Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཐའ་གཏད་མེ་ཡི་གཟེར་བུ་ཞེས་བྱ་བ་དམིགས་པ་ཕྱག་ལེན་འདོན་ཆ་བལྟས་ཆོག་ཏུ་བཀོད་པ།
   
   
   
   
   


 
previousམཐའ་གཏད་མེ་ཡི་གཟེར་བུ་ཞེས་བྱ་བ་དམིགས་པ་ཕྱག་ལེན་འདོན་ཆ་བལྟས་ཆོག་ཏུ་བཀོད་པ།next

མཐའ་གཏད་མེ་ཡི་གཟེར་བུ་ཞེས་བྱ་བ་དམིགས་པ་ཕྱག་ལེན་འདོན་ཆ་བལྟས་ཆོག་ཏུ་བཀོད་པ།


CMR052_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

༼བ༽ མཐའ་གཏད་མེ་ཡི་གཟེར་བུ་ཞེས་བྱ་བ་དམིགས་པ་ཕྱག་ལེན་འདོན་ཆ་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ།།


CMR052_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲཛྙཱ་པཱ་ར་མི་ཏཱ་ཡེ། ཡུམ་ཆེན་ཌཱཀིའི་ཚོགས་ལ་ཕྱག་འཚལ་ནས། །མཐའ་གཏད་མེ་ཡི་གཟེར་བུ་བལྟས་ཆོག་བཀོད། །ཆོས་བདག་ཏྟཀིས་བཀའ་གནང་བྱིན་གྱིས་རློབས། །ནད་པའི་ལུས་བཀྲུས་པའི་ཁུ་བས་ཟན་བརྫིས་ལུས་ལ་དྲུད་ལ། ཆངས་བུ་བརྒྱ་རྩ་བརྒྱད་བྱ། རེ་རེ་ལ་ཤ་དུམ་བསླན། ནད་པའི་གཟུགས་མཛུབ་གང་ཙམ་བཅས་ལ་གོས་རྙིང་གིས་བཏུམས་སྣལ་མས་དཀྲིས་ལ་སྤུར་འདྲ་བ་གཅིག་བྱ། དེ་ལ་སྐུ་དང་སེན་མོ་དྲི་མ་རྣམས་ཀྱང་བསླན། དེ་རྣམས་སྣོད་གཅིག་ཏུ་བཞག་གོ །སྤེན་ནེའམ་སུ་རུ་སོགས་ལ་མེ་ཐོམ་དགུ་བཅིངས་ལ་བཞག །ས་སྟེགས་གཅིག་བཅག་ལ་དེར་རྡུལ་ཚོན་ནམ་སོལ་བས་གྲུ་གསུམ་དབུས་སུ་ཡི་གེ་ཧཱུྃ་གིས་མཚན་པ་གཅིག་བྲི། དེའི་སྟེང་དུ་


CMR052_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྣ་ཚོགས་བརྩིག །གཅོད་ཚོགས་ཀྱི་སྐབས་སམ། ལུས་སྦྱིན་ཙམ་གྱིས་ཀྱང་ཆོག་སྟེ། དང་པོ་ལུས་སྦྱིན་བྱས་དེ་ནས། ཕཊ། རང་ཉིད་སྐད་ཅིག་གིས་དུར་ཁྲོད་ཀྱི་བདག་མོ་ཁྲོས་མ་ནག་མོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་པད་ཉི་བོ་གྱི་གདན་ལ་གར་སྟབས་ལིང་ངེར་བཞུགས་པ། ཕྱག་གཡས་མེ་ཡི་ཧོམ་གཟར་ཕྱར་ཞིང་གཡོན་མི་རྐང་གི་གླིང་བུ་འབུད་པས་ལྷ་སྲིན་དབང་དུ་སྡུད་པ། སྐུ་ཡིས་སྲིད་པ་གསུམ་ཁྱབ་པ་ཁམས་གསུམ་དབང་དུ་སྡུད་པ་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུར་གྱུར། །


