Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
དགེ་སློང་ཀརྨ་རིན་ཆེན་ལ་གདམས་པའི་ཕྱག་རྫོགས་ཟུང་འཇུག་གི་ཁྲིད་ཡིག
   
   
   
   
   
   
   
   
   


 
previousདགེ་སློང་ཀརྨ་རིན་ཆེན་ལ་གདམས་པའི་ཕྱག་རྫོགས་ཟུང་འཇུག་གི་ཁྲིད་ཡིགnext

དགེ་སློང་ཀརྨ་རིན་ཆེན་ལ་གདམས་པའི་ཕྱག་རྫོགས་ཟུང་འཇུག་གི་ཁྲིད་ཡིག


CMR051_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་ཨ་རཱ་གས་དགེ་སློང་ཀརྨ་རིན་ཆེན་ལ་གདམས་པའི་ཕྱག་རྫོགས་ཟུང་འཇུག་གི་ཁྲིད་ཡིག་བཞུགས་པའི་དབུ་ཕྱོགས་དགེ་ལེགས་འཕེལ། །


CMR051_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་མུ་དྲ་ཡེ། དགེ་སློང་ཀརྨ་རིན་ཆེན་གྱིས། །རྟོགས་འབུལ་བྱས་པའི་ཚིག་ལན་ཞུ། །བན་རྒན་རཱ་ག་ཨ་སྱ་བདག །དབང་པོ་རབ་ཏུ་མ་གྱུར་པས། །ཉམས་རྟོགས་མཐོན་པོ་མ་མཆིས་ཀྱང་། །ཡུན་རིང་བསྒོམས་པའི་མྱོང་བ་ཡོད། །རྩེ་གཅིག་རིབ་ཀྱི་བདེ་ཉམས་སྐབས། །ཡེངས་མེད་འཁོར་ཡུག་འབྱུང་མོད་ཀྱང་། །རྟག་མི་ཐུབ་སྟེ་ཉམས་ཀྱིས་གཡོས། །སྤྲོས་བྲལ་རྟོགས་ནས་བརྗེད་སྐབས་མང་། །ནམ་དྲན་ཉམས་ལེན་དེ་ཡི་ངང་། །བརྗོད་ཚེ་ཐ་མལ་འཁྲུལ་པར་འཆོར། །དེ་ཡང་མཉམ་རྗེས་མ་འདྲེས་ཟེར། །མཉམ་པར་


CMR051_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པའི་སྐབས་སུ་ནི། །བྱིས་པས་ལྷ་ཁང་མཐོང་བ་བཞིན། །གཟུགས་ཀྱི་ལེགས་ཉེས་འཛིན་པ་མེད། །དེ་བཞིན་རྣ་བའི་ཡུལ་གྱི་སྒྲ། །སྙན་དང་མི་སྙན་འཛིན་པ་མེད། །རང་སེམས་ཉམས་ལེན་ངང་ན་གནས། །ཉམས་ལེན་ངང་ལ་གནས་པའི་ཚེ། །འདི་བསྒོམ་གཏད་སོ་སྤུ་ཙམ་མེད། །བལྟ་རྒྱུ་ལྟ་མི་གཅིག་ཏུ་འདྲེས། །ས་ལེ་སིང་ངེ་ཡེ་རེ་བ། །ཁ་རོག་རང་གར་འདུག་པ་འདྲ། །བསྒོམ་ཡིན་སྙམ་པའི་ངེས་པ་མེད། །དེ་ནི་སྤྲོས་བྲལ་ངོ་མཐོང་ཡིན། །གསུང་རབ་རྣམས་ལས་བྱུང་བ་ཡིན། །གང་ཟག་བདག་མེད་རྟོགས་ཞེས་བྱ། །ང་དང་


CMR051_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་སེམས་ཉིད་སོགས། །གཅིག་ཀྱང་མེད་པར་མཐོང་ཕྱིར་རོ། །འདི་ཉིད་སྟོང་ཉིད་ཕྱེད་པོ་སྟེ། །ནང་གི་སེམས་ཉིད་དོན་རྟོགས་ཀྱང་། །ཕྱི་ཡི་སྣང་བའི་དོན་མ་རྟོགས་། །དེ་ལ་བོགས་ཤིག་འདོན་དགོས་ན། །ཕྱི་ཡི་ས་རྡོ་རི་བྲག་དང་། །སེམས་ཉིད་བསྲེས་ལ་ངོ་བོ་ལྟ། །འདི་ཕན་ས་རྡོ་འདི་ཚུན་ནི། །རང་སེམས་ཡིན་ཞེས་ཕྱེ་རྒྱུ་མེད། །དབྱེར་མེད་འདྲེས་ཏེ་ཉམས་ལེན་ངང་། །དཔེར་ན་མཚོ་ནང་གཟའ་སྐར་བཞིན། །རྣམ་པ་སོ་སོར་གསལ་ན་ཡང་། །ངོ་བོ་སྟོང་པ་ཉིད་དུ་རྟོགས། །དེ་ནས་བསྲེ་ཡང་མི་དགོས་པར། །རང་བཞིན་ཤུགས་ཀྱིས་དེ་ལྟར་འཆར། །དེ་བཞིན་ཉམས་ལེན་ངང་བསྲེས་པས། །ནམ་མཁས་གར་ཁྱས་སེམས་ཀྱིས་ཁྱབ། །སེམས་ཀྱིས་གར་ཁྱབ་ཆོས་ཀྱི་སྐུ། །ཉམས་ལེན་རྗེན་པ་དེ་ཡིས་ཁྱབ། །རང་བཞིན་ཤུགས་ཀྱིས་དེ་ཤར་ནས། །ཉམས་ཀྱི་རོ་གཅིག་མིང་དུ་བཏགས། །རྟོགས་པའི་རོ་གཅིག་ཧ་ཐག་རིང་། །དེ་བཞིན་རང་གི་སེམས་ཉིད་དང་། །བླ་མའི་ཐུགས་རྒྱུད་གཅིག་ཏུ་བསྲེས། །ངོ་བོ་སྐྱོང་བས་དབྱེར་མེད་འདྲེས། །རྒྱ་གར་ཆུ་དང་བོད་ཀྱི་ཆུ། །ལུང་པའི་དབང་གིས་ཐ་དད་ཀྱང་། །ཆུ་


