Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
ཉམས་ལེན་ཆོས་སྤྱོད་བུང་བའི་སྒྲ་སྙན་གྱི། །གཞུང་གི་ཆ་ལག་དགོས་འདོད་འབྱུང་བ་ལས། །ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཆ་ལག་ཏུ། །རྒྱབ་ཆོས་ཀུན་འདུས་ཡིད་བཞིན་ནོར་བུ།
   
   
   
   
   
   
   
   
   
   
   
   
   
   
   


 
previousཉམས་ལེན་ཆོས་སྤྱོད་བུང་བའི་སྒྲ་སྙན་གྱི། །གཞུང་གི་ཆ་ལག་དགོས་འདོད་འབྱུང་བ་ལས། །ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཆ་ལག་ཏུ། །རྒྱབ་ཆོས་ཀུན་འདུས་ཡིད་བཞིན་ནོར་བུ།next

ཉམས་ལེན་ཆོས་སྤྱོད་བུང་བའི་སྒྲ་སྙན་གྱི། །གཞུང་གི་ཆ་ལག་དགོས་འདོད་འབྱུང་བ་ལས། །ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཆ་ལག་ཏུ། །རྒྱབ་ཆོས་ཀུན་འདུས་ཡིད་བཞིན་ནོར་བུ།


CMR051_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་ཆོས་སྤྱོད་བུང་བའི་སྒྲ་སྙན་གྱི། །གཞུང་གི་ཆ་ལག་དགོས་འདོད་འབྱུང་བ་ལས། །ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཆ་ལག་ཏུ། །རྒྱབ་ཆོས་ཀུན་འདུས་ཡིད་བཞིན་ནོར་བུ་བཞུགས།།


CMR051_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི། སརྦ་དྷརྨཱ་པཱ་ལ་མ་ཧཱ་མུ་ཏྲ་ཡེ། བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མར་ཕྱག་འཚོལ་ནས། །ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཆ་ལག་ཏུ། །རྒྱབ་ཆོས་ཀུན་འདུས་ཡིད་བཞིན་ནོར་བུ་བྲི། །རྩ་གསུམ་སྲུང་མས་བྱིན་རླབས་དངོས་གྲུབ་སྩོལ། །དེ་ཡང་མདོ་རྒྱུད་གསར་རྙིང་གཏེར་རྣམས་ཀྱི། །དོན་རྣམས་ཐམས་ཅད་ཕྱག་རྒྱ་ཆེན་པོར་འདུས། །དེ་ཉིད་དོན་རྩ་ཉམས་སུ་ལེན་པ་ལོ། །དང་པོའི་ཐོག་མར་ཐོས་པ་དགོས་པ་སྟེ། །རྗེ་བཙུན་ནཱ་རོ་པ་ཡི་ཞལ་ནས་ཀྱང་། །ཕྱི་ནང་ཆོས་ལ་ཐོས་པ་དགོས། །གོ་བས་མཐའ་


CMR051_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཡོང་བ་ཡིན། །ཡིན་མིན་སྒྲོ་འདོགས་ཆོད་རྩ་ན། །གོལ་སས་མི་འཇིགས་གདེང་ཞིག་འཐོབ། །ཅེས་གསུངས་ཉམས་སུ་མ་བླང་མི་ཚེ་ཐོས་པ་ལ། །སྦྱངས་པས་དོན་ནི་མེད་པ་སྟེ། །གཙུག་ཏོར་ཆེན་པོའི་མདོ་ལས་ཀྱང་། །བསྐལ་པ་མང་པོར་ཐོས་པ་བསགས་པ་བས། །ཉིན་གཅིག་ཆོས་ཉིད་དོན་ལ་མཉམ་བཞག་བསོད་ནམས་ཆེ། །ཞེས་གསུངས་ཕྱག་རྒྱ་ཆེན་པོའི་ཉམས་ལེན་ལ། །ལང་གྲོའི་ཞུས་ལན་མཐོང་བ་ཡིད་འཕྲོག་ལས། །བསྒོམ་རྒྱུ་ཅི་མེད་མི་སྒོམ་སྒོམ་མེད་ཀྱི། །ངང་དུ་བསྒོམ་མེད་མཐའ་རུ་སྐྱེལ་བ་ཡིན། །དེ་ལས་གཞན་པའི་སྒོམ་


