Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
གཤིན་ཐང་ལྔ་བཅུའི་རྡེལ་འགྲེལ་མུན་སེལ་སྒྲོན་མེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་ཐང་ལྔ་བཅུའི་རྡེལ་འགྲེལ་མུན་སེལ་སྒྲོན་མེ།next

གཤིན་ཐང་ལྔ་བཅུའི་རྡེལ་འགྲེལ་མུན་སེལ་སྒྲོན་མེ།


CMR059_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་ཐང་ལྔ་བཅུའི་རྡེལ་འགྲེལ་མུན་སེལ་སྒྲོན་མེ་བཞུགས་པའི་དབུའི་གཟིགས་ཕྱོགས་ལགས་སོ།།


CMR059_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྡེལ་འགྲེལ་འདི་ཡི་མན་ངག་ལ། །ཐམས་ཅད་གསལ་བའི་སྒྲོན་མེ་ཡིན། །རྒྱ་ནག་རྩིས་ཀྱི་ཡང་ཐིག་ཡིན། །མན་ངག་ཤེས་འབྱེད་ཀྱི་མེ་ལོང་། །རྡེལ་གཞུང་ཁྲ་མོའི་ཁྲིད། །སྟག་མགོ་དམར་པོ་ཡི་ཡང་ཁྲིད། །དཔྱད་དོན་གསལ་བའི་ཡང་ཁྲིད་ཡིན། །ཤི་གསོན་རྡེལ་གྱི་བང་བའི་གཞུང་། །མཁས་པའི་ཉམས་ཅན་སྤྱད་པ་ལ། །རྡེལ་ལ་བཟང་ངན་ཤན་འབྱེད་ཡོད། །ཡག་ཉེས་གཉིས་ཀྱི་རྟིང་གཅོད་ཡོད། །དེ་ཡི་དཔྱད་དོན་འདི་ལྟར་ཏེ། །གནམ་ལོའི་ས་མཁན་དར་འཛིན་རྩི། །ས་མིག་ཆོར་དང་མི་ཆོར་བརྩི། །


CMR059_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་མེན་འཕྲལ་སྐྱོན་ཨེ་འོང་རྩི། །ཇག་པ་རྐུ་མ་ཨེ་འོང་རྩི། །སྤར་ཁ་ཀུན་ལ་ཁྱབ་པ་དང་། །དར་སྲི་ཟ་ཁ་ཡོད་མེད་བརྩི། །སྨེ་བ་དྭ་ཕྲུག་ཡུགས་ས་དང་། །སྡུག་ཡུན་རིང་ཐུང་ཅི་བྱེད་རྩི། དར་རྒུད་ཀྱི་མི་རྒྱུད་དར་དང་མི་དར་རྩི། །དར་མ་ལ་གཞོན་ཤི་ཡོད་མེད་རྩི། །ཟླ་བ་བློན་པོ་གྲོས་བྱེད་དང་། །ནོར་ལ་ཕྱུགས་དབུལ་ཅི་འོང་རྩི། །ཞག་གི་དམག་མི་བང་ཆེན་དང་། །སྡེ་ཕ་རྟག་ཏུ་ཨེ་རྟག་རྩི། །དུས་ཚོད་ཤན་པ་གྲི་ཐོགས་དང་། །རླུང་ཁ་ཐོབ་དང་མི་ཐོབ་རྩི། །གཟའ་ཡི་ཁྱིམ་གྱི་གཟའ་ཕ་དང་། །བུ་རྒྱུད་འཕེལ་དང་མི་འཕེལ་རྩི། །སྐར་མ་ཡུལ་མི་ཁྱིམ་


CMR059_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མཚེས་དང་། །བྲན་གཡོག་མང་ཉུང་ཅི་འོང་རྩི། །སྲོག་གི་ཚེ་ཚད་རིང་ཐུང་དང་། །དོ་བདག་དང་ནི་བནེ་རྩི། །ལུས་ཀྱི་བོན་པོ་རོ་ཁུར་དང་། །དུར་ས་ལེན་དང་མི་ལེན་རྩི། །རྒྱལ་པོ་དང་ནི་མི་དཔོན་གྱི། །རྒྱལ་ས་བརྟན་དང་མི་བརྟན་རྩི། ༈ །གནམ་ལོའི་རྡེའུ་དཀར་བ་ན། །ས་མཁན་དར་འཛིན་བདུད་ལས་ཐར། །ཉེས་སྐྱོན་མེད་པར་ས་མིག་ཚོལ། །༈ །གནམ་ལོའི་རྡེའུ་ནག་པ་ན། །ས་མཁན་དང་ནི་དར་འཛིན་ལ། །ཚེ་ཚད་གཤེད་མ་འཇོམས་པ་ཡིན། །ཡང་ན་ས་མཁན་བདུད་ཀྱིས་འཁྱེར། །ཡང་ན་ས་མིག་དགྲ་དང་འཕྲད། །སུབ་མ་དགྲ་ལངས་ཡིན་པར་ངེས། ༈ ན་མོ་ཨཱརྱ་མཉྫ་ཤྲཱི་ཡེ། གཤིན་ཐང་ལྔ་བཅུའི་རྡེལ་བཤད་ཀྱི། །མ་ཚང་ཁ་བསྐང་ཞལ་ཤེས་ནི། །ཀ་ཐེམ་བཞིན་དུ་སོ་སོར། ༼ཀ༽ །ལོག་མེན་རྡེའུ་དཀར་བ་ན། །ཤན་པ་གྲི་བཟུང་ཉལ་བའི་ཕྱིར། །ཕྲལ་དུ་ན་ཚ་མེད་པ་ཡིན། །ཇག་སྣ་རྐུན་སྣ་མི་སྡང་ཞིང་། །བྲེལ་བ་ཡེ་འདྲོག་མེད་པས་བདེ། ༼ཁ༽ །ལོག་མེན་རྡེའུ་ནག་པ་ན། །ཤན་པ་གྲི་བཟུང་རྟ་ཐོགས་འཛེག །ཡང་ན་འཕྲལ་དུ་ན་ཚ་འོང་། །ཡང་ན་ཇག་སྣ་རྐུན་སྣ་སྡང་། །ཁྲེལ་བ་ཡེ་འདྲོག་འོང་བ་ཡིན།


CMR059_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

༼ག༽ །སྤར་ཁའི་རྡེའུ་དཀར་བ་ན། །ཤན་པ་གྲི་བཟུང་ལུང་དོགས་མེད། །ཕ་ཚན་བདུད་ལས་ཐར་བ་ཡིན། །ནང་ཁ་མཐུན་ཞིང་བྱེ་བྲལ་མེད། །ཀུན་ཀྱང་བདེ་ཞིང་སྐྱིད་པར་འོང་། ༼ང་༽ །སྤར་ཁའི་རྡེའུ་ནག་པ་ན། །ཤན་པ་གྲི་བཟུང་ལང་བ་ཡིན། །ཡང་ན་ཕ་ཚན་བདུད་ཀྱི་ནོན། །ཡང་ན་ནང་དབྱེ་ཡ་བྲལ་འོང་། །ཡང་ན་མི་བདེ་སྣ་ཚོགས་འོང་། ༼ཅ༽ །སྨེ་བའི་རྡེའུ་དཀར་བ་ན། །ནང་ཁ་མཐུན་པའི་ནང་འཁྲུགས་མེད། །དུའུ་མི་བྱེ་བློ་སེམས་མཉམ། །ཡུགས་སས་གནས་བསྡམ་མི་བྱེད་ཅིང་། །ཡུགས་སྨད་བསམ་པ་འགྲུབ་པ་ཡིན། ༼ཆ༽ །སྨེ་བའི་རྡེའུ་ནག་པ་ན། །སྲན་ཕུང་རླུང་གི་ཁྱེར་བས་འཇིག །ཡང་ན་དྭའུ་ཁ་ཡ་བྱེ། །ཡང་ན་ཡུགས་སས་གནས་བསྡམ་བྱེད། །ཡུགས་ས་ཁ་ཁར་བྱེ་བ་ཡིན། ༼ཇ༽ །དར་རྒུད་རྡེའུ་དཀར་བ་ན། །སྐྱིད་ལ་སྐྱེད་ཆད་མེད་པ་ཡིན། །དར་ལ་མི་འཆི་ཚེ་སྲོག་བརྟན། །ཕྱུག་བར་དབུལ་གྱི་མི་ཆོད་ཞིང་། །སྡུག་བསྔལ་མི་མཐོང་སྐྱིད་ཡུན་རིང་། ༼ཉ༽ །དར་རྒུད་ཀྱི་རྡེའུ་ནག་པ་ན། །རྨར་ཁྲམ་སྐད་ཆད་ལར་བས་འཇིག །ཡང་ན་དར་ལ་གཞོན་ཤི་བྱེད། །ཡང་ན་ཕྱུག་པོ་ཁུར་དུ་ཡར། །སྐྱིད་མི་


