Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
ཐིམ་རིམ་འཆི་བ་ཀྲིག་གེ་མའི་ཁྲིད།
   
   
   
   
   
   
   
   
   
   


 
previousཐིམ་རིམ་འཆི་བ་ཀྲིག་གེ་མའི་ཁྲིད།next

ཐིམ་རིམ་འཆི་བ་ཀྲིག་གེ་མའི་ཁྲིད།


CMR051_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་ཨ་རཱ་གས་མཛད་པའི་ཐིམ་རིམ་འཆི་བ་ཀྲིག་གེ་མའི་ཁྲིད་བཞུགས་སོ། །དགེའོ། །


CMR051_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འཆང་རཱ་ག་ཨ་སྱ་ཡིས། །ཐིམ་རིམ་ལ་སོགས་བཤད་པ་ནི། །མང་པོ་ཤེས་ཀྱང་དགོས་པ་མེད། །ལག་ཏུ་ལོན་ངེས་འདི་ལྟ་སྟེ། །རང་ཉིད་འཆི་བར་ཐག་ཆོད་དུས། །རང་ལུས་ཡི་དམ་ལྷར་གསལ་བའི། །སྤྱི་བོར་བླ་མ་འོད་དཔག་མེད། །སངས་རྒྱས་ཀུན་འདུས་སྐུ་རུ་བསྒོམ། །ལུས་དང་ལོངས་སྤྱོད་ཉེ་དུ་དང་། །ཞིང་ཁང་ནོར་རྫས་ཅི་ཡོད་ཀུན། །མཎྜལ་གཅིག་ཏུ་དམིགས་བྱས་ཏེ། །ས་གཞི་སྤོས་བྱུགས་ལན་གསུམ་འབུལ། །འབུལ་བ་ཚར་བའི་ཡོན་བདག་ལྟར། །སུས་ཁྱེར་ཁྱེར་ལ་སུས་ཟ་ཟོ། །ཆགས་ཞེན་འཁྲི་བ་རྩད་ནས་


CMR051_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས། །ཁོ་བོའི་ལས་དོན་སྒོམ་སྒྲུབ་དེ། །དེ་ཉིད་ད་ལྟ་དགོས་རྒྱུ་ཡིན། །བསམ་སྟེ་ཅུང་ཟད་རིག་པ་བསྒྲིམ། །རྫོགས་སངས་རྒྱས་ནས་སྲིན་བུ་ཡན། །མི་འཆི་སྡོད་ས་གཅིག་ཀྱང་མེད། །ཁོ་བོའི་མི་ཚེ་ཆོས་ལ་བསྐྱལ། །རང་ལས་སྐྱིད་པ་མེད་སྙམ་པའི། །ང་རྒྱལ་ཆེན་པོ་བསྒོམ་དགོས་སོ། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །འཆི་བ་ཆོས་སྐུར་སངས་རྒྱས་ནས། །བར་དོ་ལོངས་སྤྱོད་རྫོགས་སྐུར་བཞེངས། །སྐྱེ་བ་སྤྲུལ་སྐུའི་འགྲོ་དོན་བྱེད། །སྙམ་པའི་སེམས་སྐྱེད་ལན་གསུམ་བྱ། །དེ་ནས་རང་ཉིད་ལྷར་གསལ་བའི། །མ་དག་སྒོ་


CMR051_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཧཱུྃཡིག་བཀག །ལུས་དབུས་དབུ་མ་སྦ་ལྕག་ཙམ། །ཕྱི་དཀར་ནང་དམར་སྟོང་སང་ངེ་། །ཡར་སྣེ་ཚངས་བུག་ཧད་པོ་ལ། །མར་སྣེ་ལྟེ་འོག་སྙུག་ཚིགས་བཞིན། །ལྟེ་བར་པདྨ་འདབ་བཞིའི་སྟེང་། །སྙིང་དབུས་རང་སེམས་ཐིག་ལེ་ནི། །དཀར་པོ་སྲན་མ་རློན་པ་ཙམ། །བཀྲག་མདངས་འཕར་འདར་ལིང་ལིང་བསྒོམ། །འཕོ་བའི་དུས་ལྟར་སྤྱི་བོ་རུ། །འོད་དཔག་མེད་པའི་ཐུགས་ཀར་བསྟིམ། །དེ་འདྲ་སྤྱིར་ཝིག་ལན་གསུམ་བྱ། །དེ་ནས་ཅི་ཡང་མི་སྒོམ་པར། །ཉམས་ལེན་སེམས་ངོའི་སྟེང་དུ་བཞག །ཐིམ་རིམ་དཀར་ལམ་ནག་ལམ་སོགས། །ངོ་ཤེས་ངོས་བཟུང་བྱེད་མི་དགོས། །གང་ཤར་དེ་ཡི་ངོ་བོ་སྐྱོང་། །ཕྱི་དབུགས་ཆད་པར་གྱུར་པའི་མཚམས། །གདུང་གཡོག་པ་ཡིས་གདུང་བཅས་གཟབ། །ཐུགས་དམ་མ་ཡེངས་བརྗོད་དུ་འཇུག །དེ་ཚེ་ནམ་མཁའ་ཡལ་ནས་ཀྱང་། །གཞི་ཡི་འོད་གསལ་ཞེས་བྱ་བ། །སྤྲིན་མེད་ནམ་མཁའ་འདྲ་བ་ཟེར། །དོན་ལ་ངོ་བོ་རྗེན་པ་དེ། །ཚུར་ལ་ལྷང་ངེ་འཆར་ནས་འོང་། །དེ་དུས་དེ་ཉིད་ངོས་བཟུང་ནས། །དེ་ཡི་ངང་དུ་འདུག་པ་དེ། །ཐུགས་དམ་བཞུགས་ཞེས་མིང་དུ་བཏགས། །ཡུན་ནི་ཇི་


