Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
བག་རྩིས་བསྡུས་དོན་རིན་ཆེན་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབག་རྩིས་བསྡུས་དོན་རིན་ཆེན་ཕྲེང་བ།next

བག་རྩིས་བསྡུས་དོན་རིན་ཆེན་ཕྲེང་བ།


CMR059_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ཨ་རཱ་གས་མཛད་པའི་བག་རྩིས་བསྡུས་དོན་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །།


CMR059_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨརྱ་མཉྫའི་ཡེ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ནས། །མཐུན་སྦྱོར་གཉེན་གྱི་མན་ངག་བཤད། །དེ་ལ་ཕྱི་ནང་གསང་བ་གསུམ། །སྐྱེས་པའི་སྲོག་ལུས་དབང་ཐང་དང་། །རླུང་རྟ་རུས་ཁམས་ལྔ་པོ་ལ། །བུད་མེད་སྲོག་ལུས་དབང་རླུང་དང་། །རུས་ཁམས་ལྔ་ཡིས་འཐབ་པར་བྱ། །དེ་བཞིན་བུད་མེད་ལ་ཡང་འཐབ། །ཡང་ན་སྐྱེས་པའི་སྲོག་དེ་དང་། །བུད་མེད་སྲོག་སོགས་ལྔ་པོ་འཐབ། །དེ་བཞིན་ལུས་དབང་རླུང་རྟ་ལ། །རེ་རེའང་བུད་མེད་འབྱུང་ལྔས་འཐབ། །དེ་ནས་བུད་མེད་སྲོག་སོགས་ལྔར། །རེ་རེ་བཞིན་དུ་སྐྱེས་པ་ཡིས། །སྲོག་སོགས་


CMR059_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

འཐབ་པའི་རྡེའུ་ཉེར་ལྔར། །ཁ་དམར་རྡེའུ་ལྔ་པོ་བརྒྱབ། །དེ་ནི་གི་གང་རྐྱང་པའི་རྩིས། །དེ་ཡི་མན་ངག་འདི་ལྟར་རོ། །སྲོག་དང་རླུང་རྟ་སྐྱེས་པ་རྒྱལ། །ལུས་དང་དབང་ཐང་བུད་མེད་རྒྱལ། །མི་མཐུན་ནང་གི་མཐུན་པོ་བཤད། །སྲོག་མཐུན་འགྲོགས་ཡུན་རིང་བ་དེ། །གཅིག་གིས་སྐྲ་དཀར་གཅིག་གིས་མཐུད། །གཅིག་གི་གཉེར་མ་གཅིག་གིས་འདྲེན། །ཤིན་ཏུ་འགྲོགས་ཡུན་རིང་བ་དེ། །ལུས་མཐུན་ན་ནི་བུ་ཚ་འཕེལ། །ནད་དཀོན་ཚེ་ལ་བར་ཆད་མེད། །ཁུ་ཚ་དབང་པོ་སྐྱོན་མེད་ཀྱང་། །བུ་ཚ་མལ་གང་སྐྱེ་བར་འགྱུར། །དབང་ཐང་མཐུན་ན་ནོར་རྫས་