CMR059_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་སྡུག་གི་ཡུན་ལ་རིང་། ༼ཏ༽ །ཟླ་བའི་རྡེའུ་དཀར་བ་ན། །བསེ་རག་བྱུར་འདྲེ་བུད་པ་ཡིན། །འགོང་པོ་སྲས་ཀུན་མེད་པའི་ཕྱིར། །ཟས་གཡང་ནོར་གཡང་ཆགས་པ་དང་། །མི་རྒྱུད་ཁ་མཆུ་ཉུང་བ་ཡིན། ༼ཐ༽ །ཟླ་བའི་རྡེའུ་ནག་པ་ན། །བསེ་རག་ཁ་ཡར་ལང་བས་འཇིགས། །ཡང་ན་བློ་ལ་སྲིད་ཀྱི་རྐུ། །ཡང་ན་ནོར་ཟས་ད་ཞོ་སྐམ། །མི་རྒྱུད་ཁ་མཆུ་མང་བ་ཡིན་དག་གི་རྡེའུ་ནག་པ་ན། །བང་ཆེན་འགྲིམ་པ་མགོ་ཐོན་ཡིན། །བྲེལ་བ་ར་དོགས་མི་འོང་ངོ་། །ཡུལ་ཤོར་མི་ས་མི་ཟིན་ཅིང་། །མི་ངན་གཉའ་ལ་ཤོར་དོགས་མེད། ༼ན༽ །ཞག་གི་རྡེའུ་ནག་པ་ན། །བང་ཆེན་ཕྲིན་པ་སྡོས་དང་ཕྲད། །ཡང་ན་བྲེལ་བ་ཡེ་འདྲོག་འོང་། །ཡང་ན་རང་ཡུལ་ལུས་པ་ཡོད། །མི་ངན་གཉའ་ན་ཤོར་དོགས་ཡོད། ༼པ༽ །དུས་ཚོད་རྡེའུ་དཀར་བ་ན། །འཁོན་ཐབས་ཁ་སྨྲས་མེད་པ་ཡིན། །གཞོན་ནུ་ནད་མེད་ལུས་པོ་བདེ། །ཕྱུགས་གཙང་བ་ལ་མི་ཁ་མེད། །མི་རྒྱུད་ངོ་སོ་སས་ཁ་མཐོ། ༼ཕ༽ །དུས་ཚོད་རྡེའུ་ནག་པ་ན། །འཁོན་གྱི་རྒྱང་མདའ་ལང་བ་ཡིན། །ཡང་ན་གཞོན་པ་ནད་ཀྱིས་འདེབས། །ཡང་ན་ཕྱག་རྩས་མི་ཡི་འཕྱ། །མི་རྒྱུད་ཕོ་བྱས་


CMR059_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་བ་ཡིན། ༼བ༽ །གཟའ་ཡི་རྡེའུ་དཀར་བ་ན། །སྟེང་གདོན་མི་གནོད་གཟའ་ནད་མེད། །གཟའ་འཐབ་མི་བྱེད་ནང་ཁ་མཐུན། །མི་རྒྱུད་མི་འཆད་ནོར་སྒབ་འཕེལ། ༼མ༽ །གཟའ་ཡི་རྡེའུ་ནག་པ་ན། །རཱ་ཧུ་ལ་ཡི་ཟ་ཁ་འཛིན། །ཡང་ན་ཁྱིམ་གྱི་གཟའ་ཕ་འཐབ། །ཡང་ན་སྲིད་ཀྱི་རུ་མ་སྐམ། །དབུལ་པོ་རྒྱང་པོ་འོང་བ་ཡིན། ༼ཙ༽ །སྐར་མའི་རྡེའུ་དཀར་བ་ན། །ཡུལ་མི་སྡེ་རོགས་མི་འཐོར་ཞིང་། །ཡུལ་མི་ཁྱིམ་མཚེས་གཉིས་ལ་བཟང་། །བྲན་གྱི་ངོ་ལོག་མི་བྱེད་ཅིང་། །འཁོར་གཡོག་དགྲ་དང་བསྡོང་དོགས་མེད། ༼ཚ༽ །སྐར་མའི་རྡེའུ་ནག་པ་ན། །གཏོར་བྱེད་རྡེའུ་བཞི་ལང་བ་ཡིན། །ཡུལ་མི་ཁྱིམ་མཚེས་གཉིས་ལ་ངན། །ཡང་ན་བྲན་གྱི་ངོ་ལོག་བྱེད། །འཁོར་གཡོག་དགྲ་དང་བསྡོང་བ་ཡིན། ༼ཛ༽ །སྲོག་གི་རྡེའུ་དཀར་བ་ན། །ཚེ་ཡི་ཀ་བ་ཚུགས་པ་ཡིན། །དོ་བདག་དང་ནི་བནྡྷེ་ལ། །སྡུག་གི་ཁུ་རུ་མེད་པ་ཡིན། ༼ཝ༽ །སྲོག་གི་རྡེའུ་ནག་པ་ན། །ཚེ་ཡི་ཀ་བ་འགྱེལ་བ་ཡིན། །དོ་བདག་དང་ནི་བནྡྷེ་ལ། །མི་ཁྱག་གི་ཁུར་རུ་འོང་བ་ཡིན། ༼ཞ༽ །ལུས་ཀྱི་རྡེའུ་དཀར་བ་ན། །བོན་པོ་དང་ནི་རོ་ཁུར་ལ། །གཤིན་གྱི་ཕྱི་


CMR059_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་མེད་པ་ཡིན། །ལུས་ལ་སྣད་ཡར་མེད་པས་བདེ། ༼ཟ༽ །ལུས་ཀྱི་རྡེའུ་ནག་པ་ན། །བོན་པོ་དང་ནི་རོ་ཁུར་ལ། །གཤིན་གྱི་ཕྱི་ལྟས་བྱས་པ་ཡིན། །ལུས་ཀྱི་པགས་པ་རལ་བ་ཡིན། ༼འ༽ །དབང་ཐང་གི་རྡེའུ་དཀར་བ་ན། །དབང་ཐང་གི་བང་བ་གང་བ་ཡིན། །མི་རྒྱུད་མི་འཇུག་མནའ་མ་གཙང་། །གཤིན་ཟས་གསོན་ལ་མི་བསྙག་གོ ༼ཡ༽ །དབང་ཐང་གི་རྡེའུ་ནག་པ་ན། །དབང་ཐང་གི་བང་བ་སྟོང་བ་ཡིན། །མནའ་མ་རྫུན་མའི་ནལ་གྲིབ་ཕོག །གཤིན་ཟས་གསོན་ལ་བསྙག་པ་ཡིན། ༼ར༽ །རླུང་རྟའི་རྡེའུ་དཀར་བ་ན། །སྲུང་མདའ་ཚུགས་པས་ལྷ་སྲུང་འཁོར། །ཞང་པོ་དང་ནི་ལྷ་གསོལ་ལ། །ཟ་འདྲེ་ཟ་འདྲེ་མེད་པ་ཡིན། །གཤིན་གྱི་མི་ཁ་ཆོད་པ་ཡིན། ༼ལ༽ །རླུང་རྟའི་རྡེའུ་ནག་པ་ན། །སྲུང་མདའ་སྐེད་ནས་ཆགས་པ་ཡིན། །ཞང་པོ་དང་ནི་ལྷ་གསོལ་ལ། །ཟ་འདྲེའི་མཆེ་བ་སྟོན་པ་ཡིན། །གཤེད་ཀྱི་མི་ཁ་ལོག་པ་ཡིན། ༼ཤ༽ །ཁམས་ཀྱི་རྡེའུ་དཀར་བ་ན། །བདུད་ཀྱི་གནས་ཁང་ཞིག་པ་ཡིན། །རྒྱལ་པོས་རྒྱལ་ས་བརྟག་པ་དང་། །མི་ཆེན་གྱི་གོང་བ་མ་ཤོར་ངེས། །ནག་ན་རྒྱལ་པོ་ས་ཞིག་ཡིན། །ཚེ་རབས་ཀྱི་གོང་བ་དགྲ་ལ་ཤོར། ༈


CMR059_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་རྡེའུ་ནག་པ་ན། །བདུད་ཆེན་ཐང་ནས་ལང་བ་ཡིན། །རྒྱལ་པོས་རྒྱལ་ས་འབང་གིས་བཟུང་། །མི་རྟག་སྡུག་གི་མགོ་བསྐོར་ཡིན། །དེ་ལྟར་སྟོང་གཅོད་རྡེའུ་ལྔ་བཅུ་ཞེས། ༈ །དེ་རྣམས་གང་ཡང་ནག་པ་ན། །ཡུལ་ལ་བཟུང་རས་འོང་བ་ཡིན། །མི་ཡི་སྐྱེ་རས་འཁོར་བ་ཡིན། །ནོར་གྱི་བང་བ་སྟོང་བ་ཡིན། །མི་འཆི་མགོ་ནས་འཆི་བ་ཡིན། །མཚེར་པ་རྨུག་དང་བུ་མོས་བཟུང་། །དགྲ་སྣ་ཡམས་སྣ་ལང་བ་ཡིན། །ནག་འཇམ་སྟོང་པ་ལམ་དུ་བཞུད། །རྡེའུ་དཀར་འཇམ་བྱས་པ་ན། །ཟངས་དཀར་འོ་མ་ཁ་ལྷུད་ཡིན། །སྣོད་དུ་མ་ཤོང་སྲུབ་ཏུ་རལ། །སྐྱིད་ལ་ཁར་ཕྱིན་ཙ་ཡར་བ་ཡིན། །དཀར་ནག་འདྲེས་དགོས། དཀར་པོ་མང་ནས་ནག་པོ་ཉུང་ན་བཟང་། །ནག་འབྱམས་བདུད་ཀྱི་རེ་བ་ཡིན། །ཤི་ཁ་དུར་སྒྲོམ་ཆེན་པོ་ཡིན། །དེ་ཡི་ལྟོས་པ་ཡོད་པ་རྣམས། །ཧལ་ཁྱི་གྱི་ལིང་ལིང་འདི་ལྟོས། །སྨད་དུ་རྡེལ་ནག་འགྲིགས་པ་ངན། །སྤྱང་ཀི་ལུག་ལ་འཇབ་པ་ཡིན། །བར་དུ་རྡེལ་ནག་འགྲིགས་པ་ངན། །བདུད་པོ་མི་ལ་འཇབ་པ་ཡིན། །དར་མ་རྐུ་ཚེ་ཐུང་བ་ཡིན། །ཆུང་གསུམ་སྲིད་ལ་ཤོར་བ་ཡིན། །སྟོད་དུ་རྡེལ་ནག་འགྲིགས་པ་ན། །དྲི་ཟ་གསུར་ལ་འཇབ་པ་ཡིན། །ཚེ་རབས་ཆུ་ཐོག་སྐམ་པ་ཡིན། ༈ །དུར་རྡེལ་གཞུང་རྩིས་དཔྱད་དོན་ལ། །གནམ་ལོའི་སྲོག་རྡེལ་དཀར་བ་ན། །ས་བདག་ལག་པ་བསྐུམ་པ་ཡིན། །དོ་བདག་མིག་དང་ཕྲད་པ་


