Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
བག་རྩིས་བསྡུས་དོན་མཐུན་སྦྱོར་གཉེན་གྱི་གཙུག་ལག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབག་རྩིས་བསྡུས་དོན་མཐུན་སྦྱོར་གཉེན་གྱི་གཙུག་ལགnext

བག་རྩིས་བསྡུས་དོན་མཐུན་སྦྱོར་གཉེན་གྱི་གཙུག་ལག


CMR059_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རཱ་ག་ཨ་སྱའི་བག་རྩིས་བསྡུས་དོན་ཡོད། མཐུན་སྦྱོར་གཉེན་གྱི་གཙུག་ལག་བཞུགས་སོ།


CMR059_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་མཉྫ་ཤྲཱི་ཡེ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ནས། །མཐུན་སྦྱོར་གཉེན་གྱི་གཙུག་ལག་བཤད། །དེ་ལ་ཕྱི་ནང་གསང་བ་གསུམ། །སྐྱེས་པའི་སྲོག་ལུས་དབང་ཐང་དང་། །རླུང་རྟ་རུས་ཁམས་ལྔ་པོ་ལ། །བུད་མེད་སྲོག་ལུས་དབང་ཐང་དང་། །རླུང་རྟ་རུས་ཁམས་ལྔ་པོ་འཐབ། །རླུང་རྟ་རུས་ཁམས་ལྔ་པོ་ལ། །སྐྱེས་པའི་ལྔ་པོ་འཐབ་པར་བྱ། །ཡང་ནི་སྐྱེས་པའི་སྲོག་དེ་ལ། །བུད་མེད་སྲོག་ལུས་དབང་ཐང་དང་། །རླུང་རྟ་རུས་ཁམས་ལྔ་པོ་འཐབ། །སྐྱེས་པའི་ལུས་ལ་བུད་མེད་ཀྱི། །སྲོག་སོགས་ལྔ་པོ་འཐབ་པར་བྱ། །ཡང་ནི་སྐྱེས་པའི་དབང་


CMR059_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་དང་། །བུད་མེད་སྲོག་སོགས་ལྔ་པོ་འཐབ། །དེ་བཞིན་སྐྱེས་པའི་རླུང་རྟ་དང་། །བུད་མེད་སྲོག་སོགས་ལྔ་པོ་འཐབ། །ཡང་ནི་སྐྱེས་པའི་རུས་ཁམས་དང་། །བུད་མེད་སྲོག་སོགས་ལྔ་པོ་འཐབ། །དེ་ནས་བུད་མེད་སྲོག་ལ་ཡང་། །སྐྱེས་པའི་སྲོག་སོགས་ལྔ་པོ་འཐབ། །བུད་མེད་ལུས་དང་སྐྱེས་པ་ཡི། །སྲོག་སོགས་ལྔ་པོ་གོང་ལྟར་འཐབ། །དེ་བཞིན་བུད་མེད་དབང་ཐང་དང་། །སྐྱེས་པའི་སྲོག་སོགས་ལྔ་པོ་འཐབ། །ཡང་ནི་བུད་མེད་རླུང་རྟ་དང་། །སྐྱེས་པའི་སྲོག་སོགས་ལྔ་པོ་འཐབ། །བུད་མེད་དེ་ཡི་རུས་ཁམས་དང་། །སྐྱེས་པའི་སྲོག་སོགས་ལྔ་


