན་ལམ་མཐའ་བསྒྱུར་བས། །རྟ་ཁ་སྲབ་ཀྱིས་བསྒྱུར་དང་འདྲ། །སྐྱེ་སླ་ཕན་ཡོན་རྒྱ་ཆེ་བ། །བདེ་བ་ཅན་གྱི་ཞིང་ཁམས་སུ། །སྐྱེ་བའི་བསྔོ་བ་སྨོན་ལམ་དང་། །བཟང་སྤྱོད་བདེ་སྨོན་ཐུགས་དམ་བྱ། །གནས་སྐབས་བར་ཆད་སེལ་བ་དང་། །མདོ་འབུམ་ཉེར་ལྔ་ལ་སོགས་པ། །ཤེར་ཕྱིན་ཀུན་གྱི་དོན་ཚང་ཕྱིར། །ཟབ་མོ་བདུད་བཟློག་ཆག་མེད་མཛོད། །རྩ་བ་བཞི་པོ་ཉམས་ལེན་ཅིང་། །ཕྲ་ཞིབ་ཉེས་ལྟུང་བཤགས་སྡོམ་འབད། །གསོལ་འདེབས་ཆོས་སྤྱོད་གང་ཤེས་དང་། །བསྙེན་པ་བསྐྱེད་རིམ་སེམས་ངོ་ལ། །ཅི་ནུས་འབད་


CMR049_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འབུངས་འདོན་པ་ནི། །ཆོས་མགོ་ཐོན་པ་མཐའ་འཁྱོལ་ན། །དེང་སང་སྙིགས་མ་ལྔ་ཡི་དུས། །ཆོས་པའི་གྲ་རུ་འགྲོ་བ་ཡིན། །དེ་ཕྱིར་དེ་ལྟར་ཉམས་སུ་ལོངས། །དགེ་འདུན་གྲ་རུ་བག་མི་ཕེབས། །དམ་ཆོས་བཤའ་མ་བྱེད་སྙམ་པ། །ཕལ་ཆེར་བར་ཆད་དབང་དུ་འགྲོ། །དེ་ཕྱིར་དགེ་འདུན་སྡེ་ཉིད་དུ། །དག་སྣང་སྦྱངས་ཤིང་དད་འདུན་བསྐྱེད། །རང་ཉིད་ཀུན་ལས་དམན་པར་ལྟ། །ཕྱག་དངབསྐོར་བ་ཆོས་སྤྱོད་འབུངས། །འགྲོ་འདུག་སྤྱོད་ལམ་ཐམས་ཅད་དུ། །རང་སེམས་ངོ་བོ་སྐྱོངས་བར་མཛོད། །འཕྲལ་དུ་གང་དྲན་བསླབ་བྱ་འདི། །ཡོར་སྟོད་ཆོས་ར་བྱེད་པའི་དུས། །སྣང་གསལ་མར་མེའི་ངོགས་ལ་ནི། ༧ རཱ་ག་ཨ་སྱས་བྲིས་པ་ཡིན། མངྒ་ལཾ།། ༈ །།ན་མོ་གུ་རུ་སརྦ་ཡེ། རྟོགས་ལྡན་ཐར་པ་ཞེས་བྱ་བས། །བདག་གི་བཀའ་འབུམ་བྲི་འདོད་པས། །བདག་གིས་གང་དྲན་བྲིས་པ་ལ། །སྙིང་པོ་ཆེ་བར་མ་མཆིས་ཀླུ་ཤིང་། །མཚན་ཉིད་ལྡན་པའི་བླ་མ་ནི། །དཀོར་ཟན་བདག་འདྲ་ག་ལ་ཡིན། །དེ་ཕྱིར་དཀའ་གནད་བྲིས་ན་ཡང་། །ཤོག་བུ་ཁྲོག་བརླག་རྒྱུ་བ་གྱོང་། །བྲིས་ཡོན་ཆུད་ཟོས་


CMR049_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནམ་སེམས། །འོན་ཀྱང་མི་ལ་རས་པ་ཡིས། །ཁོ་བོ་སུ་ཡི་སྤྲུལ་པ་ཡིན། །ཁོ་བོ་རང་ལའང་ཆ་མེད་དེ། །ངན་སོང་སྤྲུལ་པ་ཡིན་ཡང་རུང་། །ཁྱེད་རང་རྣམས་ཀྱིས་རྡོ་རྗེ་འཆང་། །ཡིན་པར་བསྒོམས་ལ་གསོལ་ཐོབ་དང་། །རྡོ་རྗེ་འཆང་གི་བྱིན་རླབས་འབྱུང་། །གསུངས་པའི་དཔེ་དང་འདྲ་བ་བཞིན། །བདག་ནི་མཚན་ལྡན་བླ་མ་རུ། །མཐོང་ནས་དད་འདུན་བྱས་པ་ན། །ཁྱི་སོ་ལ་ནི་རིང་བསྲེལ་དཔེ། །མཚན་ལྡན་བླ་མའི་བྱིན་རླབས་འབྱུང་། །དེ་ཡི་རྒྱུ་མཚན་ཅི་ཞེ་ན། །མི་བསྐྱོད་རྡོ་རྗེའི་གསུངས་ལས་ཀྱང་། །བླ་མ་མཚན་ལྡན་མིན་ན་ཡང་། །སློབ་མ་དད་གུས་ལྡན་པ་ཡིས། །སངས་རྒྱས་ཡིན་པའི་ངེས་ཤེས་ཀྱིས། །གསོལ་འདེབས་བཀུར་སྟི་བྱེད་པའི་ཚེ། །སློབ་མ་དད་ལྡན་རྗེས་བཟུང་ཕྱིར། །སངས་རྒྱས་བྱང་སེམས་ཐམས་ཅད་ཀུན། །བླ་མ་དེ་ལ་ཞུགས་ནས་ཀྱང་། །སློབ་མ་དད་ལྡན་བྱིན་རླབས་ཤིང་། །བཀུར་བསྟིའི་ཚོགས་གཉིས་རྫོགས་པ་རུ། །སངས་རྒྱས་ཀུན་གྱིས་མཛད་པར་གསུངས། །དེ་ཕྱིར་ང་ཡི་བཀའ་འབུམ་ཡང་། །དད་པས་བྲིས་ན་བསོད་ནམས་འཕེལ། །ཤཱཀྱ་ཐུབ་པས་གསུངས་པ་ཡི། །ཨཱ་ལི་ཀཱ་ལིས་


