Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
གཅོད་ཀྱི་བསྟབ་པ་ཆ་དྲུག་འདོན་འགྲིགས་ཕྱག་ལེན་དང་བཅས་པ།
   
   
   
   
   
   
   


 
previousགཅོད་ཀྱི་བསྟབ་པ་ཆ་དྲུག་འདོན་འགྲིགས་ཕྱག་ལེན་དང་བཅས་པ།next

གཅོད་ཀྱི་བསྟབ་པ་ཆ་དྲུག་འདོན་འགྲིགས་ཕྱག་ལེན་དང་བཅས་པ།


CMR052_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

༼པ༽ གཅོད་ཀྱི་བསྟབ་པ་ཆ་དྲུག་འདོན་འགྲིགས་ཕྱག་ལེན་དང་བཅས་པ་བཞུགས་སོ། །


CMR052_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲཛྙཱ་པཱ་ར་མི་ཏ་ཡེ། ཡུམ་ཆེན་ཌཱཀྐིའི་ཚོགས་ལ་ཕྱག་འཚལ་ནས། །གཅོད་ཀྱི་ཆ་དྲུག་ཕྱག་ལེན་གསལ་བཀོད་བྱ། །ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ། །ནད་པ་ཁག་ཆེ་ལ་གཅོད་ཚོགས་དང་ལུས་སྦྱིན་ཞག་འགའ་བྱས་ནས་གཏོར་འབུལ་བསྟབ་པ་ཆ་དྲུག་བྱ་བ་ནི། དམར་གཏོར་མཐོ་གང་ངམ་སོར་བཞི་ཙམ་པ་དྲུག་བྱ། ནད་པའི་ལུས་ལ་དྲུད་པའི་ཆངས་བུ་དྲུག་བྱ། ལིངྒ་ཆེ་བ་གཅིག་གཙང་མ་བྱས། ནད་པའི་ལུས་བཀྲུས་པའི་ཁྲུས་ཆུ་གཅིག་སྣོད་དུ་བཞག །དེ་ནས་ནམ་སྲོད་དུ་སླེབས་པ་དང་གཅོད་ཚོགས་ཀྱི་ཚོགས་ཕུད་མ་ཕུལ་གོང་དུའམ་ལུས་སྦྱིན་ལ་བཏགས་ནའང་རུང་སྟེ། ཕཊ། སྐད་ཅིག་གིས་ཆོས་ཐམས་ཅད་སྟོང་པ་ཉིད་ནམ་མཁའ་ལྟ་བུའི་ངང་ལས་ཆོས་དབྱིངས་ནམ་མཁས་


CMR052_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པའི་ཞིང་ཁམས་འདི་ཐམས་ཅད་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བ་ས་གཞི་འདི་མི་རོ་སྐམ་རློན་གྱིས་གང་བར་བྱ་གཅན་སྣ་ཚོགས་ལང་ལོང་དུ་རྒྱུ་བ། རི་བོ་ཐམས་ཅད་ཀེང་རུས་ཀྱི་རི་བོ། ཆུ་ཀླུང་ཐམས་ཅད་རྣག་ཁྲག་ཏུ་འབབ་པ། རྩི་ཤིང་ཐམས་ཅད་མཚོན་ཆའི་རང་བཞིན་དུ་གཟིང་བ། སྒྲ་སྐད་ཐམས་ཅད་ཧཱུྃ་ཧཱུྃ་དང་ཕཊ་ཕཊ་ཏུ་སྒྲོག་པ། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱང་སྐྱི་གཡའ་ཞིང་། དཔལ་ཕྱག་ན་རྡོ་རྗེ་ཡང་འཇིགས་ཤིང་སྐྲག་པའི་གནས། ཡེ་ཤེས་ཀྱི་ཁྲོ་བོ་རྣམས་ཀྱང་རྒྱུ་བར་མི་ནུས་པའི་གནས་ཤིན་ཏུ་འཇིགས་པའི་


CMR052_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་རང་བྱུང་ཐོད་པའི་གཞལ་ཡས་ཁང་ཆེན་པོའི་ཐོད་པ་སྐམ་རློན་རྙིང་གསུམ་བརྩེགས་ཤིང་གནམ་ལྕགས་ཀྱི་གཟེར་གྱིས་བསྡམས་པ། མི་ཁྲག་དང་རྟ་ཁྲག་གིས་བྱུགས་ཤིང་ཞིང་ལྤགས་ཀྱིས་ཐོགས་ཕུབ་ཅིང་རུ་ཏྲའི་མགོ་བོའི་ཏོག་དང་ཙིཏྟའི་ཕོ་ལོང་རྒྱུ་རློན་གྱི་དྲྭ་ཕྱེད་འཕྱང་བ། དེ་ཡི་དབུས་སུ་སྐད་ཅིག་ལ་རང་གི་རིག་པའི་ངོ་བོ་མ་གཅིག་ཁྲོས་མ་ནག་མོ་ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་བརྡབས་པས་སྣང་སྲིད་དབང་དུ་སྡུད་པ། གཡོན་མི་རྐང་གི་གླིང་བུ་འབུད་པས་སྣང་སྲིད་ཟིལ་གྱིས་གནོན་པ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྐུ་གྱུར་པའི་མདུན་གྱི་ནམ་མཁར་གཞལ་ཡས་ཁང་གི་དབུས་ཀྱི་ཐད་དུ། མ་གཅིག་ལབ་ཀྱི་སྒྲོལ་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་མ། ཕྱག་གཡས་ཌཱ་མ་རུ་དང་གཡང་གཞི། གཡོན་རྐང་གླིང་དང་ཐོད་ཁྲག་འཛིན་པ་ལ། སངས་རྒྱས་རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ་སྡེ་དང་བཅས་པ་སྟེང་གདོན་གཟའ་དང་རྒྱུ་སྐར་གྱིས་བསྐོར་བ། རང་གི་མདུན་ངོས་དཀྱིལ་འཁོར་གྱི་ཤར་དུ་མ་གཅིག་ལབ་སྒྲོན་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཌཱ་རུ་དང་ཞགས་པ་འཛིན་པ་ལ། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ་སྡེ་དང་དྲི་ཟ་ལ་