CMR059_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ། །ལོ་དང་ཕྱུགས་ལ་བྱར་གཏུབ་པའི། །ལག་པ་མི་ལ་མི་སྲིང་ཞིང་། །ཟས་དང་ནོར་རྣམས་ཕུན་སུམ་ཚོགས། །རླུང་རྟ་མཐུན་ན་མི་ཁ་བྱམས། །ནོར་དང་རྟ་དང་བོང་བུ་འཕྲད། །ཕྱི་མི་ནང་མི་གཉིས་ཀྱང་བྱམས། །ལྷག་པར་ཡ་རབ་གོང་མས་བྱམས། །རུས་ཆེན་གཉིས་པོ་མཐུན་པ་ན། །ཚེ་ཚད་མཉམ་ཞིང་འགྲོགས་ཡུན་རིང་། །སྲོག་མི་མཐུན་ན་འགྲོགས་ཡུན་ཐུང་། །ནད་མང་ཆེ་ཐུང་བྱར་མི་གཏུབ། །ལུས་མི་མཐུན་ན་ནོར་མི་ཆགས། །ཁྱིམ་ན་གསེར་གྱི་སྒྲོམ་ཡོད་ཀྱང་། །དགོས་པའི་དུས་སུ་ས་རྡོར་འགྲོ། །རླུང་རྟ་མི་མཐུན་མི་ཁ་སྡང་། །ཁྱིམ་དུ་ཟས་ཟོས་སྐོམ་འཐུང་ནས། །ཐེམ་པར་ཕྱི་ནས་ཕྱར་ཁ་གཏོང་། །དགྲ་དང་རྐུ་མ་ཉེ་བས་སྡང་། །ལེགས་པ་རང་གིས་བྱས་ན་ཡང་། །ངོ་སོ་གཞན་གྱིས་ཁྱེར་བར་འགྱུར། །རུས་ཆེན་གཉིས་པོ་མ་མཐུན་ན། །འབྱུང་བ་གང་ཕམ་སྔོན་མ་འཆི། ༈ །སྤུན་གྲངས་མི་ཡི་རུས་ཆེན་དང་། །སྐྱེས་ཟླ་བཙས་རླུང་དར་རྒུད་དེ། །དེ་ཡང་མཐུན་སྦྱོར་བཅུ་པ་བཤད། །སྤུན་གྲངས་མཐུན་ན་བཟའ་མི་མཐུན། །འཐབ་མོ་ཉུང་ཞིང་གོད་ཁ་ཉུང་། །མ་ཡི་རུས་ཆེན་མཐུན་པ་ན། །བུ་ཚ་མཛེས་ཤིང་དཔལ་རྩལ་ཆེ། །


CMR059_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ལྡན་བློ་གྲོས་ཅན་དུ་སྐྱེ། །སྐྱེས་ཟླ་མཐུན་ན་གསོན་བྲལ་མེད། །རྟག་ཏུ་འགྲོགས་ཡུན་རིང་བའོ། །བཙས་རླུང་སྤར་ཁ་མཐུན་པ་ན། །ནམ་ཕུག་བུ་དང་ཚ་ལ་བཟང་། །གཉིས་ཀ་དར་རྒུད་བཟང་ལས་སྐྱེས། །དར་རྒུད་གང་སྟོང་ཆུང་བའོ། །སྤུན་གྲངས་མི་མཐུན་འཐབ་མོ་མོད། །གོད་ཟག་ཤིན་ཏུ་ཆེ་བར་འོང་། །མ་ཡི་རུས་ཆེན་མ་མཐུན་ན། །བུད་མེད་དབང་པོ་སྐྱོན་ཅན་འོང་། །སྐྱེས་པའི་ཟླ་བ་མི་མཐུན་ན། །བུ་ཚ་འབྲེལ་ཡང་གསོན་བྲལ་བྱེད། །བཙས་རླུང་སྤར་ཁ་མ་མཐུན་ན། །སོ་ནམ་མི་གཏུབ་བྱ་བ་རྣམས། །ཅི་བྱེད་ཐམས་ཅད་ལོག་པར་འགྲོ། །དར་རྒུད་ངན་དྲུག་ལ་བབ་ན། །གློ་བུར་དང་ནི་ཡེ་འདྲོགས་འོང་། །གི་གང་རྐྱང་པའི་བཤད་པ་སྟེ། །མཐུན་སྦྱོར་བཅུ་པའི་རྩིས་ཞེས་བྱ། ༈ །དེ་ནས་ཁུག་པ་ཡང་ཁུག་བཤད། །ཡར་གཞི་སྲོག་གི་སྨེ་བ་ཡིན། །མར་གཞི་ལུས་ཀྱི་སྨེ་བ་ཡིན། །བར་མ་དབང་ཐང་སྨེ་བ་ཡིན། །རླུང་སྨེ་རླུང་རྟའི་ལོ་ཡི་སྨེ། །སྐྱེས་པར་ལྔ་མེད་གཉིས་ལ་འདྲེས། །བུད་མེད་ལྔ་མེད་བདུན་ལ་བཙལ། །དེ་ནས་ཁྲ་མོ་ལིང་དགུ་ལ། །སྐྱེས་པ་བུད་མེད་གཉིས་པོ་ཡི། །སྲོག་ལྕེ་གཉིས་དང་ལུས་སྨེ་གཉིས། །


