Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
བླ་མ་མཆོད་པའི་ཆོ་གའི་འདོན་བྱ་ཁོལ་དུ་ཕྱུང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousབླ་མ་མཆོད་པའི་ཆོ་གའི་འདོན་བྱ་ཁོལ་དུ་ཕྱུང་བ།next

བླ་མ་མཆོད་པའི་ཆོ་གའི་འདོན་བྱ་ཁོལ་དུ་ཕྱུང་བ།


CMR051_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མཆོད་པའི་ཆོ་གའི་འདོན་བྱ་ཁོལ་དུ་ཕྱུང་བ་བཞུགས་པའི་དབུ་ཕྱོགས་ལགས་སོ། །


CMR051_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་གཏོར་མ་བཤམས་ལ། ཨོཾ་ཨ་བིགྷན་ཏ་ཀྲི་ཏ་ཧཱུཾ་ཕཊ་ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོཉཧཾ། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ད་ཤ་དིག་ལོ་ཀ་པ་ལ་བྷུ་མི་པཱ་ཏི་ས་པཱ་རི་ཝཱ་ར་ཨེ་ཧྱ་ཧི་པདྨ་ཀཱ་མ་ལྱཱ་སྟྭཾ། ཨོཾ་ད་ཤ་དིག་ལོ་ཀ་པ་ལ་བྷུ་མི་པཱ་ཏི་ས་པཱ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། ཨོཾ་ད་ཤ་དིག་ལོ་ཀ་པ་ལ་བྷུ་མི་པཱ་ཏི་ས་པཱ་རི་ཝཱ་ར་བཛྲ་པཱདྱཾ་པྲ་ཏིཙྪ་སྭཱ་ཧཱ། ཨོཾ་ད་ཤ་དིག་ལོ་ཀ་པ་ལ་བྷུ་མི་པཱ་ཏི་ས་པཱ་རི་ཝཱ་ར་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ།


CMR051_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ད་ཤ་དིག་ལོ་ཀ་པ་ལ་བྷུ་མི་པཱ་ཏི་ས་པཱ་རི་ཝཱ་ར་བཛྲ་དྷུ་པེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ད་ཤ་དིག་ལོ་ཀ་པ་ལ་བྷུ་མི་པཱ་ཏི་ས་པཱ་རི་ཝཱ་ར་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ད་ཤ་དིག་ལོ་ཀ་པ་ལ་བྷུ་མི་པཱ་ཏི་ས་པཱ་རི་ཝཱ་ར་བཛྲ་གྷནྡྷེ་པྲ་ཏིཙྪ་སྭཱ་ཧཱ། ཨོཾ་ད་ཤ་དིག་ལོ་ཀ་པ་ལ་བྷུ་མི་པཱ་ཏི་ས་པཱ་རི་ཝཱ་ར་བཛྲ་ནཻ་ཝི་དྱ་པྲ་ཏིཙྪ་སྭཱ་ཧཱ། ཨོཾ་ད་ཤ་དིག་ལོ་ཀ་པ་ལ་བྷུ་མི་པཱ་ཏི་ས་པཱ་རི་ཝཱ་ར་བཛྲ་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱརྱ་ནུཏྤན་ན་ཏོཏྟ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ། ཞིང་སྐྱོང་ཆེན་པོ་བརྒྱད་རྣམས་དང་། །མཁའ་འགྲོ་སུམ་ཅུ་སོ་གཉིས་སོགས། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་


CMR051_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །འབྱུང་པོ་ཡི་དྭགས་ཤ་ཟའི་ཚོགས། །སྨྱོ་བྱེད་བརྗེད་བྱེད་མཁའ་འགྲོ་མ། །མ་མོའི་ཚོགས་རྣམས་མ་ལུས་དང་། །སྡེ་བརྒྱད་ཡུལ་ལྷ་གཞི་བདག་དང་། །སྨན་མོ་གནས་བདག་ལ་སོགས་པ། །གཏོར་མགྲོན་ཚོགས་རྣམས་མ་ལུས་ཀུན། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅིག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་མེད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་རྣམས་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་གཏོར་མ་དོར། ཨོཾ་སུཾ་བྷ་ནི་སུམྦྷ་ནི་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞཱ་པ་


CMR051_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་གྲྀཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿབྷ་ག་ཝན་བཱིརྱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད། འོག་ཐམས་ཅད་རྡོ་རྗེའི་ས་གཞི། ལོགས་ཐམས་ཅད་རྡོ་རྗེའི་ར་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་བླ་བྲེ་སུ་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད། མཆོད་རྫས་བསངས་སྦྱངས། ཨོ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་ཧཱུྃ་ཡིག་ལས་བྱུང་བའི་ལྷ་རྫས་ཀྱི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། འདོད་ཡོན་ལྔ། རྒྱལ་པོ་ལ་འོས་པའི་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་པའི་རྟགས་བརྒྱད། མཆོད་པའི་ལྷ་མོ་བཅུ་དྲུག །ལྷ་རྫས་དང་རིན་པོ་ཆེ་ཡི་རིགས་ལས་བྱུང་བའི་མཆོད་པའི་རྫས་དུ་མ་དང་། ཕྱི་ནང་གསང་བ། དེ་ཁོ་ནི་ཉིད་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པ་ས་དང་བར་སྣང་ཁྱབ་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷམ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་པཱདྱཾ་ཨཱཿཧཱུྃ་སྭཱ་ཧཱ། ༀ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་


CMR051_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་དྷུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་དཱི་པཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་གྷནྡྷེ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ། ༀ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་གྷནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་རཱ་ས་ཨཱཿཧཱུྃ་སྭཱ་ཧཱ། ༀ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་སྤརྵེ་ཨཱཿཧཱུྃ་སྭཱ་ཧཱ། ༀ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་ཝིར་ནི་ཨཱཿཧཱུྃ་སྭཱ་ཧཱ། ༀ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་ཝང་ཤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་མྲ་དཾ་གེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་མུ་ར་ཛེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་ཧཱ་སྱེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཤི་མན་གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་


CMR051_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ར་བཛྲ་ལཱ་སྱེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷམཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་གཱིརྟི་ཨཱཿཧཱུྃ་སྭཱ་ཧཱ། ༀ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནི་དྷམ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་ནཱིརྟི་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷམ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་དྷུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་དཱི་པཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་གྷནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་རཱུ་པ་བཛྲ་ཨཿཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་རཱ་ས་བཛྲ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཐི་མན་གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་སྤརྴེ་བཛྲ་ཨཱཿཧཱུྃ་སྭཱ་ཧཱ། ༀ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་དྷརྨཱ་དྷརྟུ་བཛྲ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་བརྟ་ཨ་བརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ཞེས་མཆོད་པ་བྱིན་གྱིས་བརླབས་ནས། སྐྱབས་འགྲོ་སེམས་བསྐྱེད་ནི། བདག་སོགས་མཁའ་མཉམ་འགྲོ་བ་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་བར། །