CMR052_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཤར་ཕྱོགས་ཀྱི་ལྷ་འདྲེས་བསྐོར་བ། ལྷོར་མ་གཅིག་ལབ་སྒྲོན་སྐུ་མདོག་སེར་མོ་གཡས་ཆུ་སྲིན་གྱི་ཞགས་པ་དང་གཡོན་གྲི་གུག་འཛིན་པ་ལ། རིན་ཆེན་རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ་སྡེ་གཤིན་རྗེ་ལ་སོགས་ལྷོ་ཕྱོགས་ཀྱི་ལྷ་འདྲེས་བསྐོར་བ། ནུབ་ཏུ་མ་གཅིག་ལབ་སྒྲོན་སྐུ་མདོག་དམར་མོ་གཡས་སྦྲུལ་ཞགས་དང་གཡོན་ཐོད་ཁྲག་བསྣམས་པ་ལ། པདྨ་རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ་སྡེ་དང་ཀླུ་དབང་ལ་སོགས་ནུབ་ཕྱོགས་ཀྱི་ལྷ་འདྲེས་བསྐོར་བ། བྱང་དུ་མ་གཅིག་ལབ་སྒྲོན་སྐུ་མདོག་ལྗང་མོ་གྲི་གུག་ཐོད་ཁྲག་ཅན་ལ། ལས་ཀྱི་མཁའ་འགྲོ་བྱེ་བ་འབུམ་སྡེ་དང་གནོད་སྦྱིན་ལ་སོགས་བྱང་ཕྱོགས་ཀྱི་ལྷ་འདྲེས་བསྐོར་བ། རང་གི་མདུན་འོག་ཕྱོགས་སུ་མ་གཅིག་ལབ་སྒྲོན་སྐུ་མདོག་སྔོན་མོ་གཡས་རྒྱུ་ཞགས་དང་གཡོན་ཁ་འཛིན་པ་ལ། སྣ་ཚོགས་ཀྱི་མཁའ་འགྲོ་བྱེ་བ་འབུམ་སྡེ་དང་ས་བདག་ལ་སོགས་འོག་ཕྱོགས་ཀྱི་ལྷ་འདྲེས་བསྐོར་བ། གཙོ་མོ་དྲུག་པོ་ཞལ་གདངས་ཤིང་མཆེ་བ་བཞི་བཞི་གཙིགས་པ། དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབ་ཅིང་སྤྱི་བོ་ན་ཕག་ཞལ་ངུར་བ། ཐོད་པ་སྐམ་རློན་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་། ཡེ་ཤེས་ཀྱི་


CMR052_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དཔུང་རབ་ཏུ་འབར་བ། ཁཊྭཱ་ག་མཆན་ཁུང་དུ་བཅུག་ནས་པད་ཉི་རོའི་གདན་ལ་གར་ཐབས་སུ་འགྱིང་བ། ཁྱད་པར་དུ་མ་གཅིག་རིགས་ལྔ་ནི་རང་རང་གི་སྐུ་མདོག་དང་མཚུངས་པའི་དར་གྱི་རལ་ག་གསོལ་བ། ཁྲོས་མའི་ཐུགས་ཀར་ཨ་མཐིང་ནག །མ་གཅིག་རིགས་ལྔའི་ཐུགས་ཀར་ཧྲཱིཿདང་ཧ་རི་ནི་ས་དེ་རྣམས་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མ་ཡ་ཛཿ ཨ། འོག་མིན་ཆོས་དབྱིངས་དག་པའི་ཞིང་ཁམས་ནས། །ཆོས་སྐུ་ཡུམ་ཆེན་ལོངས་སྐུ་ཁྲོས་མ་ནག །སྤྲུལ་སྐུ་མ་གཅིག་ལབ་སྒྲོན་རིགས་ལྔའི་ཚོགས། །ཐུགས་རྗེས་འགྲོ་བའི་དོན་ལ་གཤེགས་སུ་གསོལ། །ཨོ་རྒྱན་ཡུལ་གྱི་ཕྱོགས་བཞི་དབུས་ལྔ་ནས། །སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་ལས། །སྣ་ཚོགས་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས། །རྐྱེན་ངན་བར་ཆད་བཟློག་ཕྱིར་གཤེགས་སུ་གསོལ། །སྟོང་གསུམ་མི་མཇེད་དག་པའི་ཞིང་ཁམས་ཀྱི། །སྟེང་དང་འོག་དང་ཤར་ལྷོ་ནུབ་བྱང་ནས། །སྣང་ཞིང་སྲིད་པའི་ལྷ་འདྲེ་མ་ལུས་ཀུན། །ལན་ཆགས་བུ་ལོན་སྦྱང་ཕྱིར་འདིར་འདུས་ཤིག །ཨཱ་ཧྲཱིཿཧ་རི་ནི་ས་སརྦ་ལོ་ཀཱ་པཱ་ལ་ཛཿཧཱུྃ་བྃ་ཧོཿ་