CMR059_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

འཐབ་བྱ། །དེ་ལ་རྡེའུ་སུམ་ཅུ་ལ། །ཁ་དམར་རྡེའུ་ལྔ་པོ་བརྒྱབ། །དེ་ནི་གི་གང་རྐྱང་པའི་རྩིས། །དེ་ཡི་མན་ངག་འདི་ལྟར་རོ། །སྲོག་དང་རླུང་རྟ་སྐྱེས་པ་རྒྱལ། །ལུས་དང་དབང་ཐང་བུད་མེད་རྒྱལ། །མི་མཐུན་ནང་གི་མཐུན་པོར་བཤད། ༈ །སྲོག་མཐུན་འགྲོགས་ཡུན་རིང་བ་སྟེ། །གཅིག་གི་སྐྲ་དཀར་གཅིག་གི་འཐུ། །གཅིག་གི་གཉེར་མ་གཅིག་གི་འདྲེན། །ཤིན་ཏུ་འགྲོག་ཡུན་རིང་བ་ཡིན། ༈ །ལུས་མཐུན་ན་ནི་བུ་ཚ་འཕེལ། །ནད་དཀོན་ཚེ་ལ་བར་ཆད་མེད། །ཁུ་ཚ་དབང་པོ་སྐྱོན་མེད་ཅིང་། །བུ་ཚ་མལ་གང་སྐྱེ་བར་འགྱུར། ༈ །དབང་ཐང་མཐུ་ན་ཟས་ནོར་འཕེལ། །ལོ་དང་ཕྱུགས་ལ་བྱར་གཏུབ་པས། །ལག་པ་མི་ལ་མི་རིང་ཞིང་། །ཟས་དང་ནོར་རྣམས་ཕུན་སུམ་ཚོགས། ༈ །རླུང་རྟ་མཐུན་ན་མི་ཁ་བྱམས། །ནོར་དང་རྟ་དང་བོང་བུ་འཕྲོད། །ཕྱི་མི་ནང་མི་གཉིས་ཀྱི་བྱམས། །ལྷག་པར་ཡ་རབ་གོང་མས་བྱམས། ༈ །རུས་ཆེན་གཉིས་པོ་མཐུན་པ་ན། །ཚེ་ཚད་མཉམ་ཞིང་འགྲོག་ཡུན་རིང་། །སྲོག་མི་མཐུན་ན་འགྲོགས་ཡུན་ཐུང་། །ནད་མང་ཚེ་ཐུང་བྱར་མི་གཏུབ། །ལུས་མི་མཐུན་ན་ནད་མེདཅིང་། །བུ་ཚ་རྨོངས་སམ་བྱར་མི་གཏུབ། །བྱིས་སྦ་


CMR059_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་སྐྱོན་ཅན་འོང་། །དབང་ཐང་མི་མཐུན་ནོར་མི་ཆགས། །ཁྱིམ་ན་གསེར་གྱི་སྒྲོམ་ཡོད་ཀྱང་། །དགོས་པའི་དུས་སུ་ས་རྡོར་འགྲོ། །རླུང་རྟ་མི་མཐུན་མི་ཁ་ལྡང་། །ཁྱིམ་ནས་ཟས་ཟོས་སྐོམ་འཐུང་ན། །སྒོ་རུ་ཐོན་ནས་འཕྱར་ཁ་བཏང་། །དགྲ་དང་རྐུན་མས་ཉེ་བར་ལྡང་། །སྟོར་བརླག་འོང་ཞིང་གོད་ཁ་ལྡང་། །ལེགས་པ་རང་གིས་བྱས་ན་ཡང་། །ངོ་སོ་གཞན་གྱི་ཁྱེར་བར་འགྱུར། །རུས་ཆེན་གཉིས་པོ་མ་མཐུན་ན། །འབྱུང་བས་གང་ཕམ་སྔོན་ལ་འཆི། ༈ །སྤུན་གྲངས་མི་ཡི་རུས་ཆེན་དང་། །སྐྱེས་ཟླ་བཙན་རླུང་དར་རྒུད་སྟེ། །དེ་ཡན་མཐུན་སྦྱོར་བཅུ་པ་བཤད། །སྤྱན་གྲངས་མཐུན་ན་བཟའ་མི་མཐུན། །འཐབ་མོ་ཉུང་ཞིང་གོད་ཁ་ཆུང་། །མ་ཡི་རུས་ཆེན་མཐུན་པ་ན། །བུ་ཚ་མཛེས་ཤིང་དཔལ་རྩལ་ཆེ། །སྟོབས་ལྡན་བློ་གྲོས་ཅན་དུ་སྐྱེས། །སྐྱེས་ཟླ་མཐུན་ན་གསོན་བྲལ་མེད། །རྟག་ཏུ་འགྲོགས་ཡུན་རིང་བའོ། །བཙན་རླུང་སྤར་ཁ་མཐུན་པས་ན། །ནམ་ཕུག་བུ་དང་ཚ་ལ་བཟང་། །གཉིས་ཀ་དར་རྒུད་བཟང་ལ་སྐྱེས། །དར་རྒུད་གང་སྟོང་ཆུང་བའོ། །སྤུན་གྲངས་མི་མཐུན་འཐབ་མོ་མེད། །གང་ཟག་ཤིན་ཏུ་ཆེ་བར་ཡོད། །མ་ཡི་རུས་