CMR051_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་འདུག་པ་ནི། །འཆི་ཁའི་སེམས་ནི་སྟོབས་ཆེ་བས། །དམ་བཅའ་གང་བྱས་སྟེང་དུ་འགྲོ། །དེ་ཕྱིར་འདི་ཙམ་འདུག་སྙམ་པའི། །འཆི་ཁ་དམ་བཅའ་དྲག་པོ་བྱ། །དང་པོ་འཕོ་བ་བསྒོམ་པ་ནི། །གལ་ཏེ་ཐུགས་དམ་མ་ཟིན་ན། །རྐྱེན་གྱིས་ཐུགས་དམ་འདྲོགས་ནའང་། །གཞན་དུ་མི་འཕོ་སྤྱི་བོར་འཕོ། །རང་ལུས་ཡི་དམ་བསྒོམ་པ་དེ། །ཐུགས་དམ་བརྟེན་ཞིང་བར་ཆད་མེད། །དམ་བཅའ་གང་བྱས་སྟེང་དུ་འགྲོ། །རང་དང་འདྲ་བའི་མཆེད་གྲོགས་ཀྱིས། །ཐུགས་དམ་གསལ་འདེབས་བྱས་པ་ཡིས། །ཐུགས་དམ་བརྟན་པོ་ཟིན་པ་དང་། །དམ་བཅའ་ཐོག་ཏུ་འགྲོ་བར་མཐོང་། །རྟེན་འབྱོན་འདས་རྟགས་བཟང་བ་ཡིན། །ལན་གྲང་དུ་མར་མྱོང་བས་འགྲུབ། །འཕོ་བ་ཟུང་འཇུག་ཐུགས་དམ་ནི། །མཉམ་མེད་དྭགས་པོའི་གསུངས་ལས་བྱུང་། །དེ་ནས་བར་དོ་བགྲོད་ལུགས་ལའང། །མཐོ་དམན་ཉི་ཤུ་རྩ་གཅིག་འབྱུང་། །མང་དུ་བརྗོད་ནས་དབྱེ་བ་ལ། །ཀུན་ཏུ་བསྡུས་ན་དོན་ཡང་ཚང་། །ཐ་མའི་ཐ་མ་ཡང་ཐའི་ལུགས། །སུས་ཀྱང་ཉམས་སུ་ལོན་ངེས་ཡིན། །ཐུགས་དམ་ཟིན་རུང་མ་ཟིན་རུང་། །འཕོ་བ་ཐེབ་རུང་མ་