CMR052_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཨརྒྷཾ། པཱདྱཾ། པུཥྤེ། དྷུ་པྤེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས་ནད་པ་མདུན་དུ་བསྙལ། རང་གི་མདུན་དུ་ལིངྒ་ཆེ་བ་དེ་བཞག །ནད་པ་ལིངྒ་གཏོར་མ་ཆངས་བུ་རྣམས་སྣོད་སོ་སོར་བཞག་ལ་བྲན་ནས། ཕཊཿ ནད་པའི་སྙིང་གར་རྣམ་པར་ཤེས་པའི་ངོ་བོ་ཨ་མཐིང་ནག་བཀྲག་མདངས་དང་ལྡན་པ་དེ་དབུ་མའི་ལམ་ནས་མདའ་འཕང་བ་ལྟར་རྒྱངས་སེ་ཐོན་རང་ཉིད་ཁྲོས་མའི་ཐུགས་ཀར་ཐིམ། ཕཊ་ཕཊ་ཕཊ། ན་མོ། གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཡི་དམ་ཁྲོས་མ་ནག་མོའི་བདེན་པ་དང་། མ་གཅིག་ལབ་ཀྱི་སྒྲོན་མ་རིགས་ལྔ་རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་ནད་པ་འདི་ལ་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པའི་ལུས་གདོན་རྒྱབ་རྟེན་དང་བཅས་པ། ནད་ནད་བདག་དང་བཅས་པ། གདོན་སྣ་འདྲེན་དང་བཅས་པ། བཀའ་དང་དམ་ལ་མི་གནས་པ་འགྱུ་ལོག་འཕར་ལྡིང་མགོ་གཡོགས་མགོ་


CMR052_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བྱེད་པ་ཐམས་ཅད་དྲག་པོ་དམར་གྱི་གཏོར་མ་གཟུགས་ལིངྒ་དང་བེམ་པོ། གྲི་གླུད་དང་ཁྲུས་ཆུ་འདི་ལ་ཁུག་ཅིག །ཧཱུྃ་ཧཱུྃ་ཧཱུྃ། ཛཿཧཱུྃ་བྃ་ཧོ༔ ཕཊ་ཕཊ་ཕཊ། ཅེས་རྐང་དུང་ཌཱ་དྲིལ་དྲག་ཏུ་བྱ། འགུགས་གཞུག་ལན་གསུམ་བྱའོ། །ཀྱི། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །སྐུ་ཡི་མ་གཅིག་སྐུ་མདོག་མཐིང་། །ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས། །ཕྱག་གཡས་དང་པོས་གཡང་གཞི་བརྡེབས། །གནོད་བྱེད་ལུས་གདོན་དབང་དུ་སྡུད། །ཕྱག་གཡོན་དང་པོས་རྐང་གླིང་འབུད། །མཁའ་འགྲོ་ལྷ་སྲིན་དབང་དུ་སྡུད། །གཡས་འོག་གསེར་གྱི་ཌཱ་རུ་འཁྲོལ། །གནོད་བྱེད་ལུས་གདོན་མྱོས་སུ་ཆུག །ཕྱག་གཡོན་འོག་མས་ཐོད་ཁྲག་བསྣམས། །བེམ་པོ་ལུས་གདོན་ཚོགས་ལ་རོལ། །སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །ཕྱག་མཚན་འཁོར་ལོ་གྲི་ཐོད་འཛིན། །བེམ་པོ་ལུས་གདོན་འདི་ལ་ད་རོལ་ཅིག །ནད་འདྲེ་གཅོང་སྲི་འདི་ལ་ད་རོལ་ཅིག །ལས་ངན་རྣམ་སྨིན་འདི་དང་ད་ཁྲོལ་ཅིག །ནད་གདོན་སྡུག་བསྔལ་འདི་དང་ད་ཁྲོལ་ཅིག །ནད་བདག་གནོད་བྱེད་འདི་དང་ད་ཁྲོལ་ཅིག །བེམ་པོ་ལུས་གདོན་ཚོགས་ཀྱི་མཆོད་པ་