CMR052_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ངར་གླུད་ཆངས་བུ་ཤ་དུམ་རྣམས་བྲན་ལ་ནད་པ་མདུན་དུ་བསྙལ་ལ། ཕཊ། མདུན་གྱི་ནམ་མཁར་མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་དར་དཀར་གྱི་རལ་ག་གསོལ་བ། དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས་པ། ཕྱག་གཡས་ཌཱ་མ་རུ་འཁྲོལ་ཞིང་གཡོན་དྲིལ་བུ་དཀུར་བརྟེན་ནས། པདྨ་ཟླ་བའི་གདན་ལ་གར་སྟབས་ལིང་ངེ་བཞུགས་པ་མངོན་སུམ་དུ་གསལ་བར་གྱུར། ཕཊ་ཕཊ། ནད་པའི་སྙིང་གར་རྣམ་པར་ཤེས་པ་ཚེ་བསོད་ནམས་རླུང་སེམས་ཐམས་ཅད་འདུས་པའི་ངོ་བོ། འོད་ཀྱི་ཐིག་ལེ་བྱ་མ་སར་གྱི་སྒོ་ང་ཙམ་འཕར་ལ་ཁད་པ་ཡར་ལ་ཁད་པ། ཕཊ། དབུ་མའི་ལམ་ནས་རྒྱངས་སེ་ཐོན་ནས་མ་གཅིག་གི་ཐུགས་ཀར་ཐིམ་པར་གྱུར། ཕཊ་ཕཊ་ཕཊ། ན་མོ་དྲིན་ཆེན་གཅོད་ཡུལ་བརྒྱུད་པའི་བླ་མ་དམ་པ་ནི་རྣམས་ཀྱི་བདེན་པ་དང་། །དཀོན་མཆོག་གསུམ་གྱི་བདེན་པ་དང་། མ་གཅིག་ལབ་ཀྱི་སྒྲོན་མ་བདུད་འདུལ་ཁྲོས་མ་ནག་མོའི་བདེན་པ་དང་། རིགས་ལྔའི་མཁའ་འགྲོ་བྱེ་བ་འབུམ་སྡེ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། ནད་པ་འདིའི་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པ།


CMR052_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ལ་བརྐུ་བ། སྲོག་ལ་འཇབ་པ། ཡིད་ལ་རློམ་པ། བླ་ལ་ཁྱེར་བ་བྱེད་པའི་ལུས་གདོན་རྒྱབ་རྟེན་དང་བཅས་པ། ནད་ནད་བདག་དང་བཅས་པ། གདོན་སྣ་འདྲེན་དང་བཅས་པ། བཀའ་དང་དམ་ལ་མི་གནས་པ། འགྱུ་ལོག་འཕར་ལྡང་བྱེད་པ། མགོ་གཡོགས་མགོ་བསྐོར་བྱེད་པ་གང་ཡིན་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་བེམ་པོ་དང་དབྱེར་མེད་པའི་ངར་མི་ཆངས་བུ་ཤ་དུམ་འདི་རྣམས་ལ་ཁུག་ཅིག །བཛྲ་ཨངྐཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥ་ཊ་པཾ། བཛྲ་གནྡྷེ་ཧོཿ ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊཿ ཅེས་ལན་གསུམ་བྱ། དེ་ནས་མེ་ཐབ་དེ་བྲན་ལ། ཕཊ། སྐད་ཅིག་གིས་རཾ་ལས་དྲག་པོའི་མེ་ཐབ་གྲུ་གསུམ་དམར་ནག་ཡངས་ཤིང་རྒྱ་ཆེ་བ། བསྐལ་པའི་མེ་དཔུང་རབ་ཏུ་འབར་ཞིང་འཚུབ་པའི་དབུས་སུ་ཡི་གེ་ཧཱུྃ་དམར་ནག་ཡོངས་སུ་གྱུར་པ་ལས།། ངོ་བོ་ཁྲོས་མ་ནག་མོ་ལ་རྣམ་པ་གནམ་ལྕགས་ཀྱི་སྡིག་པ་དམར་ནག་རི་རབ་ཙམ་པ། ཡ་ཁ་གནམ་ལ་བྱས་པ། མ་ཁ་ས་ལ་བྱས་པ། མཆེ་བ་གངས་རི་ལྟར་གཙིགས་པ། ཁ་ནས་བསྐལ་པའི་མེ་འབར་བ། སྣ་ནས་བསྐལ་པའི་རླུང་ནག་འཚུབ་པ། མིག་ཉི་ཟླ་ལྟར་བགྲད་པ།


CMR052_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་གཉེར་མས་གང་བའི་གསེབ་ནས་རྡོ་རྗེ་མེའི་ཚྭ་ཚྭ་འཕྲོ་བ། རྭ་གཡས་སྲིད་པའི་རྩེ་ནས་བསྙིལ་བ། གཡོན་པས་ས་འོག་གཏིང་ནས་གཡེངས་པ། རྐང་གཡས་ལྕགས་ཀྱུ་ལྟར་ཕྱོགས་བརྒྱད་དུ་བགྲད་པ། དྲི་མ་མི་སྡུག་པས་སྟོང་གསུམ་ཁྱབ་པ། ལུས་ལ་མཚོན་ཆའིབ་སྤུ་སྐྱེས་པ། མཐོང་བ་ཙམ་གྱིས་ལྷ་སྲིན་ཐམས་ཅད་བརྒྱལ་བར་བྱེད་པའི། སྙིང་གར་ཡི་གེ་ཧཱུྃ་དམར་ནག་ལས་མེ་འབར་བས་ཁོག་པ་མེ་ཡི་རང་བཞིན་དུ་ཡོད་པ། ཡེ་ཤེས་ཀྱི་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་ལས་ཀྱི་སྲིན་པོ་ཆེན་པོར་གྱུར། ཕཊ་ཕཊ་ཕཊ། ་དེའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པའི་རང་བཞིན་གྱི་གནས་ནས་ཡེ་ཤེས་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱི་ཐུགས་ཀ་ནས་སྤྲུལ་པའི་སྡིག་རྒོད་དེ་འདྲ་བ་དཔག་ཏུ་མེད་པ་ཆར་ལྟར་བབས་ནས་དབྱེར་མེད་དུ་ཐིམ་པར་གྱུར། བཛྲ་ས་མ་ཛཿ ཛཿཧཱུྃ་བྃ་ཧོ༔ ཕཊ་ཕཊ། ཧཱུྃ། སྐྱེ་མེད་ཆོས་སྐུ་ཡུམ་ཆེན་མཁའ་ཀློང་ན། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །མ་གཅིག་བདུད་འདུལ་ཁྲོས་མ་ནག་མོ་ནི། །གདུག་པ་འདུལ་ཕྱིར་གནམ་ལྕགས་སྡིག་པར་སྤྲུལ། །དམར་ནག་ལུས་ནི་རི་རྒྱལ་ལྷུན་པོ་