CMR059_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྨེ་གཉིས་དང་རླུང་སྨེ་གཉིས། །གར་འདུག་ལྟོས་ལ་རྣོ་སྟང་གཅོད། །དང་པོ་ཕུད་གསུམ་ལ་བབ་ན། །གནམ་ལ་སྤྲིན་ལྡིང་ཞེས་བྱ་རབ། །བར་མ་གསུམ་ལ་བབ་པ་ན། །སྤྲིན་འོག་ཉི་མ་ཤར་ཞེས་བྱ། །ཐ་མ་གསུམ་ལ་བབ་པ་ན། །ས་གཞི་ལ་ནི་ཞག་ཆགས་སོ། ༈ །ལུས་སྐྱེ་ཕྱི་ཡི་གི་གང་ནི། །ཁང་ཞིང་ཡུལ་མཁར་བརྩི་བར་བཤད། ༧ །དབང་སྨེ་ནང་གི་གི་གང་ནི། །བུ་ཚ་བུ་མོའི་གྲངས་སོགས་བརྩི། ༧ །སྲོག་སྨེ་གསང་བའི་གི་གང་ནི། །བུ་མོའི་ཚེ་གྲོགས་སྐལ་བར་བརྩི། །གནམ་སྨན་འགོ་རབ་རབ་ཀྱི་རབ། །ཕོ་མོ་ཉེ་དུ་གཅིག་ལ་གཅིག །སྙིང་དུ་སྡུག་ཅིང་གསོ་བར་སྣང་། །ལྷ་དང་དཔལ་གྲོགས་ཐོབ་ཆེན་ཐོབ། །བསམ་པ་ཐམས་ཅད་འགྲུབ་པས་བཟང་། །བུ་ཚ་མིང་སྲིང་བདུན་གྱིས་བསྡུར། །སྨན་དང་ཡུལ་ལྷ་བཅོས་ན་བཟང་། ༈ །སྲོག་འཚོ་བ་ནི་རབ་ཀྱི་འབྲིང་། །བུ་དང་ཚ་རྒྱུད་འཕེལ་བ་དང་། །ནོར་དང་ཕྱུགས་སུ་འཕེལ་བ་ཡིན། །ནད་དཀོན་ཚེ་ལ་བར་ཆད་མེད། །གདོན་དང་བགེགས་ཀྱིས་མི་ཚུགས་སོ། །བསམ་པའི་དོན་རྣམས་འགྲུབ་པར་འགྱུར། ༧ །དཔལ་སྐྱེད་རབ་ཀྱི་ཐ་མ་སྟེ། །༠༠༩༤༢༧༦༨༡༡༢ །དཔལ་དང་ཟ་ཐང་ཆེ་