CMR051_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་གཤེགས་པའི་རྒྱན་འཁོར་ལྔ། །གཅིག་བསྡུས་ཆོས་ཕུང་བརྒྱད་ཁྲི་དང་། །བཞི་སྟོང་འབྱུང་གནས་འཕགས་པ་ཡི། །དགེ་འདུན་བདག་ཉིད་རྩ་བརྒྱུད་ཀྱི། །བླ་མ་རྣམས་ལ་སྐྱབས་སུ་མཆི། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །མཁའ་ཁྱབ་ཕ་མ་མཐའ་མེད་འཁོར་བར་འཁྱམས། །བདེ་བ་འདོད་ཀྱང་སྡུག་བསྔལ་འབའ་ཞིག་བསྒྲུབ། །རྒྱུ་འབྲས་གོ་ལྡོག་སྤྱོད་རྣམས་སྙིང་རེ་རྗེ། །དེ་དག་ཐམས་ཅད་བདག་གིས་བསྒྲལ་བར་བྱ། །ཞེས་འདོན་བསྒོམ་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག་།ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཚད་མེད་བཞི་བསྒོམ། དེ་ནས་རྡོར་སེམས་སྒོམ་བཟླས་ནི། རང་གི་སྤྱི་བོར་པད་ཟླའི་སྟེང་། །དཔལ་ལྡན་བླ་མ་རྡོ་རྗེ་སེམས། །སྐུ་མདོག་དཀར་པོ་ཞལ་གཅིག་པ། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། །མཚན་དཔེའི་རིན་ཆེན་བརྒྱན་གྱིས་སྤྲས། །ཞབས་


CMR051_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སེམས་དཔའི་སྐྱིལ་ཀྲུང་སྟེ། །རང་འདྲའི་ཡུམ་གྱིས་རྣམ་པར་འཁྱུད། །ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར། །ཡི་གེ་བརྒྱ་པས་བསྐོར་བར་གྱུར། །ཡིག་ཕྲེང་དེ་ལས་འོད་འཕྲོས་ཏེ། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས། །སྤྱན་དྲངས་རྡོར་སེམས་ལ་ཐིམ་པས། །སངས་རྒྱས་ཀུན་འདུས་སྐུ་རུ་གྱུར། །བདག་སོགས་སེམས་ཅན་རྣམས་ཀྱིས་ཐོག་མེད་ནས། །ད་ལྟ་ཡན་གྱི་སྡིག་སྒྲིབ་ཉེས་ལྟུང་ཀུན། །མཐོལ་ལོ་བཤགས་སོ་ཕྱིན་ཆད་བསྡོམས་ལགས་པས། །འདི་ཕྱི་སྒྲིབ་པར་མི་འགྱུར་དངོས་གྲུབ་སྩོལ། །ཞེས་གསོལ་མོད་ལ་སྔགས་ལས་བདུད་རྩི་བབས། །སྐུ་ཡི་དབྱིབས་བརྒྱུད་སྦྱོར་མཚམས་ནས་བབ་སྟེ། །སྤྱི་བོ་ནས་ཞུགས་ལུས་གང་སྡིག་སྒྲིབ་བསལ། །བདུད་རྩིས་ལུས་ཀྱི་ནང་གང་སྤྱི་བོར་རེག །དམིགས་པ་དེ་ལྟ་བུ་ཡང་ཡང་བསྒོམ་ཞིང་སྡིག་སྒྲིབ་དག་པའི་ངེས་ཤེས་བརྟན་པོ་བྱས་ལ་ཡིག་བརྒྱ་བཟླས། ཐུན་བསྡུ་དུས། རྡོར་སེམས་ཡབ་ཡུམ་ཞལ་ནས་བུ་ཁྱོད་ཀྱི། །སྡིག་སྒྲིབ་དག་གོ་གསུངས་ནས་དགྱེས་བཞིན་དུ། །འོད་ཞུ་རང་ལ་ཐིམ་པས་རང་ཉིད་དང་། །རྡོ་རྗེ་སེམས་དཔའ་དབྱེར་མེད་རོ་གཅིག་གྱུར། །དེ་ནས་དངོས་གཞི་ལ་


CMR051_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་སྟེ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་སྔོན་གྱི་སྨོན་ལམ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་བྱིན་རླབས་དང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་དང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཡོན་ཏན་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་དག་པའི་སྦྱོར་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་མཐུ་དང་བདག་ཅག་རྣམས་ཀྱི་མོས་པའི་མཐུ་ལས། གནས་འདིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་བརྒྱན་དང་བཀོད་པ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་གྱུར་པའི་དབུས་སུ་ཐར་པ་ཆེན་པོའི་ཕོ་བྲང་གཞལ་ཡས་ཁང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་རྒྱ་ཁྱོན་ནམ་མཁའི་མཐའ་དང་མཉ་པ་ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས། རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཕྱི་ནང་སྒྲིབ་པ་མེད་པའི་རང་བཞིན་དུ་གྱུར། གཞལ་མེད་ཁང་དབུས་པད་སྡོང་གཅིག་ལས་དབུས། །གཡས་གཡོན་མདུན་རྒྱབ་པདྨ་ལྔར་གྱེས་པའི། །དབུས་མ་རྒྱ་ཆེ་པད་འདབ་ལྡན་པའི་སྟེང་། །མི་འཇིགས་སེང་གེའི་བཏེག་པའི་རིན་ཆེན་ཁྲིར། །བཀའ་དྲིན་མཉམ་མེད་རྩ་བའི་


CMR051_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མཆོག །དཀོན་མཆོག་ཀུན་འདུས་དཔལ་ལྡན་ཀརྨ་པ། །རྗེ་བཙུན་དམ་པ་ཆོས་ཀྱི་དབང་ཕྱུག་ཞབས། །སྐུ་མདོག་དཀར་གསལ་ཞལ་གཅིག་སྤྱན་གསུམ་པ། །དགེ་སློང་ཆ་ལུགས་ཞྭ་ནག་གསེར་མདོངས་ཅན། །ཕྱག་གཡས་རྡོ་རྗེ་དང་བཅས་ས་གནོན་མཛད། །གཡོན་པས་མཉམ་བཞག་འཆི་མེད་བུམ་པ་འཛིན། །ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །ཐུགས་རྗེས་སྤྱན་གྱིས་འགྲོ་ལ་རྟག་གཟིགས་ཤིང་། །འགྲོ་ཀུན་བདེ་ནས་བདེ་བར་འདྲེན་པ་ཡི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན་དང་ལྡན་། །སྐུ་ལས་འོད་ཟེར་སྣ་ཚོགས་འཕྲོས་གྱུར་པས། །ཐུགས་རྗེས་རྒྱུན་མི་འཆད་པའི་ཕྲིན་ལས་ཀྱིས། །གདུལ་བྱ་མ་ལུས་རྗེས་སུ་འཛིན་མཛད་ཅིང་། །འབྲེལ་ཚད་དོན་དང་ལྡན་ཞིང་ལྷམ་མེར་བཞུགས། །པད་འདབ་རྒྱབ་ནས་རིམ་བཞིན་གཡས་བསྐོར་དུ། རྒྱས་པར་ན། །ཞྭ་དམར་ཉི་ཤུ་ཀརྨ་པ་བཅུ་གསུམ། །རྒྱལ་ཚབ་པ་དང་མཚེར་ལུང་པ་བདུན་པ། །དཔའ་བོ་སི་ཏུ་ན་རིམ་ཉེར་གཅིག་སྟེ། །མྱེས་བོན་རྣམ་གསུམ་དྲུང་ཆེན་གོང་འོག་གསུམ། །བཀྲ་ཤིས་དཔལ་གྲུབ་ལྷོ་པ་གཏེར་སྟོན་གཉིས། །ལུང་རིགས་ཉི་མ་ཀརྨ་དོན་