CMR059_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ༈ །གནམ་ལོའི་སྲོག་རྡེལ་ནག་པ་ན། །ས་བདག་ལག་པ་རྐྱང་བ་ཡིན། །དོ་བདག་ཚང་ནས་ས་དགྲ་ལང་། །དཀར་ན་ས་བདག་གི་ལག་པ་བསྐུམ་སྟེ་ས་མིག་དང་འཕྲད། ༈ གནམ་ལོའི་ལུས་རྡེལ་ནག་པ་ན། །ས་བདག་ཞེ་ས་ཁྲོས་པ་ཡིན། །ས་མཁན་ལ་ས་དགྲ་ལང་བ་ཡིན། །དཀར་ན་ཞི་དུལ་དང་འཕྲད་པས་ས་དགྲ་མེད། ༈ གནམ་ལོའི་དབང་རྡེལ་ནག་པ་ན། །ས་བདག་གི་ཕྲ་ཁ་བྱེད་པ་ཡིན། །མནའ་མ་ས་དགྲ་ལང་བ་ཡིན། །དཀར་ན་དེ་དག་བཟློག་པས་བཟང་། ༈ །གནམ་ལོའི་རླུང་རྡེལ་ནག་པ་ན། །ཕ་སྤུན་ལ་ས་དགྲ་ལང་བ་ཡིན། །དཀར་ན་ཕ་སྤུན་ལ་ས་དགྲ་མེད། ༈ །དེ་ཡི་ཁམས་རྡེལ་ནག་པ་ན། །ཟས་ནོར་ལ་ས་དགྲོ་ལང་བ་ཡིན། །དཀར་ན་ཕ་སྤུན་ལ་ས་དགྲ་མེད། །ས་མིག་དང་མི་འཕྲད་དགྲ་དང་འཕྲད། །ས་བདག་བདུད་དུ་གྱུར་པ་ཡིན། །ཤི་སྒབ་མི་ཆད་རྗེས་སྒབ་ནག ༼ས༽ །ལོག་མེན་གྱི་སྲོག་རྡེལ་དཀར་བ་ན། །སྔར་ཡང་བྱེད་ཁ་ཟུག་པ་མེད། །ད་ཡང་བྱད་ཁ་མི་ཟུག་གོ ༼ཧེ༽ །ལོག་མེན་གྱི་སྲོག་རྡེལ་ནག་པ་ན། །སྔར་ཡང་བྱེད་དང་འདྲེས་པ་ཡིན། །ད་ཡང་བྱེད་དང་ཕུང་ཉེས་ཡོད། ༼ཨ༽ །ལོག་མེན་གྱི་ལུས་


CMR059_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

རྡེལ་དཀར་བ་ན། །མོ་མགྲོན་མོ་འདྲེས་མི་གནོད་ཅིང་། །ལུས་ཀྱི་ན་ཚ་ཉུང་བ་ཡིན། ༼ཀ༽ །ལོག་མེན་གྱི་ལུས་རྡེལ་ནག་པ་ན། །མོ་མགྲོན་ཕྱི་ནས་ལང་བ་ཡིན། ༼ཁ༽ །ལོག་མེན་གྱི་དབང་རྡེལ་དཀར་བ་ན། །མནའ་མ་ལ་ཆུང་སྲི་མི་འཁྲི་ཞིང་། །བྱིས་པ་ལ་ཤི་ཆད་ཉུང་བ་ཡིན། ༼གི༽ །ལོག་མེན་གྱི་དབང་རྡེལ་ནག་པ་ན། །ཚེ་ལ་ན་ཚ་འོང་བ་ཡིན། །མནའ་མས་དར་སྲིད་གྲིད་པ་ཡིན། །བུ་ཆུང་ས་ནས་ཆུང་སྲི་ལང་། ༼ཏི་༽ །ལོག་མེན་རླུང་རྡེལ་དཀར་བ་ན། །ཞང་པོའི་ཕྱོགས་ནས་ཡུལ་ལྷའི་མགོན། །ཞང་པོ་ལེའུ་གཉིས་ལ་བཟང་། ༼ཙ༽ །ལོག་མེན་གྱི་རླུང་རྡེལ་ནག་པ་ན། །ཞང་པོ་དང་ནི་ལེའུ་ཕྱོགས་ནས་གྲི་ཕོའི་གདོན། ཞང་པོ་ལེའུ་གཉིས་ལ་ཞེ་བ་ནག ༼ཆ༽ ། །ལོག་མེན་གྱི་ཁམས་རྡེལ་དཀར་བ་ན། །མགོ་དཔོན་དང་ནི་ཕ་སྤུན་ལ། །ཕྲད་དུ་ཁ་མཆུ་དགྲ་རྐུན་མེད། ༼ཇི༽ །ལོག་མེན་གྱི་ཁམས་རྡེལ་ནག་པ་ན། །ཞང་པོ་དང་ནི་ཕ་ཚོ་ལ། །འཕྲལ་དུ་ཇག་ངོ་རྐུན་ངོ་ཡོད། །ཡང་ན་ཁ་མཆུ་གླེང་གཞི་འོང་། ༼ཉི༽ །སྤར་ཁའི་སྲོག་རྡེལ་ནག་པ་ལ། །སྤར་ཁ་རུས་པའི་སྟེང་ནས་ཆགས། །ཚེ་སྲོག་འཛིན་པའི་བླ་


CMR059_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྐམ། །སྟེང་ནས་བདུད་ཀྱི་བྱ་ནག་ལྡིང་། །འོག་ནས་ཕུང་སྲི་རྔ་མོང་འཁུན། །མོ་རྩིས་བྱེད་ལ་སྨུ་གབ་ཡོད། ༼ཏ༽ །སྤར་ཁའི་སྲོག་རྡེལ་དཀར་བ་ན། །འབྱུང་བ་སྲོག་གི་འཛིན་ཤིང་སྐྱེས། །ཚེ་ཡི་འཁོར་ལོ་མ་ཞིག་པས། །ཤི་ཤིང་ཆད་པའི་སེམས་ཁྲལ་མེད། ༼ཐི༽ །སྤར་ཁའི་ལུས་རྡེལ་ནག་པ་ན། །འབྱུང་བ་ལུས་ཀྱི་བརྟན་ཕུར་བུད། །ལུས་ལ་ན་ཚ་སྡུག་བསྔལ་འབྱུང་། །འདུག་མི་འདོད་ཅིང་སྙིང་མི་དགའ། །མགྲོན་དུ་སྨན་མི་འབོད་པ་དང་། །ཟས་ཕྱེད་སྨན་ལ་བྱེད་དགོས་བྱུང་། ༼དེ༽ །སྤར་ཁའི་དབང་རྡེལ་ནག་པ་༼ན། །མི་གཡང་ནོར་གཡང་གཉིས་ཀ་ཉམ། །ཕུང་སྲི་ལྟོག་འགོང་ཕུག་ན་གབ། །གོད་ཁ་ཚོང་ཉེས་གཏོར་བརླག་མང་། ༼ནི༽ །སྤར་ཁའི་རྡེའུ་ནག་པ་ལ། །རླུང་རྟ་སྙན་པའི་བག་ན་ཆགས། །དགྲ་སྣ་བྱུར་སྣ་ཁ་མཆུ་ཟུག །གཉེན་འདུན་འགའ་ཞིག་དགྲ་རུ་ལང་། །བསམ་པ་ཐམས་ཅད་ལོག་པར་འགྲོ། ༼ཕི༽ །སྤར་ཁའི་ཁམས་རྡེལ་དཀར་བ་ན། །ལ་ཆེན་ནོར་གཡང་མི་ཉམ་ཞིང་། །མགོ་དཔོན་སྐུ་ཆུས་མཐོ་བ་ཡིན། ༼ཕི༽ །སྤར་ཁའི་ཁམས་རྡེལ་ནག་པ་ན། །ནོར་དང་མགོ་དཔོན་ཞེ་བ་ནག །དེ་རྣམས་དཀར་ན་ཤིན་ཏུ་


CMR059_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། ༼བ༽ །སྨེ་བའི་སྲོག་རྡེལ་དཀར་བ་ན། །སྤྱན་ལ་དྭའུ་གར་ཡོད་ལ། །ཚེ་ལ་བར་ཆད་མེད་པ་ཡིན། །དོ་བདག་ལ་ལོ་མང་བར་ཆད་མེད། ༼མ༽།སྨེ་བའི་སྲོག་རྡེལ་ནག་པ་ན། །དྭའུ་དང་ནི་ཨ་ཕོ་ལ། །ཚེ་ཡི་ལོ་གྲངས་ཉུང་བ་ཡིན། །དོ་བདག་ལ་ན་ཚ་ཨི་མི་འོང་། ཙི༽ །སྨེ་བའི་ལུས་རྡེལ་དཀར་བ་ན། །བུ་མོ་དང་ནི་ཨ་ཞེ་ལ། །ཁྱོ་དང་འགྲོགས་ཡུན་རིང་བ་ཡིན། ༼ཚ༽ །སྨེ་བའི་ལུས་རྡེལ་ནག་པ་ན། །བུ་མོ་དང་ནི་ཨ་ཞེ་ལ། །བསྟོང་དང་འགྲོགས་ཡུན་ཐུང་བ་ཡིན། ༼ཛི༽ །ཡུགས་ས་དང་ནི་རྒོད་མ་ལ། །ཡུན་རིང་བུ་དང་མི་འབྲལ་འགྲོག ༼ཝི༽ །སྨེ་བའི་དབང་རྗེལ་ནག་པ་ན། །ཡུགས་ས་མ་དང་རྒོད་མ་ལ། །བུ་དང་འགྲོགས་ཡུན་ཐུང་བ་ཡིན། ༼ཞི༽ །སྨེ་བའི་རླུང་རྡེལ་དཀར་བ་ན། །ཕ་སྤུན་དང་ནི་ཨ་ཞང་ལ། །དགྲ་སྣ་ཀུན་སྣ་མེད་པ་ཡིན། ཟི༽ །སྨེ་བའི་རླུང་རྡེལ་ནག་པ་ན། །ཕ་སྤུན་དང་ནི་ཨ་ཞང་ལ། །མི་རེ་ས་ནས་དགྲ་ལོང་ཡིན། འི༽ །སྨེ་བའི་ཁམས་རྡེལ་དཀར་བ་ན། །ཕ་མ་དང་ནི་ཨ་ཁུ་ལ། །འཁོར་གཡོག་འཁོར་ཁྱིམ་ཆེ་བ་ཡིན། ༼ཡི༽ །སྨེ་བའི་ཁམས་རྡེལ་ནག་པ་ཡིན། །ཕ་མ་དང་ནི་ཨ་