CMR051_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ནི། །སངས་རྒྱས་ལ་ཡང་མེད་དེ་མཆིས། །ཞེས་གསུངས་དེ་ལྟར་བསྒོམས་པས་སྒོམ་ཐབས་ཀུན། །མང་པོ་གསུངས་པ་ཐམས་ཅད་འདུས་པ་སྟེ། །སྟོན་པས་སྡོང་པོ་བཀོད་པའི་མདོ་ལས་ཀྱང་། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐམས་ཅད་དོན་གཅིག་ལ། །ཐམས་ཅད་བསྒོམ་པར་མི་ནུས་ཚིག་གཅིག་རྣམ་པར་བསྒོམ་པ་ཡིན། །ཞེས་གསུངས་ས་ར་ཧ་ཡི་ཞལ་ནས་ཀྱང་། །ནུབ་གཅིག་ཚེས་གཅིག་བསྒོམས་པས་གྲུབ་པ་ཐོབ། །ཅེས་གསུངས་ཕྱག་རྒྱ་ཆེན་པོ་བསྒོམས་པས་ནི། །བླ་མ་བསྒོམ་དང་མོས་གུས་ཀུན་འདུས་ཏེ། །གསང་འདུས་རྣམ་ཐར་ཞལ་ཆེམས་ལས། །བླ་མ་རང་སེམས་ཆོས་ཀྱི་སྐུ། །དབྱེར་མེད་ཡིན་པར་མ་ཤེས་ན། །ང་ཉིད་བསྡད་ཀྱང་དོན་གོ་ཆུང་། །གསོལ་བ་ཐོབ་ཅིག་རྗེ་འབངས་རྣམས། །ཞེས་གསུངས་རང་བྱུང་རྡོ་རྗེའི་ཞལ་ནས་ཀྱང་། །རང་སེམས་བླ་མར་མ་ཤེས་ན། །ཐ་སྙད་ཀྱི་བླ་མ་དགོས་པ་ཆུང་། །ཞེས་གསུངས་སངས་རྒྱས་ཡེ་ཤེས་ཀྱིས། །བླ་མ་རང་རིག་སྐྱེ་མེད་ཆོས་སྐུ་ཡིན། །བླ་མའི་སྒྲུབ་སྐོར་མེད་ཀྱང་དགོས་པ་ཆུང་། །ཞེས་གསུངས་


CMR051_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་སྒོམ་སྒྲུབ་ཐམས་ཅད་འདུས། །དེ་ནས་ཕྱག་རྒྱ་ཆེན་པོ་ཉམས་བླངས་པས། །བླ་མ་སྐུ་གསུམ་སྒྲུབ་པའི་ཉམས་ལེན་དང་། །ཡི་དམ་ཞི་བ་ཁྲོ་བོའི་ཉམས་ལེན་ཀུན། །ཕྱག་རྒྱ་ཆེན་པོའི་ཁོངས་སུ་འདུས་པ་ཉིད། །རྫོགས་པ་ཆེན་པོ་ལས་ནི་འདི་སྐད་གསུངས། །ཆོས་ཀྱི་སྐུ་རུ་བཞུགས་ཙམ་ན། །མི་རྟོག་མཉམ་པའི་ངོ་བོར་བཞུགས་ཙམ་ན། །སྣ་ཚོགས་ཆོས་ལ་ལོངས་སྤྱོད་ཅིང་། །མ་སྤང་ཡེ་ཤེས་རྒྱན་དུ་བཞུགས། །སྤྲུལ་པའི་སྐུ་རུ་བཞུགས་ཙམ་ན། །གང་ལ་གང་འདུལ་དེར་སྤྲུལ་ནས། །དགོས་པ་ཕུན་སུམ་ཚོགས་པར་བཞུགས། །སྐུ་གསུང་ཐུགས་གསུམ་ཉམས་ལེན་ཐམས་ཅད་འདུས། །དེ་ནས་ཕྱག་རྒྱ་ཆེན་པོ་ཉམས་བླངས་པས། །ཡེ་ཤེས་ལྔ་ཡང་དེ་ཡི་ཁོངས་སུ་འདུས། །དེ་ཡང་རྫོགས་པ་ཆེན་པོ་ལ། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །མ་བཅོས་རྣལ་དུ་བཞག་པ་ནི། །དེ་ནི་ཆོས་དབྱིངས་ཡེ་ཤེས་ཡིན། །གསལ་ལ་རྟོག་པ་མེད་པ་ནི། །དེ་ནི་མེ་ལོང་ཡེ་ཤེས་ཡིན། །སེམས་ལ་དབྱེ་བ་མེད་པ་ནི། །དེ་ནི་མཉམ་ཉིད་ཡེ་ཤེས་ཡིན། །སྣང་ཚུལ་ཅིར་ཡང་སྣང་བས་ན། །དེ་ནི་སོར་རྟོག་ཡེ་ཤེས་ཡིན། །སེམས་ཀྱིས་ཀུན་