CMR052_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། །བ་སྤུ་མཚོན་ཆ་སྣ་ཚོགས་ཟིངས་སེ་ཟིང་། །རྭ་ཅོ་གཡས་པས་སྲིད་པའི་རྩེ་ནས་བསྙིལ། །རྭ་ཅོ་གཡོན་པས་ས་འོག་གཏིང་ནས་གཡེངས། །རྐང་ལག་བརྒྱད་ཀྱིས་ཕྱོགས་མཚམས་གདོན་ཚོགས་འཇོམས། །སྤྱན་མིག་བགྲད་པས་ལྷ་སྲིན་བརྒྱལ་བར་བྱེད། །གདུག་པའི་དྲི་ངན་ཐུལ་པས་གནོད་བྱེད་མྱོས། །གནམ་ས་ལྟ་བུའི་ཁ་ནས་བསྐལ་མེ་འབར། །གངས་རི་ལྟ་བུ་མཆེ་བས་ལུས་གདོན་ཟ། །ལྕེ་ནི་གློག་འཁྱུག་ང་རོ་འབྲུག་སྟོང་ལྡིར། །བསྐལ་པའི་མེ་འབར་རྡོ་རྗེའི་ཚྭ་ཚྭ་འཕྲོ། །ཡེ་ཤེས་ཁྲོ་བོ་ཁྲོ་མོའི་མཐུ་ནུས་ཀུན། །གཅིག་བསྡུས་ལས་ཀྱི་སྲིན་པོ་གདུག་པ་ཅན། །དམ་སྲི་འབྱུང་པོའི་གཤེད་མ་ཁྱོད་ལ་བསྟོད། །བཀའ་ལས་འདས་པའི་གནོད་བྱེད་བདུད་དང་བགེགས། །ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་རློག །རྣམ་ཤེས་མི་དམིགས་ཡུམ་ཆེན་ཀློང་དུ་བསྟིམ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཕཊ་ཕཊ། ཅེས་བསྟོད་ཅིང་དམིགས་པ་ངར་བསྐྱེད་ལ། རང་ཉིད་ཁྲོས་མ་ནག་མོས་ལུས་གདོན་གནོད་བྱེད་དེ་མངོན་སུམ་སྡིག་པའི་ཁར་འཕངས་པས་ཧབ་ཧབ་ཟོས་པར་བསམས་ལ། སྤྱིར་གྱི་གཟུགས་དེ་ལག་ཏུ་ཐོགས་ལ། ནད་པ་