CMR049_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ་ཡི། །རྒྱུད་ལས་ཕན་ཡོན་འདི་ལྟར་གསུངས། །གང་ཞིག་སྐལ་དང་ལྡན་པ་ཞིག །བླ་མའི་གསུངས་ལ་ངོ་མཚར་ནས། །གྲོ་ག་རས་སམ་ཤིང་ཤུན་ལ། །རིན་ཆེན་གསེར་གྱིས་བྲིས་ནས་ནི། །མགུལ་ལམ་སྤྱི་བོར་སུས་བཟུང་ན། །འདི་ནི་མདོ་སྡེ་བརྒྱ་ཕྲག་གམ། །རྒྱུད་གཞན་བྱེ་བ་བསམ་ཡས་རྣམས། །བྲིས་ཤིང་འཛིན་པའི་མི་བས་ཀྱང་། །འདི་ཉིད་བསོད་ནམས་བསམ་ཡས་ཏེ། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །བརྗོད་ཀྱིས་ལོང་བ་མ་ཡིན་ནོ། །གལ་ཏེ་བཀླགས་ཤིང་མཆོད་ན་ཡང་། །འདི་དེས་ཀྱང་ནི་དེ་སྙེད་འགྱུར། །དཔེར་ན་ཆུ་བོ་གངྒཱའི་རྒྱུན། །ཇི་སྲིད་འཆད་པ་མེད་པ་བཞིན། །འདི་བྲིས་དགེ་བ་བར་ཆད་མེད། །སྐུ་གསུམ་རྫོགས་པའི་སར་བསྐྱལ་ལོ། །འབྲས་བུ་གཞན་ཕན་འབྱུང་སྔོན་པར། །འདི་ལ་ཁྱད་པར་ལས་རྫོགས་སོ། །དེ་སྐད་རྒྱུད་ལས་གསུངས་པ་སྟེ། །དེ་ཡི་དོན་དེ་བཀྲོལ་བ་ན། །མདོ་སྡེ་བརྒྱ་ཕྲག་བྲིས་་པ་བས། །བླ་མའི་གསུང་ནི་བྲིས་པས་ལྷག །རྒྱུད་གཞན་བྱེ་བ་བྲིས་པ་བས། །བླ་མའི་གསུང་ནི་བྲིས་པས་ལྷག །འདོན་ན་ཡང་ནི་དེ་དང་འདྲ། །མདོ་སྡེ་བརྒྱ་ཕྲག་འདོན་པ་


CMR049_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བས། །བླ་མའི་གསུང་ནི་འདོན་པ་ལྷག །རྒྱུད་སྡེ་བྱེ་བ་འདོན་པ་བས། །བླ་མའི་གསུང་ནི་འདོན་པ་ལྷག །བླ་མའི་གསུང་འབུམ་བྲིས་པ་ཡི། །ཕན་ཡོན་བསོད་ནམས་མཐའ་ཡས་ཏེ། །སྟོང་གསུམ་འཇིག་རྟེན་ཞིང་ཁམས་ཀྱི། །ས་གཞིའི་རྡུལ་ཕྲན་གྲངས་མཉམ་པའི། །བསྐལ་པ་དེ་ཡིས་གྲངས་ལ་ནི། །ཕན་ཡོན་བརྗོད་པར་མི་ནུས་ཏེ། །དེ་ཡི་ཕན་ཡོན་བསོད་ནམས་ནི། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ནམ་ཡང་ཆད་མེད་ཟད་པ་མེད། །མཐར་ཐུག་འབྲས་བུ་རྫོགས་སངས་རྒྱས། །ཆོས་སྐུ་ནམ་མཁའ་ལྟ་བུ་ཐོབ་། །ལོངས་སྐུ་རྒྱལ་བའི་སྐུ་ལྔ་ཐོབ། །སྤྲུལ་སྐུ་མཛད་པ་བཅུ་གཉིས་ཀྱི། །འགྲོ་དོན་བྱེད་པའི་སངས་རྒྱས་འགྱུར། །གཞན་ཕན་སྐྱེ་བ་ཐམས་ཅད་དུ། །སྐྱེས་མ་ཐག་ནས་ཆོས་དང་འཕྲད། །དབང་ལུང་ཁྲིད་སོགས་ཞུ་བ་རྣམས། །འབད་རྩོལ་མི་དགོས་ཤུགས་ཀྱིས་ཐོབ། །བླ་མ་དགེ་བའི་བཤེས་གཉེན་ནི། །མ་འཆུགས་བཟང་པོ་རྣམས་དང་མཇལ། །ཞབས་ཏོག་མེད་ཀྱང་ཐུགས་བཏགས་འབྱུང་། །བརྩོན་འགྲུས་མི་དགོས་ཡོན་ཏན་ལོབས། །དམ་ཚིག་ཆག་ཉམས་མི་འབྱུང་ཞིང་། །བསྒྲུབ་ལ་བར་ཆད་མེད་པར་


CMR049_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

འོང་། །རང་གི་གང་དང་གང་སྨྲས་པ། །མི་རྣམས་ཀུན་གྱིས་ཆོས་སུ་གོ །གང་བཤད་ཆོས་དེས་གཞན་ལ་ཕན། །ངག་ལ་ནུས་པ་ཆེན་པོ་འབྱུང་། །བྱིན་རླབས་བཀའ་བསྒོས་ནད་གདོན་ཞི། །གང་སྨྲས་ཚིག་ལ་ལྷ་འདྲེ་དང་། །མི་རྣམས་ཐམས་ཅད་གུས་པས་ཉན། །རྨོད་མོ་བྱས་ན་དགྲ་བགེགས་བསྒྲལ། །དེ་སོགས་ཕན་ཡོན་རྒྱ་ཆེ་བས། །བླ་མའི་གསུང་འབུམ་བྲིས་པ་ལ། །འབྱུང་བར་བཅོམ་ལྡན་འདས་ཀྱིས་གསུངས། །བསྐལ་པ་སྟོང་གི་སངས་རྒྱས་བས། །བླ་མ་གཉན་པར་གསུངས་ཕྱིར་རོ། །དེ་ཡང་བླ་མ་ཐམས་ཅད་མིན། །རང་གི་རྩ་བའི་བླ་མ་ཡིན། །རྩ་བའི་བླ་མ་གང་ཡིན་ན། །འདུལ་ཁྲིམས་སྡོམ་པ་ཕོག་དང་གཅིག །བྱང་སེམས་སྡོམ་པ་ཕོག་དང་གཉིས། །དཀྱིལ་འཁོར་དབང་བཞི་བསྐུར་དང་གསུམ། །དེ་གསུམ་གཅིག་གིས་མཛད་པ་ནི། །སུམ་ལྡན་རྡོ་རྗེ་འཛིན་པ་ཞེས། །མདོ་སྔགས་གཉིས་ཀ་ནས་གསུངས་པའི། །རྩ་བའི་བླ་ཨུ་མ་ཡིན་པར་བཤད། །དཀྱིལ་འཁོར་དབང་བཞི་བསྐུར་དང་གཅིག །དེ་ཡི་རྒྱུད་ཀྱི་ལུང་ཐོབ་གཉིས། །ཉམས་ཁྲིད་གདམས་པ་ཐོབ་དང་གསུམ། །སྔགས་ལུགས་རྩ་བའི་བླ་མ་