CMR051_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ལ་ཁྱད་པར་མེད། །དེ་བཞིན་བླ་མའི་ཐུགས་རྒྱུད་དང་། །རང་གི་སེམས་ཉིད་ཁྱད་མེད་དེ། །ངོ་བོ་སྟོང་པ་ཡིན་པར་གཅིག །རང་བཞིན་གསལ་བ་ཡིན་པར་གཅིག །ཐུགས་རྗེ་འགགས་མེད་ཡིན་པར་གཅིག །དེ་ལ་ཐུགས་ཡིད་གཅིག་འདྲེས་པ། །བླ་མ་ཆོས་སྐུའི་རྣལ་འབྱོར་ཟེར། །དེ་བཞིན་དམྱལ་བ་ཡི་དྭགས་སོགས། །སེམས་ཅན་ཀུན་དང་སེམས་ཉིད་བསྲེས། །དབྱེར་མེད་གཅིག་ཏུ་རྟོགས་གྱུར་ན། །ལྟ་བ་འཁོར་འདས་དབྱེར་མེད་ཡིན། །ད་རུང་བརྗེད་སྐབས་མང་བ་དང་། །དེ་ཚེ་བརྗེད་སྙམ་འགྱོད་པ་སྐྱེས། །མཉམ་རྗེས་མ་འདྲེས་པ་ཡི་སྐྱོན། །ཡང་ཡང་དྲན་པ་གསལ་འདེབས་བྱ། །ཡེངས་བ་དེ་ལ་ཕྱི་ལྟས་བྱ། །ཡེངས་བའི་ངོ་བོ་དེ་ལ་བལྟ། །དེ་ཡང་སྟོང་པ་སིང་ངེ་འགྲོ། །དེ་ཡི་ཅུང་ཞིག་ཕན་པར་འབྱུང་། །ཡེངས་བའི་ངོ་བོ་ཡིད་ལ་བཀོད། །དེ་ཡི་ངོ་བོར་ཧྲིག་གེར་ལྟ། །དེ་ལ་ཁྱད་པར་ཅི་འདུག་བརྟག །མི་རྒན་མདུན་གྱི་གསེར་དང་ནི། །བསམ་མེད་བྱིས་པའི་མདུན་གྱི་གསེར། །རྒྱུ་ངོ་ཤེས་དང་མི་ཤེས་ཁྱད། །གསེར་ཡིན་པ་ལ་ཁྱད་པར་མེད། །དེ་བཞིན་ཡེངས་དང་མ་ཡེངས་སེམས། །ཁྱད་


CMR051_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ངོ་བོ་ཆོས་སྐུ་རང་། །གོ་བ་ཙམ་ཞིག་མ་ཡིན་པར། །སྙིང་ནས་དེ་དོན་རྟོགས་གྱུར་ན། །དེ་བཞིན་ཡོངས་སུ་ཤེས་པ་ཟེར། །མཉམ་རྗེས་འདྲེས་པའི་གྲལ་དུ་བརྩི། །དེ་དོན་དྭགས་པོ་ལྷ་རྗེ་ཡིས། །རྒྱུན་དུ་མ་ཡེངས་ཏུ་རེ་བ། །དྲན་པ་བརྟེན་ཡང་མི་དགོས་ཏེ། །ཡེངས་དང་མ་ཡེངས་ཁྱད་པར་མེད། །ཅུང་ཟད་ཡེངས་ཀྱང་མི་ཏོ་གསུངས། །འོན་ཀྱང་ཡང་ཡང་དྲན་པ་ཡིས། །གསལ་འདེབས་བྱ་བ་ཟབ་བོ་གསུངས། །དྲན་རྫི་བརྟེན་ནི་མི་དགོས་པར། །རྒྱུན་དུ་ངོ་བོ་འགྱུར་མེད་པ། །ཉམས་ལེན་ངང་དུ་འགྲོ་བ་དེ་། །བསྒོམ་མེད་ཨམ་དེ་ཡིན་ཚོད་རེད། །དེ་ཡི་ཉམས་མྱོང་ང་ལ་མེད། །བསྒོམ་ཡོད་བསྒོམ་མེད་གཉིས་ཀྱི་ཁྱད། །དྲན་རྫི་དགོས་དང་མི་དགོས་ཡིན། །བསྒོམ་བྱ་སྒོམ་བྱེད་མེད་པ་དང་། ཉིན་མཚན་ཁོར་ཡུག་སོང་བ་ན། །དྲན་རྫི་དགོས་ན་བསྒོམ་ཡོད་ཡིན། །དྲན་རྫི་ཅི་ཡང་མི་དགོས་པར། །རྒྱུན་དུ་ཉམས་ལེན་ངང་ལ་གནས། །བསྒོམ་མེད་མིང་དུ་བཏགས་ཚོད་རེད། །གསུང་རབ་རྣམས་དང་སངས་རྒྱས་ཆོས། །མ་འདྲེས་བཅོ་བརྒྱད་གསུང་པའི་སྒྲ། །ཐུགས་ནི་མཉམ་པར་མ་བཞག་པར། །མི་མངའ་གསུངས་