CMR052_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་གཅོད་ཅིང་འཚེ་བར་བྱེད་པའི། ཕོ་གདོན་རྒྱལ་འགོང་དམ་སྲི། མོ་གདོན་འདྲེ་མོ་བསེན་མོ། ཀླུ་གདོན་ཐེའུ་རང་འབྱུང་པོ། ནད་འདྲེ་གཅོང་སྲི། ལུས་གདོན་རྒྱབ་རྟེན་དང་བཅས་པ། ནད་ནད་བདག་དང་བཅས་པ། གདོན་སྣ་འདྲེན་དང་བཅས་པ་ཐམས་ཅད། གནམ་ལྕགས་སྡིག་རྒོད་འབར་བའི་ཞལ་དུ་བསྟབ་བོ། །བཞེས་ཤིག །ཕཊ་ཕཊ་ཕཊ། ཅེས་སྤྱིར་གཟུགས་དེ་མེའི་ནང་དུ་འཕངས་ལ་ཌ་དྲིལ་རྐང་དུང་བཏང་། སླར་ཡང་ཆངས་བུ་ཤ་དུམ་རེ་རེ་ནས་འཕེན་ཅིང་། ཧཱུྃ། ལུས་གདོན་ནད་འདྲེ་གཅོང་སྲི་རྣམས། །གནམ་ལྕགས་སྡིག་པའི་ཞལ་དུ་བསྟབ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས། །ཕཊ། ཅེས་ཆངས་བུ་ཤ་དུམ་མ་རྫོགས་བར་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་ནད་པའམ་བསྲུང་བྱ་དུ་ཡོད་ཀྱི་རྣམ་ཤེས་སྤར་ཏེ། ཕཊ། ནད་པ་དང་བསྲུང་བྱ་རྣམས་ཀྱི་སྙིང་གར་རྣམ་པར་ཤེས་པ། བླ་ཚེ་བསོད་ནམས་རླུང་སེམས་ཐམས་ཅད་འདུས་པའི་ངོ་བོ། འོད་ཀྱི་ཐིག་ལེ་བྱ་མ་སར་གྱི་སྒོ་ང་ཙམ་དེ། དབུ་མའི་ལམ་ནས་རྒྱངས་སེ་ཐོན་ནས་ནམ་མཁའི་མ་གཅིག་གི་ཐུགས་ཀར་ཐིམ་པར་གྱུར། ཕཊ་ཕཊ་ཕཊ། ནད་པ་དང་བསྲུང་བྱ་རྣམས་ཀྱི་བེམ་


CMR052_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལུས་གདོན་དང་བཅས་པ་གནམ་ལྕགས་སྡིག་རྒོད་འབར་བའི་ཞལ་དུ་བསྟབ་བོ། །བཞེས་ཤིག །ཁྱེར་ཅིག །ཟོ་ཞིག །འཐུངས་ཤིག །ཌཱ་དྲིལ་དང་བཅས། །ཕཊ། བརྒྱ་རྩ་བརྒྱད་བརྗོད་པའི་ཚེ། ནད་པ་དང་བསྲུང་བྱ་ཐམས་ཅད་མེ་ཡི་སྟེང་དུ་ཕར་མཆོང་ཚུར་མཆོང་བྱེད་བཅུག །ནད་པ་མཆོང་མི་ཐུབ་ན་འཕྱར་ཁྱོགས་བྱེད་ལ་མེ་ཁ་ན་གཡུག་བཅུག་གོ །དེ་ནས་ནད་པ་ལ་གོས་སྤུ་མེད་བཀོན་ལ་རང་མདུན་དུ་བསྙལ། མེ་ཐོམ་ཆེ་བ་གཅིག་དབུས་སུ་བཞག །ཆུང་བ་བརྒྱད་ཀྱིས་བསྐོར་ལ་བཞག་ནས་བྲན། ཕཊ། སྐད་ཅིག་གིས་རྃ་ལས་མེ་ཧོམ་དཀར་པོ་ཟུར་བརྒྱད་པའི་དབུས་སུ་ཨོཾ་ལས་འཁོར་ལོ་དཀར་པོ་མེ་དཔུང་དཀར་པོ་འབར་བ། ཤར་དུ་རྃ་ལས་མེ་ཧོམ་ཟླུམ་པོ་མཐིང་ཁའི་དབུས་སུ་ཧཱུ་ལས་རྡོ་རྗེ་སྔོན་པོ་མེ་དཔུང་མཐིང་ཁ་འབར་བ། ལྷོར་རྃ་ལས་མེ་ཧོམ་སེར་པོ་གྲུ་བཞི་དབུས་སུ་ཧཱུྃ་ལས་རིན་ཆེན་སེར་པོ་མེ་དཔུང་སེར་པོ་འབར་བ། ནུབ་ཏུ་རྃ་ལས་མེ་ཧོམ་ཟླ་གམ་དམར་པོའི་དབུས་སུ་ཧྲཱིཿལས་པདྨ་དམར་པོ་མེ་དཔུང་དམར་པོ་འབར་བ། བྱང་དུ་རྃ་ལས་མེ་ཧོམ་གྲུ་གསུམ་ལྗང་གུའི་དབུས་སུ་ཨཱཿལས་རྡོ་རྗེ་རྒྱ་གྲམ་མེ་དཔུང་ལྗང་གུ་འབར་བ། ཤར་ལྷོར་རྃ་ལས་མེ་ཧོམ་ཟླུམ་པོ་དཀར་པོའི་དབུས་སུ་ཛལས་ལྕགས་ཀྱུ་དམར་