CMR059_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་ལ། །འཁོར་གྱི་རྨུ་དག་ཆད་པ་ཡིན། །དེ་རྣམས་དཀར་ན་བཟང་བ་ཡིན། ༼རི༽ །དར་རྒུད་ཀྱི་སྲོག་རྡེལ་དཀར་བ་ན། །ཆེ་རྒྱུད་དང་ནི་ཨ་ཕོ་ལ། །ཕ་མཚུན་དགྲ་བླ་འཁོར་བ་ཡིན། ༼ལ༽ །དར་རྒུད་ཀྱི་སྲོག་རྡེལ་ནག་པ་ན། །ཆེ་རྒྱུད་དང་ནི་ཨ་ཕོ་ལ། །མི་མིན་དར་འདྲེ་གནས་པ་ཡིན། ༼ཤི༽ །དར་རྒུད་ཀྱི་ལུས་རྡེལ་དཀར་བ་ན། །འབྲིང་རྒྱུད་དང་ནི་འོག་རྟ་ལ། །ཕུག་ལྷ་རྟ་ལྷ་འཁོར་བ་ཡིན། ༼སི༽ །དར་རྒུད་ཀྱི་ལུས་རྡེལ་ནག་པ་ན། །འབྲིང་རྒྱུད་དང་ནི་འོག་རྟ་ལ། །དར་སྲི་ཁོང་དུ་ཆགས་པ་ཡིན། ༼ཧི༽ །དར་རྒུད་དབང་རྡེལ་དཀར་བ་ན། །ཆུང་རྒྱུད་དང་ནི་ཚ་བོ་ལ། །མི་གཡང་ནོར་གཡང་འཁོར་བ་ཡིན། ༼ཨི༽ །དར་རྒུད་དབང་རྡེལ་ནག་པ་ན། །ཆུང་རྒྱུད་དང་ནི་ཚ་བོ་ལ། །ལྷ་འདྲེའི་མནར་བ་འོང་བ་ཡིན། ༼ཀུ༽ །དར་རྒུད་ཀླུང་རྡེལ་དཀར་བ་ན། །ནོར་དང་ལུག་ལ་འཕེལ་ཀ་ཡོད། ༼ཁུ༽ །དར་རྒུད་རླུང་རྡེལ་ནག་པ་ན། །ནོར་དང་ལུག་ལ་གོད་ཁ་འོང་། །དགུ༽ །དར་རྒུད་ཁམས་རྡེལ་དཀར་བ་ན། །འབྲོག་པ་དང་ནི་ཞིང་པ་ལ། །དགྲ་སྣ་སད་སེར་མེད་པ་ཡིན། ༼ང༽ །དར་རྒུད་ཁམས་རྡེལ་ནག་པ་ན། །འབྲོག་པ་དང་ནི་ཞིང་པ་


CMR059_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །དགྲ་སྣ་སད་སེར་འོང་བ་ཡིན། ༼ཅུ། །ཟླ་བའི་སྲོག་རྡེལ་དཀར་བ་ན། །རང་གི་བླ་ཡ་གྲོས་རོགས་ལ། །ན་ཚ་མདུན་ཕོག་མེད་པ་ཡིན། ༼ཆུ༽ །ཟླ་བའི་སྲོག་རྡེལ་ནག་པ་ན། །རང་ལ་ཐུག་པའི་བློ་འཛིན་ལ། །ན་ཚ་མདུན་ཐོག་འོང་བ་ཡིན། ཇུ། །ཟླ་བའི་ལུས་རྡེལ་དཀར་བ་ན། །བློ་ཡ་དེ་ཡི་གྲོས་རོག་ལ། །སྐྱིད་ཡུན་རིང་ཞིང་བདེ་བ་ཡིན། ༼ཉུ༽ །ཟླ་བའི་ལུས་རྡེལ་ནག་པ་ན། །དེ་ཡི་བློ་ཡ་གྲོས་རོགས་ལ། །སྐྱིད་སྐྱ་མི་ལ་རྐང་ཐང་འོང་བ་ཡིན། ༼ཏུ༽ །ཟླ་བའི་དབང་རྡེལ་དཀར་བ་ན། །མི་རྒྱུད་སྨུག་ལ་ཕ་བུ་འཛོམ། ༼ཐུ༽ །ཟླ་བའི་དབང་རྡེལ་ནག་པ་ན། །མི་རྒྱུད་སྨུག་གིས་བཟུང་བ་ཡིན། ༼དུ༽ །ཟླ་བའི་རླུང་རྡེལ་དཀར་བ་ན། །ཟས་དང་ནོར་ལ་རྨ་གཡང་ཆགས། ནུ་།ཟླ་བའི་རླུང་རྡེལ་ནག་པ་ན། །ཟས་ནོར་ས་ལ་འདྲེ་ཚང་བཅའ། ༼པུ༽ །ཟླ་བླའི་ཁམས་རྡེལ་དཀར་བ་ན། །ནང་མཐུན་ས་ཆ་འཛིན་པ་ཡིན། ༼ཕུ༽ །ཟླ་བའི་ཁམས་རྡེལ་ནག་པ་ན། །ཡུལ་དང་ནང་ཁ་འཇིགས་པ་ཡིན། ༼བུ༽ །ཞག་གི་སྲོག་རྡེལ་དཀར་བ་ན། །བང་ཆེན་འགྲོས་འགྲིམ་འགོ་ཐོན་འགྱུར། །སྡེ་རོགས་རྣམས་ལ་རྐྱེན་


CMR059_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ངན་མེད། ༼མུ༽ །ཞག་གི་སྲོག་རྡུལ་ནག་པ་ན། །སྡེ་རོགས་རྣམས་ལ་རྐྱེན་ངན་ཡོད། །ལོ་ཏོག་སད་ཀྱི་ཁྱེར་བ་ཡིན། ༼ཙུ༽ །ཞག་གི་ལུས་རྡེལ་དཀར་བ་ན། །བང་ཆེན་འགྲོས་འགྲིམ་མགོ་ཐོན་འགྱུར། ༼ཚུ་༽ །ཞག་གི་ལུས་རྡེལ་ནག་པ་ན། །འཕྲེང་བའི་མགོ་ལ་ཐོག་བབ་ཡིན། ༼ཛུ༽ །ཞག་གི་དབང་རྡེལ་དཀར་བ་ན། །ཕོ་ཉ་བང་ཆེན་འགྲོས་འགྲིམ་ལ། །ལམ་དགྲ་འཕྲོག་བཅོམ་མེད་པ་ཡིན། ༼ཝུ་༽ །ཞག་གི་དབང་རྡེལ་ནག་པ་ན། །ཕོ་ཉ་དགྲ་དང་འཕྲད་པ་ཡིན། ༼ཞུ༽ །ཞག་གི་རླུང་རྡེལ་ནག་པ་ན། །སྐད་སྙན་གསར་པ་ཐོས་ངོ་སྐད། ༼༣༽ །ཞག་གི་རླུང་རྡེལ་ནག་པ་ན། །ཁ་སྐད་ངན་པའི་བློ་མདའ་ཡིན། ༼འ༽ །ཞག་གི་ཁམས་རྡེལ་དཀར་བ་ནི། །ཕྲལ་དུ་བྲེལ་པ་ཡེ་འདྲོག་མེད། །༼ཡུ༽ །ཞག་གི་ཁམས་རྡེལ་ནག་པ་ན། །བྲེལ་བ་ཡེ་འདྲོག་འོང་བ་ཡིན། ༼རུ༽ །དུས་ཚོད་ཀྱི་སྲོག་རྡེལ་དཀར་བ་ན། །ཁ་ད་བ་ཡི་བློ་དེ་ཐོག ༼ལུ༽ །དུས་ཚོད་སྲོག་རྡུལ་ནག་པ་ན། །ཁ་ད་བ་ལ་འགོ་ཡོག་འབྱུང་། ༼ཤུ༽ །དུས་ཚོད་ཀྱི་ལུས་རྡེལ་དཀར་བ་ན། །ལག་བདེ་བ་ལ་ན་ནད་མེད། ༼སུ༽ །དུས་ཚོད་ལུས་རྡེལ་ནག་པ་ན། །ལག་བདེ་བ་ལ་