CMR049_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །རང་སེམས་ཆོས་སྐུ་མངོན་སུམ་དུ། །སུ་ལ་བསྟན་ནས་ངོ་འཕྲོད་པ། །དྭགས་པོ་བཀའ་བརྒྱུད་ཆོས་ལུགས་ཀྱི། །རྩ་བའི་བླ་མ་ཡིན་པའོ། །དང་པོར་ཆོས་སྒོར་བཙུད་པ་དང་། །སྐྱ་ཕུད་དང་པོ་ལེན་མི་དེ། །རྩ་བའི་བླ་མ་ཡིན་ནོ་ཞེས། །འཇིག་རྟེན་འདི་ན་གྲགས་ཆེ་ཏེ། །ཆོས་ནས་བཤད་པ་མི་སྣང་ངོ་། །རྩ་བའི་བླ་མ་དེ་ཉིད་ནི། །ལེགས་པོ་ཙམ་ཞིག་མིན་ན་ཡང་། །སློབ་མས་དད་པ་རྩེ་གཅིག་གིས། །གསུངས་པའི་ཆོས་དེ་ཉམས་བླངས་ན། །དེ་ཡི་ཕན་ཡོན་འབྱུང་བ་ནི། །བལ་པོའི་དགེ་སློང་ལྷ་ཆེན་པོའི། །ཕ་མ་བསད་པའི་སྡིག་ཆེན་ཞིག །བླ་བརྫུ་བྱས་ནས་ཆོས་བཤད་པས། །སློབ་མ་མང་པོ་དགྲ་བཅོམ་ཐོབ། །སློབ་མས་དགྲ་བཅོམ་ཐོབ་པ་དང་། །བླ་མ་བཟང་ངན་གཟིགས་པ་ཡིས། །རྫུན་མ་སྡིག་ཅན་ཡིན་པར་མཐོང་། །བླ་མ་སློབ་མས་འདྲེན་བསམ་ཡང་། །འདྲེན་མ་ཐུབ་པར་དམྱལ་བར་སོང་། །དེ་བཞིན་བདག་ནི་བླ་མ་ངན། །འོན་ཀྱང་བཀའ་འབུམ་བྲིས་པ་ན། །ཡོན་ཏན་འབྱུང་ངོ་རྟོགས་ལྡན་པ། །ཞེས་སྨྲས་སོ།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། །སྒོམ་ཆེན་བསོད་ནམས་ཚུར་ཉོན་དང་། །


CMR049_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འགྱུ་མི་གདའ་ཟེར་བ་ལ། །ཀོ་ལོང་རྣམ་རྟོག་བྱེད་མི་དགོས། །ཆོས་རྣམས་མ་ལུས་ཐམས་ཅད་ནི། །མིང་ཙམ་མ་གཏོགས་གཅིག་ཀྱང་མེད། །ཡོད་དང་མེད་པའི་མཐའ་ལས་འདས། །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས། །གཅིག་ཀྱང་མེད་པར་འབུམ་ལས་གསུངས། །དེ་དག་ཀུན་གྱི་དོན་བསྡུས་པ། །ཤེས་རབ་སྙིང་པོ་ཟབ་མདོ་ལས། །གཟུགས་མེད་སྒྲ་མེད་དྲི་མེད་ལ་སོགས་དང་། །ཆོས་མེད་གསུངས་པའི་དོན་གོ་མཛོད། །ཆོས་རྣམས་ཐམས་ཅད་མེད་གསུངས་ན། །གནས་འགྱུ་ཡོད་པ་ག་ལ་སྲིད། །གནས་པ་མེད་པའི་རྒྱུ་མཚན་ནི། །ཡོད་པའི་རྣམ་པར་མི་གནས་ཏེ། །གཟུགས་དང་ཁ་དོག་དངོས་པོ་མེད། །མེད་པའི་རྣམ་པར་མི་གནས་ཏེ། །རི་བོང་རྭ་ལྟར་གནས་མཁན་མེད། །ལུས་ནི་ཕྱི་ནང་བར་གསུམ་སོགས། །གང་དུ་གནས་པའི་ངོས་བཟུང་མེད། །འདི་ལྟར་གནས་ཞེས་སྨྲ་རྒྱུ་མེད། །དེ་ཕྱིར་གནས་པ་མེད་པ་བདེན། །དེ་སྐྱ་བཞིན་འགྱུ་བ་མེད་པ་སྟེ། །འགྱུ་བའི་མཁན་པོ་སེམས་ཡིན་ལ། །དེ་ལ་དངོས་པོ་མེད་པའི་ཕྱིར། །འགྱུ་མཁན་མེད་པས་འགྱུ་བ་མེད། །ཕྱི་རོལ་སྣང་བ་ཐམས་ཅད་ནི། །རྨི་