CMR052_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས། །ལུས་གདོན་རིག་པ་སྐྱེ་མེད་དབྱིངས་སུ་སྤོར། །འཆུག་མེད་མངོན་སངས་རྒྱས་པའི་ཕྲིན་ལས་མཛོད། །ཕཊ་ཕཊ་ཕཊ། ཧཱུྃ། ཤར་ལྷོ་ནུབ་བྱང་འོག་དང་ལྔ་པོ་ནས། །མ་གཅིག་དཀར་སེར་དམར་ལྗང་སྔོན་མོ་ལྔ། །རིགས་ཀྱི་མཁའ་འགྲོ་འབུམ་ཕྲག་ལྔ་དང་བཅས། །ཕྱག་མཚན་རང་རྟགས་གྲི་ཐོད་ཁཊྭཱཾ་བསྣམས། །བེམ་པོ་ལུས་གདོན་འདི་ལ་ད་རོལ་ཅིག །ནད་འདྲེ་གཅོང་སྲི་འདི་ལ་ད་རོལ་ཅིག །ལས་ངན་རྣམ་སྨིན་འདི་དང་ད་ཁྲོལ་ཅིག །ནད་གདོན་སྡུག་བསྔལ་འདི་དང་ད་ཁྲོལ་ཅིག ། ནད་བདག་གནོད་བྱེད་འདི་དང་ད་ཁྲོལ་ཅིག །བེམ་པོ་ལུས་གདོན་ཚོགས་ཀྱི་མཆོད་པ་བཞེས། །ལུས་གདོན་རིག་པ་སྐྱེ་མེད་དབྱིངས་སུ་སྤྱོར། །འཆུག་མེད་མངོན་སངས་རྒྱས་པའི་ཕྲིན་ལས་མཛོད། །ཕཊ་ཕཊ་ཕཊ། དེ་ནས་བེམ་པོ་དང་ལིངྒ་དབྱེར་མེད་དུ་བཤས་པར་བསྒོམ་ལ། གྲི་གུག་གམ་མེད་ན་གྲིས་གཏུབ་ལ། རྐང་ལག་སྡེབ་བཞི་མགོ་ལ་བྲང་སྦྱར་བ་ཁོག་སྨད་དང་དྲུག་བྱས་ལ། ཏིང་ཐེབ་དྲུག་ཏུ་བཤམས་ཤ་དུམ་སྦྱར་ཁྲག་ཐིགས་བླུགས། ཏིང་བུ་དྲུག་ཏུ་དམར་གཏོར་དྲུག་ཤ་ཁྲག་གིས་བརྒྱན་པ་བྲན། སྣོད་སྡེར་མ་དྲུག་ཏུ་ཆངས་བུ་རེ་རེ་བྲན། ཁྲུས་ཆུ་འདེབས་པའི་གཟར་བུ་དང་ཁྲུས་ཆུ་བཞག །ཏིང་བུ་དང་སྣོད་མང་པོ་


CMR052_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་རེ་རེ་བཤམས་ཆོག །ཆངས་བུ་དང་ཁྲུས་ཆུ་མི་གཙང་བ་དང་གཏོར་མ་ལིངྒ་ཤ་དུམ་གཙང་དགོས་པས་དེ་ཚོ་མི་བསྲེ། མཆོད་གཡོག་པ་གསུམ་ལངས་ལ་གཅིག་གིས་གཏོར་མ་གཅིག་གིས་ལིངྒའི་མགོ་ངོས་དེར། གཅིག་གིས་ཆངས་བུ་དང་ཁྲུས་ཆུ་གཟར་བུ་ནང་དུ་བཟུང་བཅུག །བདུད་རྩིས་བྲན་ལ། ཧཱུྃ། གདོད་ནས་རྣམ་དག་ཆོས་དབྱིངས་དག་པའི་ཞིང་། །ཨོ་རྒྱན་རང་བྱུང་དུར་ཁྲོད་ཆེན་པོའི་དབུས། །ཐོད་པ་སྐམ་རློན་བརྩེགས་པའི་གཞལ་ཡས་ནས། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་ཀྱི་སྒྲོན་མ་བདུད་འདུལ་དབང་ཕྱུག་མ། །སྐུ་མདོག་མཐིང་ནག་ཁྲོ་མོའི་ཆ་ལུགས་ཅན། །ཞལ་གཅིག་ཕྱག་བཞི་རྔམ་ཞིང་བརྗིད་པའི་སྐུ། །གསེར་གྱི་ཌཱ་རུ་ཕར་ཕྱིན་ཆོས་སྒྲ་སྒྲོག །མི་ལྤགས་གཡང་གཞིས་ལྷ་སྲིན་དབང་དུ་སྡུད། །མི་རྐང་གླིང་བུས་ལྷ་འདྲེ་ཟིལ་གྱིས་གནོན། །ཐོད་ཁྲག་བསྣམས་པས་ལུས་གདོན་ཞལ་དུ་གསོལ། །ཁཊྭཱཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད། །ཞབས་གཉིས་གར་སྟབས་ནམ་མཁའི་དབྱིངས་སུ་བསྒྱུར། །སངས་རྒྱས་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར། །སྟེང་གདོན་ལྷ་སྲིན་ཐམས་ཅད་རོལ་དུ་ཁྲིད། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང་། །བེམ་པོ་ལུས་གདོན་མགོ་བོ་