CMR051_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་སྐད་ལགས། །དེ་འདྲ་འདོད་པ་ཧཾ་པ་ཆེ། །ཉམས་ལེན་བཟང་པོ་ཡོད་ན་ཡང་། །སེམས་བསྐྱེད་སྙིང་རྗེ་མེད་པ་ན། །ཐེག་དམན་ཉན་ཐོས་ལམ་དུ་གོལ། །མི་རྟོག་འགྲོ་ལ་སྙིང་རྗེ་བསྐྱེད། །སེམས་ཅན་ཐམས་ཅད་རང་གི་སེམས། །སེམས་ཉིད་ཡེ་ནས་སྟོང་པ་ཉིད། །དངོས་པོར་གྲུབ་པའི་སེམས་ཅན་རྣམས། །འགྲོ་དྲུག་གཅིག་ཀྱང་མེད་པར་མཐོང་། །དེ་ལ་འཁོར་བ་དོང་སྤྲུགས་ཟེར། །སྙིང་རྗེ་བསྒོམ་ཡུལ་མ་མཆིས་ཀྱང་། །དེ་ལྟར་མ་རྟོག་སེམས་ཅན་ལ། །ཤུགས་འབྱུང་སྙིང་རྗེ་དྲག་པོ་སྐྱེ། །དམིགས་པ་མེད་པའི་སྙིང་རྗེ་ཟེར། །དེ་ལ་ངེས་ཤེས་ཐོབ་པ་ན། །འགྲོ་དོན་ཤུགས་ལ་འབྱུང་བ་ཡིན། །མདོ་ལུགས་ཆོས་ཀྱི་སྙིང་པོ་ཡིན། །རང་ལུས་གདོད་ནས་ཡི་དམ་ལྷ། །དམ་ཚིག་སེམས་དཔའི་ངོ་བོ་ཡིན། །སེམས་ཉིད་གདོད་ནས་ཡི་དམ་ལྷ། །ཡེ་ཤེས་སེམས་དཔའི་ངོ་བོ་ཡིན། །སྤྱན་འདྲེན་ལ་སོགས་མི་དགོས་པར། །རང་སེམས་ལྷ་རུ་ཤེས་པ་དེ། །གསང་སྔགས་ནང་གི་རྒྱུད་ཅེས་བྱ། །རླུང་ནི་ནང་དུ་རྒྱུ་བ་ཨོ། །ཁོང་དུ་གནས་པ་ཡི་གེ་ཨཱ། །ཕྱི་རུ་རྒྱུ་བ་ཡི་གེ་ཧཱུྃ། །དེ་ཉིད་ཡིན་ལ་ཤེས་པར་


CMR051_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཞག་གཅིག་ཉི་ཁྲི་ཆིག་སྟོང་དང་། །དྲུག་བརྒྱའི་བསྙེན་པ་བྱས་པར་འགྲོ། །ཕྲེང་བ་བྲལ་བའི་བཟླས་པ་ཟེར། །གསར་རྙིང་རྒྱུད་སྡེ་ཀུན་ནས་གསུངས། །ཡི་དམ་ལྷ་རུ་མ་བསྒོམས་ན། །སྟོང་ཉིད་ཉམས་ལེན་བཟང་ན་ཡང་། །གྲངས་མེད་གསུམ་དུ་འཚང་མི་རྒྱུ། །དང་པོ་མཁའ་ལ་འཇའ་ཤར་ལྟར། །ཉམས་ལེན་རྩི་དང་མ་བྲལ་བར། །ཡི་དམ་ལྷ་རུ་གསལ་བར་བསྒོམ། །མེ་ལོང་ནང་གི་གཟུགས་བརྙན་ལྟར། །རྒྱན་དང་ཆ་ལུགས་གསལ་བར་བསྒོམ། །ཆུ་ནང་ཤར་བའི་ཟླ་བ་བཞིན། །སྣང་ལ་རང་བཞིན་མེད་པར་བསྒོམ། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པ་གཉིས། །རིམ་གཉིས་མཉམ་པར་གང་གནས་པ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དེ་སྐད་རྡོ་རྗེ་འཆང་གིས་གསུངས། །བསྐྱེད་རྫོགས་ཟུང་དུ་འཇུག་པ་དེ། །གསང་སྔགས་ཉམས་ལེན་རྩ་བ་ཡིན། །ནངས་ནུབ་ཉི་མའི་ཟེར་གཉིས་ལ། །འཇའ་འོད་ཐིག་ལེ་ཐིག་ཕྲན་ལྟོ། །མིག་གིས་འཇའ་འོད་མཐོང་བ་དང་། །ཉམས་ལེན་སེམས་ཉིད་ངོ་བོ་བསྲེ། །ཀུན་ཏུ་བཟང་པོས་གསུངས་པ་ཡི། །འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྒྱུད། །ཀུན་གྱི་