CMR051_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དབང་བསྒྱུར་བས། །དེ་ནི་བྱ་གྲུབ་ཡེ་ཤེས་ཡིན། །ཞེས་གསུངས་ཡེ་ཤེས་ལྔ་ཡང་ཕྱག་རྒྱ་ཆེན་པོར་འདུས། །དེ་ལྟར་ཕྱག་རྒྱ་ཆེན་པོ་ཉམས་བླངས་པས། །རིགས་ལྔའི་སངས་རྒྱས་དེ་ཡི་ཁོངས་སུ་འདུས། །དེ་ཡང་རྫོགས་པ་ཆེན་པོ་ལས། །སེམས་ཅིར་ཡང་སྣང་བས་རྣམ་པར་སྣང་མཛད་ཡིན། །དུས་གསུམ་འཕོ་འགྱུར་མེད་པས་རྡོ་རྗེ་སེམས་དཔའ་ཡིན། །ཆེ་བའི་ཡོན་ཏན་འབྱུང་བས་རིན་ཆེན་འབྱུང་ལྡན་ཡིན། །སེམས་ཀྱིས་ཀུན་ལ་ཁྱབ་པས་སྣང་བ་མཐའ་ཡས་ཡིན། །བྱ་རྩོལ་མེད་པར་གྲུབ་པས་དོན་ཡོད་གྲུབ་པ་ཡིན། །ཞེས་གསུངས་རིགས་ལྔའི་སངས་རྒྱས་ཕྱག་རྒྱ་ཆེན་པོར་འདུས། །དེ་ལྟར་ཕྱག་རྒྱ་ཆེན་པོ་ཉམས་བླངས་པས། ། །ཕུང་པོ་ལྔ་ཡང་དེ་ལ་འདུས་པ་སྟེ། །ཀློང་གསལ་སྙིང་ཐིག་ཉི་མའི་གསང་རྒྱུད་ལས། །རང་རིག་རིག་པའི་ཡེ་ཤེས་འདི། །ནང་ལྟར་ཕུང་པོ་ལྔ་ཡིན་ནོ། །གཟུགས་ཕུང་རྡོ་རྗེ་སེམས་དཔའ་ཡིན། །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་། །འདུ་ཤེས་ཕུང་པོ་སྣང་མཐའ་ཡས། །འདུ་བྱེད་ཕུང་པོ་དོན་ཡོད་གྲུབ། །རྣམ་ཤེས་ཕུང་པོ་རྣམ་སྣང་མཛད། །ཐུབ་པ་དྲུག་ནི་རིག་རྩལ་ངང་། །ང་རྒྱལ་ལྷ་ཡི་ཐུབ་པ་ཡིན། །ཕྲག་