CMR049_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཡུལ་གྱི་སྣང་བ་བཞིན། །སེམས་ཉིད་ཁོ་རང་མ་གཏོགས་པ། །གཞན་ན་མེད་པ་འགྱུ་བ་མེད། །འགྱུ་བ་མེད་པའི་ངོ་བོ་ནི། །ཡོད་མེད་གང་དུ་ངོས་བཟུང་མེད། །དེ་ཕྱིར་འགྱུ་བའི་ངོ་བོ་ནི། །མ་བཅོས་རང་སར་བཞག་པ་ལས། །བལྟ་བྱ་ལྟ་བྱེད་བལྟ་རྒྱུ་མེད། །དེ་ཕྱིར་ལྟ་བ་མེད་པ་ཡིན། །མ་ཡེངས་ཙམ་ཞིག་མ་གཏོགས་པ། །འདི་སྒོམ་གཏད་སོ་སྤུ་ཙམ་མེད། །དེ་ཕྱིར་བསྒོམ་རྒྱུ་མེད་པ་ཡིན། །མ་ཡེངས་མ་བཅོས་ཤུགས་འབྱུང་ལས། །སྤང་དང་བླང་བྱ་མེད་པའི་ཕྱིར། །དེ་ཕྱིར་སྤྱོད་པ་མེད་པ་ཡིན། །སེམས་ཉིད་མངོན་དུ་གྱུར་པ་ལས། །གཞན་པའི་སངས་རྒྱས་མེད་པའི་ཕྱིར། །འབྲས་བུ་ཐོབ་རྒྱུ་མེད་པ་ཡིན། །དེ་ཕྱིར་བཅོམ་ལྡན་ཐུབ་པ་ཡིས། །ཆོས་ཀུན་མིང་ཙམ་བརྡ་ཙམ་སྟེ། །ངེས་པའི་དོན་ལ་མེད་པའི་རབ། །རྒྱས་པར་འབུམ་ལས་གསུངས་པ་སྟེ། །གནས་འགྱུ་མེད་པའི་དོན་རྟོགས་ན། །ཕྱག་རྒྱ་ཆེན་པོ་རྟོགས་པ་ཡིན། །བསོད་ནམས་ཐུགས་ལ་དེ་ལྟར་ཞོག། ༈ །།ན་མོ་གུ་རུ་དྷརྨེ་ཤྭ་ར་ཡེ། ཤཱཀྱའི་དགེ་ཚུལ་བྱམས་པ་ཡིས། །ངེད་ཚོ་ལ་ནི་མ་གནང་ཞེས། །ཞལ་གདམས་འཁང་ར་བྱེད་མི་


CMR049_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །རྒྱལ་བས་གསུངས་པའི་མདོ་རྒྱུད་ཀུན། །སེམས་ཅན་སྤྱི་ལ་ཞལ་གདམས་ཡིན། །ཞལ་གདམས་དེ་ཚོ་ལྟ་འདོད་ན། །སྡུག་རུས་གྱིས་ལ་ཡི་གེ་ཐོན། །འཕྲལ་དུ་ཞལ་གདམས་འདོད་པ་ན། །མི་ལུས་ཡང་ཡང་ཐོབ་དཀའ་བས། །མི་ལུས་ཐོབ་པ་དོན་ལྡན་ཕྱིར། །སྡོམ་པ་དམ་ཚིག་གཙང་མར་བསྲུང་། །འདི་ནི་ཞལ་གདམས་དང་པོ་ཡིན། །ནམ་འཆི་ངེས་པ་མི་གདའ་བས། །གང་ཤེས་ཆོ་ག་ཆོས་སྤྱོད་དང་། །ཡི་གེ་དྲུག་པ་རྒྱུན་དུ་ཟློས། །འདི་ནི་ཞལ་གདམས་གཉིས་པ་ཡིན། །ཁྱི་སོ་ལ་ཡང་རིང་བསྲེལ་དཔེ། །བླ་མར་དད་གུས་བསྐྱེད་མཛོད་ལ། །ཕྱག་རྒྱ་ཆེན་པོ་ཤུགས་ལ་འཆར། །འདི་ནི་ཞལ་གདམས་གསུམ་པ་ཡིན། །དམ་ཚིག་ཆག་ཉམས་མ་ཤོར་བ། །བླ་མ་གཅིག་པའི་རྡོ་རྗེ་སྤུན། །སངས་རྒྱས་ཞིང་དུ་མཉམ་པར་འཚོགས། །མཆེད་གྲོགས་རྣམས་ལ་དག་སྣང་སྦྱངས། །འདི་ནི་ཞལ་གདམས་བཞི་པ་ཡིན། །ཆུ་ལེན་མེ་འབུད་དཀའ་ལས་རྣམས། །བླ་མ་དང་ནི་དགེ་འདུན་སྤྱི། །ཆགས་ཕྱི་ཡིན་པས་སྡིག་པ་འདག །བསམས་ན་ལས་དཀའ་དཀའ་ལས་རྣམས། །ཕྱག་བསྐོར་བྱས་དང་ཕན་ཡོན་


CMR049_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་། །དགེ་འདུན་པ་ཡིས་ཆུ་འགེལ་ས། །བོང་བུའི་ཞབས་རྗེས་བཞག་པ་སོམ། །རང་སེམས་རང་གིས་མ་བསྲུངས་ན། །བླ་མ་བཟང་དང་གནས་བཟང་དང་། །གྲོགས་མཆེད་བཟང་པོ་ཅི་ཡོད་ཀྱང་། །སྒོམ་རོགས་བྱེད་ནི་སྟེར་ཐབས་མེད། །དེ་ཕྱིར་མ་བརྗེད་རང་སེམས་བསྲུང་། །འདི་ནི་ཞལ་གདམས་ལྔ་པ་ཡིན། །རང་སེམས་རང་གིས་བསྲུང་ཟེར་བ། །མཐོང་རྒྱུ་རིག་རྒྱུ་ཡོད་པ་མིན། །མ་མཐོང་པ་ཡི་ངང་ལ་ཞོག །སྐྱུར་ནི་བཞག་པ་མ་ཡིན་ཏེ། །ཡང་ཡང་དྲན་པའི་རྒྱང་སོ་ཚུགས། །འདི་ནི་ཞལ་གདམས་དྲུག་པ་ཡིན། །ལུས་ཀྱི་ཚུལ་ཁྲིམས་བསྲུང་དང་གཅིག །ངག་གི་བསྙེན་པ་འདོན་བརྗོད་གཉིས། །སེམས་ཀྱི་རང་ངོ་ལྟ་བ་གསུམ། །དེ་བས་ཟབ་པའི་དམ་ཆོས་ནི། །སྟོང་གསུམ་གང་དུ་བཙལ་ཡང་མེད། །མདོ་རྒྱུད་ཀུན་ནས་གསུངས་པ་མེད། །དེ་ཕྱིར་དེ་ཀུན་སྙིང་ལ་ཆོངས། །དེ་ནི་ཞལ་གདམས་བདུན་པ་ཡིན། །རྩ་བ་བཞི་པོ་སྲོག་ལྟར་བསྲུང་། །ཚོགས་ཆང་མ་གཏོགས་ཆང་སྤང་ཞིང་། །ཅི་ནུས་ཁ་ཐོན་བཟླས་བརྗོད་འབད། །རྒྱུན་དུ་གསོལ་འདེབས་སེམས་ངོ་བསྲུང་། །དེ་ཙམ་མ་ཤི་བར་འཁྱོངས་ན། །