CMR051_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་དེ་ལ་འདུས། །ཀརྨ་པཀྵིའི་ཞལ་ནས་ཀྱང་། །ཕྱག་ཆེན་དང་ནི་རྫོགས་ཆེན་གཉིས། །ཚིག་ལ་ཁྱད་པར་ཡོད་ན་ཡང་། །དོན་ལ་ཁྱད་པར་མེད་ཅེས་གསུངས། །ཀརྨ་པཀྴི་རང་བྱུང་བ། །གཡུང་སྟོན་རོལ་པའི་རྡོ་རྗེ་རྣམས། །ཕྱག་རྫོགས་ཟུང་འཇུག་དགོངས་པ་གཏད། །དེ་ཕྱིར་ཀརྨ་རིན་ཆེན་ཁྱོད། །ཕྱག་རྫོགས་ཟུང་འཇུག་ཉམས་ལེན་མཛོད། །གསར་མའི་བླ་མ་ཕལ་ཆེར་གྱིས། །རྫོགས་ཆེན་ཐེ་ཚོམ་ཡིན་གསུངས་ཀྱང་། །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ་། །འོད་ཆེན་རྣམ་པ་སྣང་བར་བྱེད། །གསུངས་པའི་དོན་དེ་ཡིན་ཞེས་བྱ། །གེགས་སེལ་ཀུན་གྱི་གཙོ་བོ་ཡིན། །ནམ་འཆི་ཆ་མེད་ཡང་ཡང་བསམ། །བོགས་འདོན་ཀུན་གྱིརྩ་བ་ཡིན། །གདུང་ཤུགས་དྲག་པོས་གསོལ་བ་གདབ། །འབྲེལ་ཐོགས་བླ་མ་མང་ན་ཡང་། །ཡབ་སྲས་རྩ་བའི་བླ་མར་བཟུང་། །དེ་ནས་པཀྴི་དུས་མཁྱེན་དང་། །དྭགས་པོ་ལ་སོགས་ཞལ་ཆེམས་མཇལ། །ཁྲིད་ཀྱི་རྒྱུན་ལུང་ཐོབ་ཕྱིན་ནས། །གང་ལ་དད་པའི་བཀའ་བརྒྱུད་ཀྱི། །བླ་མ་སྤྱི་བོར་བསྒོམས་ནས་ཀྱང་། །གསོལ་བ་ཐོབ་དང་ཕྱག་ཆེན་


CMR051_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །རྟོགས་པ་སྐྱེ་བར་འགྱུར་རོ་གསུངས། །མི་བསྐྱོད་རྡོ་རྗེའི་ཞལ་ནས་ཀྱང་། །གསོལ་བ་ཁྱི་བཏབ་ཕག་བཏབ་ཀྱང་། །སངས་རྒྱས་ཐོབ་པར་མི་འགྱུར་བས། །བླ་མ་མིན་པར་བླ་མ་རུ། །བཅོས་མིན་བླ་མ་མ་ཡིན་པར། །བླ་མ་ཡིན་པ་བླ་མ་རུ། །བྱོན་པ་སངས་རྒྱས་མཉན་པ་འདྲ་ཞིག་དགོས། །གསུངས་ཕྱིར་ང་འདྲའི་བླ་མ་ལ། །དབང་ལུང་ཁྲིད་སོགས་འབྲེལ་ཆེ་བའི། །རྨོངས་ཞེན་བྱས་ནས་གསོལ་བཏབ་ཀྱང་། །བརྐོས་ཕོར་རི་མོ་མེད་པ་ལ། །འབི་འབི་སཱཙྪ་མི་དོད་ལྟར། །ཕྱག་ཆེན་དངོས་ནི་མི་རྟོགས་ཞེས་། །མཉམ་མེད་དྭགས་པོ་ལྷ་རྗེས་གསུངས། །རྩེ་གཅིག་རབ་འབྲིང་ཐ་མ་དང་། །ཉམས་ལེན་སྐྱོང་བདེ་ཡོད་སོང་ངེ་། །སྐྱེ་སྟེ་དེ་ནི་ཕྱག་ཆེན་མིན། །དེ་ཕྱིར་ཡབ་སྲས་ལྟ་བུ་ཞིག །རྫོགས་པའི་སངས་རྒྱས་ཡིན་པ་ལ། །ཡིན་པར་ཡིན་ཤེས་གསོལ་བཏབ་ན། །ཕྱག་རྒྱ་ཆེན་པོའི་རྟོགས་པ་འཆར། །དེ་ལ་གེགས་དང་གོལ་ས་མེད། །ཆོས་ཀྱི་དབང་ཕྱུག་གསུང་ལས་ཀྱང་། །རྒྱ་གར་ལུགས་དང་རྒྱ་ནག་ལུགས། །ཆོས་ལུགས་མང་པོ་ཤེས་དགོས་ན། །ཉམས་སུ་ལེན་བྱ་རང་ལུགས་ལས། །གཞན་ལུགས་བསྲེས་པ་