CMR051_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཐེབ་རུང་། །བར་དོ་ཞི་ཁྲོའི་ལྷ་ཚོགས་རྣམས། །ངོས་ཟིན་རུང་ལ་མ་ཟིན་རུང་། །ཤི་ནས་ཉིན་བདུན་བདུན་གཉིས་དང་། །བདུན་གསུམ་ཡོལ་ལ་ཁད་ཀྱི་སྐབས། །རང་ཉིད་ཤི་བར་ཐག་ཆོད་ཡོངས། །མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད། །གར་འགྲོ་རང་དབང་ཆེ་བ་ཡོད། །ཡུལ་དང་ཉེ་དུ་མཆེད་གྲོགས་སོགས། །དེ་དག་རྣམས་ལ་སེམས་ཆགས་ནས། །ས་ཕྱོགས་འདི་རུ་མི་ལུས་ཤིག །ལེན་ནས་དམ་ཆོས་གཤའ་མ་བྱེད། །མྱུར་དུ་ལུས་ཤིག་མ་ལོན་ན། །གཤིན་རྗེའི་ཕོ་ཉ་ཡོངས་ནས་འཁྲིད། །དགེ་སྡིག་གཉིས་པོ་བགོས་བྱུང་ན། །ལེགས་པོ་མི་ཡོངས་སྙམ་ནས་སྐག །དེ་དུས་འདི་ལྟར་དྲན་པར་གྱིས། །འཁོར་བ་ཐོག་མ་མེད་པ་ནས། །འཁོར་བར་འཁྱམས་འདི་གཉུག་རེ་རིང་། །སངས་རྒྱས་དེ་སྙེད་བསྟན་པ་ལ། །བདག་ནི་མ་ལ་རེ་ནས་ངས། །ད་རུང་འཁོར་བ་མཐའ་མེད་དུ། །སྐྱེ་འཆི་གྲངས་མེད་ཡི་རེ་མུག །ད་ལྟ་དུས་ངན་སྙིགས་མའི་མཐའ། །ཚེ་ཐུང་ནད་མང་བར་ཆད་རྒོད། །མི་ལུས་བླངས་ནས་རང་སྡུག་ཉོས། །མངོན་དགའ་ལ་སོགས་དག་པའི་ཞིང་། །ས་ཐོབ་མ་གཏོགས་སྐྱེ་མི་སྲིད། །མི་རྩིབ་ས་ལ་སྙབ་ཞན་


CMR051_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། །དགའ་ལྡན་ཟངས་མདོག་དཔལ་རི་སོགས། །སྐྱེས་ཀྱང་མི་ལྷུང་ངེས་པ་མེད། །པོ་ཏ་ལ་ནི་གནས་རི་ཡིན། །སོགས་ཀྱང་རང་རེ་ལས་མ་དག །སྤྱན་རས་གཟིགས་ནི་མཇལ་ཤས་ཆུང་། །འོད་དཔག་མེད་པའི་སྨོན་ལམ་མཐུས། །སྐྱེ་གསུངས་བདེ་སྐྱིད་ཡོན་ཏན་ལྡན། །སྐྱེས་ནས་ཕྱིར་མི་ལྡོག་པའི་ཞིང་། །བདེ་བ་ཅན་དུ་འགྲོ་བར་གྱིས། །བར་དོར་ཉི་ཟླ་མེད་པའི་ཕྱིར། །ནུབ་ཕྱོགས་གང་ཡིན་མ་ཤེས་ན། །འོད་དཔག་མེད་ལ་རྩེ་གཅིག་གིས། །དད་གུས་རྩེ་གཅིག་བྱེད་ཅིང་སོང་། །འཇིག་རྟེན་ཁམས་ནི་དཔག་མེད་པའི། །འདས་པའི་ཕ་རོལ་ཞིང་ཡིན་ཡང་། །འགྲོ་ལ་དཀའ་ཚེགས་ཡོད་པ་མིན། །མགྱོགས་བུལ་འགྱུ་བ་འདི་ཉིད་ཡིན། །ཐག་རིང་མི་སླེབ་བསམ་མི་དགོས། །དེ་ལ་ཐེ་ཚོམ་བྱེད་མི་རུང་། །སྐད་ཅིག་པདྨའི་སྦུབ་ལ་སྐྱེས། །སྐྱེ་བའི་སྡུག་བསྔལ་དེ་ལ་མེད། །སྐྱེའམ་མི་སྐྱེ་ཐེ་ཚོམ་ན། །ཡུན་རིང་པདྨའི་ཁ་མི་འབྱེ། །སངས་རྒྱས་ཞལ་མཇལ་ཕྱི་སྐྱོན་ཡོད། །དེ་ཕྱིར་རང་རིག་ནམ་འཆིའི་ཚེ། །དེ་རུ་འགྲོ་བའི་བློ་ཐག་ཆོད། །དེ་རུ་སྐྱེས་ནས་ཅི་དགའ་མང་། །གསེར་མདོག་མཚན་དང་དཔེ་བྱད་


CMR051_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་། །མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད། །མངོན་དགའ་ལ་སོགས་ཞིང་ཁམས་ཀུན། །བགྲོད་ཅིང་ཆོས་ཞུ་དེ་ཉིད་འཁོར། །འབྲེལ་ཐོགས་ཀུན་ཀྱང་དེ་བཞིན་འདྲེན། ། བསྐལ་པ་བྱེ་བ་དུང་ཕྱུར་ལ། །ན་རྒྱུ་རྒས་རྒྱུ་འཆི་རྒྱུ་མེད། །ཟས་གོས་ལོངས་སྤྱོད་གནས་མལ་སོགས། །ཅི་འདོད་ཡིད་ལ་བསམ་པས་འགྲུབ། །ཅེས་པ་རཱ་ག་ཨ་སྱས་སྦྱར། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐིམ་རིམ་འཆི་བ་ཀྲིག་གེ་མའི་ཁྲིད།next