CMR059_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བར་འོང་། །ཉེས་པ་གོད་ཟག་མི་འོང་སྟེ། །སོ་ནམ་འབྲས་བུ་ཆུད་མི་ཟོས། །བུ་ཡི་དབང་ཐང་འབྲིང་དུ་འོང་། །གཅིག་དཔལ་གཅིག་གིས་བསྐྱེད་དོ་བཟང་། ། ༧ །ཕྱ་དོན་ལབབ་འབྲིང་གི་རབ། །བྱིས་པ་མང་ཞིང་བསམ་པ་འགྲུབ། །ནོར་གོད་ཆུང་ཞིང་གྱོད་ལས་ཐར། །རེ་ཞིང་སྨོན་པ་ཐམས་ཅད་འགྲུབ། ༧ །ཕྲུ་ཉམས་ལ་བབ་འབྲིང་གི་འབྲིང་། །ཐོག་མ་བར་དང་མཐར་དགེ་ཞིང་། །བུ་ཚ་དག་ནི་འབྲིང་ཙམ་འོང་། །ས་ཞིང་ཡུལ་མཁར་ཟ་ཐང་ཆེ། །ནོར་ནི་དཀོར་ནོར་དག་གི་སྟོང་། ༧ །གནོད་པ་བསྐྱེད་པ་འབྲིང་གི་ཐཾ། །འགྲོགས་ཡུན་རིང་སྟེ་ན་ཚ་མེད། །ལོ་ཕྱུགས་བྱ་བ་མི་གཏུབ་ཅིང་། །འབད་ནས་བྱས་ཀྱང་མི་མི་འགུ། །བསགས་པའི་ནོར་རྫས་འཛད་པར་འགྱུར། ༧ །འདྲེ་ལྔ་ཐ་མའི་རབ་ཡིན་ཏེ། །སྟོར་བརླག་གོད་ཟག་འོང་བ་དང་། །ན་ཚ་ཅུང་ཟད་མང་བ་དང་། །བུ་དང་ཕྱུགས་སུ་ཤི་ཆད་མང་། །ཉེ་བས་སྡང་ཞིང་སྲིས་མི་སྨེ། །བསམ་པ་ཐམས་བོད་ལོག་པར་འགྲོ། ༧ །བདུད་གཅོད་ཐ་མའི་འབྲིང་ཡིན་ཏེ། །བཟའ་མི་མི་མཐུན་བྱེ་བྲལ་བྱེད། །མི་ཁ་ལྡང་ལ་ཉན་མཁན་མེད། །སོ་ནམ་བྱས་ན་འབྲས་བུ་མེད། །བསགས་


CMR059_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞིན་གྱིས་སྤྱོད་པར་འོང་། །ལུས་ཚེད་ཐ་མའི་མཐའ་མ་སྟེ། །རང་ནོར་མི་ཡིས་ཆས་འདེབས་ཤིང་། །ཕོ་མཚན་སྟོང་ལ་དབང་ཐང་ཆུང་། །བྱས་པ་དོན་མེད་མཐར་རབས་ཆད། །ཁང་སྟོང་སྲུང་བའི་གྱི་གང་ཡིན། །གྱི་གང་ཁུག་པའི་བཤད་པའོ། ༈ །གྱི་གང་སྦི་ཤ་བཤད་པར་བྱ། །སྐྱེས་པ་ཕོ་ལོ་ཡིན་པ་ན། །རྒན་པར་བྱུང་ན་བཟང་བ་ཡིན། །བུད་མེད་མོ་ལོ་གཞོན་བྱུང་བཟང་། །མི་ཚེ་རྒན་ཁར་སྐྱིད་པ་དང་། །ཉི་མ་ཐལ་ཁ་དྲོ་བ་དང་། །སྨན་པ་མཁས་པས་ནད་པ་གསོ། །འཕྲལ་ཕུག་གཉིས་སུ་བཟང་བའོ། །དེ་ལྟར་མ་བྱུང་གོ་ལོག་ན། །མོ་རྒྱུད་ཉུང་ཞིང་ཕོ་ཕྱུགས་འཕེལ། །ཕོ་ཁ་བས་ཀྱང་མོ་ཁ་དྲག །སོ་གཉིས་བག་མའི་མཐའ་ཟད་ཡིན། །དེ་ཚུན་བྱུང་ན་བཟང་བར་བཤད། །ངན་མཐུན་ལྕགས་བཞི་མེ་བརྒྱད་ནི། །ལྕགས་བྱི་ཀླུ་གདོན་གཟའ་མིག་ཟན། །ལྕགས་གླང་ཕུང་འདྲེ་བྱེ་བྲལ་ལོ། །ལྕགས་ཁྱི་ཕ་ཁུ་ནོར་ལ་གཟན། །ལྕགས་ཕག་ཕུང་འདྲེ་ཕ་མར་གཟན། ༧ །མེ་སྟག་སྡུག་བསྔལ་ཟླ་གྲོགས་འཆི། །མེ་ཡོས་ཉེ་འཆི་རྒྱལ་བསེན་གདོན། །མེ་འབྲུག་ནོར་མི་ཆགས་ཤིང་སྤྲང་། །མེ་སྦྲུལ་སྤྱན་འཆི་སྤྱན་རབས་ཆད། །མེ་རྟ་གྲིར་འཆི་སྤྱན་རབས་