CMR051_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

མང་བྱེད་ན། །བླ་མ་བརྒྱུད་པ་གཞན་གྱིས་རུལ། །རླུང་འཚུབ་མང་པོའི་དཔལ་འབྱོར་ཅན། །འབྱུང་བར་དོགས་པ་ཁོ་བོས་སེམས། །གསུང་པ་འདི་ལ་གནད་འགགས་མང་། །དེ་དོན་ཞིབ་པར་བརྗོད་མི་རུང་། །དོན་ལ་ཆོས་འབྲེལ་ལ་སོགས་པ། །མཐོ་དམའ་ཕྱོགས་རིས་མེད་པར་ཞུ། །བུང་བ་ལྟ་བུའི་སྤྱོད་པ་ཡིན། །རང་ཉིད་དབང་ལུང་ཆོས་ཀྱིས་ཕྱུག །དེ་དོན་ཇོ་བོ་ཨ་ཏི་ཤ །ཐང་སྟོང་རྒྱལ་པོའི་རྣམ་ཐར་ལྟོས། །གསོལ་བ་འདེབས་ཡུལ་མ་ནོར་དགོས། །ནོར་ན་ལོག་པའི་ལམ་དུ་འགྲོ། ། ཉམས་རྟོགས་ལེགས་པོ་སྐྱེས་ན་ཡང་། །ཕྱག་ཆེན་དངོས་ནི་རྟོགས་མི་སྲིད། །སྙིང་གཏམ་ཡིན་ནོ་ཡིད་ལ་འཆོངས། །བཀའ་མ་གཏེར་མ་ཐམས་ཅད་ལ། །གཟིགས་རྒྱ་ཆེ་ན་དེ་དོན་གོ །དེ་མིན་སྨྲས་ན་ཟུར་ཟར་གོ །ཟུར་ཟ་མ་ཡིན་དོན་གཏམ་ཡིན། །ཨོ་རྒྱན་གསུང་ལ་དཔང་པོ་ཡིན། །ཆོས་སྒོར་ཞུགས་པའི་དོན་གོ་ཡིན། །འཆི་བ་གློ་བུར་བྱུང་ཙ་ན། །འདི་བྱ་འདི་བྱེད་ཀྲིག་གེ་བ། །ད་ལྟའི་དུས་ནས་ཡིད་ལ་ཞོག །སྐམ་པོའི་ལག་སྟབས་ཆུ་ནང་དཔེ། །ཐིམ་རིམ་ལ་སོགས་བཤད་པ་ན། །མང་པོ་ཤེས་ཀྱང་དགོས་པ་


CMR051_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ལག་ཏུ་ལོན་ངེས་འདི་ལྟ་སྟེ། །རང་ཉིད་ཡི་དམ་གསལ་བ་ཡི། །སྤྱི་བོར་བླ་མ་འོད་དཔག་མེད། །སངས་རྒྱས་ཀུན་འདུས་སྐུ་རུ་བསྒོམ། །ལུས་དང་ལོངས་སྤྱོད་ཉེ་དུ་དང་། །ཞིང་ཁང་ནོར་རྫ་ས་ཅི་ཡོད་ཀུན། །མཎྜལ་གཅིག་ཏུ་དམིགས་པ་བྱ། །ས་གཞི་སྤོས་ཆུས་ལན་གསུམ་འབུལ། །འབུལ་བ་ཚར་བའི་ཡོན་བདག་ལྟར། །སུས་ཁྱེར་ཁྱེར་ལ་སུ་ཟ་ཟོ། །ཆགས་ཞེན་འཁྲི་བ་རྩད་ནས་སྤངས། །ཁོ་བོ་མི་ཚེར་ཆོས་བྱས་པའི། །ལ་དོན་ད་ལྟ་དགོས་རྒྱུ་ཡིན། །བསམ་སྟེ་ཅུང་ཟད་རིག་པ་བསྒྲིམ། །རྫོགས་སངས་རྒྱས་དང་སྲིན་བུ་ཡན། །མི་འཆི་སྡོད་ས་གཅིག་ཀྱང་མེད། །ཁོ་བོས་མི་ཚེར་ཆོས་ལ་བསྐྱལ། །ང་བས་སྐྱིད་པ་མེད་པ་ཡི། །ང་རྒྱལ་ཆེན་པོ་བསྒོམ་དགོས་གསུངས། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །འཆི་བ་ཆོས་སྐུར་སངས་རྒྱས་ནས། །བར་དོར་ལོངས་སྤྱོད་རྫོགས་སྐུར་བཞེངས། །སྐྱེ་བ་སྤྲུལ་སྐུས་འགྲོ་དོན་བྱེད། །སྙམ་པའི་སེམས་བསྐྱེད་ལན་གསུམ་བྱ། །དེ་ནས་རང་ཉིད་ལྷར་གསལ་བའི། །མ་དག་སྒོ་བརྒྱད་ཧྲི་ཡིག་བཀག །ལུས་དབུས་དབུ་མ་སྦ་ལྕག་ཙམ། །སྙིང་དབུས་རང་སེམས་ཐིག་ལེ་ནི།


CMR051_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བའི་དུས་སུ་སྤྱི་བོར་འཕོ། །འོད་དཔག་མེད་ཀྱི་ཐུགས་ཀར་བསྟིམ། །དེ་འདྲ་སྤར་ཝིག་ལན་མང་བྱ། །དེ་ནས་ཅི་ཡང་མི་བསྒོམ་པར། །ཉམས་ལེན་ངོ་བོའི་སྟེང་དུ་བཞག །ཐིམ་རིམ་དཀར་ལམ་ནག་ལམ་སོགས། །ངོ་ཤེས་ངོས་བཟུང་བྱེད་མི་དགོས། །གང་ཤར་དེ་ཡི་ངོ་བོ་སྐྱོངས། །ཕྱི་དབུག་ཆད་པར་གྱུར་པའི་ཚེ། །གདུང་གཡོག་པ་ཡི་གདུང་ཆེས་གཟབ། །ཐུགས་དམ་མ་ཡེངས་བརྗོད་དུ་འཇུག །དེ་ཚེ་ནག་ལམ་ཡལ་ནས་ཀྱང་། །གཞི་ཡི་འོད་གསལ་ཞེས་བྱ་བ། །སྤྲིན་མེད་ནམ་མཁའ་འདྲ་བར་ཟེར། །དེ་ལ་ངོ་བོ་རྗེན་པ་དེ། །ཚུར་ལ་ལྷང་ངེར་འཆར་ནས་འོང་། །དེ་དུས་དེ་ཉིད་ངོས་བཟུང་ལ། །དེ་ཡི་ངང་དུ་འཇུག་པ་དེ། །ཐུགས་དམ་བཞུགས་ཞེས་མིང་དུ་བཏགས། །ཡུན་ནི་ཇི་ཙམ་འདུག་པ་ནི། །འཆི་ཁའི་སེམས་ནི་སྟོབས་ཆེ་བས། །དམ་བཅའ་གང་བྱས་སྟེང་དུ་འགྲོ། །དེ་ཕྱིར་འདི་ཙམ་འདུག་སྙམ་པའི། །འཆི་ཁ་དམ་བཅའ་དྲག་པོ་བྱ། །དང་པོ་འཕོ་བ་བསྒོམས་པ་དེས། །གལ་ཏེ་ཐུགས་དམ་མ་ཟིན་ན། རྐྱེན་གྱིས་ཐུགས་དམ་འདྲོགས་གྱུར་ན། །གཞན་དུ་མི་འཕོ་སྤྱི་བོར་འཕོ། །རང་ལུས་