CMR049_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དེང་སང་སྙིགས་མ་ལྔ་ཡི་དུས། །ཆོས་པར་ཐེ་ཞིང་ཆོས་མགོ་ཐོན། །སྔོན་ཚེ་བསྐལ་པ་བཟང་པོའི་དུས། །མཁས་གྲུབ་གྲུབ་རྟགས་ཡོད་པ་བས། །དེང་སང་དེ་ཙམ་ཕན་ཡོན་དང་། །ངོ་མཚར་ཆེ་བར་ཐུབ་པས་གསུངས། །དེ་ཕྱིར་དེ་ཙམ་རྡོག་གཏད་མཛོད། །དེ་ནི་ཞལ་གདམས་བརྒྱད་པ་ཡིན། །རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟར། །ཆོས་ཀུན་སྨོན་ལམ་མཐའ་བཙན་པ། །བདེ་བ་ཅན་དུ་སྨོན་ལམ་ཐོབ། །གཏན་དུ་བདེ་བའི་ཞིང་ཁམས་ཡིན། །དེ་ནི་ཞལ་གདམས་དགུ་པ་ཡིན། །བར་སྐབས་དྲེད་ཞད་བྱུང་བ་ན། །ནམ་འཆི་ནམ་འཆི་བསམ་པ་གྱིས། །ཤི་དུས་གར་འགྲོ་བསམ་པ་གྱིས། །ད་རེས་ལམ་སྣ་མ་ཟིན་ན། །མི་ལུས་མི་ཐོབ་བསམ་པ་གྱིས། །དེ་ནི་གེགས་སེལ་གདམས་པ་ཡིན། །ཞལ་གདམས་བཅུ་པ་ཡིན་པ་སྟེ། །དེ་བཅུ་ཡིད་ལ་མ་བརྗེད་མཛོད།། །།ན་མོ་མ་ཧཱ་མུ་ཏྲ་ཡེ། དགེ་ཚུལ་ཐུགས་རྗེ་ཚུར་ཉོན་དང་། །སྟོང་ཉིད་ཕྱག་རྒྱ་ཆེན་པོ་དེ། །དཔེ་ཆ་བཏོན་པས་རྟོགས་པ་མིན། །སྔོན་གྱི་བཀའ་བརྒྱུད་གྲུབ་ཐོབ་ཀུན། །བླ་མ་བསྟེན་པས་རྟོགས་པ་ཡིན། །མོས་གུས་བྱས་པས་རྟོགས་པ་


CMR049_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །གསོལ་བ་བཏབ་པས་རྟོགས་པ་ཡིན། །བུ་ཁྱོད་ཉམས་རྟོགས་སྐྱེ་འདོད་ན། །བླ་མ་རྡོ་རྗེ་འཆང་དུ་བསྒོམ། །གསོལ་བ་སྙིང་གི་དཀྱིལ་ནས་ཐོབ། །ཆགས་ཕྱི་དཀའ་ལས་སྡུག་བསྔལ་ཀུན། །སྒྲིབ་པ་དག་པའི་དགའ་བ་སྒོམ། །ནངས་ནུབ་སངས་རྒྱས་སྟོང་སྐུ་ལ། །བརྒྱ་ཕྱག་རེ་ཙམ་དམ་བཅའ་གྱིས། །ནངས་ནུབ་ཅུང་ཟད་དལ་བའི་སྐབས། །ལུས་གནད་རྣམ་སྣང་ཆོས་བདུན་ཆོས། །སེམས་ཀྱིས་སེམས་ལ་ཅེ་རེ་ལྟོས། །ཆུ་ལེན་མེ་འབུད་ལས་འགུལ་དུས། །མ་ཡེངས་དྲན་པའི་རྒྱང་སོ་ཚུགས། །རེས་ཚོའགའ་ཟ་ཞིང་རང་སེམས་ལྟོས། །ཟ་འཐུང་ཟག་མེད་ཚོགས་འཁོར་ཡིན། །རེས་འགའ་འགྲོ་ཞིང་སེམས་ངོ་ལྟོས། །སྤྲོས་མེད་དོན་དམ་བསྐོར་བ་ཡིན། །རེས་འགའ་ཉལ་ཞིང་སེམས་ངོ་ལྟོས། །འོད་གསལ་བསྒོམ་པའི་གདམས་ངག་ཡིན། །རེས་འགའ་ཧྲིག་གེ་རྗེན་ནེ་ལྟོས། །རིག་པ་གཅེར་མཐོང་གདམས་པ་ཡིན། །རེས་འགའ་མ་བཅོས་སོ་མར་ཞོག །ཐ་མལ་རྗེན་པའི་གདམས་པ་ཡིན། །རེས་འགའ་འགྱུ་ཡང་ཕྱལ་བར་ཞོག །སྣང་སྲིད་ཕྱག་རྒྱ་ཆེན་པོ་ཡིན། །རེས་འགའ་གང་ཤར་ངོ་བོ་ལྟོས། །འགྱུ་བ་རྐྱང་དེད་


CMR049_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་ཡིན། །དེང་སང་ལས་ནི་དང་པོ་པས། །གདམས་ངག་བརྒྱུད་པའི་བླ་མ་བསྟེན། །བཀའ་དང་མདོ་རྒྱུད་མགུར་འབུམ་བས། །བླ་མའི་གསུང་རབ་དགའ་དུས་ཡིན། །སྤྲོས་བྲལ་ངོ་བོ་མཐོང་དུས་སུ། །མདོ་རྒྱུད་མགུར་འབུམ་ཟབ་ཆོས་རྣམས། །གང་ལ་བལྟས་ཀྱང་དོན་གོ་ན། །བདེ་གཤེགས་བཀའ་ཡི་བླ་མ་བསྟེན། །ཀྱི་དཔེ་ཆ་ཀུན་ལ་བལྟ་དུས་ཡིན། །རོ་གཅིག་རྟོགས་པ་ཤར་ཙམ་ན། །སྣང་བ་ཐམས་ཅད་དཔེ་ཆར་ཤར། །བློ་འཛིན་ལ་སོགས་མ་བྱས་ཀྱང་། །ཆོས་བཤད་ཟད་རྒྱུ་མེད་པ་ཡིན། །སྒོམ་མེད་ཨང་དེ་རྟོགས་པའི་དུས། །རང་སེམས་བླ་མར་འཆར་བ་སྟེ། །མདོ་རྒྱུད་དོན་ཀུན་རང་སེམས་ལ། །འཆར་བ་ཡིན་ནོ་གསུངས་པར་སྣང་། །ད་ལྟ་དཔེ་ཆའི་དོན་མི་གོ །དེ་བས་སྔོན་འགྲོ་བཞི་སྦྱོར་ལ། །ཉིན་རེ་དུས་གསུམ་རྩེ་གཅིག་ཏུ། །བསྒོམ་ཞིང་ཆག་མེད་བྱེད་པ་དང་། །ཐུན་བཞི་ལ་སོགས་གསོལ་འདེབས་ལ། །དད་སུ་གུས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་སྙིང་ནས་ཐོབ་ཅིག་དང་། །ཉམས་རྟོགས་རང་དབང་མེད་པར་འཆར། །ཐུགས་རྗེའི་སེམས་ལ་དེ་ལྟར་ཞོག །ཅེས་སྨྲས་སོ།།