CMR052_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྙིང་འདི། །མེ་གཅིག་བདུད་འདུལ་མཁའ་འགྲོའི་ཞལ་དུ་བསྟབ། །སངས་རྒྱས་མཁའ་འགྲོ་འབུམ་གྱིས་དགྱེས་པར་རོལ། །སྟེང་གདོན་གཟའ་སྐར་ཚོགས་རྣམས་ཚིམ་གྱུར་ཅིག །ཕཊ་ཕཊ་ཕཊ། དམ་རྫ་ས་དམར་གྱི་གཏོར་མ་རྒྱ་ཆེན་པོ་འདི་མ་གཅིག་བདུད་འདུལ་ཁྲོས་མ་ཆེན་མོའི་ཞལ་དུ་བསྟབ་བོ་བཞེས་ཤིག །ཕཊ། ཅེས་དམར་གཏོར་ནམ་མཁར་འཕང་ངོ་། བེམ་པོ་ལུས་གདོན་དབྱེར་མེད་པའི་མགོ་བོ་དོན་སྙིང་དང་བཅས་པ་འདི་དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཞལ་དུ་བསྟབ་བོ་བཞེས་ཤིག །ཁྱེར་ཅིག ཕཊ། ལིངྒའི་མགོ་བོ་ནམ་མཁར་འཕངས། བེམ་པོ་ལུས་གདོན་དབྱེར་མེད་པའི་ཤ་ཁྲག་གི་ངོ་བོ་གླད་ཟན་དྲི་ཁུ་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི་སྟེང་ཕྱོགས་གནོད་བྱེད་ལྷ་འདྲེ་ཐམས་ཅད་ཀྱིས་ཁྱེར་ཅིག །ཟོ་ཞིག །འཐུངས་ཤིག །ཕཊ། ཅེས་རྐང་གླིང་དང་། ཌཱ་དྲིལ་དྲག་ཏུ་བྱའོ། །ཞལ་དུ་བསྟབས་རིམ་སོང་ནས་ཚིམ་པར་བསམ་ཞིང་། ཆངས་བུ་དང་དྲི་ཆུ་ནམ་མཁར་གཏོར། དེ་ནས་གཞན་ཐམས་ཅད་རིགས་འགྲེས་སོ། །ཧཱུྃ། ཨོ་རྒྱན་རང་བྱུང་དུར་ཁྲོད་ཆེན་པོའི་དབུས། །རིན་ཆེན་ཐོད་པ་བརྩེགས་པའི་གཞལ་ཡས་ཀྱི། །ཤར་ཕྱོགས་ཀེང་རུས་


CMR052_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བམ་ཆེན་བསྣོལ་བའི་སྟེང་། །མ་གཅིག་ལབ་སྒྲོན་མཐིང་གསལ་ནམ་མཁའི་མདོག །ཁྲོ་མོའི་ཆ་ལུགས་དར་མཐིང་རལ་ག་གསོལ། །དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས་པར་གཏིབས། །གཡས་པས་རྒྱུ་ཞགས་འདོམ་དགུས་གནོད་བྱེད་བཅིངས། །གཡོན་པས་ཁཊྭཱཾ་རྩེ་གསུམ་ཁམས་གསུམ་སྒྲོལ། །དུར་ཁྲོད་ཆས་རྫོགས་ཞབས་གཉིས་གར་སྟབས་འགྱིང་། །རྡོ་རྗེ་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར། །ཤར་ཕྱོགས་ལྷ་འདྲེའི་དམག་ཚོགས་རོལ་དུ་ཁྲིད། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང་། །བེམ་པོ་ལུས་གདོན་ལག་བརྡེབ་གཡས་པ་འདི། །མ་གཅིག་ཐུགས་ཀྱི་ལབ་སྒྲོན་ཞལ་དུ་བསྟབ། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་དགྱེས་པར་རོལ། །ཤར་ཕྱོགས་ལྷ་འདྲེ་དྲི་ཟ་ཚིམ་གྱུར་ཅིག །ཕཊ་ཕཊ་ཕཊ། དམ་རྫ་ས་དམར་གྱི་གཏོར་མ་རྒྱ་ཆེན་པོ་འདི་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་ཐུགས་ཀྱི་ལབ་སྒྲོན་མའི་ཞལ་དུ་བསྟབ་བོ་བཞེས་ཤིག །ཕཊ། ཅེས་གཏོར་མ་ཤར་དུ་འཕང་། བེམ་པོ་ལུས་གདོན་དབྱེར་མེད་པའི་ལག་བརྡེབ་གཡས་པ་འདི། ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཞལ་དུ་བསྟབ་བོ་བཞེས་ཤིག །ཁྱེར་ཅིག


CMR052_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། ཅེས་ལག་པ་ཤར་དུ་འཕང་། བེམ་པོ་ལུས་གདོན་དབྱེར་མེད་པའི་ཤ་ཁྲག་གི་ངོ་བོ་གླུད་ཟན་དྲི་ཁུ་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི། ཤར་ཕྱོགས་ཀྱི་གནོད་བྱེད་ལྷ་འདྲེ་ཐམས་ཅད་ཀྱིས་ཟོ་ཞིག །འཐུང་ཞིག །ཕཊ། ཆངས་བུ་དྲི་ཁུ་ཤར་དུ་གཏོར། ཧཱུྃ། ཨུ་རྒྱན་རང་བྱུང་དུར་ཁྲོད་ཆེན་པོའི་དབུས། །རིན་ཆེན་ཐོད་པ་བརྩེགས་པའི་གཞལ་ཡས་ནས། །ལྷོ་ཕྱོགས་ཀེང་རུས་བམ་ཆེན་བསྣོལ་བའི་སྟེང་། །མ་གཅིག་ལབ་སྒྲོན་སྐུ་མདོག་གསེར་གྱི་མདོག །ཁྲོ་མོའི་ཆ་ལུགས་དར་སེར་རལ་ག་གསོལ། །དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས་པར་གཏིབས། །ཕྱག་གཡས་ཆུ་སྲིན་ཞགས་པས་བདུད་རིགས་བཅིངས། །གཡོན་པས་གྲི་གུག་ལུས་གདོན་རྩད་ནས་གཅོད། །དུར་ཁྲོད་ཆས་རྫོགས་ཞབས་གཉིས་གར་སྟབས་འགྱིང་། །རིན་ཆེན་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར། །ལྷོ་ཕྱོགས་ལྷ་སྲིན་དམག་ཚོགས་རོལ་དུ་ཁྲིད། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང་། །བེམ་པོ་ལུས་གདོན་ལག་བརྡེབ་གཡོན་པ་འདི། །མ་གཅིག་ཡོན་ཏན་ལབ་སྒྲོན་ཞལ་དུ་བསྟབ། །རིན་ཆེན་མཁའ་འགྲོ་འབུམ་སྡེས་དགྱེས་པར་རོལ། །ལྷོ་ཕྱོགས་ལྷ་