CMR052_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེ་དཔུང་དཀར་པོ་འབར་བ། ལྷོ་ནུབ་ཏུ་རྃ་ལས་མེ་ཧོམ་སེར་པོ་གྲུ་བཞིའི་དབུས་སུ་ཧཱུྃ་ལས་ཞགས་པ་སེར་པོ་མེ་དཔུང་སེར་པོ་འབར་བ། ནུབ་བྱང་དུ་རྃ་ལས་མེ་ཧོམ་ཟླ་གམ་དམར་པོའི་དབུས་སུ་པྃ་ལས་ལྕགས་སྒྲོག་དམར་པོ་མེ་དཔུང་དམར་པོ་འབར་བ། བྱང་ཤར་དུ་རྃ་ལས་མེ་ཧོམ་ལྗང་གུ་གྲུ་གསུམ་གྱི་དབུས་སུ་ཧོལས་དྲིལ་བུ་ལྗང་གུ་མེ་དཔུང་ལྗང་གུར་འབར་བར་གྱུར། ཕཊ་ཕཊ་ཕཊ། རང་བཞིན་གྱི་གནས་ནས་ཡུམ་ཆེན་མོའི་ཐུགས་ཡེ་ཤེས་ལྔ་དང་ཚད་མེད་པ་བཞི། མེ་དཔུང་དང་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་གཉིས་སུ་མེད་པར་ཐིམ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཛཿཧཱུྃ་བྃ་ཧོཿ ཨཱ་བེ་ཤ་ཡ་ཨཱ་ཨཱ། ཕཊ་ཕཊ་ཕཊ། དེ་ནས་མེ་ཐོམ་དེ་རྣམས་སྔོན་མེ་ཧོམ་གྱི་མེ་ལ་རེ་རེ་ཁར་སྦར་ཤོམ་བྱས། ཕྱོགས་སོ་སོར་མ་འཆུགས་པར་ཡོད་ན་མི་བརྒྱད་དགུས་སོ་སོར་སྦྱར་ཤི་ང་གཅོད་པ་ལ་གཏད་མ་རག་བྱས་ལ། ཧཱུྃ། དང་པོ་མེ་བྱུང་གང་ནས་བྱུང་། །སྔོན་ཚེ་བསྐལ་པ་དང་པོ་ལ། །ཆོས་སྐུ་ཡུམ་ཆེན་ཐུགས་ཀ་ནས། །ཡེ་ཤེས་ལྔ་ཡི་མེ་བྱུང་བས། །དུག་ལྔའི་ཕུང་པོ་གཏན་ནས་བརླག །ཡེ་ཤེས་ལྔ་རུ་ལྷུན་གྱིས་གྲུབ། །ཚད་མེད་བཞི་ཡི་མེ་བྱུང་བས། །སྐྱེ་བ་རྣམ་བཞིའི་འཁྲུལ་པ་བརླག །ཚད་


CMR052_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བཞི་རུ་ལྷུན་གྱིས་གྲུབ། །དོ་ནུབ་དུར་ཁྲོད་ཕོ་བྲང་འབར་བ་འདིར། །ཉོན་མོངས་དུག་ལྔའི་བུད་ཤིང་ལ། །ཡེ་ཤེས་ལྔ་ཡི་མེ་སྦར་བས། །སྐུ་ལྔ་ཡེ་ཤེས་འགྲུབ་གྱུར་ཅིག །སྐྱེ་བ་རྣམ་བཞིའི་བུད་ཤིང་ལ། །ཚད་མེད་བཞི་ཡི་མེ་སྦར་བས། །ཕྲིན་ལས་རྣམ་བཞི་འགྱུར་གྱུར་ཅིག །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཛཿཧཱུྃ་བྃ་ཧོཿཛྭཿལ་རྃ། དེ་ནས་རེ་རེ་ནས་སྦར་ལ་ལག་ཏུ་ཐོགས། འདི་དམག་ཐབས་ཏེ་མཇུག་ནས་ཡར་རིམ་པར་རྒྱབ་བོ། །དེ་ཡང་རང་ཁྲོས་མའི་ཕྱག་གཡས་མེ་ཡི་ཧོམ་གཟར་དེས་མེ་ཐབ་རེ་རེའི་ཁར་བླངས་ནས་བརྒྱབས་པས། བེམ་པོ་ལུས་གདོན་དང་བཅས་པ་གཞོབ་ཐུལ་ཐུལ་ཚིག་ནས་དངོས་མེད་སང་སང་དུ་སོང་བར་བསྒོམ་མོ། །ཧཱུྃ། བྱང་ཤར་དྲག་པོའི་ལས་ཀྱི་དུར་ཁྲོད་ནས། །བཏང་སྙོམས་ཚད་མེད་མེ་དཔུང་འབར་བ་འདི། །ལན་ཅིག་ལུས་གདོན་སྟེང་དུ་འཕྲོས། །མེ་ལྕེ་ལྗང་གུས་སྟོང་གསུམ་གང་། །ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར། །སྤྲུལ་པའི་མེ་ལྕེ་གློག་ལྟར་འཁྱུག །ཡང་སྤྲུལ་ཚྭ་ཚྭ་སྐར་ལྟར་འཁྲུགས། །དྲིལ་བུ་ལྗང་མོའི་ཚོགས་ཀྱང་དེ་འདྲ་སྟེ། །ཚངས་པའི་འཇིག་རྟེན་མན་ཆད་དང་། །ས་འོག་ལྟོ་འཕྱེ་ཡན་ཆད་ཀྱི། །གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །ཕཊ་ཕཊ། ཅེས་བརྒྱབ། །