CMR051_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དོག་ལྷ་མིན་ཐུབ་པ་ཡིན། །འདོད་ཆགས་མི་ཡི་ཐུབ་པ་ཡིན། །གཏི་མུག་བྱོལ་སོང་ཐུབ་པ་ཡིན། །སེར་སྣ་ཡི་དྭགས་ཐུབ་པ་ཡིན། །ཞེས་སྡང་དམྱལ་བའི་ཐུབ་པ་ཡིན། །སྐྱེ་མཆེད་བཅུ་དྲུག་སེམས་དཔའ་སེམས་མའི་ཚོགས། །ཆུ་ཡི་སྒོ་ནི་ལྕགས་ཀྱུ་ཡབ་ཡུམ་ཡིན། །ས་ཡི་སྒོ་ནི་ཞགས་པ་ཡབ་ཡུམ་ཡིན། །མེ་ཡི་སྒོ་ནི་ལྕགས་སྒྲོག་ཡབ་ཡུམ་ཡིན། །རླུང་གི་སྒོ་ནི་དྲིལ་བུ་ཡབ་ཡུམ་ཡིན། །ཕ་ཡི་ཐིག་ལེ་ཟླ་བ་ཡིན། །མ་ཡི་ཐིག་ལེ་ཉི་མ་ཡིན། །རིག་པ་ཡེ་ཤེས་སྐུ་ལྔ་སྟེ། །རིག་པ་ཅིར་ཡང་སྣང་བས་རྣམ་པར་སྣང་མཛད་ཡིན། །རིག་པ་འགྱུར་བ་མེད་པས་མི་བསྐྱོད་པ། །རིག་པ་ཐོག་མཐའ་མེད་པས་སྣང་མཐའི་སྐུ། །རིག་པ་དགོས་འདོད་འབྱུང་བས་རིན་འབྱུང་སྐུ། །རིག་པ་ལྷུན་གྲུབ་ཡིན་པས་དོན་ཡོད་གྲུབ། །རིག་པ་རང་རིག་ཡིན་པས་དེ་བཞིན་རིགས། །རང་རིག་འགྱུར་བ་མེད་པས་རྡོ་རྗེའི་རིགས། །རིག་པར་ཡོན་ཏན་འབྱུང་བས་རིན་ཆེན་རིགས། །རིག་པ་སྐྱོན་དང་བྲལ་བས་པདྨའི་རིགས། །རིག་རྩལ་མ་འགགས་ལས་ཀྱི་རིགས། །ཞེས་གསུངས་ཡི་དམ་ཞི་བ་ཁྲོ་བོ་ལ་སོགས་པ། །རང་སེམས་ཕྱག་རྒྱ་ཆེན་པོའི་


CMR051_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཁོངས་སུ་འདུས། །ཅི་ཡི་ཕྱིར་ན་རིགས་ལྔར་མ་གཏོགས་པའི། །ཡི་དམ་ལྷ་ནི་འབྱུང་བར་མི་སྲིད་དོ། །དེ་ནས་ཕྱག་རྒྱ་ཆེན་པོ་ཉམས་བླངས་པས། །མཁའ་འགྲོའི་ཉམས་ལེན་ཐམས་ཅད་འདུས་པ་སྟེ། །ཀློང་གསལ་སྙིང་ཐིག་ཉི་མའི་གསང་རྒྱུད་ལས། །རང་རིག་རིག་པའི་ཡེ་ཤེས་འདི། །བླ་མེད་ལྟར་ན་མཁའ་འགྲོ་ལྔ། །རིག་རྩལ་ཡེ་ཤེས་སེམས་ཉིད་དོ། །བརྟེན་པ་ཕྱི་ཡི་ཡུལ་ལ་བརྟེན། །ཁྲག་ནི་ཡུམ་ཆེན་མཱ་མ་ཀཱི །དྲོད་ནི་ཡུམ་ཆེན་གོས་དཀར་མོ། །ཤ་ནི་སངས་རྒྱས་སྤྱན་མ་སྟེ། །དབུགས་ནི་དམ་ཚིག་སྒྲོལ་མ་ལ། །སེམས་ནི་ནམ་མཁའི་དབྱིངས་ཕྱུག་མ། །རིག་པ་ཡེ་ཤེས་མཁའ་འགྲོ་ལྔ། །རིག་པ་མི་འགྱུར་རང་བྱུང་སྐུ། །རྡོ་རྗེ་མཁའ་འགྲོ་རིག་པ་ཉིད། །རིག་པ་ཟང་ཐལ་སྣ་ཚོགས་འཆར། །རིན་ཆེན་མཁའ་འགྲོ་རིག་པ་ཡིན། །རིག་པ་སྐྱོན་བྲལ་རིག་མདངས་ལྔ། །པདྨ་མཁའ་འགྲོ་རིག་པ་ཡིན། །རིག་པ་ཐོགས་མེད་ཀུན་ལ་ཁྱབ། །ལས་ཀྱི་མཁའ་འགྲོ་རིག་པ་ཡིན། །རིག་པ་རང་བྱུང་སྐྱེ་འགག་བྲལ། །སངས་རྒྱས་མཁའ་འགྲོ་རིག་པ་ཡིན། །བདག་མེད་ཆོས་ཀྱི་སྐུ་གསལ་སྟོང་། །རིག་པ་ཡིག་འབྲུ་རིགས་ལྔར་