CMR059_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མ་མཐུན་ན། །བུ་ཚ་དབང་པོ་སྐྱོན་ཅན་ཡོད། །སྐྱེས་པའི་ཟླ་བ་མ་མཐུན་ན། །བུ་ཚ་བྲལ་ཡང་གསོན་བྲལ་བྱེད། །བཙན་རླུང་སྤར་ཁ་མ་མཐུན་ན། །སོ་ནམ་མི་གཏུབ་བྱ་བ་རྣམས། །ཅི་བྱེད་ཐམས་ཅད་ལོག་པར་འགྲོ། །དར་རྒུད་ཞེ་དྲུག་ལ་བབ་ན། །བློ་བུར་ནད་དང་ཡེ་འགྲོགས་འོང་། །གི་གང་རྐྱང་པའི་བཤད་པ་སྟེ། །མཐུན་སྦྱོར་བཅུ་པའི་རྩིས་ཞེས་བྱ། ༈ །དེ་ནས་ཁུག་པ་ཡང་ཁུག་བཤད། །ཡར་བཞི་སྲོག་གི་སྨེ་བ་ཡིན། །མར་བཞི་ལུས་ཀྱི་སྨེ་བ་ཡིན། །བར་མ་དབང་ཐང་སྨེ་བ་ཡིན། །རླུང་སྨེ་རླུང་རྟའི་ལོ་ཡི་སྨེ། །དེ་ནས་ཁྲ་མོ་ལིང་དགུ་ལས། །སྐྱེས་པ་བུད་མེད་གཉིས་པོ་ཡི། །སྲོག་སྣེ་གཉིས་པོ་གར་འདུག་བརྟགས། །དེ་བཞིན་ལུས་སྨེ་གཉིས་པོ་དང་། །དབང་སྨེ་གཉིས་དང་ལུས་སྨེ་གཉིས། །གར་འདུག་ལྟོས་ལ་རྣོ་སྟོང་གཅོད། །དང་པོ་གསུམ་ལ་བབས་པ་ན། །གནམ་ལ་སྤྲིན་ལྡིང་ཞེས་བྱ་རབ། །བར་མ་གསུམ་ལ་བབས་པ་ན། །སྤྲིན་འོག་ཉི་མ་ཤར་ཞེས་བྱ། །ཐ་མ་གསུམ་ལ་བབ་པ་ན། །ས་གཞི་ལ་ནི་ཞག་ཆགས་སོ། ༈ །གནམ་སྨན་འགོ་རབ་རབ་ཀྱི་རབ། །ཕོ་ལོ་ཉེ་དུ་གཅིག་ལ་གཅིག །སྙིང་དུ་སྡུག་ཅིང་གསོ་བར་སྣང་། །


CMR059_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་དཔལ་འགྲོགས་ཐབས་ཆེན་ཐོབ། །བསམ་པ་ཐམས་ཅད་འགྲུབ་པས་བཟང་། །བུ་ཚ་མིང་སྲིང་བདུན་གྱི་འདུར། །སྨན་དང་ཡུལ་ལྷ་བཅོས་ན་བཟང་། །སྲོག་འཚོ་བ་ནི་རབ་ཀྱི་འབྲིང་། །བུ་དང་ཚ་བྱུང་འཕེལ་བ་ཡིན། །ནོར་དང་ཕྱུགས་སུ་འཕེལ་བ་ཡིན། །ནད་དཀོན་ཚེ་ལ་བར་ཆད་མེད། །གདོན་དང་བགེགས་ཀྱིས་མི་ཚུགས་ཏེ། །བསམ་པའི་དོན་རྣམས་འགྲུབ་པར་འགྱུར། ༈ །དཔལ་བསྐྱེད་རབ་ཀྱི་ཐ་མ་སྟེ། །དཔལ་དང་ཟ་ཐང་ཆེ་བར་འོང་། །ཉེས་པ་གོད་ཟག་མི་འོང་སྟེ། །སོ་ནམ་འབྲས་བུ་ཆུད་མི་ཟོས། །བུ་ཡི་དབང་ཐང་འབྲིང་དུ་འོང་། །གཅིག་དཔལ་གཅིག་གིས་བསྐྱེད་དེ་བཟང་། ༈ །ཕྱུ་འདོན་ལ་བབ་འབྲིང་གི་རབ། །བྱིས་སྦ་མང་ཞིང་བསམ་པ་འགྲུབ། །ནོར་གོད་ཆུང་ཞིང་གྱོད་ལ་ཐར། །རེ་ཞིང་སྨོན་པ་ཐམས་ཅད་འགྲུབ། ༈ །ཕྱུ་ཉམས་ལ་བབ་འབྲིང་གི་འབྲིང་། །ཐོག་མ་བར་དང་མཐར་དགེ་ཞིང་། །བུ་ཚ་དར་ཀྱང་འབྲིང་ཙམ་འོང་། །ས་དང་ཞིང་ལ་ཟ་ཐང་ཆེ། །ནོར་ནི་དཀོར་ནོར་དག་གིས་སྟོང་། ༈ །གནོད་པ་སྐྱལ་བ་འབྲིང་གི་ཐང་། །འགྲོགས་ཡུན་རིང་སྟེ་ན་ཚ་མང་། །ལོ་ཕྱུགས་བྱ་བ་མི་གཏུབ་ཅིང་། །འབད་