CMR052_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ནུབ་བྱང་དབང་སྡུད་ལས་ཀྱི་དུར་ཁྲོད་ཆེན་པོ་ནས། །དགའ་བ་ཚད་མེད་མེ་དཔུང་འབར་བ་འདི། །ལན་ཅིག་གནོད་བྱེད་སྟེང་དུ་འཕྲོས། །མེ་ལྕེ་དམར་པོས་སྟོང་གསུམ་གང་། །ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར། །སྤྲུལ་པའི་མེ་ལྕེ་གློག་ལྟར་འཁྱུག །ཡང་སྤྲུལ་ཚྭ་ཚྭ་སྐར་ལྟར་འཁྲུགས། །ལྕགས་སྒྲོག་དམར་མོའི་ཚོགས་ཀྱང་དེ་འདྲ་སྟེ། །ཚངས་པའི་འཇིག་རྟེན་མན་ཆད་དང་། །ས་འོག་ལྟོ་འཕྱེ་ཡན་ཆད་ཀྱི། །གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །ཕཊ་ཕཊ། ཧཱུཾ། ལྷོ་ནུབ་རྒྱས་པ་ལས་ཀྱི་དུར་ཁྲོད་ནས། །སྙིང་རྗེ་ཚད་མེད་མེ་དཔུང་འབར་འདི། །ལན་ཅིག་གནོད་བྱེད་སྟེང་དུ་འཕྲོས། །མེ་ལྕེ་སེར་པོས་སྟོང་གསུམ་གང་། ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར། །སྤྲུལ་པའི་མེ་ལྕེ་གློག་ལྟར་འཁྱུག །ཡང་སྤྲུལ་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཞགས་པ་སེར་མོའི་ཚོགས་ཀྱང་དེ་འདྲ་སྟེ། །ཚངས་པའི་འཇིག་རྟེན་མན་ཆད་དང་། །ས་འོག་ལྟོ་འཕྱེ་ཡན་ཆད་ཀྱི། །གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །ཕཊ་ཕཊ། ཧཱུྃ། ཤར་ལྷོ་ཞི་བའི་ལས་ཀྱི་དུར་ཁྲོད་ཆེན་པོ་ནས། །བྱམས་པ་ཚད་མེད་མེ་དཔུང་འབར་བ་འདི། །ལན་ཅིག་


CMR052_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་སྟེང་དུ་འཕྲོས། །མེ་ལྕེ་དཀར་པོས་སྟོང་གསུམ་གང་། །ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར། །སྤྲུལ་པའི་མེ་ལྕེ་གློག་ལྟར་འཁྱུག །ཡང་སྤྲུལ་ཚྭ་ཚྭ་སྐར་ལྟར་འཁྲུགས། །ལྕགས་ཀྱུ་དཀར་མོའི་ཚོགས་ཀྱང་དེ་འདྲ་སྟེ། །ཚངས་པའི་འཇིག་རྟེན་མན་ཆད་དང་། །ས་འོག་ལྟོ་འཕྱེ་ཡན་ཆད་ཀྱི། །གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །ཕཊ་ཕཊ། ཧཱུྃ། བྱང་ཕྱོགས་ལས་ཀྱི་རིགས་ཀྱི་དུར་ཁྲོད་ཆེན་པོ་ནས། །བྱ་གྲུབ་ཡེ་ཤེས་མེ་དཔུང་འབར་བ་འདི། །ལན་ཅིག་གནོད་བྱེད་སྟེང་དུ་འཕྲོས། །མེ་ལྕེ་ལྗང་གུས་སྟོང་གསུམ་གང་། །ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར། །སྤྲུལ་པའི་མེ་ལྕེ་གློག་ལྟར་འཁྱུག །ཡང་སྤྲུལ་ཚྭ་ཚྭ་སྐར་ལྟར་འཁྲུགས། །ལས་ཀྱི་མཁའ་འགྲོའི་ཚོགས་ཀྱང་དེ་འདྲ་སྟེ། །ཚངས་པའི་འཇིག་རྟེན་མན་ཆད་དང་། །ས་འོག་ལྟོ་འཕྱེ་ཡན་ཆད་ཀྱི། །གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །ཕཊ་ཕཊ། ཧཱུྃ། ནུབ་ཕྱོགས་པདྨ་རིགས་ཀྱི་དུར་ཁྲོད་ཆེན་པོ་ནས། །སོར་རྟོག་ཡེ་ཤེས་མེ་དཔུང་འབར་བ་འདི། །ལན་ཅིག་གནོད་བྱེད་སྟེང་དུ་འཕྲོས། །མེ་ལྕེ་དམར་པོས་སྟོང་གསུམ་གང་། །ཡེ་ཤེས་མེ་སྒྲ་