CMR059_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྣད་ཡར་འོང་། ༼ཧུ༽ །དུས་ཚོད་ཀྱི་དབང་རྡེལ་དཀར་བ་ན། །ཕྱག་གཙང་བ་ཡི་མི་ཁ་ཆོད། ༼ཨུ༽ །དུས་ཚོད་དབང་རྡེལ་ནག་པ་ན། །ཕྱག་གཙང་ལམ་བརྡབ་ཕོག་པ་ཡིན། ༼ཀེ༽ །དུས་ཚོད་རླུང་རྡེལ་དཀར་བ་ན། །མགྲོན་བསྐོར་བ་ཡི་གོ་ས་ཆོད། ༼ཁ༽ །དུས་ཚོད་རླུང་རྡེལ་ནག་པ་ན། །མགྲོན་བསྐོར་བ་ཡི་ཁ་མིག་ལོགས། །༼གེ། །ཆུ་ཚོད་ཁམས་རྡེལ་དཀར་བ་ན། །ཚོང་པ་མགྲིན་པ་མགོ་ཐོན་རྒྱས། ངེ༽ །དུས་ཚོད་ཁམས་རྡེལ་ནག་པ་ན། །ཚོང་པ་དང་ནི་འགྲིམ་པ་ཕམ། །འདི་རྣམས་རྡེའུ་དཀར་ན་བཟང་བ་ཡིན། ༼ཅེ༽ །གཟའ་ཡི་སྲོག་རྡེལ་དཀར་བ་ན། །ཁྱིམ་གྱི་བཟའ་པ་རྒས་པ་ལ། །ལུས་ལ་ནད་མེད་བདེ་བ་ཐོབ། ༼ཚེ༽ །གཟའ་ཡི་སྲོག་རྡེལ་ནག་པ་ན། །ཁྱིམ་གྱི་བཟའ་པ་རྒས་པ་ལ། །ལུས་ལ་ན་ཚ་ཟུག་གཟེར་འོང་། ཇི། །གཟའ་ཡི་ལུས་རྡེལ་དཀར་བ་ན། །བཟའ་པ་འབྲིང་བ་སྐྱིད་ཡུན་རིང་། ཉི༽ །གཟའ་ཡི་ལུས་རྡེལ་ནག་པ་ན། །བཟའ་པ་འབྲིང་བ་སྡུག་ཡུན་རིང་། ༼ཏེ༽ །གཟའ་ཡི་དབང་རྡེལ་དཀར་བ་ན། །ཚེ་རོག་སྡུག་སྲན་མི་དགས་སྐྱིད། ༼ཐ༽ །གཟའ་ཡི་དབང་རྡེལ་ནག་པ་ན། །ཚེ་རོགས་


CMR059_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་སྲན་ཆེ་བ་ཡིན། ༼དེ༽ གཟའ་ཡི་རླུང་རྡེལ་དཀར་བ་ན། །བཟའ་རོགས་འཁོར་གཡོག་ཡར་ལ་དད། ༼ན༽ །གཟའ་ཡི་རླུང་རྡེལ་ནག་པ་ན། །བཟའ་རོགས་འཁོར་དང་བཅས་ལ་འདྲེས། ༼པེ༽ །གཟའ་ཡི་ཁམས་རྡེལ་དཀར་བ་ན། །བཟའ་པ་ནང་ཁ་དུམ་པ་ཡིན། ༼ཕི༽ །གཟའ་ཡི་ཁམས་རྡེལ་ནག་པ་ལ། །བཟའ་ཕ་ནང་ཁ་བྱེ་བ་ཡིན། །༼བ༽ །སྐར་མའི་སྲོག་རྡེལ་དཀར་བ་ན། །ཡུལ་མི་གཙོ་བོ་དར་རྒྱས་ཆེ། ༼མེ༽ །སྐར་མའི་སྲོག་རྡེལ་ནག་པ་ན། །ཡུལ་མི་གཙོ་བོ་ཐུར་དུ་གྱུ། ༼ཙ༽ །སྐར་མའི་ལུས་རྡེལ་དཀར་བ་ན། །རང་ཡུལ་མི་འཆོར་རང་ས་ཟིན། ཚེ་༽ །སྐར་མའི་ལུས་རྡེལ་ནག་པ་ན། །ཡུལ་དེར་མི་ཆགས་འགྲོ་དགོས་ཡིན། ༼ཛེ། །སྐར་མའི་དབང་རྡེལ་དཀར་བ་ཡིན། །ཡུལ་གྱི་བག་མ་བུ་ངོ་འཕྲད། ༼ཝཾ༽ །སྐར་མའི་དབང་རྡེལ་ནག་པ་ན། །ཡུལ་གྱི་བག་མ་སད་ཀྱིས་ཁྱེར། ༼ཞེ༽ །སྐར་མའི་རླུང་རྡེལ་དཀར་བ་ན། །ཡུལ་མི་མི་འཐོར་ཁ་ལ་ཆགས། །ཡུལ་གྱི་གཅེས་ཕྲུག་གྲུང་པོར་ཚར། ༼ཟ༽ །སྐར་མའི་རླུང་རྡེལ་ནག་པ་ན། །ཡུལ་མི་མི་ཆགས་ལ་ལ་འདས། །ཡུལ་གྱི་སྐྱེས་ཕྲུག་ལེན་ཆགས་མགོ་འཁོར་


CMR059_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ༼འ༽ །སྐར་མའི་ཁམས་རྡེལ་དཀར་བ་ན། །ཁྱིམ་མཚེས་ཚང་ནས་རྐྱེན་ངན་སེལ། ༼ཡེ༽ །སྐར་མའི་ཁམས་རྡེལ་ནག་པ་ན། །ཁྱིམ་མཚེས་ཚང་གི་གཉའ་ཡ་གོག །དེ་རྣམས་དཀར་ན་རང་ལ་བཟང་། །དེ་རྣམས་སྲོག་རྡེལ་ནག་པོ་ན། །དོ་བདག་མིང་ཤ་ངན་པ་ཡིན། །དེ་རྣམས་དཀར་ན་བཟང་བ་ཡིན། ༼རེ༽ །ཧལ་ཁྱི་སྲོག་རྡེལ་དཀར་བ་ན། །ཧལ་ཁྱི་གསོན་ལ་ཁ་མི་གདང་། །མཆེ་བ་གསོན་ལ་མི་སྟོན་ནོ། ༼ལེ༽ །ཧལ་ཁྱིས་སྲོག་རྡེལ་ནག་པ་ན། །མཆེ་བ་གསོན་ལ་བསྐྱང་བ་ཡིན། ༼ཤེ༽ །ཧལ་ཁྱིས་ལུས་རྡེལ་དཀར་བ་ན། །ཧལ་ཁྱི་ལྕེ་ནི་མི་བསྐྱོང་བའི། །ན་ཚ་རྐྱེན་ངན་ཉུང་བ་ཡིན། ༼སེ༽ །ཧལ་ཁྱིས་ལུས་རྡེལ་ནག་པ་ན། །ཧལ་ཁྱིས་ལྕེ་ལ་བཞག་པ་ཡིན། ༼ཧེ༽ ཧལ་ཁྱིས་དབང་རྡེལ་དཀར་བ་ནི། །ཧལ་ཁྱིས་འགྲམ་པར་མ་སོང་བས། །གལ་ཏེ་ན་ཡང་རིམ་གྲོའི་བསླས། ༼ཨེ༽ །ཧལ་ཁྱིས་དབང་རྗེལ་ནག་པ་ན། །ཧལ་ཁྱིས་འགྲམ་པར་སོང་བར་ཡིན། ༼།༽ །ཧལ་ཁྱིས་རླུང་རྡེལ་དཀར་བ་ན། །ཧལ་ཁྱིས་རྐན་ལ་མ་སྦྱར་བས། །སྨན་དཔྱད་བྱས་ཀྱང་ངོ་སོ་ཡོད། ༼ཁོ༽ །ཧལ་ཁྱི་རླུང་རྡེལ་ནག་པ་ན། །དེ་ཡི་


CMR059_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

རྐན་ལ་འབྱར་བ་ཡིན། ཧལ་ཁྱི་ཁམས་རྡེལ་དཀར་བ་ན། །ཧལ་ཁྱིས་གྲེ་བར་མ་ཚུད་པས། །རིམ་གྲོ་བྱས་ན་ལྷ་ངོ་འོང་། ༼ངོ༽ །ཧལ་ཁྱིས་ཁམས་རྡེལ་ནག་པ་ན། །ཧལ་ཁྱིས་གྲེ་བར་གཅར་བ་ཡིན། །དེ་རྣམས་དཀར་ན་དེ་ལས་ཐར་བས་བཟང་། ཅོ༽ །གྱི་ལིང་སྲོག་རྡེལ་ནག་པ་ན། །གྱི་ལིང་མཆེ་བ་གསོན་མ་བརྩེགས། །ད་རུང་ན་ཚ་འོང་དོགས་ཡོད། ༼ཚ༽ །གྱི་ལིང་སྲོག་རྡེལ་དཀར་བ་ན། །གྱི་ལིང་ཟ་ཁ་མི་སྟོན་པས། །ཤུལ་རྗེ་འཇམ་ཞིང་ན་ཚ་མེད། ༼ཇོ༽ །གྱི་ལིང་ལུས་རྡེལ་ནག་པ་ན། །གྱི་ལིང་ལྕེ་ལ་བློབཞག་པ་ཡིན། །ཟས་ཀྱི་ནང་ནས་ནད་སྐག་གཙང་དོགས་ཡོད། ༼ཉོ། །གྱི་ལིང་ལུས་རྡེལ་དཀར་བ་ན། །གྱི་ལིང་ལྕེ་ལ་མ་བཞག་པའི། །ཟས་ངན་མི་འབྱུང་སྨན་གྱི་ཕན། ༼ཏོ༽ །གྱི་ལིང་དབང་རྡེལ་ནག་པ་ན། །གྱི་ལིང་འགྲམ་པར་སོང་བ་ཡིན། །རྐྱེན་སྐག་ཆེན་པོ་ལང་དོགས་ཡོད། ༼ཝཾ༽ །གྱི་ལིང་དབང་རྡེལ་དཀར་བ་ན། །གྱི་ལིང་འགྲམ་པར་མ་སོང་བས། །རིམ་གྲོ་ཐོན་ན་ཕན་ཐོགས་འོང་། དོ༽ །གྱི་ལིང་རླུང་རྡེལ་ནག་པ་ན། །གྱི་ལིང་རྐན་ལ་འབྱར་བ་ཡིན། །གཏོ་དང་སྲུང་བ་ཆེན་པོ་དགོས། ༼ནོ།༽ །གྱི་ལིང་