CMR051_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །ཕྱི་དང་ནང་དང་གསང་བའོ། །ཕྱི་ལྟར་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ །ནང་ལྟར་ཧ་རི་ནི་ས་ཧཱུྃ། །གསང་བ་ཨོཾ་དང་ཨཱཿདང་ཧཱུྃ། །རིག་པ་སྐུ་གསུམ་ཉིད་ཡིན་ནོ། །ཞེས་གསུངས་མཁའ་འགྲོའི་བསྐྱེད་རྫོགས་ཉམས་ལེན་ཀུན། །ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཁོངས་སུ་འདུས། །དེ་ནས་ཕྱག་རྒྱ་ཆེན་པོ་ཉམས་བླངས་པས། །ཆོས་སྐྱོང་སྲུང་མའི་ཉམས་ལེན་འདུས་པ་སྟེ། །མགོན་པོ་སྐུ་རག་མ་ལས་འདི་སྐད་གསུངས། །ཡེ་ཤེས་མགོན་པོ་བྱ་བ་དེ། །བླ་མ་དམ་པས་ངོ་སྤྲད་ནས། །ཉམས་སུ་བླངས་ནས་མངོན་དུ་གྱུར། །ཡེ་ནས་གནས་པ་དེ་ཤེས་ཡེ་ཤེས་བྱ་བ་ཡིན། །ཞི་རྒྱས་དབང་དྲག་ལ་སོགས་པས། །མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །སྒྲོལ་བ་བྱེད་པས་མགོན་པོའོ། །བདུད་རིགས་ཐམས་ཅད་ཕམ་མཛད་ཅིང་། །དཀར་ཕྱོགས་སྐྱོང་བས་ཆོས་སྐྱོང་ཡིན། །ཞེས་གསུངས་མ་ནིང་སྲོག་དབང་ལས། །རང་སེམས་འགགས་མེད་ཆོས་ཀྱི་སྐུ། །འཁོར་འདས་ཀུན་གྱི་རྩ་བ་སྟེ། །ཡ་ཀི་ཀུན་བཟང་ཆེ་མཆོག་ནས། །མ་ཀི་ཐེའུ་རང་ཡན་ཆོད་དུ། །ཀུན་སྲོག་སེམས་ཉིད་གཅིག་ཏུ་


CMR051_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

འདུས། །མ་ནིང་ལ་སོགས་དྲེགས་པ་རྣམས། །དོན་ལ་རང་གི་རྟོག་ཚོགས་ཏེ། །ལྷ་སྲིན་ཀུན་གྱི་དྲྭ་བར་བྱུང་། །རྟོག་ཚོགས་སུམ་ཅུ་སྡེ་དཔོན་ཚོགས། །ཁམས་ཆེན་བཅོ་བརྒྱད་དྲེགས་བཅོ་བརྒྱད། །རྣམ་ཤེས་ཚོགས་བརྒྱད་སྡེ་བརྒྱད་དོ། །འདི་ནི་ཀུན་གྱི་མི་ཐུབ་པས། །དུག་གསུམ་ཕོ་མོ་ཀླུ་གསུམ་སྟེ། །ངར་འཛིན་ལྷན་སྐྱེས་མ་རིག་པ། འདི་ཉིད་གཅིག་པུ་མ་ནིང་སྟེ། །འདི་ནི་ཀུན་གྱི་མི་ཐུབ་པས། །གཞན་གྱིས་སྲུང་ཟློག་མི་ནུས་ཏེ། །ངར་འཛིན་རུ་ཏྲའི་རྒྱལ་པོ་ཡིན། །གཅིག་ཤུལ་དུར་ཁྲོད་བདག་པོ་སྟེ། །མ་རིག་མ་ནིང་རང་གི་ལུས། །རྟོགས་ན་ཀུན་བཟང་ཧེ་རུ་ཀ །སྟོང་སྲོག་རང་རིག་ཆོས་སྐུར་བཅད། །དེ་ཕྱིར་མ་ནིང་རང་རྒྱུད་དུ། །མི་བསྐོལ་རང་སེམས་ཆོས་སྐུ་ཡིན། །ཞེས་གསུངས་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀུན། །དོན་ལ་རང་གི་རྟོག་ཚོགས་ལས། །གུད་ན་ཡོད་པར་མི་འདུག་པས། །ཕྱག་རྒྱ་ཆེན་པོའི་ཁོངས་སུ་འདུས། །སྐུ་ནི་གསང་བ་མཛོད་གཞུང་ལས། །ཕྱག་རྒྱ་ཆེན་པོ་གཞན་ལ་མི་ལྟོས་ཕྱིར། །བསྒོམ་བྱ་རང་ལ་སྒོམ་བྱེད་རང་གི་སེམས། །བློ་འདས་ཉིད་ལ་དམིགས་པ་ཉིད་དང་བྲལ། །དེ་ཉིད་འབྲས་བུ་