CMR052_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་ལྟར་ལྡིར། །སྤྲུལ་པའི་མེ་ལྕེ་གློག་ལྟར་འཁྱུག །ཡང་སྤྲུལ་ཚྭ་ཚྭ་སྐར་ལྟར་འཁྲུགས། །པདྨ་མཁའ་འགྲོ་ཚོགས་ཀྱང་དེ་འདྲ་སྟེ། །ཚངས་པའི་འཇིག་རྟེན་མན་ཆད་དང་། །ས་འོག་ལྟོ་འཕྱེ་ཡན་ཆད་ཀྱི། །གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །ཕཊ་ཕཊ། ཧཱུྃ། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་དུར་ཁྲོད་ཆེན་པོ་ནས། །མཉམ་ཉིད་ཡེ་ཤེས་མེ་དཔུང་འབར་བ་འདི། །ལན་ཅིག་གནོད་བྱེད་སྟེང་དུ་འཕྲོས། །མེ་ལྕེ་སེར་པོས་སྟོང་གསུམ་གང་། །ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར། །སྤྲུལ་པའི་མེ་ལྕེ་གློག་ལྟར་འཁྱུག །ཡང་སྤྲུལ་ཚྭ་ཚྭ་སྐར་ལྟར་འཁྲུགས། །རིན་ཆེན་མཁའ་འགྲོའི་ཚོགས་ཀྱང་དེ་འདྲ་སྟེ། །ཚངས་པའི་འཇིག་རྟེན་མན་ཆད་དང་། །ས་འོག་ལྟོ་འཕྱེ་ཡན་ཆད་ཀྱི། །གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །ཕཊ་ཕཊ། ཧཱུྃ། ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་དུར་ཁྲོད་ཆེན་པོ་ནས། །མེ་ལོང་ཡེ་ཤེས་མེ་དཔུང་འབར་བ་འདི། །ལན་ཅིག་གནོད་བྱེད་སྟེང་དུ་འཕྲོས། །མེ་ལྕེ་སྔོན་པོས་སྟོང་གསུམ་གང་། །ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར། །སྤྲུལ་པའི་མེ་ལྕེ་གློག་ལྟར་འཁྱུག །ཡང་སྤྲུལ་ཚྭ་ཚྭ་སྐར་ལྟར་འཁྲུགས། །


CMR052_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མཁའ་འགྲོའི་ཚོགས་ཀྱང་དེ་འདྲ་སྟེ། །ཚངས་པའི་འཇིག་རྟེན་མན་ཆད་དང་། །ས་འོག་ལྟོ་འཕྱེ་ཡན་ཆད་ཀྱི། །གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །ཕཊ་ཕཊ། ཧཱུྃ། དབུས་ཕྱོགས་དེ་བཞིན་རིགས་ཀྱི་དུར་ཁྲོད་ཆེན་པོ་ནས། །ཆོས་དབྱིངས་ཡེ་ཤེས་མེ་དཔུང་འབར་བ་འདི། །ལན་ཅིག་གནོད་བྱེད་སྟེང་དུ་འཕྲོས། །མེ་ལྕེ་དཀར་པོས་སྟོང་གསུམ་གང་། །ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར། །སྤྲུལ་པའི་མེ་ལྕེ་གློག་ལྟར་འཁྱུག །ཡང་སྤྲུལ་ཚྭ་ཚྭ་སྐར་ལྟར་འཁྲུགས། །སངས་རྒྱས་མཁའ་འགྲོའི་ཚོགས་ཀྱང་དེ་འདྲ་སྟེ། །ཚངས་པའི་འཇིག་རྟེན་མན་ཆད་དང་། །ས་འོག་ལྟོ་འཕྱེ་ཡན་ཆད་ཀྱི། །གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །ཕཊ་ཕཊ་ཕཊ། །ལུས་གདོན་གང་ཡིན་པ་ཚིག་ནས་ནག་ཐུལ་ཐུལ་སོང་བར་བསྒོམ། དེ་ནས་མི་མང་པོས་ནད་པའི་གཟུགས་བཞི་ལ་བཟུང་ནས་མེའི་ཁ་ལ་ཕར་གཡུག་ཚུར་གཡུག་བྱ། ནད་ཟུག་ཆེ་བས་དེ་འདྲ་མི་ཚུགས་ན་འཕྱར་ཁྱོགས་བྱས་ལ་གཡུག་བཅུག་ལ། ཕཊ་ཤར་ཌཱ་དྲིལ་དྲག་ཏུ་བྱ། དེ་ནས་ཐང་ལ་ནར་གྱིས་བཞག །མེ་ཧོམ་དབུས་ཀྱི་སྡིག་རྒོད་འོད་དུ་ཞུ། །ཧཱུྃ་དུ་གྱུར་ནས་དབྱིངས་སུ་གཤེགས་པར་གྱུར། །དེ་ནས་དེ་ནུབ་རིང་དང་ནད་པ་བསྲུང་བྱ་