CMR049_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫགྷོ་ཥ་ཡེ། དགེ་ཚུལ་སྦྱིན་པ་ཞེས་བྱ་བས། །མི་ཁོམ་སྐབས་ཤིག་ཞལ་གདམས་ཟེར། །ཁྱེད་རྣམས་ཡིད་བཞག་བྱས་ན་ནི། །ཞལ་གདམས་ཆུ་བོའི་རྒྱུན་དང་འདྲ། །དམ་ཆོས་ཀུན་གྱི་གཞི་མ་སྟེ། །མཁར་གྱི་བརྩིགས་རྨིང་འདྲ་བའི་སྡོམ་པ་བསྲུང་། །ཆོས་ཀྱི་རྩ་བ་ཐོས་བསམ་སྒོམ་གསུམ་ཡིན། །ཐོས་པ་ཞེས་བྱ་དབང་ལུང་ཁྲིད་ཞུ་དང་། །ཟིན་ཐུན་སློབ་གཉེར་གང་འོས་བྱེད་པ་ཡིན། །དེ་ལས་བསམ་པའི་ཁྱེར་ཕྱོགས་ལེགས་པ་གཅེས། །ཟིན་ཐུན་ཁ་ཁྲལ་ཡིན་ནོ་བསམ་པ་དང་། །ཡོན་ཏན་ཚིལོབས་ན་གྲོང་ཆོག་རག་བསམ་དང་། །གྲོང་མཆེད་རྣམས་ལ་ཕྲག་དོག་འགྲན་སེམས་དང་། །མི་སྡུན་ཐད་སོ་ཨེ་ལོབས་བསམ་པ་དང་། །ཙནྡན་སོལ་བ་བྱས་ནས་བཙོང་བ་ལྟར་། །སློབ་གཉེར་བྱས་ཡང་ཆོས་སུ་མི་འགྲོ་བས། །སློབ་གཉེར་ཟིན་ཐུན་ཆགས་ཕྱི་དཀའ་ལས་རྣམས། །རང་གི་སྒྲིབ་གཉིས་དག་པར་བྱ་བ་དང་། །བླ་མེད་བྱང་ཆུབ་ཐོབ་ཕྱིར་སློབ་གཉེར་དང་། །ཆགས་ཕྱི་དཀའ་ལས་འདི་དག་བྱ་བསམས་ན། །དམ་ཆོས་དེ་བས་ལྷག་མེད་ཡིད་ལ་ཞོག །བླ་མ་ལ་ནི་སངས་རྒྱས་དངོས་སུ་ལྟ། །མཆེད་གྲོགས་


CMR049_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་དཀྱིལ་འཁོར་ལྷ་རུ་ལྟ། །དབང་ལུང་དམ་ཆོས་རྣམས་ནི་བདུད་རྩི་མོས། །ནམ་འཆི་ཆ་མེད་བརྩོན་འགྲུས་ལྕགས་ཀྱིས་བྲོབས། །དེ་ལྟར་བྱས་ན་འདི་སྐྱིད་ཕྱི་མ་སྐྱིད། །ད་རེས་མི་ལུས་ཐོབ་པ་དོན་དང་ལྡན། །ཕ་མ་བུ་སྐྱེས་རྐན་མར་ཁྲོག་མ་རླགས། །བླ་མ་བསྟེན་པའི་ཞབས་ཏོག་དེ་ཡིས་འོང་། །དེ་ཕྱིར་སྡོམ་པ་གཙང་མར་བསྲུང་བ་དང། །ཟིན་ཐུན་སློབ་གཉེར་སྡུག་རུས་མ་གཡེལ་མཛོད། །སྐབས་སུ་རང་སེམས་ངོ་བོ་ལྟ་བ་དང་། །སྐབས་སུ་ཡི་དམ་བསྐྱེད་རིམ་གང་ཟིན་དང་། །བསྙེན་པ་ཡང་ནི་གྲངས་ཞོག་བསོགས་པར་མཛོད། །ཅེས་པ་སྦྱིན་པ་ལ་གདམས་པའོ།། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡེ། ཐུགས་རྗེ་ཆེན་པོ་གསང་བ་འདུས། །འགྲོ་བ་འདྲེན་ལ་ཕྱག་འཚལ་ལོ། །སྔོན་ཚེ་ལས་འཕྲོ་བཟང་པོའི་མཐུས། །ད་རེས་དལ་འབྱོར་མི་ལུས་ཐོབ། །ཐོབ་ཀྱང་ནམ་འཆི་ཆ་མ་མཆིས། །ཤི་ཚེ་ཆོས་ཤིག་མ་གཏོགས་པ། །ཅིས་ཀྱང་ཕན་པ་མི་གདའ་བས། །བུ་ཁྱོད་བློ་ཕུགས་ཆོས་ལ་གཏོད། །ཕྱི་མ་གར་སྐྱེ་ཚེ་སྔོན་ལས་འབྲས་གཙོ། །དགེ་སྒྲུབ་སྡིག་སྤང་ལག་ཏུ་ལོངས། །རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག །བདེ་