CMR051_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་བསྒོམས་པ་དེས། །ཐུགས་དམ་བརྟན་ཞིང་བར་ཆད་མེད། །དམ་བཅའ་གང་བྱས་སྟེང་དུ་འགྲོ། །ང་ནི་ཚེ་འདིར་ཤི་མ་མྱོང་། །རང་དང་འདྲ་བའི་མཆེད་གྲོགས་ལ། །གསལ་འདེབས་འདི་ལྟར་བྱས་པ་ཡིས། །ཐུགས་དམ་བརྟན་པོ་ཟིན་པ་དང་། །དམ་བཅའི་ཐོག་ཏུ་འགྲོ་བ་མཐོང་། །རྟེན་བྱོན་འདས་རྟགས་བཟང་བ་ནི། །ལན་གྲངས་མང་དུ་མྱོང་བས་གྲུབ། །འཕོ་བ་ཟུང་འཇུག་ཐུགས་དམ་འདི། །མཉམ་མེད་དྭགས་པོའི་གསུང་ལས་བྱུང་། །དེ་ནས་བར་དོ་བགྲོད་ལུགས་ལ། །མཐོ་དམན་ཉི་ཤུ་རྩ་གཅིག་གསུངས། ། ཐ་མའི་ཐ་མ་ཡང་ཐའི་ལུགས། །སུས་ཀྱང་ཉམས་སུ་ལོན་ངེས་ནི། །ཐུགས་དམ་ཟིན་རུང་མ་ཟིན་རུང་། །འཕོ་བ་ཐེབ་རུང་མ་ཐེབ་རུང་། །བར་དོར་ཞི་ཁྲོའི་ལྷ་ཚོགས་རྣམས་། །ངོས་ཟིན་རུང་ལ་མ་ཟིན་རུང་། །ཤི་ནས་ཉིན་བདུན་གཉིས་ཡོལ་ནས། །བདུན་གསུམ་གྲོས་ལ་ཁད་ཀྱི་སྐབས། །རང་ཉིད་ཤི་བ་ཐག་ཆོད་ནས། །མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད། །གར་འགྲོ་རང་དབང་ཆེ་ན་ཡང་། །ཡུལ་དང་ཉེ་དུ་མཆེད་གྲོགས་སོགས། །དེ་དག་རྣམས་ལ་སེམས་ཆགས་ནས། །ས་ཕྱོགས་འདི་རུ་མི་ལུས་ཤིག །


CMR051_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ནས་དམ་ཆོས་བཤའ་མ་བྱེད། །མྱུར་དུ་ལུས་ཤིག་མ་ལོན་ན། །གཤིན་རྗེའི་ཕོ་ཉ་འོང་ནས་ཁྲིད། །དགེ་སྡིག་གཤག་རལ་དགོས་བྱུང་ན། །ལེགས་པོ་མི་འོང་སྙམ་ནས་སྡུག །དེ་དུས་འདི་ལྟར་དྲན་པར་གྱིས། །འཁོར་བ་ཐོག་མ་མེད་པ་ནས། །འཁོར་བར་འཁྱམས་པས་གཉུག་རེ་བུད། །སངས་རྒྱས་དེ་སྙེད་བསྟན་པ་ལ། །བདག་ནི་མ་གྲོལ་ལས་རེ་ངན། །ད་རུང་འཁོར་བ་མཐའ་མེད་དུ། །སྐྱེ་འཆི་གྲངས་མེད་ཡི་རེ་མུག །ད་ནི་དུས་ངན་སྙིགས་མའི་མཐའ། །ཚེ་ཐུང་ནད་མང་བར་ཆད་རྒོད། །མི་ལུས་བླངས་ན་རང་སྡུག་ཉོས། །མངོན་དགའ་ལ་སོགས་དག་པའི་ཞིང་། །ས་ཐོབ་མ་གཏོགས་སྐྱེ་མི་སྲིད། །མི་རྩིབ་ས་ལ་བསྙབ་པ་འདྲ། །དགའ་ལྡན་ཟངས་མདོག་དཔལ་རི་སོགས། །སྐྱེས་ཀྱང་མི་ལྟུང་ངེས་པ་མེད། །པོ་ཏ་ལ་ནི་གནས་རི་ཡིན། །སོང་ཡང་རང་རེ་ལས་མ་དག །སྤྱན་རས་གཟིགས་དང་མཇལ་ཤས་ཆུང་། །འོད་དཔག་མེད་པའི་སྨོན་ལམ་མཐུས། །སྐྱེ་སླ་བདེ་སྐྱིད་ཡོན་ཏན་ལྡན། །སྐྱེ་ནས་ཕྱིར་མི་ལྡོག་པའི་ཞིང་། །བདེ་བ་ཅན་དུ་འགྲོ་བར་གྱིས། །བར་དོར་ཉི་ཟླ་མེད་པའི་ཕྱིར། །ནུབ་ཕྱོགས་