CMR059_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་རྡེལ་དཀར་བ་ན། །གྱི་ལིང་རྐན་ལ་མ་འབྱར་བས། །རིམ་གྲོ་ཆུང་ཡང་ངོ་སོ་ཆེ། ༼པ༽ །གྱི་ལིང་ཁམས་རྡེལ་ནག་པ་ན། །གྱི་ལིང་གྲེ་བར་ཚུད་པ་ཡིན། །རིམ་གྲོ་ཆེ་ཡང་ཕན་ཐོགས་དཀའ། ༼ཕོ༽ །གྱི་ལིང་ཁམས་རྡེལ་དཀར་བ་ན། །གྱི་ལིང་གྲེ་བར་མ་ཚུད་པས། །རིམ་གྲོ་ཆེ་ན་སྐག་ལས་ཐར། ༼བོ༽ །ཟླ་བའི་སྲོག་རྡེལ་ནག་པ་ཀླུན། །ཕ་ཁུ་ལ་མཐོ་ནོན་འབྱུང་དོགས་མེད། ༼མོ༽ །ཟླ་བའི་སྲོག་རྡེལ་ནག་པ་ན། །ཕ་ཁུ་ལ་མཐོ་ནོན་འབྱུང་བ་ཡིན། ༼ཙོ༽ །ཟླ་བའི་ལུས་རྡེལ་དཀར་བ་ན། །བོན་པོ་དང་ནི་རོ་ཁུར་ལ། །རྐྱེན་ཁ་ལང་དོགས་མེད་པ་ཡིན། ཚོ། །ཟླ་བའི་ལུས་རྡེལ་ནག་པ་ན། །བོན་པོ་དང་ནི་རོ་ཁུར་ལ། །གནམ་སའི་གས་པ་འཕྲོད་པ་ཡིན། རྫོ། །ཟླ་བའི་དབང་རྡེལ་དཀར་བ་ན། །མནའ་མ་དང་ནི་ཟན་རྫི་ལ། །ཞིམ་མངར་ཟས་ཀྱི་བཅུད་གཅིག་འཁོར། ༼ཝཾ༽ །ཟླ་བའི་དབང་རྡེལ་ནག་པ་ན། །མནའ་མ་དང་ནི་ཟན་རྫི་ལ། །ཞིམ་མངར་ཟས་སྣའི་ཞིམ་རེས་གོ ༼ཞི༽ །ཟླ་བའི་རླུང་རྡེལ་དཀར་བ་ན། །ཞང་པོ་དང་ནི་ལྷ་གསོལ་ལ། །ཕོ་བྱས་གོ་ཆོད་དཔལ་ཁ་ཐོབ། ཟོ། །ཟླ་བའི་རླུང་རྡེལ་ནག་པ་


CMR059_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ཞང་པོ་དང་ནི་ལྷ་གསོལ་གྱི། །ཨ་རོག་གིས་ཁ་ཡོག་འོང་བ་ཡིན། ༼འོ༽ །ཟླ་བའི་ཁམས་རྡེལ་དཀར་བ་ན། །ཟས་ནོར་བང་མཛོད་གང་བ་ཡིན། །མར་ལ་མི་རྒུད་ཡར་ལ་དར། ༼ཡོ༽ །ཟླ་བའི་ཁམས་རྡེལ་ནག་པ་ན། །ནོར་གྱི་ནང་ནས་བང་བ་སྟོང་། །དཀོར་ན་དེ་ལས་བཟློག་པས་བཟང་། ༈ །ཧལ་ཁྱི་ལྕགས་ལ་བྱི་ལིང་ཕྱོགས། །གར་ཕྱིན་འབྱུང་བ་དེ་ཉིན་གྱི། །ཤར་ཤིང་ལྷོ་མེ་ནུབ་ལྕགས་ལ། བྱང་ཆུ་མཚམས་བཞི་ས་རུ་ཤེས་པར་བྱའོ། །ཞེས་པ་གཞུང་གི་ཉ་ཐོམས་སུ། རྡེལ་དཀར་རྡེལ་ནག་གང་ཡིན་ལ། །རྩིས་མདའ་བཙུགས་ཤིང་བཤད་པར་བྱ། གལ་ཏེ་དེའུ་ནག་པ་ན། །སུ་ལ་རྩུབ་པའི་ཡི་གེ་ལ། །རིམ་གྲོ་ལུང་བསྟན་སོ་སོར་བྱ། ། གནམ་ལོའི་རྡེའུ་ནག་པ་ན། །སྣང་བརྒྱད་ཚར་གྲངས་ཅི་མང་ཐོན། །ས་བདག་སྙིང་གཏེར་བཞག་པ་ཡི། །ས་བདག་སྙིང་གཏེར་འཁྲུག་བཅོས་བྱ། །ས་མཁན་རང་ཡང་རང་སྲུང་ཟབ། ༈ །ལོག་མེན་རྡེའུ་ནག་པ་ན། །གཤེད་འདུལ་ཟ་འདྲེ་མནན་པ་ཟབ། །ཕོ་ལྷའི་དགྲ་ཆོས་གསོལ་ཁ་བྱ། ༈ །སྤར་ཁའི་རྡེའུ་ནག་པ་ན། །མཚུན་བཅོས་གཟབ་ཅིང་བཟློག་པ་བྱ། །དགོན་སྡེ་འགའ་ལ་བདུད་བཟློག་བྱ། ༈ །སྨེ་བའི་རྡེའུ་ནག་པ་ལ། སྨེ་བརྩེགས་


CMR059_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འཇོམས་ཟབ་ཁྲུས་ཞུ། །ལྷ་ཁང་མཆོད་རྟེན་བསྐོར་བ་བྱ། །རན་ཐག་ཁ་ཕྱེས་ཞག་གསུམ་བཞག །ཕ་མ་བུ་རྣམས་བྱེ་ཚུལ་གྱིས། །མེ་འོག་ཁ་ཁར་ཞག་གསུམ་བསྡུ། ༈ །དར་རྒུད་རྡེའུ་ནག་པ་ན། །མི་གཞོན་དར་མས་ཚེ་དབང་ཞུ། །གསེར་འོད་འདོན་ཅིང་གཡང་སྐྱབས་བྱ། ༈ །ཟླ་བའི་རྡེའུ་ནག་པ་ན། །བསེ་རག་བཀར་ཡས་གོད་འདྲེ་བཀར། །གཡང་འགུགས་འཛམ་ལྷ་ཆུ་སྦྱིན་བྱ། ༈ །ཞག་གི་རྡེའུ་ནག་པ་ན། །ཡུལ་ལྷ་མཆོད་ཅིང་དགྲ་བླ་གསོལ། །ཐབ་བསང་ལམ་ལྷའི་བསང་མཆོད་བྱ། ༈ །དུས་ཚོད་རྡེའུ་ནག་པ་ན། །དགྲ་ཆོས་བྱ་ཞིང་གྲི་བོ་བཀར། །ལོ་མ་གྱོན་མའི་དབང་བསྐུར་ཞུ། །མི་ཁ་སྲུང་བའི་འཁོར་ལོ་བཏགས། ༈ །གཟའ་ཡི་རྡེའུ་ནག་པ་ན། །གཟའ་མགྱོགས་བྱ་ཞིང་གཟའ་སྲུང་བཏགས། །ཕྱག་རྡོར་དབང་ཞུ་ཕྱག་རྡོར་བསྙེན། །ཆུ་མིག་ཤོར་དུ་ཀླུ་མཆོད་བྱ། ༈ །སྐར་མའི་རྡེའུ་ནག་པ་ན། །ཡུལ་མི་དང་ནི་ཁྱིམ་མཚེས་ཀྱིས། །གཤེད་དམར་དབང་ཞུ་གཤེད་ཕུད་བྱ། ༈ །སྲོག་གི་རྡེའུ་ནག་པོ་ན། །དོ་བདག་ཚེ་ཐར་ཅི་མང་ཐོང་། །ཚེ་མདོ་ཚེ་དབང་ཅི་མང་ཞུས། ༈ །ལུས་ཀྱི་རྡེའུ་ནག་པ་ལ། །བོན་པོ་དང་ནི་རོ་


CMR059_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཁུར་གྱི། །སྨན་ལྷ་དང་ནི་ལོ་མ་ཅན། །དབང་ཞུ་སྨན་ལྷའི་ཆོ་ག་བྱ། །ཡང་ན་མཆོད་རྟེན་དཀར་རྩི་གསོལ། ༈ །དབང་ཐང་རྡེའུ་ནག་པ་ན། །མནའ་མས་རྣམ་འཇོམས་བྱབ་ཁྲུས་ཞུ། །ཉམ་ཐག་སྤྲང་པོར་ཟས་སྦྱིན་གཏོང་། །དེ་ཉིད་ཚེ་འདས་དེ་ལ་བསྔོ། ༈ །རླུང་རྟའི་རྡེའུ་ནག་པ་ན། །ཞང་པོའི་གཤེད་དམར་དབང་ཞུ་ཞིང་། །གཤེད་ཟློག་དྲག་ཏུ་བྱ་བ་གཅེས། །ལྷ་གསོལ་མཁན་གྱི་བླ་མཆོད་དེས། །རང་གི་ལྷ་དང་སྲུང་མ་ལ། །བསྐང་གསོལ་རྒྱས་པར་བྱ་དགོས་གདའ། ༈ །རུས་ཁམས་རྡེའུ་ནག་པ་ལ། །རང་གི་མགོ་དཔོན་གང་ཡིན་དེས། །དགྲ་ཆོས་དགྲ་ཟློག་དགྲ་མནན་བྱ། །སྐུ་རིམ་གཟབ་དགོས་གདའོ་ཞུ། །དེ་ལྟར་རྡེའུ་དེ་དག་ཀུན། །གང་ཡང་ནག་པོ་ཤས་ཆེ་ན། །དར་མའི་འབུམ་ལ་སིལ་རྒྱུན་གྱིས། །ཚེ་མདོ་བརྒྱ་ཚར་སྟོང་ཚར་ཐོན། །བཀའ་འགྱུར་མདོ་མང་ལ་སོགས་པ། །ཡོན་བདག་འབྱོར་བ་དང་བསྟུན་ནས། །ནོར་ཕྱེད་རིམ་གྲོའི་ཕྱོགས་སུ་ཐོང་། །གཡང་སྐྱབས་གཏོར་ཟློག་དགྲ་ཆོས་གཟབ། །ཡུལ་ལྷ་ཕོ་ལྷའི་གསོལ་ཁ་ཐོངས། །དཀར་འཇམ་འོ་མ་ཁ་ལྷུད་ལ། །གཏོར་ཁུ་བཙུགས་ཤིང་ཤ་རུ་བཀྱག །བདུད་ཟློག་དུང་གྲགས་མང་ཇ་