CMR049_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཞིང་དུ་སྨོན་ལམ་ཐོབ། །འབྲེལ་ཚད་ཞིང་དེར་ཁྲིད་པའི་ཐབས། །མ་ཎི་བུམ་སྒྲུབ་འདི་ཉིད་ཡིན། །འདི་ལ་དད་གུས་ངེས་ཤེས་བསྐྱེད། །འདི་ཡི་ཆགས་ཕྱི་འགྲུབ་པ་ན། །ཚོགས་བསགས་སྒྲིབ་སྦྱངས་དེ་གས་འཐུས། །གཡོ་སྒྱུ་མེད་པའི་ཁ་ལག་དུས་ཚོད་སྤྲོད། །དཀའ་ལས་རྐང་ཚག་སྡུག་ཡུས་མ་བྱེད་ལ། །སྒྲུབ་པ་འདི་ཡི་ཆགས་ཕྱིར་བརྩོན་འགྲུས་མཛོད། །སྒྲིབ་པ་དག་པའི་དགའ་བ་བསྒོམ། །སྤྱི་བོར་བླ་མ་ཨོ་རྒྱན་བསྒོམ། །བཛྲ་གུ་རུའི་གསོལ་བ་ཐོབ། །འོད་དུ་ཞུ་ནས་རང་ལ་ཐིམ། །རང་ལུས་ཐུགས་རྗེ་ཆེན་པོར་བསྒོམ། །ཡི་གེ་དྲུག་པ་རྒྱུན་དུ་ཐོན། །རང་གི་སེམས་ཀྱིས་སེམས་ལ་ལྟོས། །གཟུགས་དང་དངོས་པོ་ཅི་འདུག་ལྟོས། །མ་མཐོང་དེ་ཡི་ངང་ལ་ཞོག །དངོས་པོ་མཐོང་རྒྱུ་མེད་ན་ཡང་། །ཡིད་ལ་མྱོང་རྒྱུ་ཡོད་པ་ཡིན། །ཅི་ཡང་མི་དྲན་ཀྱི་ལེ་གནས། །དེ་ལ་གནས་པ་མིང་དུ་བཏགས། །གང་ཡང་འཕྲོ་ཞིང་ཅི་ཡང་དྲན། །དེ་ལ་འགྱུ་བ་མིང་དུ་བཏགས། །གནས་འགྱུ་ཅི་བྱེད་རིག་པ་ཡང་། །རིག་པ་མིང་དུ་བཏགས་པ་ཡིན། །དེ་ལྟར་གནས་འགྱུ་རིག་གསུམ་ལ། །རྒྱུན་དུ་རང་གི་ལྟ་བ་ལ། །ཉམས་ལེན་སྐྱོང་


CMR049_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བ་མིང་དུ་བཏགས། །དངོས་པོ་མཐོང་རྒྱུ་མེད་པ་ལ། །སྟོང་ཉིད་མིང་དུ་བཏགས་པ་ལགས། །དེ་ཉིད་ལེགས་པར་ཤེས་པ་ལ། །ཤེས་རབ་ཕ་རོལ་ཕྱིན་པ་ཟེར་། །ཡུན་ཐུང་གྲངས་མང་ཡང་ཡང་ལྟོས། །དེ་ལ་ཉམས་ལེན་སྐྱོང་བ་ཟེར། །ལྟ་རྒྱུ་མི་རྙེད་མ་གསལ་ན། །བརྒྱ་ཕྱག་རེ་ཙམ་ཕུལ་ལ་ལྟོས། །ནངས་ནུབ་ལུས་གནད་བསྲང་ལ་ལྟོས། །གསལ་དང་མི་གསལ་ཅི་བྱུང་ཡང་། །མི་སྐྱུར་རྒྱུན་དུ་ལྟ་བ་གཅེས། །འགྱུ་བ་སྐྱོན་དུ་མི་ལྟ་བར། །ལྷོད་ཅིང་ལྟ་བ་མན་ངག་ཡིན། །རང་སེམས་རང་གིས་བལྟ་བ་ལ། །ལྟ་བ་མིང་དུ་བཏགས་པ་ཡིན། །དེ་ལ་རྒྱུན་དུ་སྐྱོང་བ་ལ། །སྒོམ་པ་མིང་དུ་བཏགས་པ་ཡིན། །དགེ་སྒྲུབ་སྡིག་སྤངས་བྱེད་པ་ལ། །སྤྱོད་པ་མིང་དུ་བཏགས་པ་ཡིན། །ཕྱི་མ་བདེ་ཆེན་ཞིང་ཁམས་སུ། །སྐྱེ་བའི་སྨོན་ལམ་བཏབ་པ་ལ། །འབྲས་བུ་དེ་ལས་ལྷག་པ་མེད། །རེ་ཞིག་སེམས་ངོ་མི་སྐྱུར་བར། །ནངས་ནུབ་བསྙེན་པ་ཁྱུ་བསོགས་པ་དང་། །ཟིན་ཐུན་རྣམས་ཀྱང་ཅི་ཟིན་མཛོད། །ཕ་མ་ཉེ་དུ་ཀུན་གྱིས་ཚབ། །ཁོ་བོ་ཡིན་པར་ཤེས་གྱིས་ལ། །བློ་སེམས་གཏན་ལ་ཕེབས་པར་སྡོད། །ཇ་དང་ཐུག་


CMR049_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུས་ཚོད་ལ། །བསྐོལ་དུ་གྱིས་ལ་དྲང་བར་མཛོད། །ཟ་མའི་ཞིམ་རྩོག་ལག་ལས་རག །ཅེས་བཟོད་པས་བསྐུལ་ཕྱིར་དེ་སྐད་རཱ་ག་ཨ་སྱས་འཕྲལ་དུ་སྨྲས་སོ། །མངྒ་ལཾ། བྷ་ཝནྟུ། ༈ །རྗེ་བཙུན་མི་ལའི་སྐུ་མདོག་ལ། །ནཱ་ག་པ་ཎིའི་སྤྱན་འབྲས་ཅན། །པོ་ཏྲེ་དགེ་བཤེས་ལ་གདམས་པའོ།། ན་མོ་གུ་རུ། སྤང་ལྗོངས་མཛེས་པ་ན་ལྡིང་བའི་སྟག་ཆུང་གི་བུང་བ། །དར་དིར་བྱང་ཆུབ་ལ་མ་ཡེངས་རྩི་བཅུད་རེ་འཇིབས་དང་། །སྟོན་སེར་ལྷགས་ཁས་ཁྱེར་ན་རང་དབང་ནི་མེད་པས། །དགུན་བརྒྱག་སྦྲང་རྩི་ནི་གསོག་གམ་སྟག་ཆུང་གི་བུང་བ། །སྐྱེད་ཚལ་སྔོ་མཐིང་ན་འཁྲུངས་པའི་འདབ་རྒྱས་ཀྱི་པདྨ། །བཀྲག་མདངས་ཟིལ་འོད་ལྡན་དུས་དཀོན་མཆོག་ལ་མཆོད་དང་། །དུས་ཀྱི་བ་མོས་བཅོམ་དུས་རང་དབང་ནི་མེད་པས། །ལྷ་ཁང་མཆོད་རྫས་སུ་ཐེང་ངམ་མེ་ཏོག་གི་གསར་པ། །གསུང་སྙན་ལྷང་ལྷང་དུ་སྒྲོག་པའི་བྱ་རྒྱལ་གྱི་ཁུ་བྱུག །ལྷ་རྣམས་ཆར་རྒྱུན་འབེབས་དུས་ངོམ་པ་རེ་འཐུང་དང་། །ཆར་མེད་ཐན་ཆེན་འབབ་དུས་རང་དབང་ནི་མེད་པས། །སྐོམ་གྱི་གདུང་བ་རེ་ཆོད་དང་བྱ་རྒྱལ་གྱི་ཁུ་བྱུག །ཆུང་ནས་རབ་ཏུ་བྱུང་བའི་བན་ཆུང་ནི་གསར་པ། །ན་ཆུང་