CMR059_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱས་ཀྱང་ཡི་མི་འགུ། །བསོགས་པའི་ནོར་རྫས་འབྲས་བུ་མེད། ༈ །འདྲེ་ལྔ་ཐ་མའི་རབ་ཡིན་ཏེ། །སྟོར་བརླག་གོད་ཟག་འོང་བ་དང་། །ན་ཚ་ཅུང་ཟད་མང་བ་དང་། །བུ་དང་ཕྱུགས་སུ་ཤི་ཆད་མང་། །ཉེ་བས་སྡང་ཞིང་གསོས་མི་སྨེ། །བསམ་པ་མི་འགྲུབ་ལོགས་པར་འགྲོ།་༈ །བདུད་གཅོད་ཐ་མའི་འབྲིང་ཡིན་ནོ། །བཟའ་མི་མི་མཐུན་བྱེ་བྲལ་འོང་། །མི་ཁ་ལྡང་ལ་ཉན་མཁན་མེད། །སོ་ནམ་བྱས་ན་འབྲས་བུ་མེད། །བསོགས་པ་གཞན་གྱི་སྤྱོད་པར་འོང་། ༈ །ལུས་ཆད་ཐ་མའི་ཐ་མ་ཡིན། །རང་ནོར་མི་ཡི་ཆས་འདེབས་ཤིང་། །ཕོ་མོ་མཚན་སྟོང་དབང་ཐང་ཆུང་། །བྱས་པ་དོན་མེད་མཐར་རབས་ཆད། །ཁང་སྟོང་བསྲུང་བའི་གི་གང་ཡིན། །གི་གང་ཁུག་པའི་བཤད་པ་ཡིན། ༈ །གི་གང་སྦི་ཤ་བཤད་པར་བྱ། །སྐྱེས་པ་ཕོ་མོ་ཡིན་པ་ན། །རྒན་པར་བྱུང་ན་བཟང་བ་ཡིན། །བུད་མེད་མོ་ལོ་ཡིན་པ་ན། །གཞོན་པ་བྱུང་ན་རབ་ཏུ་བཟང་། །མི་ཚེ་རྒས་ཁར་སྐྱིད་པ་དང་། །ཉི་མ་ཐལ་ཁ་དྲོ་བ་དང་། །སྨན་པ་མཁས་པས་གསོ་བ་དང་། །འཕྲལ་ཕུག་གཉིས་སུ་བཟང་བར་བཤད། །དེ་ལྟར་མ་བྱུང་གོ་ལོག་ན། །ཕོ་རྒྱུད་ཉུང་ཞིང་མོ་རྒྱུད་འཕེལ། །ཕོ་བས་


CMR059_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཡི་ཁ་དྲག་སྟེ། །དེ་ལྟར་བུ་རུ་འབྱུང་བར་བཤད། །སོ་གཉིས་བག་མའི་མཐར་ཟད་ཡིན། །དེ་ཚུན་བྱུང་ན་བཟང་བར་བཤད། །རང་འདྲ་ལྷ་མོའི་ཞུས་རྒྱུད་དང་། །གསལ་བའི་སྒྲོན་མེའི་གཞུང་འགྲེལ་དང་། །ཕྱུ་ཐེམ་དཀར་པོའི་མན་ངག་གི །གི་གང་ཕྲ་མོའི་གླིང་དགུ་སོགས། །གཞུང་ལུགས་མང་པོའི་དོན་བསྡུས་ནས། །ཚིག་ཉུང་དོན་བསྡུས་གོ་སླ་བར། །རིག་གནས་འདི་ལ་རབ་གོམས་པར། །དགེ་སློང་རཱ་ག་མིང་གིས་བྲིས། དགེ་བས་མི་རྣམས་བདེ་སྐྱིད་ཤོག། །།མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབག་རྩིས་བསྡུས་དོན་མཐུན་སྦྱོར་གཉེན་གྱི་གཙུག་ལགnext