CMR052_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་གཤིན་རྗེ་ཚིམ་གྱུར་ཅིག །ཕཊ་ཕཊ་ཕཊ། དམ་རྫས་དམར་གྱི་གཏོར་མ་རྒྱ་ཆེན་པོ་འདི། མ་ཡེ་ཤེས་ཀྱི་མཁའ་འགྲོ་ཡོན་ཏན་ལབ་ཀྱི་སྒྲོན་མའི་ཞལ་དུ་བསྟབ་བོ་བཞེས་ཤིག །ཕཊ། བེམ་པོ་ལུས་གདོན་དབྱེར་མེད་པ་ལག་བརྡེབ་གཡོན་པ་འདི། ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཞལ་དུ་བསྟབ་བོ་བཞེས་ཤིག་ཁྱེར་ཅིག །ཕཊ། བེམ་པོ་ལུས་གདོན་དབྱེར་མེད་པའི་ཤ་ཁྲག་གི་ངོ་བོ་གླུད་ཟན་དྲི་ཁུ་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི། ལྷོ་ཕྱོགས་ཀྱི་གནོད་བྱེད་ཐམས་ཅད་ཀྱིས་ཟོ་ཞིག་འཐུང་ཞིག ། ཕཊ། ཧཱུྃ། ཨུ་རྒྱན་རང་བྱུང་དུར་ཁྲོད་ཆེན་པོའི་དབུས། །རིན་ཆེན་ཐོད་པ་བརྩེགས་པའི་གཞལ་ཡས་ཀྱི། །ནུབ་ཕྱོགས་ཞིང་ཆེན་བསྣོལ་བའི་ཁྲི་སྟེང་ནས། །མ་གཅིག་ལབ་སྒྲོན་པདྨ་རཱ་གའི་མདོག །ཁྲོ་མོའི་ཆ་ལུགས་དར་དམར་རལ་ག་གསོལ། །དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབ་པར་གཏིབས། །ཕྱག་གཡས་སྦྲུལ་ནག་ཞགས་པས་གནོད་བྱེད་བཅིངས། །གཡོན་པས་ཐོད་ཁྲག་ལུས་གདོན་ཞལ་དུ་གསོལ། །དུར་ཁྲོད་ཆས་རྫོགས་ཞབས་གཉིས་གར་སྟབས་འགྱིངས། །པདྨ་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར། །ནུབ་


CMR052_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལྷ་སྲིན་དམག་ཚོགས་རོལ་དུ་ཁྲིད། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང་། །བེམ་པོ་ལུས་གདོན་རྐང་བརྡེབ་གཡོན་པ་འདི། །མ་གཅིག་གསུང་གི་ལབ་སྒྲོན་ཞལ་དུ་བསྟབ། །པདྨ་མཁའ་འགྲོ་འབུམ་སྡེས་དགྱེས་པར་རོལ། །ནུབ་ཕྱོགས་ལྷ་འདྲེ་ཀླུ་གདོན་ཚིམ་གྱུར་ཅིག །ཕཊ་ཕཊ་ཕཊ། དམ་རྫས་དམར་གྱི་གཏོར་མ་རྒྱ་ཆེན་པོ་འདི་མ་ཡེ་ཤེས་ཀྱི་མཁའ་འགྲོ་གསུང་གི་ལབ་ཀྱི་སྒྲོན་མའི་ཞལ་དུ་བསྟབ་བོ་བཞེས་ཤིག་ཁྱེར་ཅིག །ཕཊ། བེམ་པོ་ལུས་གདོན་དབྱེར་མེད་པའི་རྐང་བརྡེབ་གཡོན་པ་འདི། ནུབ་ཕྱོགས་པདྨ་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཞལ་དུ་བསྟབ་བོ་བཞེས་ཤིག །ཁྱེར་ཅིག །ཕཊ། བེམ་པོ་ལུས་གདོན་དབྱེར་མེད་པའི་ཤ་ཁྲག་གི་ངོ་བོ་བླུད་ཟན་དྲི་ཁུ་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི། ནུབ་ཕྱོགས་ཀྱི་གནོད་བྱེད་ལྷ་འདྲེ་ཐམས་ཅད་ཀྱིས་ཟོ་ཞིག་འཐུང་ཞིག །ཕཊ། ཧཱུྃ། ཨོ་རྒྱན་རང་བྱུང་དུར་ཁྲོད་ཆེན་པོའི་དབུས། །རིན་ཆེན་ཐོད་པ་བརྩེགས་པའི་གཞལ་ཡས་ཀྱི། །བྱང་ཕྱོགས་ཀེང་རུས་ཐོད་པའི་ཁྲི་སྟེང་ནས། །མ་གཅིག་ལབ་སྒྲོན་ཨིནྡྲ་ནི་ལའི་མདོག །ཁྲོ་མོའི་ཆ་ལུགས་དར་