CMR059_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོལ། །ནག་འཇམ་བདུད་ཀྱི་རེ་བ་ལ། །བདུད་ཟློག་མགོ་གསུམ་དུར་ལོས་བྱ། །མགོན་པོ་ནག་པོའི་མདོས་ཆེན་བྱ། །སྟོད་དུ་རྡེལ་ནག་འགྲིག་པ་ན། །རྒན་རིམ་རྣམས་ལ་ཚེ་དབང་ཞུ། །ཚེ་ཐར་བཏང་ཞིང་ཚེ་འབར་གསོ། །བར་དུ་རྡེལ་ནག་འགྲིགས་པ་ན། །ཕ་མེས་དར་མས་ཚེ་དབང་ཞུ། །དར་ལྕོག་རང་གི་ལུས་ཚད་བཙུགས། །རྟེན་གསུམ་དག་ལ་ན་བཟའ་གསོལ། །སྨད་དུ་རྡེལ་ནག་འགྲིགས་པ་ན། །མར་མེ་ཐར་འབོད་རེ་དང་བཅས། །གདོན་ཆེན་བཅོ་ལྔའི་མདོས་བཅའོ། ༈ །གནམ་ལོའི་སྲོག་རྡེལ་ལུས་རྡེལ་དང་། །དབང་རྡེལ་རླུང་རྡེལ་ཁམས་རྡེལ་རྣམས། །ངན་པ་ས་དགྲ་ལྟ་ཞིང་བཅོས། །ཡང་ན་དུར་ས་སྤོ་བར་བྱ། །ས་བདག་འཁྲུག་བཅོས་སྙིང་གཏེར་བཞག ༈ །གནམ་ལོའི་སྲོག་རྡེལ་ནག་པ་ན། །དུར་ས་དང་ནི་ཁང་པ་ལ། །ས་དགྲ་ཡོད་པའི་ཕྱོགས་དེ་ལ། །རྣམ་བཅུ་དབང་ལྡན་བྲིས་ལ་བཞག ༈ །ལོག་མེན་སྲོག་རྡེལ་ནག་པ་ན། །སེང་གདོང་མ་ཡི་དབང་བསྐུར་ཞུ། །ཁྱད་ཟློག་འཁོར་ལོ་ཟ་ཡིག་ཟ། །ཡང་ན་དུར་ལོས་གཏོར་ཟློག་བཅའ། །ལོག་མེན་ལུས་རྡེལ་ནག་པ་ན། །འདྲེ་མོ་ཁ་ཆིངས་འཁོར་ལོ་བཏགས། །ཁ་


CMR059_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འབར་མའམ་རྫ་ས་མདོས་བཅའ། ༈ །ལོག་མེན་དབང་རྡེལ་ནག་པ་ན། །མནའ་མས་ཆུང་སྲི་ཁ་ཆིངས་བཏགས། །ཏོག་གཟུངས་གྲྭ་ལྔ་ཅི་མང་འདོན། ༈ །ལོག་མེན་རླུང་རྡེལ་ནག་པ་ན། །ཞང་པོ་དང་སྡོ་མོ་ཉེ་ཚོས། །གསས་མཁར་བསྟོད་ཅིང་ཡུལ་ལྷ་མཆོད། ༈ །སྤར་ཁའི་སྲོག་རྡེལ་ནག་པ་ནི། །དོ་བདག་ཚེ་དབང་བརྒྱ་རྩ་ཞུ། །རྔ་སྒྲའི་གཟུངས་དང་ཚེ་མདོ་འདོན། ༈ །སྤར་ཁའི་ལུས་རྡེལ་ནག་པ་ན། །མཆོད་རྟེན་དཀར་རྩི་གསོལ་བ་དང་། །རྟེན་གསུམ་ན་བཟའ་སྙན་དར་གསོ། །རྣམ་རྒྱལ་མ་དང་སྨན་ལྷ་དང་། །ལོ་མ་གྱོན་མའི་དབང་བསྐུར་ཞུ། ༈ །སྤར་ཁའི་དབང་རྡེལ་ནག་པ་ན། །གཡང་སྐྱབས་བྱ་ཞིང་གསེར་འོད་འདོན། །འཛམ་ལྷའི་གཟུངས་དང་གཏོར་མ་བཏང་། ༈ །སྤར་ཁའི་རླུང་རྡེལ་ནག་པ་ན། །དགྲ་ཆོས་བྱ་ཞིང་མི་ཁ་བཀར། །མི་ཁའི་གཟུངས་འདོན་སྲུང་འཁོར་བཏགས། ༈ །སྤར་ཁའི་ཁམས་རྡེལ་ནག་པ་ན། །གསེར་འོད་འདོན་ཞིང་གཡང་སྐྱབས་བྱ། །མགོ་དཔོན་སྐུ་རིམ་གཟབ་དགོས་ཞུ། །སྨེ་བའི་སྲོག་རྡེལ་ནག་པ་ན། །དྭའུ་དང་ནི་སྤྱན་ཡ་ཡི། །ཚེ་དབང་ཚེ་ཐར་ཚ་ཚ་རྣམས། །རང་རང་ལོ་གྲངས་ཙམ་རེ་བྱ། ༈ །སྨེ་བའི་ལུས་རྡེལ་


CMR059_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པ་ན། །བུ་མོ་དང་ནི་ཨ་ཞེ་ཡི། །ཚེ་རོགས་དེ་ཡི་རིམ་གྲོ་དགོས། །ཚེ་དབང་ཚེ་ཐར་ཚེ་མདོ་འདོན། །ཚེ་ཆོག་མང་ཉུང་འབྱོར་པ་བསྟུན། ༈ །སྨེ་བའི་དབང་རྡེལ་ནག་པ་ན། །ཡུགས་ས་མ་ཡི་བུ་དེ་ལ། །ཚེ་དཔག་སོར་འབྲང་དབང་བསྐུར་ཞུ། །སྟོང་སྒྲིབ་ཚེའུ་ལྷ་འཛིན་ཐོབ། །རྟ་ནི་རྒོད་མ་རྟེའུ་ལ། །རྟེའུ་སྲི་ཁ་ཆིངས་འཁོར་ལོ་བཏགས། །ཡམས་ནད་རྟ་གཏོ་རྟ་གླུད་ཐོངས། ༈ །སྨེ་བའི་རླུང་རྡེལ་ནག་པ་ན། །ཕ་སྤྱན་དང་ནི་ཨ་ཞང་གི །དགྲ་བྲུབ་བྱ་ཞིང་དགྲ་ཆོས་གྱིས། ༈ །སྨེ་བའི་ཁམས་རྡེལ་ནག་པ་ན། །ཕ་མ་དང་ནི་ཨ་ཁུ་ཡི། །ཡིད་བཞིན་འཁོར་ལོའི་དར་ལྕོག་ཚུགས། །ཡིད་བཞིན་འཁོར་ལོའི་མདོ་གཟུངས་ཐོན། ༈ །དར་རྒུད་ཀྱི་སྲོག་རྡེལ་ནག་པ་ན། །ཆེ་རྒྱུད་དང་ནི་ཨ་ཕ་ཡི། །སྦྱིན་སྲེག་གདོན་ཕུད་དྲག་པོ་གྱིས། ༈ །དར་རྒུད་ལུས་རྡེལ་ནག་པ་ན། །འབྲིང་རྒྱུད་དང་ནི་འོག་རྟ་ལ། །མེ་མཆོད་གདོན་ཕུད་མཚམས་གཅོད་གྱིས། ༈ །དར་རྒུད་ཀྱི་དབང་རྡེལ་ནག་པ་ན། །ཆུང་རྒྱུད་དང་ནི་ཚ་བོ་ལ། །གླུད་གཏོར་བརྒྱ་རྩ་ཆ་གསུམ་མམ། །ཡང་ན་ཁ་འབར་གཏོར་ཆེན་རྫོང་། ༈ །དར་རྒུད་ཀྱི་རླུང་རྡེལ་ནག་པ་ན། །


CMR059_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་རྒྱུན་གཟུངས་དང་ལུག་གཟུངས་འདོན། །གོད་བྲུབ་བསེ་རག་བཀར་ཡས་བྱ། ༈ །དར་རྒུད་ཁམས་རྡེལ་ནག་པ་ན། །དགྲ་ཆོས་བྱ་ཞིང་དགྲ་བླ་མཆོད། །ཡུལ་གྱི་ལྷ་དང་ཀླུ་མཆོད་བྱ། ༈ །ཟླ་བའི་སྲོག་རྡེལ་ནག་པ་ན། །རང་གི་ཕུག་བཅའ་བློ་འཛིན་གྱིས། །སྐུ་རིམ་སྲུང་ཟློག་གཟེབ་ཅིག་ཟེར། ༈ །ཟླ་བའི་ལུས་རྡེལ་ནག་པ་ན། །བློ་ཡ་དེ་ཡི་གྲོས་རོགས་གྱིས། །སྲུང་བའི་རིམ་གྲོ་གཟབ་ཅིག་ཟེར། ༈ །ཟླ་བའི་དབང་རྡེལ་ནག་པ་ན། །མཚུན་བཅོས་རྒྱས་པར་བྱེད་དགོས་ཟེར། ༈ །ཟླ་བའི་རླུང་རྡེལ་ནག་པ་ན། །སྤུ་རྟགས་ཅན་གྱི་རྟ་ནོར་དང་། །འོད་ཅན་རྫས་དང་ནོར་གཡུ་ལ། །བགེགས་བསྐྲད་དྲག་པོ་བྱེད་དགོས་སོ། ༈ །ཟླ་བའི་ཁམས་རྡེལ་ནག་པ་ན། །ས་བདག་སྙིང་གཏེར་བཞག་པར་གྱིས། །ཞག་གི་སྲོག་རྡེལ་ནག་པ་ན། །སྡེ་རོགས་གྲོང་པ་ཐམས་ཅད་ཀྱིས། །སྤྱི་རིམ་ཇོ་རྒྱུན་ཞག་མང་གྱིས། ༈ །ཞག་གི་ལུས་རྡེལ་དབང་རྡེལ་གཉིས། །ནག་ན་སྒྲོལ་མ་ཚར་མང་ཐོན། །དུས་ཚོད་སྲོག་རྡེལ་ནག་པ་ན། །ཕ་མྱེས་རྒྱུད་ཀྱི་ལྷ་སྲུང་མཆོད། ༈ །དུས་ཚོད་ལུས་རྡེལ་ནག་པ་ན། །ལག་བདེ་བ་ཡི་ཕྲག་ལྷ་བསྟོད། ༈ །དུས་ཚོད་དབང་རྡེལ་