CMR051_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཕྱིར་རང་ལ་རག་མ་ལུས། །ལྷ་སྒྲུབ་སྔགས་བཟླས་རང་གི་སེམས་ཡིན་ཏེ། །ཡི་དམ་ལྷ་ཡང་རང་གི་སེམས་ཡིན་པས། །དེ་ཕྱིར་མཁའ་འགྲོ་ལ་སོགས་ལུང་བསྟན་རང་གི་སེམས། །བློ་འདས་ངང་ལ་དམིགས་པ་ཉིད་དང་བྲལ། །ཞེས་གསུངས་ཡོད་མེད་སྐྱེ་འགགས་བྲལ་བའི་ངང་། །མ་ཡེངས་ཡེངས་མེད་ངང་དུ་ཉམས་སུ་བླངས། །ཕྱག་རྒྱ་ཆེན་པོའི་ཉམས་ལེན་རྒྱབ་ཆོས་སུ། །ཀུན་འདུས་ཡིད་བཞིན་ནོར་བུའི་གདམས་པ་མཆོག །བཀའ་བརྒྱུད་གོང་མའི་གསུང་སྒྲོས་གསེར་འདྲ་འདི། །གུ་རུ་རྩ་གསུམ་ལྷ་ལ་གསོལ་བཏབ་ནས། །བསམ་པ་སེམས་བསྐྱེད་བཟང་པོའི་བཀོད་གྲུབ་འདི། །སྔགས་འཆང་དེས་བྲིས་དགེ་བས་བདག་གཞན་ཀུན། །མ་བཅོས་རང་གསལ་སྙིང་པོ་དོན་རྟོགས་ནས། །སྒྲུབ་པ་ཉམས་ལེན་མཐའ་རུ་ཕྱིན་པར་ཤོག །ཕྱི་མའི་དུས་སུ་འོད་དཔག་མེད་མགོན་དང་། །དགོངས་པ་དབྱེར་མེད་མངོན་པར་སངས་རྒྱས་ནས། །གྲངས་མེད་སྤྲུལ་པས་གཞན་དོན་ལྷུན་གྲུབ་ཤོག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩ་པྲི་ཡ་ཨ་བ་བྷོ་དྷ་ན་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱན་