CMR049_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རིག་བཀྲ་དུས་སློབ་གཉེར་རེ་གྱིས་དང་། །རྒན་རྒོན་དབང་པོ་འགྲིབ་དུས་རང་དབང་ནི་མེད་པས། །ཟིན་ཐུང་གྲ་ཐུབ་རེ་སློབ་དང་བན་ཆུང་ནི་གསར་པ། །བླ་མའི་དྲུང་ན་འདུག་པའི་བཙུན་ཆུང་ནི་གསར་པ། །བླ་མ་མཆེད་གྲོགས་འཛོམ་ཚེ་ཡོན་ཏན་རེ་སློབ་དང་། །མི་རྟག་སོ་སོར་བྱེ་ནས་རང་དབང་ནི་མེད་པས། །རང་མགོ་ཐོན་པ་རེ་གྱིས་དང་བན་ཆུང་ནི་གཞོན་ནུ། །སྐྲ་ཕུད་སྡོམ་པ་ཞུས་པའི་བན་ཆུང་ནི་གསར་པ། །ན་སོ་དར་ལ་བབ་དུས་སྡོམ་ཁྲིམས་དེ་བསྲུང་དང་། །སྤྱོད་ངན་སྡོམ་པ་ཤོར་བ་རང་དབང་ནི་མེད་པས། །སྡོམ་གཙང་གྲ་རུ་རེ་ཚུད་མཛོད་བན་ཆུང་ནི་གཞོན་ནུ། །ཉམས་མཚར་དཔེ་དོན་བསྡེབས་པའི་གླུ་དབྱངས་ནི་མཚར་པོ། །དཔེ་དོན་གོ་བ་ཁ་ད་ནི་ཡིན་ནོ། །དོན་མ་གོ་ན་ཁ་བཤད་རང་ཡིན་ནོ། །ཤོག་བུ་གཏད་ཕྱིར་གང་དྲན་ནི་བྲིས་སོ། །ཅེས་རཱ་ག་ཨ་སྱས་སྨྲས་སོ།། ༈ །།ཀ་ཡེ་གསོན་དང་བན་ཆུང་ཚོ། །ཁ་རོག་མ་འདུག་ཟིན་ཐུན་ཟུང་། །ག་ལེ་ལུང་མེད་བཏག་རྒྱུ་མེད། །ང་ཁྱོད་རྩོད་པའི་འཛིང་མོ་སྤོངས། །ཅ་ལེ་ཅོ་ལེའི་རྩེ་ཀྱུ་སྐྱུར། །ཆ་བེ་ཆོབ་བེའི་འཕྱོངས་རྒྱུགས་སྐྱུར། །ཇ་


CMR049_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནམ་འཐུང་ཇ་མཆོད་ཐོན། །ཉ་སྟོང་བརྒྱད་དང་ཚེས་བཅུ་ལ། །ཏ་ཐཱ་ག་ཏའི་སྐུ་གཟུགས་ལ། །ད་ནི་བརྒྱ་ཕྱག་ཆག་མེད་འཚོལ། །ན་རྒས་འཆི་དུས་རིན་ཐང་ཆེ། །པ་དེ་པུ་དེའི་མནའ་དེ་སྤོངས། །ཕ་བརླ་མ་གཙོང་ཙམ་ཞིག་གྱིས། །བ་མོར་ཉི་ཟེར་ཕོག་པ་ལྟར། །མ་རྒན་འགྲོ་བའི་སྒྲིབ་སྦྱང་ཕྱིར། །རྩ་རླུང་འཁྲུལ་འཁོར་སློབ་ལ་བསྒོམ། །ཚ་གྲང་དམྱལ་བའི་སྐྱེ་སྒོ་གཅོད། །ཛ་ལེའི་གོ་འཕང་ཐོབ་པའི་ཕྱིར། །ཝ་ལེར་རང་སེམས་ངོ་བོ་ལྟོས། །ཞྭ་ལྟར་བླ་མ་སྤྱི་བོར་བསྒོམ། །ཟ་འཐུང་ལུས་ལྷ་ཞི་ཁྲོ་མཆོད། །འ་རེ་ཟླུའུ་རེའི་རྣམ་གཡེང་དུས། །ཡ་ང་མེད་པར་ཡི་དམ་བསྒོམ། །ར་ལ་ཆིབས་པའི་རྡོར་ལེགས་སོགས། །ལ་ཆེན་གཏོར་བསྔོས་ཐུགས་དམ་གྱིས། །ཤ་ས་ན་སོགས་སྔགས་བསྙེན་སོགས། །ས་ཆ་གང་འདུག་མི་དང་བསྟུན། །ཧ་ཁོག་གོ་ན་སྤྱང་པོ་ཡིན། །ཨ་ཉོག་པོ་ཏྲེ་བུ་ལ་སྨྲས། །ཨོ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཨཱཔོ་ཏྲེ་བུ་ལ་ཐུགས་རྗེས་གཟིགས་། །ཧཱུཾ་ཐུགས་ཀྱིས་དགོངས་ལ་བྱིན་གྱིས་རློབས། །དྷཱིདོན་གཉིས་འགྲུབ་པར་མཛད་དུ་གསོལ། །ས་བན་རྒན་རཱ་ག་ཨ་སྱས་གདམས། །ཧཱ་ཅི་དྲན་བྲིས་པ་ཧ་ཧ། །མངྒ་ལཾ།། །།


previousཤོག་ལྷེབ་ ༤༣༠ ནས་ ༥༠༠ བར།next