CMR059_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པ་ན། །ཕྱག་གཙང་མ་ཡི་སྒྲོལ་མའོ། །ཚིན་དྷ་མ་ཎིའི་བསྙེན་པ་གྱིས། ༈ །དུས་ཚོད་རླུང་རྡེལ་ཁམས་རྗེལ་གཉིས། །ནག་ན་ཕྱོགས་བཅུའི་མུན་སེལ་ཐོན། ཚོང་དང་མགྲོན་ལ་འགྲོ་ན་ནི། །ལམ་ལྷའི་བསང་མའི་རྒྱུན་དུ་གྱིས། ༈ །གཟའ་ཡི་སྲོག་རྡེལ་ནག་པ་ན། །ཁྱིམ་གྱི་བཟའ་ཕ་རྒས་པ་དེས། །རྣམ་འཇོམས་ཕྱག་རྡོར་དབང་བསྐུར་ཞུ། ༈ །གཟའ་ཡི་ལུས་རྔུལ་ནག་པ་ན། །ཁྱིམ་གྱིས་བཟའ་ཕ་འབྲིང་བ་དེས། །བཀྲ་ཤིས་རབ་བརྗོད་ནོར་རྒྱུན་མ། །ཕག་མོ་དོན་འགྲུབ་མའི་དབང་བསྐུར་ཞུ། ༈ །གཟའ་ཡི་དབང་རྡེལ་ནག་པ་ན། །གཤིན་པོ་དེ་ཡི་ཚེ་རོགས་ཀྱི། །བསྐོར་བ་བསོག་ཅིང་སྐྱབས་གནས་ཞུ། །དགེ་སློང་ཚུལ་ཁྲིམས་ལྡན་པ་ཡིས། །ཁྱིམ་དུ་བཀྲ་ཤིས་ཕྱག་ནས་འཐོར། ༈ །གཟའ་ཡི་རླུང་རྡེལ་ནག་པ་ན། །བཟའ་རོགས་དང་ནི་འཁོར་གཡོག་གིས། །སྐུ་གསུང་ཐུགས་རྟེན་སྙན་དར་གསོ། །དགོན་སྡེ་ཆེན་པོར་དར་ལྕོག་གསོ། །ཚ་ཚ་རང་རང་ལོ་གྲངས་བཏབ། ༈ །གཟའ་ཡི་ཁམས་རྡེལ་ནག་པ་ན། །ཁྱིམ་ཚང་དེ་ཡི་རིམ་གྲོ་ལ། །རྒྱལ་མགྱོགས་བྱ་ཞིང་བསེ་རག་བཀར། །གུ་རུ་ཞི་དྲག་དབང་བསྐུར་ཞུ། །པདྨ་བཀའ་ཡི་ཐང་


CMR059_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་འདོན། །སྐར་མའི་སྲོག་རྡེལ་ནག་པ་ན། །ཡུལ་དེས་གཙོ་བོའི་རྒན་གསུམ་གྱིས། །ལྷ་གསོལ་སྐུ་རིམ་གཟབ་དགོས་གདའ། ༈ །སྐར་མའི་ལུས་རྡེལ་ནག་པ་ན། །ཡུལ་གྱི་ལྷ་གསོལ་ཀླུ་མཆོད་བྱ། ༈ །སྐར་མའི་དབང་རྡེལ་ནག་པ་ན། །ཡུལ་དེས་བག་མ་གསར་པ་རྣམས། །ཕྲག་ལྷ་བསྟོད་ཅིང་ཚེ་དབང་དང་། །སོ་སོར་འབྲང་མའི་དབང་བསྐུར་ཞུ། །༈ སྐར་མའི་རླུང་རྡེལ་ནག་པ་ན། །གྲོང་པ་རྣམས་ཀྱིས་སྤྱི་རིམ་ཚུགས། །ཡུལ་གྱི་སྐྱེས་ཕྲུག་གང་ཡོད་ཀྱིས། །སོར་འབྲང་དབང་ཞུས་གྲྭ་ལྔ་ཐོན། ༈ །སྐར་མའི་ཁམས་རྡེལ་ནག་པ་ན། །ཁྱིམ་མཚེས་ཚང་གི་གོ་བྲུབ་དང་། །གཡང་སྐྱབས་གཤེད་ཕུད་གྱིས་ཟེར་རོ། ༈ །ཧལ་ཁྱི་སྲོག་ལུས་དབང་ཐང་དང་། །རླུང་རྟ་རྣམས་ཀྱི་རྡེའུ་ལྔ། །དེ་བཞིན་གྱི་ལིང་རྡེའུ་ལྔ། །ནག་པའི་བཅོས་ཀ་འདྲ་བ་སྟེ། །དར་མའི་འབུམ་ལ་སིལ་རྒྱུན་བྱ། །ཚེ་དབང་ཚེ་ཐར་ཚེ་འབར་གསོ། །ཚེ་མདོ་ཚེ་གཟུངས་འདོན་པ་དང་། །ཚ་ཚ་བཏབ་ཅིང་གཏོར་མ་བཏང་། །དེ་རྣམས་མང་ཉུང་འབྱོར་བ་བསྟུན། །ཁྱིམ་ཚང་ནང་གི་མི་རྣམས་ལ། །སྤར་ཁ་སོ་སོའི་གཏོ་བཅོས་བྱ། །མདོས་དང་བཟློག་པ་བསྐང་བ་སོགས། །ཡུལ་ལུགས་མཐུན་


CMR059_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་རིམ་གཟབ། ༈ །ཟླ་བའི་སྲོག་རྡེལ་ནག་པ་ན། །མཚུན་བཅོས་བྱ་ཞིང་གསས་མཁར་བསྟོད། ༈ །ཟླ་བའི་ལུས་རྡེལ་ནག་པ་ན། །རོ་ཁུར་བ་དེས་གཤེད་དམར་དང་། །ཚེ་དཔག་མེད་པའི་དབང་བསྐུར་ཞུ། །གཤེད་སྲུང་འཁོར་ལོ་བཏགས་དགོས་སོ། །བན་བོན་ས་མཁན་གཏོ་ཕ་དེས། །རང་སྲུང་སྐུ་རིམ་གཟབ་དགོས་གདའ། ༈ །ཟླ་བའི་དབང་རྡེལ་ནག་པ་ན། །མནའ་མ་མ་སྲུ་ཐུད་རྫི་མས། །ཕྲག་ལྷ་བསྟོད་ཅིང་ཐབ་ལྷ་བསང་། །བསེ་རག་བཀར་ཞིང་གཡང་སྐྱབས་གྱིས། ༈ །ཟླ་བའི་རླུང་། རྗེལ་ནག་པ་ན། །ཞང་པོ་དང་ནི་ལྷ་གསོལ་གྱིས། །མི་ཁ་བསྲུང་བའི་འཁོར་ལོ་ཐོགས། །རླུང་རྟ་བསྐྱེད་པའི་དར་ལྕོག་ཚུགས། ༈ །ཟླ་བའི་ཁམས་རྡེལ་ནག་པ་ན། །གསེར་འོད་འདོན་ཅིང་ནོར་ལྷ་མཆོད། །ཛམ་བྷ་ལ་ཡི་ཆུ་གཏོར་ཐོངས། གཡང་སྐྱབས་གཡང་འགུགས་གང་མང་གྱིས། །གཤིན་ཐང་ལྔ་བཅུའི་རྡེལ་བཤད་ལ། །དཀར་བཤད་མེད་པའི་ནག་བཤད་དང་། །ནག་བཤད་མེད་པའི་དཀར་བཤད་རྣམས། །གཅིག་ལ་བརྟེན་ནས་གཅིག་ཤེས་དགོས། །དེ་ནས་རིག་པའི་མདའ་ཡིས་བསྣུན། །ཤེས་རབ་གསལ་བའི་སྒྲོན་མེ་ཁྱོག །གསུངས་པའི་དོན་དེ་དེ་ཡིན་ཏེ། །སློབ་དཔོན་ངག་ནས་ཤེས་དགོས་


CMR059_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །གསར་བུ་རྣམས་ལ་ཕན་པའི་ཕྱིར། །བུ་ཡིག་ཚུལ་དུ་བཀོད་པ་ཡིན། །གཞུང་དུ་བྲིས་ན་གཞུང་ཡིག་འཆལ། །དེ་ཕྱིར་མ་བུ་སྡེབ་ཅིང་བཤད། །སྙིགས་དུས་འབྱུང་བའི་གཙུག་ལག་མཁན། གླིང་ཚང་པདྨ་དད་པས་བྲིས། །ཉེས་འགལ་འབྱུང་བའི་ལྷ་ལ་བཤགས། །དགེ་བས་འཇིགས་བྲལ་བདེ་ལེགས་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཤིན་ཐང་ལྔ་བཅུའི་རྡེལ་འགྲེལ་མུན་སེལ་སྒྲོན་མེ།next