CMR051_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་སོགས། །དྲིན་ཐོབ་བླ་མ་ཀུན་གྱིས་བསྐོར་བའི་རྒྱབ། །པད་འདབ་ཕྱི་མ་འདབ་མ་འབུམ་ལྡན་ལ། །ཏེ་ནག་ལ་སོགས་གྲུབ་ཆེན་བརྒྱད་ཅུ་ལྔ། །རྗེ་འབངས་ཉེར་ལྔ་མར་མི་དྭགས་པོ་དང་། །ཇོ་འབྲོམ་ཁུ་རྔོག་རྒྱལ་སྲས་སྐུ་མཆེད་གསུམ། །དམ་པ་མ་གཅིག་བུ་ཆེན་བཅུ་དྲུག་དང་། །འཇམ་དབྱངས་བདུན་བརྒྱུད་རྒྱ་རས་སེང་ཆེན་དགུ། །སྐྱོབ་པ་ཐང་པ་སེང་ཆེན་བཅུ་གསུམ་སྟེ། །རྨ་སེ་སངས་རྒྱས་དབོན་པོ་ལ་སོགས་དང་། །རཏྣ་གླིང་པ་གཏེར་སྟོན་བརྒྱ་རྩ་བརྒྱད། །ཀརྨ་ཆགས་མེད་བརྒྱུད་པར་བཅས་པ་སོགས། །རྒྱ་བོད་རིག་འཛིན་གྲུབ་ཐོབ་ཀུན་གྱིས་བསྐོར། །སྟེང་གི་ནམ་མཁར་ཁྱབ་བདག་རྡོ་རྗེ་འཆང་། །གཡས་སུ་སྒྲོལ་མ་གཡོན་དུ་པདྨ་འབྱུང་། །འོག་ཏུ་ཆོས་སྐྱོང་དང་བཅས་གསལ་བར་གྱུར། །ཞེས་བྱས་ཀྱང་ཆོག །དེ་ནས་སྤྱན་འདྲེན་པ་ནི། སྟེང་ཆོས་དབྱིངས་བདེ་ཆེན་ཕོ་བྲང་ནས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ། །ལོངས་སྤྲུལ་སངས་རྒྱ་ཚོགས་ཀྱིས་བསྐོར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གཡས་པོ་ཊ་ལ་ཡི་གནས་མཆོག་ནས། །རྗེ་བཙུན་འཕགས་མ་སྒྲོལ་མ་ལ། །ཡི་དམ་ལྷ་ཚོགས་འཁོར་གྱིས་བསྐོར། །གནས་


CMR051_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གཡོན་ནུབ་ཕྱོགས་ཨོ་རྒྱན་གནས་མཆོག་ནས། །སློབ་དཔོན་པདྨ་འབྱུང་གནས་ལ། །དཔའ་བོ་བྱང་སེམས་ཚོགས་ཀྱིས་བསྐོར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དབུས་གར་བཞུགས་རྒྱལ་བའི་གཞལ་ཡས་ནས། །རྒྱལ་བ་ཀརྨ་པ་སོགས་ལ། །བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འོག་དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ། །ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོ་ཐི་མན་གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གིས་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །


CMR051_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལ་སྟཱཾ། དེ་ལྟར་སྤྱན་དྲངས་བཞུགས་གསོལ་ལྷ་ཚོགས་རྣམས། །སོ་སོའི་ལྷར་ཐིམ་བསྐྱེད་པའི་ལྷ་རྣམས་དང་། །དབྱེར་མེད་གཅིག་འདྲེས་ཀུན་འདུས་སྐུར་གྱུར་ཏེ། །བདག་སོགས་འགྲོ་ལ་ཐུགས་རྗེས་རྟག་གཟིགས་གྱུར། །ཛཧཱུྃ་བཾ་ཧོས་གཉིས་སུ་མེད་པར་གྱུར། །བསྟོད་པ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་དེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་ལྟ་བས་མཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །བླ་མའི་གསུང་ནི་ཚངས་པའི་དབྱངས། །འགགས་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་སྐྲག་མཛད་པའི། །བླ་མའི་གསུང་ལ་ཕྱག་འཚལ་ལོ། །བླ་མའི་ཐུགས་ནི་ནམ་མཁའ་


CMR051_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། །བདེ་གསལ་མི་རྟོག་སྟོང་པའི་ངང་། །རྣམ་ཐར་གསུམ་ལ་ལེགས་གནས་པའི། །བླ་མའི་ཐུགས་ལ་ཕྱག་འཚལ་ལོ། །གང་གི་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང་། །བླ་མེད་བྱང་ཆུབ་ཐོབ་མཛད་པའི། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྤྲོ་ན་འདིར། གང་གི་མ་རིག་མུན་པའི་ཚོགས། །སྨག་ཏུ་གྱུར་སོགས་ནས། པདྨ་འབྱུང་གནས་ཕྱག་འཚལ་ལོ། །བར་དང་ཡང་། མ་འོངས་སངས་རྒྱས་དྲུག་པ་སོགས་ནས། མི་བསྐྱོད་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །ཡང་ན། ཟབ་ཞི་སྤྲོས་བྲལ་ངང་ལས་མ་གཡོས་བར། །སོགས། དཀོན་མཆོག་ཡན་ལག་ཞབས་ལ་ཕྱག་འཚལ་ལོ། །སླར་ཡང་ཚད་མེད་ཐུགས་རྗེ་སོགས་ཤོ་ལོ་ཀ་དང་། བསྟན་པ་སྲུང་ཞིང་རྣལ་འབྱོར་བུ་བཞིན་སྐྱོང་སོགས་ནས། །བཀའ་སྡོད་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད། །དེ་ནས་མཎྜལ་ཕུལ་མཆན། ཨོཾ་བཛྲ་བྷ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཥེ་ཨཱཿཧཱུྃ། ཕྱི་ལྕགས་རི་འཁོར་ཡུག་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ་རི་ཡི་རྒྱལ་པོ་རི་བོ་མཆོག་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་


CMR051_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་། ཤར་དུ་ལུས་དང་ལུས་འཕགས། ལྷོ་རུ་རྔ་ཡབ་དང་རྔ་ཡབ་གཞན། ནུབ་ཏུ་གཡོ་ལྡན་དང་ལམ་མཆོག་འགྲོ། བྱང་དུ་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། །རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླེང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མི་ཡི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་ལས་འདས་པ་མངོན་པར་བཀོད་དེ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་


CMR051_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ༈ །ས་གཞི་སྤོས་ཆུས་བྱུག་ཅིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་དང་འཁོར་དང་བཅས། །དུས་གསུམ་བདེ་གཤེགས་མ་ལུས་ལ། །གླིང་བཞི་རི་རབ་བཅས་པ་དང་། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་བཅས། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་དང་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །སྐུ་གསུམ་ཡོངས་རྫོགས་བླ་


CMR051_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཚོགས་རྣམས་ལ། །ཕྱི་ནང་གསང་གསུམ་དེ་བཞིན་ཉིད་ཀྱིས་མཆོད། །བདག་ལུས་ལོངས་སྤྱོད་སྣང་སྲིད་ཡོངས་བཞེས་ལ། །བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཐོས་པའི་མཆོད་ཡོན་རྒྱ་མཚོ་ལེགས་གཏམས་ཤིང་། །རྣམ་བཀྲ་རིག་པའི་མེ་ཏོག་ཀུན་ཏུ་བཀྲམ། །ཚུལ་ཁྲིམས་རྣམ་དག་དྲི་ཡི་བདུག་སྤོས་འཐུལ། །འཆད་པ་ཉིན་མོར་བྱེད་པའི་སྒྲོན་མེ་སྦར། །རྩོད་པ་འོས་པ་རྣམ་སྦྱོང་དྲི་ཆབ་གཏམས། །བསམ་གཏན་རོ་བརྒྱ་ལྡན་པའི་ཞལ་ཟས་བཤམས། །རྩོམ་པ་སྡེབ་ལེགས་སྙན་པའི་རོལ་མོ་སོགས། །འཕགས་རྣམས་དགྱེས་བྱེད་མཆོད་པ་འདི་དག་གིས། །བླ་མེད་བླ་མ་རྒྱལ་བ་སྲས་དང་བཅས། །མཆོད་པར་འོས་པའི་སྐྱབས་ཀུན་མཆོད་པར་བགྱི། །སྟོན་པ་མཆོག་གིས་ཇི་ལྟར་བསྟན་པ་བཞིན། །རྒྱུ་དང་འབྲས་བུ་ཐེག་པ་རབ་གསལ་ནས། །ཞིང་རྣམས་ཀུན་ཏུ་ནུབ་མེད་འབར་མཛད་པ། །བཀའ་བརྒྱུད་རིམ་པར་འབྱོན་རྣམས་མཆོད་པར་བགྱི། །རྒྱལ་དབང་ཆོས་གྲགས་རྒྱ་མཚོ་མཆོད་པར་བགྱི། །མཚུངས་མེད་དབྱངས་ཅན་བཟང་པོ་མཆོད་པར་བགྱི། །སྤྲུལ་སྐུ་དཀོན་མཆོག་ཡན་ལག་མཆོད་པར་བགྱི།