CMR052_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་ན་བཟའ་གསོལ། །དབུ་སྐྲ་གྲོལ་ཞིང་ཞལ་ནས་བཤུག་གླུ་ལེན། །ཕྱག་གཡས་གྲི་གུག་བདུད་བཞི་རྩད་ནས་གཅོད། །གཡོན་པས་ཐོད་ཁྲག་ལུས་གདོན་ཚོགས་སུ་རོལ། །དུར་ཁྲོད་ཆས་རྫོགས་ཞབས་གཉིས་གོར་ཐབས་འགྱིང་། །ལས་ཀྱི་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར། །བྱང་ཕྱོགས་ལྷ་སྲིན་དམག་ཚོགས་རོལ་དུ་ཁྲིད། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང་། །བེམ་པོ་ལུས་གདོན་རྐང་བརྡེབ་གཡས་པ་འདི། །མ་གཅིག་ཕྲིན་ལས་ལབ་སྒྲོན་ཞལ་དུ་བསྟབ། །ལས་ཀྱི་མཁའ་འགྲོ་འབུམ་སྡེས་དགྱེས་པར་རོལ། །བྱང་ཕྱོགས་ལྷ་འདྲེ་གནོད་བྱེད་ཚིམ་གྱུར་ཅིག །ཕཊ་ཕཊ་ཕཊ། དམ་རྫ་ས་དམར་གྱི་གཏོར་མ་རྒྱ་ཆེན་པོ་འདི། མ་ཡེ་ཤེས་ཀྱི་མཁའ་འགྲོ་ཕྲིན་ལས་ལབ་ཀྱི་སྒྲོན་མའི་ཞལ་དུ་བསྟབ་བོ། །བཞེས་ཤིག་ཁྱེར་ཅིག །ཕཊ། བེམ་པོ་ལུས་གདོན་དབྱེར་མེད་པའི་རྐང་བརྡེབ་གཡས་པ་འདི། བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཞལ་དུ་བསྟབ་བོ། །བཞེས་ཤིག་ཁྱེར་ཅིག །ཕཊ། བེམ་པོ་ལུས་གདོན་དབྱེར་མེད་པའི་ཤ་ཁྲག་གི་ངོ་བོ་གླུད་ཟན་དྲི་ཁུ་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི། བྱང་ཕྱོགས་ཀྱི་གནོད་བྱེད་ལྷ་


CMR052_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་ཐམས་ཅད་ཀྱིས་ཟོ་ཞིག །འཐུང་ཞིག །ཕཊ། ཧཱུྃ། ཨོ་རྒྱན་རང་བྱུང་དུར་ཁྲོད་ཆེན་པོའི་དབུས། །རིན་ཆེན་ཐོད་པ་བརྩེགས་པའི་གཞལ་ཡས་ཀྱི། འོག་ཕྱོགས་ཞིང་ཆེན་ཀེང་རུས་བཀྲམ་པའི་སྟེང་། །མ་གཅིག་ལབ་སྒྲོན་སྔོ་སྐྱ་མཐིང་ཤུན་མདོག །ཁྲོ་མོའི་ཆ་ལུགས་དར་སྔོན་རལ་ག་གསོལ། །དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས་པར་གཏིབས། །ཕྱག་གཡས་རྒྱུ་ཞོགས་འདོམ་དགུས་དམ་སྲི་བཅིངས། །གཡོན་པས་ཁཊྭཱཾ་རྩེ་གསུམ་གདོན་གསུམ་འདུལ། །དུར་ཁྲོད་ཆས་རྫོགས་ཞབས་གཉིས་གར་སྟབས་འགྱིང་། །སྣ་ཚོགས་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར། །འོག་ཕྱོགས་ལྷ་སྲིན་དམག་ཚོགས་རོལ་དུ་ཁྲིད། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང་། །ཚེ་བེམ་པོ་ལུས་གདོན་རྩིབ་ཁོག་ནང་ཆར་བཅས། །མ་གཅིག་སྐུ་ཡི་ལབ་སྒྲོན་ཞོལ་དུ་བསྟབ། །སྣ་ཚོགས་མཁའ་འགྲོ་འབུམ་སྡེས་དགྱེས་པར་རོལ། །འོག་ཕྱོགས་ལྷ་འདྲེ་ས་བདག་ཚིམ་གྱུར་ཅིག །ཕཊ་ཕཊ་ཕཊ། དམ་རྫ་ས་དམར་གྱི་གཏོར་མ་རྒྱ་ཆེན་པོ་འདི། མ་ཡེ་ཤེས་ཀྱི་མཁའ་འགྲོ་སྐུ་ཡི་ལབ་ཀྱི་སྒྲོན་མའི་ཞལ་དུ་བསྟབ་བོ། །བཞེས་ཤིག །