CMR051_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་མ་ཤེས་ན། །འོད་དཔག་མེད་ལ་རྩེ་གཅིག་གིས། །དད་གུས་རྩེ་གཅིག་བྱེད་ཅིང་སོང་། །འཇིག་རྟེན་ཁམས་ནི་དཔག་མེད་པའི། །འདས་པའི་ཕ་རོལ་ཡིན་ནའང་། །འགྲོ་ལ་དཀའ་ཚེགས་ཡོད་མ་ཡིན། །མགྱོགས་བུལ་འགྱུ་བ་འདི་ཉིད་ཡིན། །ཐག་རིང་མི་སླེབ་བསམ་མི་དགོས། །སྐད་ཅིག་པདྨའི་སྦུབས་ནས་སྐྱེ། །སྐྱེ་བའི་སྡུག་བསྔལ་དེ་ལ་མེད། །སྐྱེའམ་མི་སྐྱེ་ཐེ་ཚོམ་ན། །ཡུན་རིང་པདྨ་ཁ་མི་བྱེ། །སངས་རྒྱས་ཞལ་མཐོང་ཕྱི་སྐྱོན་ཡོད། །དེ་ཕྱིར་རང་ཉིད་ནམ་འཆི་ཚེ། །དེ་རུ་འགྲོ་བར་བློ་ཐག་ཆོད། །ཨོ་རྒྱན་བྱེ་བ་ཕྲག་བརྒྱ་དང་། །མཆོག་གི་སྤྲུལ་སྐུ་ན་རིམ་ཀུན། །འོད་དཔག་མེད་པའི་སྤྲུལ་པ་ཡིན། །འཛམ་གླིང་བྱེ་བ་ཕྲག་བརྒྱ་ན། །སྤྱན་རས་གཟིགས་དབང་ཀརྨ་པ། །བསྐལ་བཟང་སངས་རྒྱས་སྟོང་ལ་སོགས། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན། །དངོས་དེ་བདེ་བ་ཅན་ན་བཞུགས། །རི་རབ་བྱེ་བ་ཕྲག་བརྒྱའི་གྲངས། ། ཕྱག་ན་རྡོ་རྗེ་དེ་སྙེད་གྲངས། །རྒྱལ་ཚབ་ན་རིམ་ལ་སོགས་པ། །མཐུ་ཆེན་ཐོབ་དེའི་སྤྲུལ་པ་ཡིན། །གཞན་ཡང་དྭགས་པོ་དུས་གསུམ་མཁྱེན། །མཐོང་བ་དོན་ལྡན་ལ་སོགས་


CMR051_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པ། །སྐུ་ཡི་བཀོད་པ་རེ་རེ་བཞུགས། །བེན་རྩ་དགོས་ན་དེ་ན་ཡོད། །ཀརྨ་རིན་ཆེན་དེ་རུ་བྱོན། །དེ་རུ་སྐྱེས་ན་ཅི་དགའ་ན། །གསེར་མདོག་མཚན་དང་དཔེ་བྱད་ལྡན། །མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད། །མངོན་དགའ་ལ་སོགས་ཞིང་ཁམས་ཀུན། །བགྲོད་ཅིང་ཆོས་ཞུ་དེ་དགོང་འཁོར། །འབྲེལ་ཐོགས་ཀུན་ཀྱང་དེར་ཞིང་འདྲེན་། །བསྐལ་པ་བྱེ་བ་དུང་ཕྱུར་ལ། །ན་རྒྱུ་འཆི་རྒྱུ་རྒས་རྒྱུ་མེད། །ཟས་གོས་ལོངས་སྤྱོད་གནས་མལ་སོགས། །ཅི་འདོད་ཡིད་ལ་བསམ་པ་འགྲུབ། །རྩོལ་སྒྲུབ་འཚོ་སྐྱོང་བྱ་མི་དགོས། །ཚེ་སྔོན་སྡིག་པ་གང་ཡོད་པ། །འོད་དཔག་མེད་པའི་ཞལ་མཐོང་ཞིང་། །ཆོས་ཉན་ཕྱག་བསྐོར་བྱས་པས་དག །རྣམ་སྨིན་སྡུག་བསྔལ་མྱོང་མི་དགོས། །དེ་ལྟར་དམ་ཆོས་ཏིང་འཛིན་བསྒོམ། །ལུས་དེ་ས་བཅུ་ལམ་ལྔ་བགྲོད། །ནམ་ཞིག་དེ་ནས་ཚེ་འཕོས་ནས། །རྫོགས་སངས་མི་རྒྱ་མི་སྲིད་གསུངས། །དེ་ཕྱིར་འོད་བཀོད་ཞིང་མདོ་དང་། །པད་དཀར་མདོ་དང་རྔ་སྒྲའི་གཟུངས། །ད་ལྟའི་སངས་རྒྱས་བཞུགས་མདོ་རྣམས། །ཨོ་རྒྱན་གསུང་དང་ལབ་སྒྲོན་གསུང་། །ཐམས་ཅད་ས་ཕག་གྲོས་བྱས་འདྲ། །