CMR051_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙན་དབང་ཕྱུག་རྡོ་རྗེ་མཆོད་པར་བགྱི། །གར་དབང་ཆོས་ཀྱི་དབང་ཕྱུག་མཆོད་པར་བགྱི། །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ་མཆོད་པར་བགྱི། ༈ ། ཆགས་མེད་རཱ་ག་ཨ་སྱ་མཆོད་པར་བགྱི། །གསང་ཕུ་པདྨ་ཀུན་དགའ་མཆོད་པར་བགྱི། །མཆོག་སྤྲུལ་ཕྲིན་ལས་དབང་འབྱུང་མཆོད་པར་བགྱི། །ཀུན་མཁྱེན་ཤེས་རབ་གྲགས་པ་མཆོད་པར་བགྱི། །ཀརྨ་ཐུབ་བསྟན་རབ་འཕེལ་མཆོད་པར་བགྱི། །ཁྱབ་བདག་བསྟན་འཛིན་ཕྲིན་ལས་མཆོད་པར་བགྱི། །ཁ་སྤྲུལ་སྨོན་ལམ་ཡོངས་གྲུབ་མཆོད་པར་བགྱི། །མཚུངས་མེད་གསང་སྔགས་བསྟན་འཛིན་མཆོད་པར་བགྱི། །སངས་སྤྲུལ་ཀརྨ་སངས་རྒྱས་མཆོད་པར་བགྱི། །ཨ་རཱ་ག་མན་ཆད་གནས་ལུགས་གསེར་ཕྲེང་ལྟར་སབ་པ་ཡིན། དྲིན་ཆེན་རྩ་བའི་བླ་མ་མཆོད་པར་བགྱི། །ཡི་དམ་རྡོ་རྗེ་ཕག་མོ་མཆོད་པར་བགྱི། །ཆོས་སྐྱོང་མ་མགོན་ལྕམ་དྲལ་མཆོད་པར་བགྱི། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི། །ལྷ་རྫས་དམ་པའི་ཉེར་སྤྱོད་རྣམས། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །བཞེས་ནས་བདག་ལ་དངོས་གྲུབ་སྩོལ། །ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་


CMR051_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཊཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས། ཤབྡ་པྲ་ཏིཙྪ་སྭཱ་ཧཱ། དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི། །ལྷ་རྫས་དམ་པའི་འདོད་ཡོན་རྣམས། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །བཞེས་ནས་བདག་ལ་དངོས་གྲུབ་སྩོལ། །ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཀི་ནི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་རཱུ་པ་ ཤབྷ་ གྷནྡྷེ་ རྭ་ས་ སྤརྙེ་པྲ་ཏཱིཙྪ་སྭཱ་ཧཱ། ཞིང་འདིར་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་ཙཀྲ་རཏྣ་ མ་ཎི་རཏྣ་ སམྦྷཱི་རཏྭཱ་ པུ་རུ་ཥ་རཏྣ་ ཧསྟི་རཏ་ རུ་རངྒ་ཨ་ཤཱ་རཏྣ་ ཁང་རཏྣ་པྲ་ཏིཙྪ་སྭཱ་ཧཱ། ཞེས་དང་། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །ལུས་འབུལ་བ་ཕྱི་མཆོད་དང་། ནང་གི་དམ་ཚིག་རྫས་མཆོག་མ་དཱ་ན། །རྩ་བརྒྱད་སྟོང་སྦྱར་སྨན་དང་འོ་མ་བཅས། །ཟག་མེད་བདེ་བ་སྐྱེད་བྱེད་བདུད་རྩི་འདི། །དཔལ་ལྡན་བླ་མ་


CMR051_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་ལ་འབུལ། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ངོ་བོ་ཉིད། །སུམ་ལྡན་རྩ་བ་བརྒྱུད་པར་བཅས་རྣམས་དང་། །ཡི་དམ་ཞི་ཁྲོ་མ་དང་མཁའ་འགྲོའི་ཚོགས། །ཆོས་སྐྱོང་སྲུང་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ། ཞེས་ནང་མཆོད་དང་། སླར་རིག་མ་བཅུ་དྲུག་གི་མཆོད་པ་ནི། པི་ཝང་གླིང་བུ་རྔ་ཆེན་རྫ་རྔ་མ། །སྔོ་སེར་དམར་དང་ལྗང་བའི་ཁ་དོག་ཅན། །རབ་མཛེས་རང་རང་ཕྱག་མཚན་འཛིན་བཞིན་དུ། །སྐུ་ལ་ལེགས་འཁྱུད་བདེ་བས་མཆོད་པར་བགྱི། །ཨོཾ་བཛྲ་ཝི་ཎི་ཝཾ་ཤེ་མྲྀ་དཾ་གེ་མུ་ར་ཛེ་ཨཱཿཧཱུྃ། བཞད་པ་སྒེག་མ་གླུ་མ་གར་བྱེད་མ། །དམར་སྐྱ་སྔོ་སེར་ལྗང་བའི་ཁ་དོག་ཅན། །རབ་མཛེས་རང་རང་རྣམ་འགྱུར་དང་བཅས་པས། །སྐུ་ལ་ལེགས་འཁྱུད་བདེ་བས་མཆོད་པར་བགྱི། །ཨོཾ་བཛྲ་ཧཱ་སྱ་ལཱ་སྱ་གཱིརྟི་ནཱིརྟི་ཨཱཿཧཱུྃ། མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་མ། །དཀར་མཐིང་དམར་དང་ལྗང་བའི་ཁ་དོག་ཅན། །རབ་མཛེས་རང་རང་ཕྱག་མཚན་འཛིན་བཞིན་དུ། །སྐུ་ལ་ལེགས་འཁྱུད་བདེ་བས་མཆོད་པར་བགྱི། །ཨོཾ་བཛྲ་པུཥྤེ་དྷུ་པེ་དཱི་པཾ་གྷནྡྷེ་ཨཱཿཧཱུྃ།