CMR052_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། བེམ་པོ་ལུས་གདོན་དབྱེར་མེད་པའི་རྩིབ་ཁོག་ནང་ཆ་དང་བཅས་པ་འདི། འོག་ཕྱོགས་ས་གཞི་སྣ་ཚོགས་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཞལ་དུ་བསྟབ་བོ་བཞེས་ཤིག་ཁྱེར་ཅིག །ཕཊ། བེམ་པོ་ལུས་གདོན་ཤ་ཁྲག་གི་ངོ་བོ་གླུད་ཟན་དྲི་ཁུ་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི། འོག་གི་ལྷ་འདྲེ་གནོད་བྱེད་ཐམས་ཅད་ཀྱིས་ཟོ་ཞིག །འཐུང་ཞིག །ཕཊ། དེ་ནས་བདུད་རྩིའི་དམིགས་པ་དེ་དག་གསལ་གདབ་ལ། ཕཊ། བསྒྲགས་ནས་ཌཱ་དྲིལ་འཁྲོལ། དེ་ནས། ཧཱུྃ། དབྱིངས་ཕྱུག་མཁའ་འགྲོ་མ་གཅིག་རིགས་ལྔར་བཅས། །དོམ་རྗེས་བརྒྱན་པའི་གཏོར་མས་མཉེས་གྱུར་ནས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་རྣམས། །བདུད་བཞི་རང་སར་ཞི་བའི་ཕྲིན་ལས་མཛོད། །རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ་ཕྲག་དྲུག །ལུས་གདོན་ཤ་ཁྲག་མཆོད་པ་ཚོགས་སུ་རོལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་རྣམས། །ནད་གདོན་རང་སར་ཞི་བའི་ཕྲིན་ལས་མཛོད། །ཕྱོགས་བཞི་སྟེང་འོག་ལྷ་སྲིན་སྡེ་བརྒྱད་རྣམས། །ཤ་ཁྲག་ལན་ཆགས་གླུད་ཀྱིས་ཚིམ་གྱིས་ལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ལན་ཆགས་བུ་ལོན་ཤ་


CMR052_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

འཁོན་བྱང་མཛོད་ཅིག །ཕཊ་ཕཊ་ཕཊ། དེ་ནས་གཅོད་ཚོགས་ལ་སྦྱར་བ་ཡིན་ན་གཤེགས་གསོལ་འདི་མི་དགོས་ལུས་སྦྱིན་རྐྱང་པ་ལ་སྦྱར་ན་འདི་བརྗོད་དོ། །སྟེང་འོག་ཕྱོགས་བཞིའི་ལྷ་སྲིན་དམག་ཚོགས་རྣམས། །དགའ་མགུ་ཚིམ་པར་གྱིས་ལ་རང་གནས་སོང་། །རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ་སྡེ་དྲུག །ཨོ་རྒྱན་ཡུལ་སོགས་རང་རང་གནས་སུ་གཤེགས། །མ་གཅིག་རིགས་ལྔ་དབྱིངས་ཕྱུག་ལྷ་མོར་ཐིམ། །དེ་ཉིད་འོད་དུ་ཞུ་ནས་བདག་ལ་ཐིམ། །དབང་དང་བྱིན་རླབས་ཐམས་ཅད་དུས་གཅིག་ཐོབ། །དུར་ཁྲོད་གཞལ་ཡས་ཁང་སོགས་བདག་ལ་ཐིམ། །བདག་གི་ཐུགས་ཀའི་ནད་པའི་རྣམ་ཤེས་དེ། །ཨ་ཡིག་མཐིང་ག་བཀྲག་མདངས་ལྡན་པར་འཕྲོས། །ནད་པའི་ཚངས་བུག་ནས་ཞུགས་སྙིང་དབུས་ཐིམ། །ཕཊ་ཕཊ་ཕཊ། ཅེས་བརྗོད་ལ་སྟོང་ཉིད་ངང་ལ་ཡུན་རིང་བཞག་གོ །ཨེ་མ་གཅོད་ཀྱི་བསྟབ་པ་ཆ་དྲུག་དམིགས་རིམ་ནི། །མ་གཅིག་ཉིད་ཀྱི་གསུང་རྒྱུན་སྙན་དུ་བརྒྱུད། །འདོན་ཆ་རྒྱ་སྟོན་བླ་མ་ཞིག་གིས་མཛད། །འོན་ཀྱང་དེ་ཉིད་མི་གསལ་ཉོབ་ཆེ་ཞིང་། །ཕྱག་ལེན་དཔེ་ལ་མི་གསལ་སྙན་དུ་བརྒྱུད། །བདག་གིས་ཕྱག་ལེན་མཐོང་བ་བརྒྱུད་པ་མཐོང་། །དོན་རྩ་དམིགས་རིམ་སྔར་གྱི་འཆུག་མེད་ལ། །འདོན་ཆ་ཚང་མ་བདག་གིས་གསར་དུ་


CMR052_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམ། །བལྟས་ཆོག་ཤིན་ཏུ་གསལ་བར་བཀོད་པ་ལ། །ཉེས་པ་མཆིས་ན་ཊྛཀིའི་ཚོགས་ལ་བཤགས། །དགེ་བས་འདི་ལ་འབྲེལ་ཐོགས་འགྲོ་བ་ཀུན། །ཕུང་པོའི་བདུད་བཅོམ་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་རི་ཁྲོད་པ་དགེ་སློང་རཱ་ག་ཨ་སྱས་སྦྱར་བ་མངྒ་ལཾ། །བྷ་ཝནྟུ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགཅོད་ཀྱི་བསྟབ་པ་ཆ་དྲུག་འདོན་འགྲིགས་ཕྱག་ལེན་དང་བཅས་པ།next