CMR059_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཆད། །མེ་ལུག་ནོར་བརླག་གཏམ་བསྣོལ་མང་། །མེ་སྤྲེལ་དྭ་ཕྲུག་གཅིག་པུར་ལུས། །མེ་བྱ་བུ་འཆི་སྲོག་བདག་གནོད། ༈ །ཡང་ན་མཐུན་བསྡེབ་མན་ངག་ལ། །ཕྱི་ལོག་མེན་གཉིས་ལ་སྐྱེས་པ་མཐུན་ནམ་བལྟ། །ལོག་མེན་བདུན་ཟུར་སྐྱེས་པ་དང་། །སྤར་ཁ་གཅིག་ལ་སྐྱེས་པ་དང་། །འབྱུང་བ་དགྲ་གཤེད་མི་སྡེབ་སྟེ། །ཤིང་གི་སྟག་ཡོས་ལོ་པ་དང་། །ས་ཡི་གཤེད་བཞི་མི་སྡེབ་བོ། །ལྕགས་བཞི་མེ་བརྒྱད་ནང་མི་སྡེབས། །ཆུ་ཡི་ཆུ་ཕག་ལྟ་བུར་ཡི། །དེ་ལྟར་བུ་ཡང་སྡེབ་པ་མིན། ༧ །བུད་མེད་སྲོག་ལ་དབང་ཐང་གིས། །བཅད་ན་ཁྱོ་ཤི་ལོ་ཡིན་ཟེར། །ཁྱོ་ཡི་དབང་ཐང་བུད་མེད་དེའི། །སྲོག་ལ་བཅད་ན་ཆུང་ཤི་ལོ། །ཁྱོ་ནི་ཆུང་ཞིང་མི་དགེ་བས། །སྣ་ནི་དགྲ་ལ་གཏད་པར་བྱ། །ཐེ་ཁྱིམ་བཙུན་མོ་བག་མའི་བདུད། །གནམ་ཁྱི་ནག་པོ་བག་མའི་གཤེད། །ས་ཡི་ལྷ་མོ་བག་མའི་རྐྱེན། །བདུད་གཤེད་རྒྱ་གསུམ་ལེགས་པར་རྩིས། །འཕུར་སྨེ་གཅིག་དཀར་གར་ཡོད་སར། །ས་ཡི་ལྷ་མོ་གནས་པར་བཤད། ༧ །དེ་ནས་བག་མའི་བཞག་པ་བཤད། །ཀ་རྩར་མི་བཞག་གསེར་ཀ་འགྲོགས། །གོ་ཁར་གོ་ལྷ་ཡུ་མོ་འགྲོགས། །སྒོ་རྒྱབ་སྒོ་ལྷ་སྟག་


CMR059_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཡག་འགྲོགས། །ཟླ་གམ་མེད་ན་གནམ་ཁྱིས་ཟིན། །བག་མ་ལ་ཉེ་མ་བརྟགས་བར་ཆད་འོང་། །དེ་ནས་བག་མའི་གདན་གྱི་སྟེང་། །སྲོག་ངན་རྡོ་རྗེ་རྒྱ་གྲམ་བྲི། །ལུས་ངན་འཁོར་ལོ་རྩིབས་བརྒྱད་བྲི། །དབང་ཐང་སྤར་ཁ་མི་མཐུན་ན། །གཡུང་དྲུང་འཁྱིལ་བའི་གདན་ལ་བཞག །སྨེ་ངན་ཕོ་བྲང་དགུ་ལིང་བྲི། །རླུང་ངན་པདྨ་འདབ་བརྒྱད་བྲི། །དེ་ལྟར་བྲིས་པའི་སྟེང་དུ་བཞག ༈ །དེ་ནས་ཟླ་བ་གང་ལ་རྫོགས། །རང་རང་ཟླ་བར་རང་རང་འཆི། །དེ་ལ་ཕོ་ཆེས་བྱས་ནས་བཏགས། །གཉིས་པ་བཟང་ཞིང་བཀྲ་ཤིས་ཏེ། །གསུམ་པ་ཐོན་བུ་དག་ལ་ངན། །ཁྱི་དགུའི་རོ་མཆན་དུ་བཅུག་ཕྱོགས་གཙང་སར་བསྐྱལ། །བཞི་པ་གྱོད་རྒྱུག་དག་ལ་ངན། །བག་མའི་སྔོན་དུ་གྱོད་རྒྱུག་གཉིས་ཀྱིས་ས་གཏོར་ལ་བྲོས། ལྔ་པ་ཕ་མིང་རང་ལ་ངན། བཏང་དུས་སྒོ་ཕྱི་རྒྱབ་ཏུ་བུ་མོ་བརྒྱན་ལ་བཏང་། དྲུག་པ་ཁྱོ་ལ་ངན་པ་སྟེ། ཁྱོ་བྲོས་འཁོར་གསུམ་གོ་ཆ་ཁྱིའམ་ར་ལ་བཀལ། སྔོན་དུ་བཏགས་ལ་ཁྱོ་འདི་ཡིས་བཟློ་བསྐོར་ཐབས་ཕོ་ལོ་མདུན་མོ་ལོ་རྒྱབ། ༈ དར་རྒུད་ནི་སྲོག་ན་ཤི་དུར་ཞུགས་ཀྱི་ཟླ་བར་རྫོགས་ན་རང་ལ་ངན། སྲོག་ལ་ངན་གསུམ་ལ་ཕ་མ་ལ་ངན། བུ་ངན་གསུམ་ལ་ཚ་