CMR051_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མ་རོ་མ་རེག་མ་ཆོས་འབྱུང་མ། །དཀར་དམར་ལྗང་དང་དཀར་བའི་ཁ་དོག་ཅན། །རབ་མཛེས་རང་རང་ཕྱག་མཚན་འཛིན་བཞིན་དུ། །སྐུ་ལ་ལེགས་འཁྱུད་བདེ་བས་མཆོད་པར་བགྱི། །ཨོཾ་བཛྲ་རཱུ་པ་རྭ་ས་སྤརྴེ་དྷརྨཱ་དྷརྟུ་བཛྲ་ཨཱཿཧཱུྃ། ཞེས་གསང་མཆོད་དང་། མཆོད་ཡུལ་མཆོད་བྱེད་མཆོད་པ་ཐམས་ཅད་པ། །རང་གི་ངོ་བོར་མ་གྲུབ་སྒྱུ་མ་ཙམ། །སྒྱུ་མ་ཙམ་དུ་མཆོད་པ་ཕུལ་བའི་དགེས། །སྒྱུ་མ་ཙམ་དུ་སེམས་ཅན་ཐམས་ཅད་ཀྱི། །བདེ་སྐྱིད་ཟད་མེད་འབྱུང་འདིའང་དབུལ་བར་བགྱི། །ཞེས་དེ་ཁོ་ན་ཉིད་ཀྱིས་མཆོད་དོ། །གཏོར་མ་འབུལ་བ་ནི། གཏོར་མ་བདུད་རྩི་སོགས་ཀྱིས་བྲན་ལ། བྱིན་གྱིས་རླབས་ཏེ་འབུལ་ཚིག་རྒྱས་བསྡུས། མ་དག་མ་ལྟ་བུ་རང་རང་གང་སྤྲོ་བྱའོ། །དེ་ནས་བཤགས་པ་ནི། ཨུ་ཧུ་ཧུ་ལགས་སོ། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བ་


CMR051_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བགྱིས་པ་དང་། མཚམས་མེད་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྡོམ་པ་ལ་འགལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ལ་འགལ་བ་དང་། གསང་སྔགས་ཀྱི་དམ་ཚིག་ལ་འགལ་བ་དང་། དཀོན་མཆོག་གསུམ་ལ་མ་དད་ཅིང་མ་གོས་པ་བགྱིས་པ་དང་། ཕ་དང་མ་ལ་མ་དད་པ་བགྱིས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་དད་པ་བགྱིས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་དད་ཅིང་མ་གོས་པར་བགྱིས་པ་དང་། གསུང་རབ་ཀྱི་གླུད་ཟོས་པ་དང་། དམ་པའི་ཆོས་སྤངས་བ་དང་། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང་། སེམས་ཅན་ལ་གནོད་པ་བགྱིས་པ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་བསྡོམས་པར་བགྱིའོ། །


CMR051_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་ལ། མ་མཐོལ་མ་བཤགས་ན་དེ་ལྟར་མི་འགྱུར་བ་ལགས་སོ། །གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ།། །མ་ལུས་ཀུན་རྟོགས་གིས་བསགས་རྙོག་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་དེ་དག་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་གཞན་གྱི་དགེ་བ་གང་མཛད་དང་། །མ་ལུས་འགྲོ་བ་བསོད་ནམས་རྒྱ་མཚོའི་ཚོགས། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །བླ་མ་དམ་པ་དྲན་བྱུང་ངོ་། །རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་གསལ་བྱུང་ངོ་། །རྣམ་དག་ཞིང་ཁམས་རྒྱ་མཚོར་འབྱམས་ཀླས་སོང་ངོ་། །འོད་ཟེར་བཟོད་མེད་དུ་འབར་སོང་ངོ་། །སྣོད་བཅུད་ཐམས་ཅད་ཞུ་སོང་ངོ་། །རྡོ་རྗེ་འཆང་བདག་ལ་འབེབས་པར་མཛོད། །བདག་ལ་ངལ་གསོ་བར་མཛོད། བསྟོད་པ་ནི། ཨོཾ་སྐུ་ལ་ཚད་མེད་བགྲང་དུ་མེད། །ནམ་མཁའ་དང་ནི་མཉམ་བྱུང་ཞིང་། །སྣ་ཚོགས་དབང་ཕྱུག་མི་ཤིགས་པ། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཨཱབརྗོད་དུ་མེད་པའི་ངང་ཉིད་ལས། །ཚངས་པ་ལ་སོགས་སྙན་


CMR051_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབྱངས། །ཕྱོགས་བཅུ་ཀུན་ཏུ་སྒྲོག་མཛད་པའི། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །ཧཱུྃ་ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུགས་དང་འཛིན་པ་ལ་སོགས་པའི། །རྟོག་པ་ཀུན་ལས་རྣམ་གྲོལ་བའི། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད། །གང་གིས་མ་རིག་མུན་པའི་ཚོགས། །སྨག་ཏུ་གྱུར་པ་སེལ་མཛད་པ། །ཉི་མའི་དཀྱིལ་འཁོར་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་བསྟོད། །གང་གིས་འཁོར་བའི་སྡུག་བསྔལ་གྱི། །ཚ་གདུང་མ་ལུས་སེལ་མཛད་པ། །ཟླ་བའི་དཀྱིལ་འཁོར་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་བསྟོད། །གང་གིས་འདོད་ཆགས་ལ་སོགས་པའི། །ཉོན་མོངས་ནད་རྣམས་སེལ་མཛད་པ། །སྨན་པའི་རྒྱལ་པོ་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་བསྟོད། །གང་གིས་ཟག་མེད་བདེ་ཆེན་གྱི། །གྲོང་ཁྱེར་མཆོག་ཏུ་སྐྱེལ་མཛད་པའི། །རྟ་མཆོག་རིན་ཆེན་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་བསྟོད། །གང་གིས་སྐྱེ་རྒ་ན་འཆི་ཡི། །ཆུ་བོ་ཆེ་ལས་སྒྲོལ་མཛད་པ། །མཉན་པའི་རྒྱལ་པོ་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་བསྟོད། །གང་གིས་འགྲོ་བའི་


CMR051_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་འདོད་དག །ཡིད་བཞིན་རྫོགས་པར་འབྱུང་གྱུར་པ། །ནོར་བུ་རིན་ཆེན་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་བསྟོད། །གང་གིས་ཆོས་རྣམས་ཐམས་ཅད་ཀུན། །འདུ་འབྲལ་མེད་པར་ཁྱབ་གྱུར་པ། །ནམ་མཁའ་ལྟ་བུའི་ཐུགས་མངའ་བའི། །བླ་མའི་ཞབས་ལ་ཕྱག་འཚལ་བསྟོད། །ཁོང་སྟོང་ཁྱེད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་མེད་ཀྱང་། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱེད་ཀྱི་སྐུ་ནི་སྟོན་པར་མཛོད། །སྐུ་ལ་སྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང་། །ཁྱོད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་བྱ་བ་སྟོན་པར་མཛད། །ཆུ་ཟླ་བཞིན་དུ་བཟུང་དུ་མེད། །ཆོས་རྣམས་ཀུན་ལ་གནས་པ་མེད། །ང་རྒྱལ་མེད་ཅིང་རྨོངས་མི་མངའ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །གཤེགས་དང་བཞུགས་དང་དེ་བཞིན་གཟིམ། །སྤྱོད་ལམ་དག་ནི་ཐམས་ཅད་དུ། །ཁྱོད་ནི་རྟག་ཏུ་མཉམ་འཇོགས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེ་ལ་རྣམ་རོལ་ཞིང་། །སྣ་ཚོགས་མིན་ལ་སྙོམས་འཇུག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་


CMR051_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང་། །ནམ་མཁའ་དང་ནི་མཉམ་གྱུར་པ། །འདོད་པ་རྣམས་ཀྱི་མ་གོས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཕུང་པོ་རྣམས་དང་ཁམས་རྣམས་དང་། །སྐྱེ་མཆེད་རྣམས་ལ་མི་བརྟེན་ཞིང། །ཕྱིན་ཅི་ལོག་ལས་རྣམ་གྲོལ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །རྣམ་རྟོག་མེད་ཅིང་ཀུན་རྟོགས་མེད། །ཐུགས་ནི་རབ་ཏུ་མི་གནས་པ། །བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཇི་ལྟར་ནམ་མཁའི་གནས་མེད་ཀྱི། །སྤྲོས་མེད་གོས་པ་མེད་པ་ལྟར། །མཁའ་དང་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཐོག་མཐའ་མེད་ཅིང་ཞི་བ་དང་། །ཉོན་མོངས་ཐམས་ཅད་རྣམ་སྦྱོང་ཞིང་། །ལུས་དང་ངག་དང་སེམས་སྦྱོངས་བ། །རྡོ་རྗེ་ཆེ་ལ་ཕྱག་འཚལ་བསྟོད། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་