CMR052_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལ་ཡང་དམིགས་པ་གང་ཡང་མི་བྱེད། ཕཊ་ཀྱང་མི་བརྗོད་ལུས་གཅེས་འཛིན་ཕྲལ་ལ་ཉལ་ནས་བསྡད། དེ་ནས་ཕྱིར་ནངས། ཕཊ། རང་གི་ཐུགས་ལས་ནད་པའི་རྣམ་ཤེས་དེ། །ཐིག་ལེ་འོད་དང་བཅས་པ་ཕར་འཕྲོས་ནས། །སྤྱི་བོར་ནས་ཞུགས་སྙིང་གར་ཐིམ་པར་གྱུར། །ཅེས་བརྗོད་སྲེག་གཞིའི་ཐལ་སོལ་དང་མེ་ཐོམ་རོ་མ་རྣམས་བསྡུས་ལ་དུར་ཁྲོད་གཅིག་ཏུ་བསྐྱལ། མ་འཛོམ་ན་རི་སྣའམ་མ་ཎི་རྩར་བླུགས་བཅོལ། མེ་ཐོམ་ལ་བསྟིམས་པའི་ཡེ་ཤེས་པ་ཡང་ཡིད་ཀྱིས་དབྱིངས་སུ་གཤེགསོ་པར་བསམས་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཛཿཧཱུྃ་བྃ་ཧོཿབཛྲ་མུཿ ཞེས་བརྗོད་དོ། །འདི་ནི་གཉན་རྒོད་ཚད་པའི་ནད་ལ་མི་འགྲོས། གཞན་རླུང་ནད་གྲངས་བའི་ནད་རིགས། རྒྱལ་འགོང་དམ་སྲི་མོ་འདྲེ་སྲོག་རླུང་སྨྱོ་འབོག་སོགས་དང་། ལུས་གདོན་དང་གདོན་བྱིང་ཆེ་ཡང་ལྷོང་ཚད་དང་ཚར་ཚད་མྱུར་དུ་འབྱུང་གསུངས་སོ། །ཨེ་མ། མི་གཅིག་ཐུགས་བཅུད་གཅིག་བརྒྱུད་བཀའ་རྒྱ་མ། །མེ་ཡི་གཟེར་བུ་ཞེས་བྱའི་མཐའ་གཏད་འདི། །དཔེ་ཙམ་མཐོང་ཡང་ལག་ལེན་ཤེས་པ་དཀའ། །མིང་ཐོས་དོན་མི་ཤེས་པའི་གཅོད་པ་འགའ། །མེ་བྲབ་བྱེད་པ་ཙམ་ཞིག་མཐའ་གཏད་རྩི། །དེ་དག་རྣམས་ལ་ཕན་པའི་བསམ་པ་ཡིས། །དམིགས་པ་ཕྱག་ལེན་འདོན་ཆ་བལྟས་ཆོག་བཀོད། །སྦུ་འོས་གསལ་དང་ལྷ་འདྲེ་ཨར་གཏད་པའི། །ཉེས་པའི་ཚ་རྣམས་མཁའ་འགྲོའི་ཚོགས་ལ་བཤགས། །དགེ་བས་འགྲོ་རྣམས་བདུད་བཞིའི་དཔུང་བཅོམ་ནས། །ཆོས་སྐུ་


CMR052_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཆེན་གོ་འཕང་ཐོབ་ཕྱིར་བསྔོ། །དེ་སྐད་རཱ་ག་ཨ་སྱ་ཞེས་བྱས་སྦྱར། །འདི་ནི་གཅོད་ཚོགས་སྐབས་སུ་སྦྱར་ནའང་། །རྗེས་ཆོག་སོགས་ལ་ཕཊ་སྒྲ་མི་བརྗོད་ཅིང་། །ཡང་ན་གཅོད་ཚོགས་ཚར་རྗེས་བྱས་ན་ལེགས། གློ་བུར་ལུས་སྦྱིན་ཙམ་ལ་སྦྱར་ཡང་རུང་། །དེ་ཡང་ལག་ལེན་གནད་ཀྱི་ཡིག་ཆུང་སྟེ། །འདི་ཉིད་ཚར་རྗེས་དེ་ནུབ་ཕཊ་སྒྲ་དང་། །དམིགས་པ་མི་བྱེད་དམིགས་མེད་ངང་ལ་ཉལ། །མངྒ་ལཾ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousམཐའ་གཏད་མེ་ཡི་གཟེར་བུ་ཞེས་བྱ་བ་དམིགས་པ་ཕྱག་ལེན་འདོན་ཆ་བལྟས་ཆོག་ཏུ་བཀོད་པ།next