CMR059_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དང་བྲན་ཕ་ཁུ་ལ་ངན། གྲོགས་ངན་གསུམ་གྱོད་སྒྲུག་ལ་ངན། དགྲ་ངན་གསུམ་ཁྱོ་ལ་ངན། དབང་ཐང་ངན་གསུམ་ཟ་སྐར་ཆུང་། གྲོགས་ངན་གསུམ་ཁ་རྗེ་ཆུང་། བུ་ངན་གསུམ་མི་སྟོང་བབས། དགྲ་ངན་གསུམ་གོད་ཁ་ཆུང་། རླུང་རྟ་ངན་གསུམ་ཁྱིམ་ལྟོག་པ་ལ་ངན། རླུང་རྟ་དགྲ་ངན་གསུམ་གཉེན་པོ་ལ་ངན། གྲོགས་ངན་གསུམ་སྣ་ཟ། ཕ་དང་མིང་པོས་བརྗོགས་མིང་པོས་བརྗོང་བ་ལ་ལུས་ཀྱི་མ་དར་བ། ཁྱོ་དང་བུད་མེད་གཉིས་དགྲ་དང་གྲོགས་དར་བ་གལ་ཆེ་ཟེར་རོ། ༧ །ཞག་གང་ལ་བརྫོགས། སྲོག་ན་ཤི་དུར་གསུམ་ཉི་མ་ལ་བབ་ན་བག་མ་ལ་ངན། སྲོག་གི་གྲོགས་ངན་གསུམ་གྱོད་སྒུག་ལ་ངན། རང་ན་ཚ་དཀོན་ཚེ་རིང་། ལུས་ངན་གསུམ་མ་ལ་ངན། ལུས་གྲོགས་ངན་གསུམ་ནོར་་སྐལ་ཆུང་། ལུས་བུ་ངན་གསུམ་མི་སྟོང་བབ། དགྲ་ངན་གསུམ་མི་ཁ་འོང་། རླུང་རྟའི་མ་དང་གྲོགས་ངན་ན་སྣ་ཟ། དགྲ་དང་གྲོགས་དར་བ་གལ་ཆེ། ཚེས་གང་ལ་བརྫོགས་ན། །ཚེས་གཅིག་མིང་སོགས་ངན། ལྔ་དྲུག་བོན་པོ་ངན། བརྒྱད་དགུ་རྟ་ངན། གསུམ་བཞི་མ་ལ་ངན། ཉེར་གཉིས་ཁྱིམ་ལ་ཟློས། ཉི་ཤུ་བརྒྱད་དགུ་གྱོད་སྒུག་ལ་ངན། བཅོ་བརྒྱད་