CMR051_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གོས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ཅོད་པན་གྱི། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་ཕྱག་འཚལ་ལོ། །པདྨ་ལས་འཁྲུངས་གསེར་གྱི་པདྨ་བཞིན། །ཉེས་པ་ཀུན་སྤངས་འགྲོ་ཀུན་བདེ་ལ་སྦྱར། །རྡོ་རྗེའི་སྐུ་བརྙེས་སྣང་སྲིད་ཟིལ་གྱིས་གནོན། །དྲིན་ཆེན་པདྨ་འབྱུང་གནས་ཕྱག་འཚལ་ལོ། །བསྟན་པ་སྲུང་ཞིང་རྣལ་འབྱོར་བུ་བཞིན་སྐྱོང་། །བར་ཆད་སེལ་ཞིང་ཕྲིན་ལས་ཀུན་འགྲུབ་པ། །མ་ཧཱ་ཀཱ་ལ་ལྕམ་དྲལ་འཁོར་དང་བཅས། །བཀའ་སྡོད་སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ། །མོས་དང་བསམ་པ་ཇི་བཞིན་ཟབ་པ་དང་། །རྒྱ་ཆེའི་ཆོས་འཁོར་རྒྱུན་མི་འཆད་པར་བསྐོར། །སྤྲུལ་པས་འགྲོ་ལ་སྨན་སླད་བཞུགས་སུ་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཀརྨ་པ་མཁྱེན་ནོ། །ཅེས་བསྙེན་པ་གང་མང་། ཁྱབ་བདག་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ཡི་དམ་


CMR051_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་སྒྲོལ་མ་ལ་གསོལ་བ་འདེབས། །གུ་རུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །དཔལ་ལྡན་དུས་གསུམ་མཁྱེན་པ་ལ་གསོལ་བ་འདེབས། །གྲུབ་ཆེན་ཀརྨ་པཀྵི་ལ་གསོལ་བ་འདེབས། །སེམས་དཔའ་རང་བྱུང་རྡོ་རྗེ་ལ་གསོལ་བ་འདེབས། །འཛམ་གླིང་རོལ་པའི་རྡོ་རྗེ་ལ་གསོལ་བ་འདེབས། །ཐུབ་ཆེན་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས། །ཀུན་མཁྱེན་མཐོང་བ་དོན་ལྡན་ལ་གསོལ་བ་འདེབས། །རྒྱལ་དབང་ཆོས་གྲགས་རྒྱ་མཚོ་ལ་གསོལ་བ་འདེབས། ། །སངས་རྒྱས་མི་བསྐྱོད་རྡོ་རྗེ་ལ་གསོལ་བ་འདེབས། །སྤྲུལ་སྐུ་དཀོན་མཆོག་ཡན་ལག་ལ་གསོལ་བ་འདེབས། །རྗེ་བཙུན་དབང་ཕྱུག་རྡོ་རྗེ་ལ་གསོལ་བ་འདེབས། །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ་ལ་གསོལ་བ་འདེབས། །དྲིན་ཆེན་ཆོས་ཀྱི་དབང་ཕྱུག་ལ་གསོལ་བ་འདེབས། ༈ །རྒྱལ་ཚབ་གྲགས་པ་མཆོག་དབྱངས་ལ་གསོལ་བ་འདེབས། །སི་ཏུ་ཆོས་ཀྱི་རྒྱལ་མཚན་ལ་གསོལ་བ་འདེབས། །དཔའ་བོ་གཙུག་ལག་རྒྱ་མཚོ་ལ་གསོལ་བ་འདེབས། །རྒྱལ་སྲས་གཏེར་སྟོན་རྣམ་གསུམ་ལ་གསོལ་བ་འདེབས། །ཆོས་ཀྱི་གྲགས་པ་ཡབ་སྲས་ལ་གསོལ་


CMR051_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས། །དབོན་དང་བཀྲ་ཤིས་དཔལ་གྲུབ་ལ་གསོལ་བ་འདེབས། །ཚེར་ལུང་སྤྲུལ་སྐུ་གོང་འོག་ལ་གསོལ་བ་འདེབས། །མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་ལ་གསོལ་བ་འདེབས། ༧ ཆགས་མེད་རཱ་ག་ཨ་སྱ་ལ་གསོལ་བ་འདེབས། །གསང་ཕུ་པདྨ་ཀུན་དགའ་ལ་གསོལ་བ་འདེབས། །མཆོག་སྤྲུལ་ཕྲིན་ལས་དབང་འབྱུང་ལ་གསོལ་བ་འདེབས། །ཀུན་མཁྱེན་ཤེས་རབ་གྲགས་པ་ལ་གསོལ་བ་འདེབས། །ཀརྨ་ཐུབ་བསྟན་རབ་འཕེལ་ལ་གསོལ་བ་འདེབས། །ཁྱབ་བདག་བསྟན་འཛིན་ཕྲིན་ལས་ལ་གསོལ་བ་འདེབས། །ཁ་སྤྲུལ་སྨོན་ལམ་ཡོངས་གྲུབ་ལ་གསོལ་བ་འདེབས། །མཚུངས་མེད་གསང་སྔགས་བསྟན་འཛིན་ལ་གསོལ་བ་འདེབས། །སངས་སྤྲུལ་ཀརྨ་སངས་རྒྱ་ལ་གསོལ་བ་འདེབས། །ཨ་རཱ་ག་མན་ཆད་གནས་ལུགས་གསེར་ཕྲེང་ལྟར་སབ། དྲིན་ཐོབ་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །རྒྱ་བོད་གྲུབ་ཐོབ་རྒྱ་མཚོ་ལ་གསོལ་བ་འདེབས། །ཆོས་སྐྱོང་མ་མགོན་འཁོར་བཅས་ལ་གསོལ་བ་འདེབས། །དེ་ནས་བསྙེན་པ་བྱ་བ་ནི། །དེ་ལྟར་གསོལ་བ་བཏབ་པས་རྡོ་རྗེ་འཆང་ནས་ཆོས་སྐྱོང་ཡན་གྱི་ལྷ་ཚོགས་ཐམས་ཅདཀྱི་སྐུ་ལས་འོད་འཕྲོས་གཙོ་