CMR051_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་དེ་རུ་སྐྱེ་བའི་ཕྱིར། །དགེ་བ་ཐམས་ཅད་དེ་རུ་བསྔོ། །བཟང་སྤྱོད་བདེ་སྨོན་ཆག་མེད་ཐོན། །དེ་ལྟར་བྱས་ན་མཚམས་མེད་ལྔ། །དམ་ཆོས་སྤངས་བ་མ་གཏོགས་སྐྱེ། །འོད་དཔག་མེད་ཀྱི་སྨོན་ལམ་ཡིན། །ཁ་ཞེ་མེད་པར་ལན་བཅུ་རུ། །སྨོན་ལམ་བཏབ་ན་སྐྱེ་བར་གསུངས། །ཆགས་ཞེན་མེད་པ་གནད་དུ་ཆེ། །བན་རྒན་རཱ་ག་ཨ་སྱས་བདག་གསར་རྙིང་མདོ་རྒྱུད་རྒྱ་མཚོ་ལ། །བལྟས་པས་སྙིང་པོ་ཆོས་འདི་རྙེད། །གང་ཟག་མཐོན་པོ་མ་ཡིན་པའི། །ཆོས་སྒོར་ཞུགས་པ་མང་པོ་ལ། །འཆི་ཡང་ཧ་ཀྱང་མི་སྐག་པ། །བློ་བདེའི་གདེང་འདི་བདག་གིས་བྱིན། །ཡིད་བཞིན་ནོར་བུ་བས་ཀྱང་ལྷག །ས་ཐོབ་སེམས་དཔའ་ཆེན་པོ་རྣམས། །འཁོར་བའི་སྡུག་བསྔལ་མཐོང་མཛད་ནས། །བསམ་བཞིན་སེམས་ཅན་དོན་ལ་བྱོན། །ཁྱེད་ཀྱང་དེ་ལ་མི་འགྲན་བསམ། །གལ་ཏེ་སྐུ་སྐྱེ་འབྱོན་དགོངས་ན། །ངས་ནི་འགྲོ་དོན་བཀག་དོན་མེད། །དཔའ་སྡར་འཁྲུག་པའི་ཉམས་དང་བསྟུན། །ང་ནི་སྡར་མ་འབྲོས་རྩིས་ཡིན། །དེ་སྐད་རཱ་ག་ཨ་སྱ་ངས། །ལྕགས་ཕག་ནག་ཟླའི་བཅུ་གཉིས་ཉིན། །ཉམས་ལ་ཤར་ནས་སྨྲས་པ་ལ། །ཁྲོ་བོ་དགེ་


CMR051_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སློང་སྦྱིན་པ་ཡི། །ཨ་དགེ་སྙོལ་བོ་ཟེར་གྱིས་བྲིས། །སརྦ་མངྒ་ལཾ། དགེའོ།། །། ༄༅། །ན་མོ་བཛྲ་པཱ་ཎི་ཡེ། བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །པད་འབྱུང་རྩ་བ་གསུམ་གྱི་ཚོགས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདག་གི་བྱང་ཆུབ་སེམས་བསྐྱེད་ནས། །དེང་ནས་ཚེ་མཇུག་ཅི་ཡོད་ཚེ། །འགྲོ་དོན་དཔག་མེད་འགྲུབ་པ་རུ། །བྱིན་གྱིས་རློབས་ཤིག་དཀོན་མཆོག་གསུམ། །དེ་ལ་བར་ཆད་མེད་པ་རུ། །བྱིན་གྱིས་རློབས་ཤིག་རེ་མ་ཏི། །བསམ་པ་ལྷུན་གྱིས་འགྲུབ་པ་རུ། །བྱིན་གྱིས་རློབས་ཤིག་པདྨ་འབྱུང་། །ཆོས་ར་འདི་རུ་འོང་ཚད་ལ། །ཡམས་ནད་ཆུ་ནད་གདོན་སོགས་ཀྱི། །བར་ཆད་སྲུངས་ཤིག་ཆོས་སྐྱོང་ཚོགས། །མཐོང་གྲོལ་དྲན་གྲོལ་རེག་གྲོལ་དང་། །ཐོས་པ་ཙམ་གྱིས་རྒྱུད་གྲོལ་སོགས། །བྱིན་གྱིས་རློབས་ཤིག་སྤྱན་རས་གཟིགས། །བར་ཆད་སོལ་ཅིག་གསང་བ་ཡུམ། །དངོས་གྲུབ་སྩོལ་ཅིག་


CMR051_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་གཤེད། །ཆོམ་རྐུན་ཆིངས་ཤིག་འོད་ཟེར་ཅན། །རྟོག་པ་བསྐྱེད་ཅིག་གྲུབ་ཐོབ་རྣམས། །རྣམ་གཡེང་བར་ཆད་མི་གཏོང་བར། །སྒྲུབ་པའི་རྒྱལ་མཚན་ཚུགས་པ་ཞིག །བདེན་ལྡན་ཀུན་གྱི་བདེན་སྟོབས་དང་། །ཆོས་སྐྱོང་སྲུང་མའི་སྟོབས་ཀྱིས་ཤོག །ཅེས་གནས་མདོ་ནང་དུ་ཆོས་ར་བཙུགས་དུས་ཨ་རཱ་གས་སོ། །དགེའོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགེ་སློང་ཀརྨ་རིན་ཆེན་ལ་གདམས་པའི་ཕྱག་རྫོགས་ཟུང་འཇུག་གི་ཁྲིད་ཡིགnext