CMR059_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དགུ་སྐྲག་དངངས་འོང་། གནམ་སྟོང་བྱེ་བྲལ་ཤི་ཆད་འོང་། བདུན་གསུམ་བག་མའི་གནམ་སྒོ་ཡིན། ༧ གཟའ་ནི་སྐྱེས་པ་བུད་མེད་གཉིས་ཀའི་དབང་ཐང་གི་གཟའ་དང་མ་གཟའ་དར་དུས་བཟང་། ༧ སྐར་མ་ནི། གཉིས་ཀའི་བླ་སྐར་སྲོག་སྐར་བཟང་། །སྐག་བདུད་གཤེད་སྐར་དག་ལ་འཛེམ། །དེ་ལྟར་བརྫོགས་ལུགས་བཅུ་གཉིས་སོ། །རང་རང་བླ་གཟའ་དར་དུས་བཟང་། །ཟླ་ཕུར་སངས་གསུམ་དར་དུས་བཟང་། །ཉི་མིག་སྤེན་དང་ལྷག་པ་ངན། ༧ །ལི་ནི་བག་མའི་བྲུབ་ཁུང་ཡིན། །དེ་ལ་བཏང་ན་བྱེ་བྲལ་འོང་། །དེ་བཞིན་སྤར་ཁ་དགྲ་ཐོག་སྤང་། །ལི་ལ་སྐྱེས་པ་ཟིན་ལ་སོགས། །མ་ཡི་སྟེང་དུ་བླང་བར་བྱ། །དེ་བཞིན་ལོ་ཟླ་ཞག་དུས་ཚེས། །གཟའ་སྐར་སྨེ་བ་དར་རྒུད་རྣམས། ༧ །ཐམས་ཅད་འབྱུང་བ་མ་ལ་བླང་། ཕྱོགས་གང་ལ་བརྫོང་། སྤྱི་རུ་ལོ་ཟླ་ཞག་དུས་ཀྱི། །ས་བདག་ཐམས་ཅད་འཛེམ་པ་མཆོག །ཁྱད་པར་གནམ་ཁྱི་ཐེ་ཁྱིམ་དང་། །ས་ཡི་ལྷ་མོ་ཀིང་ཀང་དང་། །ཀིང་ཀང་རྒྱུ་དང་ཧལ་ཁྱིར་འཛེམས། །སྤར་ཁ་ནི། གནམ་སྨན་འོག་བར་བླང་ན་བསམ་པ་འགྲུབ། སྲོག་འཚོར་བླང་ན་ཚེ་རིང་། དཔལ་བསྐྱེད་ལ་བུ་ཚ་འཕེལ། བཀྲ་


CMR059_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་གནོད་པ་ཡོད་ཕྱོགས་སུ་ནད་ཀྱིས་ཐེབས། བདུད་གཅོད་ཕྱོགས་སུ་རང་འཆི། ༧ གནམ་ལོའི་སྲོག་གིས་བག་མའི་སྲོག་བཅད་ན་རང་འཆི། ལུས་བཅད་ན་གྱོད་སྒུག་ལ་ངན། དབང་ཐང་བཅད་ན་ནོར་འཆི། རླུང་རྟ་བཅད་ན་སྐུད་པ་ལ་ངན། ཁམས་བཅད་ན་བུ་ཚ་མེད། ༧ གནམ་ཁྱི་རྩིས་ལ་རྒྱས་བསྡུས་མང་དུ་ཡོད་ཀྱང་། ཉོ་བོ་མཐུན་གསུམ་ལོ་པས་བྱ། ༧ སྣ་ཁྲིད་བག་མའི་སྲོག་གི་མའམ་གྲོགས་པོས་བྱ། ༧ རྟ་ཁྲིད་ལུས་ཀྱི་བག་མའི་ལུས་ལ་སྐྱོབས་པས་བྱ། ༧ ལུས་སམ་རླུང་རྟའི་ཁ་དོག་མཐུན་པའི་རྟ་ཞོན། ༈ སྣ་བོན་རླུང་རྟའི་གཤེད་ཀྱིས་བྱ། ༧ སྣ་ཟས་དབང་ཐང་མ་ཡིས་སྦྱིན།་་་་བག་མའི་དབང་ཐང་ཤིང་ཡིན་ན་དབང་ཐང་ཆུ་པས། །ཕྱོགས་ནི་སྲོག་གི་མ་ཕྱོགས་འདུག ༧ སྣ་མེ་བདུན་ཟོར་ལོ་པས་འབུད། ༈ ལམ་ནི། རང་ལོ་བདུན་ཟུར་ཤར་དུས་འཛེམ། །ལི་འཛེམ་ཁོན་ལ་སྨོ་བ་ཡིན། །དམག་ལ་དྭ་དང་བག་མ་ཟིན། །དེ་ལ་བག་མ་མཚོན་གྲིར་འཆི། །དམག་པ་གིན་དང་བག་མ་ཁོན། །བཤའ་གྲི་བརྡར་བས་གོད་ཁ་ཆེ། །བབ་སྨེ་གཉིས་ནག་བདུན་དམར་ཏེ། །ཕྱིན་ན་འཆི། རང་ལོ་རང་ཟླའི་སྟེང་མི་འགྲོ། །མག་པ་ལི་ཐོག་ཡོད་