CMR051_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ལ་ཐིམ། གཙོ་བོའི་སྐུ་ཡི་གནས་རྣམས་ལས་འོད་འཕྲོས་བདག་སོགས་རྣམས་ཀྱི་སྙིང་ཁར་ཐིམ་པས་སྡིག་སྒྲིབ་ཉེས་ལྟུང་མི་ཤེས་པའི་དྲི་མའི་ཚོགས་ཐམས་ཅད་བྱང་། བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས། མཆོག་ཐུན་མོང་གི་དངོས་གྲུབ་དང་ཐུགས་རྗེ་བྱིན་རླབས་མཁྱེན་བརྩེ་ནུས་པ་ཡོན་ཏན་ཕྲིན་ལས་བདག་དོན་གཞན་དོན་ཐམས་ཅད་འགྲུབ། སྐད་ཅིག་ཉིད་ལ་བླ་མའི་གོ་འཕང་ཐོབ་སྟེ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྩོལ་མེད་དུ་སྐྱེ་བར་འགྱུར། ཨོཾ་ཨི་ཤྭ་ར་དྷམྨེ་ཧཱུྃ། ཞེས་གཙོ་བོའི་སྙིང་པོ་གང་མང་། ཨོཾ་བཛྲ་དྷིཀ་ཧཱུྃ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་མནྟྲི་ཀ་ལ་ཛྷཱ་ཧཱུྃ་སྭཱ་ཧཱ། ཨོཾ་སིདྡྷི་མ་ཧཱ་ཀརྨ་ཀཾ་དྷརྨཱ་གུ་རུ་ཧཱུྃ་སྭཱ་ཧཱ། ཨོཾ་སཏཱ་སྭ་ཡཾ་བྷུ་བཛྲ་ཧཱུྃ་སྭཱ་ཧཱ། ཨོཾ་ཛི་བུ་དཱི་པཱ་ལ་ལི་ཏ་བཛྲ་ཧཱུྃ་སྭཱ་ཧཱ། ཨོཾ་མ་ཧཱ་མ་ནི་ཏ་ཐཱ་ག་ཏ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་སརྦ་ཛྙཱ་ན་དརྵཱ་རྠ་མཱནྟ་ལ་ཧཱུྃ་སྭཱ་ཧཱ། ཨོཾ་ཛ་ལེན་ཊ་དྷརྨཱ་ཀཱིརྟི་སཱ་ག་ར་ཧཱུྃ་སྭཱ་ཧཱ། ཨོཾ་བུདྡྷ་ཨཀྵྱོ་བྷྱ་བཛྲ་ཧཱུྃ་སྭཱ་ཧཱ། ཨོཾ་བྷཊྚ་རཱ་ཀ་ཨི་ཤྭ་ར་བཛྲ་ཧཱུྃ་སྭཱ་ཧཱ། ཨོཾ་དྷརྨཱ་དྷཱརྟུ་བཛྲ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿགུ་རུ་ག་ག་ན་དྷུ་ཛ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿགུ་རུ་ཀརྨ་ཨ་རཱ་ག་ཧཱུྃ་སྭཱ་ཧཱ། འདི་རྗེས་ནས་


CMR051_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བསྣན་མཆན། ཨོཾ་དྷརྨ་པཱ་ལ་མ་ཧཱ་ཀཱ་ལ་མ་ཧཱ་ཀཱ་ལི་ཧཱུྃ་སྭཱ་ཧཱ། ཞེས་པ་རྣམས་གང་མང་དང་། གཙོ་བོ་རང་གང་མོས་དེའི་མཚན་སྔགས་ལ་བསྙེན་པ་གང་མང་བྱ། བླ་སྒྲུབ་གསོལ་འདེབས་དང་། སྣང་སྟོང་ལྷ་སྐུ་བླ་མ་ཕྱག་རྒྱ་ཆེ། །གྲག་སྟོང་བརྗོད་མེད་བླ་མ་ཕྱག་རྒྱ་ཆེ། །རིག་སྟོང་རྩ་བྲལ་བླ་མ་ཕྱག་རྒྱ་ཆེ། །བཅོས་མིན་བླ་མའི་དགོངས་པ་རྫོགས་བྱེད་ཤོག །སྐྱིད་ན་སྐྱབས་གཅིག་སྡུག་ན་མགོན་གཅིག་སྟེ། །རྣམ་པ་ཀུན་ཏུ་ཡོངས་སུ་འཛིན་པ་ཡི། །རྗེ་བཙུན་ཐུགས་རྗེའི་དབང་ཕྱུག་བླ་མ་རྗེ། །རྐྱེན་ངན་ལམ་དུ་ངན་བུ་མི་གཏོང་གསོལ། །དབང་ལེན་པར་འདོད་ན་འོད་ཟེར་གྱི་དབང་ནི། དཔལ་ལྡན་བླ་མ་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་སྨིན་བྱེད་དབང་བཞི་བསྐུར་དུ་གསོལ། །རྒྱུད་བཞི་མྱུར་དུ་སྨིན་པར་བྱིན་གྱིས་རློབས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་པའི་གསོལ་བ་བཏབ་པའི་མོད་ཉིད་ལ། །འཁོར་རྣམས་འོད་ཞུ་གཙོ་བོའི་སྐུ་ལ་ཐིམ། །གཙོ་བོ་དཀོན་མཆོག་ཀུན་འདུས་བདག་ཉིད་ལ། །རྣམ་པ་བླ་མ་དངོས་སུ་གསལ་གྱུར་པའི། །མཛོད་སྤུའི་གནས་ནས་འོད་ཟེར་དཀར་པོ་འཕྲོས། །རང་གི་དཔྲལ་བར་ཐིམ་པས་ལུས་སྒྲིབ་དག །བུམ་པའི་དབངཐོབ་


CMR051_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་བསྒོམ་ལ་དབང་། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །མགྲིན་པའི་གནས་ནས་འོད་ཟེར་དམར་པོ་འཕྲོས། །རང་གི་མགྲིན་པར་ཐིམས་པས་ངག་སྒྲིབ་དག །གསང་བའི་དབང་ཐོབ་རྩ་རླུང་བསྒོམ་ལ་དབང་། །ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །ཐུགས་ཀའི་གནས་ནས་འོད་ཟེར་སྔོན་པོ་འཕྲོས་། །རང་གི་སྙིང་གར་ཐིམ་པས་ཡིད་སྒྲིབ་དག །ཤེར་དབང་ཐོབ་ཅིང་སྙོམས་འཇུག་བསྒོམ་ལ་དབང་། །འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །གནས་གསུམ་འོད་ཟེར་དཀར་དམར་མཐིངགསུམ་འཕྲོས། །གནས་གསུམ་ལ་ཐིམ་སྒོ་གསུམ་དྲི་མ་དག །བཞི་པའི་དབང་ཐོབ་ཕྱག་ཆེན་བསྒོམ་ལ་དབང་། །ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །དེ་ནས་བླ་མ་འོད་ཞུ་རང་ལ་ཐིམ། །རང་གི་ལུས་ངག་ཡིད་གསུམ་བླ་མ་ཡི། །རྡོ་རྗེ་གསུམ་པོ་དབྱེར་མེད་རོ་གཅིག་ཅིང་། །ཁྱེར་སོ་གསུམལྡན་ལྷུན་གྲུབ་རང་གྲོལ་ལོ། །ཞེས་བརྗོད་དེ་ནས་ཕྱག་ཆེན་ངང་དུ་བཞག །བུམ་པ་བསངས་སྦྱངས། སྟོང་ལས་བུམ་བྱུང་བུམ་པའི་ལྟོ་བ་ཡངས། །མཆུ་འཕྱང་མགྲིན་རིང་མཚན་རྫོགས་རྣམ་རྒྱལ་དབུས། །པདྨའི་


CMR051_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཁྱབ་བདག་རྡོ་རྗེ་འཆང་། །སྐུ་མདོག་སྔོན་པོ་རྡོར་དྲིལ་ཟུང་འཇུག་འཛིན། །རང་འོད་ཡུམ་འཁྱུད་རིན་ཆེན་རྒྱན་གྱིས་བརྒྱན། །མཚན་དཔེ་རྡོ་རྗེ་སྐྱིལ་ཀྲུང་དང་བཅས་བཞུགས། །ཆོས་དབྱིངས་བདེ་ཆེན་ཕོ་བྲང་ནས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ། །སངས་རྒྱས་བྱང་སེམས་བླ་མས་བསྐོར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡང་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལུ་ཧཱུཾ། དེ་ལྟར་སྤྱན་དྲངས་བཞུགས་གསོལ་ལྷ་ཚོགས་རྣམས། །སོ་སོའི་ལྷར་ཐིམ་བསྐྱེད་པའི་ལྷ་རྣམས་དང་། །དབྱེར་མེད་གཅིག་འདྲེས་ཀུན་འདུས་སྐུར་གྱུར་ཏེ། །བདག་སོགས་འགྲོ་ལ་ཐུགས་རྗེས་རྟག་གཟིགས་གྱུར། །ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་གྱུར། །དེ་ནས་མཆོད་བསྟོད་མདོར་བསྡུས་བྱ། །