CMR051_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཐཱ་ག་ཏོ་ཧྱ་ཝ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དི་མ་ཧཱ་ཤྲ་མ་ཎཿ །སྤྱི་གཏེར་ཆོས་རྣམས་དུས་སྐབས་སོ་སོར་དར་ནས། གཏེར་ཆོས་མཁའ་འགྲོས་གདན་དྲངས་ནས། སངས་རྒྱས་བླ་མ་སོགས་སྔ་མ་རྣམས་ཀྱི་དཔེ་ཡང་མེད་པ་ཆེས་མང་བར་འདུག་ཅེས་བྱང་བདག་སོགས་གསུངས་སོ། །རཏྣ་ལུགས་དང་ཐུགས་རྗེ་ཆེན་པོ་འདི་བསྟན་པ་མཐའ་རྒྱས་སུ་འགྲོ་བར་ལུང་བསྟན་ཏེ། གསང་བ་འདུས་པའི་རྒྱུད་ལས། ཁ་བ་ཅན་གྱི་རྒྱལ་ཁམས་སུ། །འགྲོ་མགོན་ཐུགས་རྗེའི་འདུལ་ཞིང་དེར། །ཐུགས་རྗེའི་སྤྲུལ་སྲས་རྒྱུན་འཛིན་གྱིས། །ཡིག་བདུན་བསྟན་པ་འཛིན་སྐྱོང་སྲུངས། །རིམ་པ་བཞིན་དུ་དོན་གཉིས་སྤྱོད། །ཅེས་དང་། ལང་གྲོའི་ཞུས་ལེན་ལས། བུ་བས་ཡང་སློབ་རྗེས་ཀྱི་དུས་ན་མར་ལ་བསྟན་པ་མཐའ་རྒྱས་སུ་འགྲོ་བར་འགྱུར་རོ། །ཞེས་ལུང་བསྟན་ཆེན་མོ་ལས། རཏྣ་གླིང་པ་ཉིད་ལུང་བསྟན་ནས། སྐལ་ལྡན་དེ་ཡི་རྗེས་འཇུག་རྣམས། །སློབ་མ་བས་ཀྱང་ཡང་སློབ་རྗེས་སློབ་དུས། །རིམ་པ་བཞིན་དུ་བསྟན་པ་མཐའ་རྒྱས་འགྱུར། །ཕྱོགས་དང་མཐའ་དབུས་ཀུན་ཏུ་ཆོས་འདི་དར། །སྙིགས་མའི་འགྲོ་བ་ཕྱམ་གཅིག་ཐར་


CMR051_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བགྲོད། །འཕྲད་ཚད་མཐོང་གྲོལ་གྱུར་ཏེ་ངོ་མཚར་ཆེ། །ཞེས་དང་། དག་སྣང་ཡིད་བཞིན་ནོར་བུའི་སྐབས་སུ། མ་གཅིག་མཚོ་རྒྱལ་གྱིས་དུང་དཀར་ཅིག་དང་། རྡོ་རྗེ་དྲིལ་བུ་ཞིག་གནང་ནས་ཨོ་རྒྱན་ལ་ཕྱག་རྟེན་ལ་ཕུལ་བས། ཨོ་རྒྱན་ཆེན་པོའི་ཞལ་ནས། ཁྱོད་ཀྱི་རྟེན་འབྲེལ་བཟང་། རྡོ་རྗེ་འདིས་ཁྱོད་ཀྱི་བུ་སློབ་ཡང་སློབ་བརྒྱུད་པ་རྣམས་མི་འགྱུར་རྡོ་རྗེ་ལྟ་བུའི་དོན་རྟོགས་པ་དང་། དུང་འདིས་ཁྱོད་ཀྱི་སྤྱོད་པའི་གཏེར་ཆོས་འདི་རྣམས་ཀྱིས་མ་ཁྱབ་པ་དང་མ་ཐོས་པ་མེད་པ་ཞིག་འོང་བ་ཡིན། དྲིལ་བུ་འདིས་ཐབས་ཤེས་དབྱེར་མེད་ཀྱི་དོན་གྱིས། ཁྱོད་འཁོར་བཅས་འདིར་མྱུར་དུ་འོང་བར་འདུག་གོ །ཞེས་སོ། །དེས་ན་ད་རུང་བྱིན་རླབས་ཀྱི་སོ་མ་ཉམས་པ་དང་། མ་འོངས་པའི་ཆོས་འདི་དར་ཞིང་ཕྱོགས་ཀུན་ཏུ་འཕེལ་བའི་རྟེན་འབྲེལ་ཡོད་པས་མཐའ་བཟང་བསྟན་པའི་བརྒྱུད་རིང་བ་དང་། འབྲེལ་ཚད་དོན་དང་ལྡན་པ་ཡིན་ནོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཉམས་ལེན་ཆོས་སྤྱོད་བུང་བའི་སྒྲ་སྙན་གྱི། །གཞུང་གི་ཆ་ལག་དགོས་འདོད་འབྱུང་བ་ལས། །ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཆ་ལག་ཏུ། །རྒྱབ་ཆོས་ཀུན་འདུས་ཡིད་བཞིན་ནོར་བུ།next