CMR059_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཛེམ། །དེ་ཡི་ཕ་མ་སྤུན་ཟླ་སོགས། །ལི་ཐོག་ཡོད་པ་དེ་ཉིད་བྱོལ། །ཆས་ཇ་མ་མཆོད་བར་དུ་ནི། །བག་མ་ལ་ནི་ལྟ་མི་རུང་། །བག་མ་རང་གི་ཟླ་ཉི་ལ། །སྐར་སྐྱོན་ཀུན་ལ་འཛེམ་པར་བྱ། །སྐྲ་འཁྲུ་ཉིན་ཡང་སྐར་འཛམ་བསྐྲད། །སྨིན་དྲུག་བྲ་ཉེ་ཤིན་ཏུ་འཛེམ། །བཟང་དྲག་སྐར་མ་འགྲུབ་སྦྱོར་མིན། །ངན་དྲག་སྐར་ནང་རྐྱེན་སྐྱོན་མེད། ༧ །ཞག་གི་གནམ་ཁྱི་གཙོ་ཆེ་བས། །ལྟོ་བ་ལ་སོགས་བཟང་བར་བསྐྲད། །དུས་ཚོད་བག་མ་མག་པ་ཡི། །ལོ་ཐོག་མིན་པ་གཅིག་ཏུ་བཀོག །ཕྱོགས་ནི་ཕྱོགས་ཀྱི་གཙང་ལྟ་སྟེ། །ཧལ་ཁྱི་ཐེ་ཁྱིམ་ཤིན་ཏུ་འཛེམ། །ཟླ་བའི་གནམ་ཁྱི་གཙོ་ཆེ་སྟེ། །ལྟོ་བ་ལ་སོགས་བཟང་བར་བཏད། །༧ །བག་མའི་སྐྱེས་སྨེ་དགུ་དམར་རམ། །འཕུར་སྨེ་དགུ་དམར་ལ་བབ་ན། །གཡང་ནི་རྗེས་སུ་འགྲོ་བར་བཤད། །གཡང་སྐྱོབ་གཡང་ལེན་གཟབ་སྟེ་བྱ། །ལོ་ཟླ་བདུན་ཟུར་སྟེང་འགྲོ་ན། །སྣ་འདྲེ་ཆེ་བས་སྣ་ཁྲུས་གཟབ། །ཕྲན་ཆེག་ཀེག་ཕྲན་སྤྱི་བཅོས་ནི། །སྣ་ས་ཕ་མིང་གཉིས་ཀ་ཡིས། །བསང་དང་གཏོར་མ་བཏང་བ་དང་། །མཚན་བརྗོད་རྣམ་འཇོམས་ཟབ་མདོ་འདོན། །གཡང་སྐྱབས་རང་གི་ཕུག་ལྷ་མཆོད། །སྣ་བས་གླང་ཆེན་སྣ་བསྒྱུར་


CMR059_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །རྣམ་འཇོམས་སྨེ་བརྩེགས་གཟུངས་ཆུས་བཀྲུ། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབག་རྩིས་བསྡུས་དོན་རིན་ཆེན་ཕྲེང་བ།next