CMR051_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །ཡན་ལག་བདུན་པ་བྱ། ཨོཾ་བཛྲ་དྷིཀ་ཨི་ཤྭ་ར་བཛྲ་ཧཱུྃ་སྭཱ་ཧཱ། ཞེས་བསྙེན་པ་གང་འགྲུབ་བྱ། ལྷ་རྣམས་འདོད་ཆགས་ཆེན་པོས་ཞུ་བ་ལས། །ཡེ་ཤེས་ངོ་བོ་བུམ་ཆུར་རོ་གཅིག་གྱུར། །ཞེས་བརྗོད། དེ་ནས་གསོལ་བ་གདབ་པ་ནི། ཡང་དབང་རྫས་མེད་ན་དམིགས་པས་དབང་བླང་ཆོག །རྒྱུན་དུ་ཆུ་རྒྱུན་གཅིག་མའམ། འོད་ཟེར་གྱི་དབང་གང་མོས་བླང་ཆོག །ཆུ་རྒྱུན་གཅིག་མའི་དབང་གི་གསོལ་གདབ་ནི། ཨོཾ་ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །རྡོ་རྗེ་སེམས་དཔའ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔར་བདག་སྒྲུབས་ཤིག །བླ་མ་རྡོ་རྗེ་འཆང་ཆེན་ཡབ་ཡུམ་དེའི། །སྦྱོར་མཚམས་བདུད་རྩིའི་རྒྱུན་བྱུང་རང་ཉིད་ཀྱི། །སྤྱི་བོ་ནས་ཞུགས་ལུས་གང་སྒྲིབ་ཀུན་དག །གནས་སྐབས་བག་ཆགས་བཞི་དག་དབང་བཞི་ཐོབ། །སྐུ་བཞི་མངོན་བྱས་རྡོ་རྗེ་བཞི་ལྡན་ཉིད། །མངོན་དུ་བྱས་ནས་མཛད་པ་ཕྲིན་ལས་ཀྱི། །འཁོར་བ་མ་སྟོངས་བར་དུ་འགྲོ་དོན་བྱེད། །འབྲེལ་ཚད་


CMR051_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལྡན་རྡོ་རྗེ་འཆང་ཆེན་པོ། །ཞེས་ངེས་ཤེས་བསྐྱེད་ལ་བསྒོམ་མོ། །བསྡུ་ན་སྨོན་ལམ་ནི། བདག་གི་དུས་གསུམ་དགེ་བ་ཅི་བསགས་པ། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་ཀུན། །བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནས། །ཀུན་ཀྱང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །བདག་བློ་གཏི་མུག་རྨོངས་པའི་དབང་གྱུར་པའི། །ལེགས་བྱས་འདི་ལ་ཉེས་པར་གྱུར་པ་གང་། །སྐྱེས་མཆོག་རིན་ཆེན་རྣམས་དང་དེ་ཡི་སྲས། །བདག་ཉིད་ཆེན་པོ་རྣམས་ལ་བཟོད་པར་གསོལ། །ཡིག་བརྒྱ་འདོན། མདུན་བསྐྱེད་ཀྱི་རྟེན་དང་དཀྱིལ་འཁོར་སོགས་ཡོད་ན་བརྟན་བཞུགས་བྱེད། ཁྱེད་ཀྱི་ཐུགས་རྗེས་འགྲོ་བའི་དོན་ཀུན་མཛད། །ཐུན་མོང་མཆོག་གི་དངོས་གྲུབ་བདག་ལ་སྩོལ། །ཆོས་སྐུ་ཞི་བའི་དབྱིངས་སུ་བཞུགས་ནས་ཀྱང་། །གཟུགས་སྐུ་འགྲོ་བའི་དོན་དུ་རྟག་བཞུགས་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཕྱི་རོལ་སྣོད་བཅུད་འོད་ཞུ་བླ་མར་ཐིམ། །བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། །རང་ཉིད་བླ་མ་ཉིད་དང་དབྱེར་མེད་དང་། །འགྲོ་དོན་ཕྲིན་ལས་དཔག་མེད་འགྲུབ་པར་འགྱུར། །བཀྲ་ཤིས་ནི། རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཐུགས་རྗེ་བྱིན་རླབས་བཀྲ་ཤིས་ཀྱི། །


CMR051_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཡུན་རིང་གནས་པ་དང་། །སྒྲུབ་བརྒྱུད་བསྟན་པ་འབར་བར་ཤོག །བླ་མ་རྣམས་ལ་གསོལ་བ་འདེབས། །ཐུགས་རྗེ་བྱིན་རླབས་བཀྲ་ཤིས་ཀྱི། །བསྟན་པ་ཡུན་རིང་གནས་པ་དང་། །སྒྲུབ་བརྒྱུད་བསྟན་པ་འབར་བར་ཤོག །ཡི་དམ་རྣམས་ལ་གསོལ་བ་འདེབས། །ཐུགས་རྗེ་བྱིན་རླབས་བཀྲ་ཤིས་ཀྱི། །བསྟན་པ་ཡུན་རིང་གནས་པ་དང་། །སྒྲུབ་བརྒྱུད་བསྟན་པ་འབར་བར་ཤོག །ཆོས་སྐྱོང་རྣམས་ལ་གསོལ་བ་འདེབས། །ཐུགས་རྗེ་བྱིན་རླབས་བཀྲ་ཤིས་ཀྱི། །བསྟན་པ་ཡུན་རིང་གནས་པ་དང་། །སྒྲུབ་བརྒྱུད་བསྟན་པ་འབར་བར་ཤོག །བཀྲ་ཤིས་ཀྱི་དང་པོ་བཀྲ་ཤིས་པ། །སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཡིན། །བཀྲ་ཤིས་དེ་ཡི་བཀྲ་ཤིས་པ། །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་ཀྱི་གཉིས་པ་བཀྲ་ཤིས་པ། །དམ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན། །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་ཀྱི་གསུམ་པ་བཀྲ་ཤིས་པ། །ཞིང་མཆོག་དགེ་འདུན་ཚོགས་རྣམས་ཡིན། །བཀྲ་ཤིས་དེ་ཡི་བཀྲ་ཤིས་པ། །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།


CMR051_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་ངོ་མཚར་ཅན་རྣམས་ཡིན། །བཀྲ་ཤིས་དེ་ཡི་བཀྲ་ཤིས་པ། །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །འཕྲལ་སྐྱིད་པ་འཇིག་རྟེན་མི་ཡི་ཆོས། །དགའ་བདེ་སྨོན་བཞིན་ཐོབ་པར་ཤོག །ཕུག་སྐྱིད་པ་དམ་པའི་ལྷ་ཆོས་ལ། །དུས་རྟག་ཏུ་འབྲལ་མེད་འབྱོར་བར་ཤོག །བཀྲ་ཤིས་ཀྱི་ར་བ་འཛམ་གླིང་རྒྱན། །འཛམ་གླིང་བརྒྱན་གྱི་བཀྲ་ཤིས་ཤོག །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །བདེ་སྐྱིད་ཕུན་སུམ་འཚོགས་པར་ཤོག །བླ་མ་མཆོད་པའི་ཆོ་གའི་འདོན་བྱ་ཁོལ་དུ་ཕྱུང་བ་རཱ་ག་ཨ་སྱས་སྦྱར། མངྒ་ལཾ།། །།


no previousབླ་མ་མཆོད་པའི་ཆོ་གའི་འདོན་བྱ་ཁོལ་དུ་ཕྱུང་བ།next