Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
གཤིན་རྩིས་དོན་བསྡུས་ཟངས་འཁྱམས་ཁྱི་མོ་འགྲོས་ཀྱི་མན་ངག་རེ་མིག་ཉེར་ལྔའི་དཔྱད་དོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་རྩིས་དོན་བསྡུས་ཟངས་འཁྱམས་ཁྱི་མོ་འགྲོས་ཀྱི་མན་ངག་རེ་མིག་ཉེར་ལྔའི་དཔྱད་དོན།next

གཤིན་རྩིས་དོན་བསྡུས་ཟངས་འཁྱམས་ཁྱི་མོ་འགྲོས་ཀྱི་མན་ངག་རེ་མིག་ཉེར་ལྔའི་དཔྱད་དོན།


CMR059_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྩིས་དོན་བསྡུས་ཟངས་འཁྱམས་ཁྱི་མོ་འགྲོས་ཀྱི་མན་ངག་རེ་མིག་ཉེར་ལྔའི་དཔྱད་དོན་གཤིན་ཁོག་ནས་གསོན་བཏོན་པར་བཞུགས་སོ། །


CMR059_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་རབ་འཕགས་མཆོག་འཇམ་པའི་དབྱངས། །འགྲོ་ལ་བརྩེ་བས་ཟངས་འཁྱམས་རྡེལ་བུ་ལ། །གཤིན་རྩིས་དུར་མཛོད་རྡེའུ་ལྔ་བཅུ་ཡི། །གབ་ཡིག་གསལ་སྒྲོན་རེ་མིག་ཉི་ཤུ་ལྔ། །གཤིན་ཁོག་དེ་ནས་གསོན་གྱི་རྩིས་འདི་སྟོན། །གཤིན་ག་གནམ་ལོ་དེ་ལ་གཏུག་པ་ཡིས། །རེ་མིག་ཉེར་ལྔ་དེ་ཡི་ས་བཅད་དབྱེ། །ལོ་ཡི་སྲོག་གི་ཟླ་ལུས་གདན་དུ་བཏིང་། །ཉི་མའི་དབང་ཐང་དུས་ཚོད་རླུང་རྟ་ཆིབས། །ལོ་ཡི་དར་རྒུད་མཐའ་ནས་བྱ་ར་བྱེད། །ཟླ་བའི་སྲོག་གི་ལོ་ལུས་གདན་ཁྲི་བྱེད། །དུས་ཚོད་དབང་ཐང་སྨེ་བའི་རླུང་རྟ་ཆིབས། །ཟླ་བའི་དར་རྒུད་མཐའ་


CMR059_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྒོ་སྲུང་བྱེད། །ཉི་མའི་སྲོག་གི་དུས་ཚོད་ལུས་ལ་སྦྱོར། །གཟའ་ཡི་དབང་ཐང་ཟླ་བའི་རླུང་རྟ་ཆིབས། །ཉི་མའི་དར་རྒུད་ཕྱི་སྒོ་སྲུང་བར་བྱེད། །དུས་ཚོད་སྲོག་གི་ཉི་མའི་ལུས་ལ་ཞོན། །ཟླ་བའི་དབང་ཐང་སྤར་ཁའི་རླུང་རྟ་ཆིབས། །དུས་ཚོད་དར་རྒུད་མཐའ་ནས་སྐྱོང་བར་བྱེད། །སྐར་མའི་སྲོག་གི་སྤར་ཁའི་ལུས་གདན་བྱེད། །ལོ་ཡི་དབང་ཐང་སྐར་མའི་རླུང་རྟ་ཆིབས། །སྐར་མའི་དར་རྒུད་མཐའ་བརྟན་བྱེད་པའོ། །དེ་ལྟར་རྡེའུ་སོ་སོར་བཀྲམ། །སྟོད་ཀྱི་རེ་མིག་ལྔ་ཡི་རྡེའུ་དེ། །ཕ་མྱེས་བཀྲ་རྒན་མགོ་སེའི་ས། །གཉིས་པ་རང་དང་ཕ་སྤུན་བུད་མེད་ས། །གསུམ་


CMR059_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆུང་གསུམ་ནོར་དང་རྐང་བྲན་ས། །བཞི་པ་ཡུལ་མཁར་ཞིང་དང་མགོ་སྦྲའི་ས། །ལྔ་པ་བུ་སྲིང་མག་པ་ཞང་ཉེའི་ས། །དེ་རྣམས་མ་ནོར་ལེགས་པར་སོ་སོར་བཞག །རྡེལ་ནག་གསུམ་གྱི་ནང་ན་དཀར་པོ་གཅིག །བྱུང་ན་མཐུན་གསུམ་ལོ་པ་གཅིག་ཀྱང་འཆི། །དཀར་པོ་གསུམ་གྱི་ནང་ན་ནག་པོ་གཅིག །བྱུང་ན་བུད་མེད་གཅིག་ཀྱང་འཆི་བ་ཡིན། །དང་པོ་རྡེལ་ནག་བྱུང་བ་ན། །དཀར་པོ་གཅིག་བྱུང་ལྷ་ཡི་རྡེལ་རོ་ཡིན། །རྡེའུ་དཀར་པོའི་ནང་ནས་ནག་པོ་གཅིག །དེ་འདྲ་བྱུང་ན་འདྲེ་ཡི་རྡེལ་རོ་ཡིན། །ཆེ་རྒྱུད་བཀྲ་རྒན་ཕ་ཁུ་མགོ་སེ་གཅིག་ལ་རྩུབ། །རི་རབ་རྩེ་ནས་ཉིལ་ཞེས་བྱ། །དེ་ལ་བརྒྱ་བཞི་ལྷ་གསོལ་བྱ། །གནུབ་བཞི་ཆོས་འདོན་འབུམ་ཡང་འདོན། །གནམ་སྒོ་བཅད་ལ་གཡང་སྐྱབས་བྱ། །སྐྱབས་གནས་ཚེ་དབང་དགུ་བརྩིགས་ཞུ། །ཐུགས་རྗེ་ཆེན་པོའི་གཟུངས་དང་བྱམས་པ་རང་གི་ཞལ་ནས་གསུངས་པའི་གཟུངས་ཀྱིས་འགྱུར། །བར་དུ་རྗེལ་ཚན་ནག་པ་ན། །འབྲིང་རྒྱུད་སྐྱེས་བུ་དར་མ་དང་། །ཕ་སྤུན་བུད་མེད་དག་ལ་རྩུབ། །སྐྱིད་ལ་སྐྱེད་ཆད་འབྱུང་ཉེས་ཡོད། །དེ་ལ་མཁའ་འགྲོའི་སུན་ཟློག་དང་། །གཤིན་ཚང་ཟློག་རྒྱ་ནག་སྐག་ཟློག་བྱ། །བརྒྱ་བཞི་


CMR059_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་དམར་དབང་ཡང་ཞུ། །ལམ་འཕྲང་ཟམ་པ་བཅོས་པར་བྱ། །ལམ་ཆེན་རྒྱ་གྲམ་ཆེན་མོ་ན། །ཐུག་པ་བསྐོལ་ལ་སྤྲང་པོར་སྦྱིན། །འབུམ་རྒྱུན་གསུམ་ཡང་བྱས་པས་འགྱུར། །གསུམ་པ་ཆུང་སར་རྡེལ་རོ་མང་དུ་བྱུང་བ་ན། །ལྕུག་ཕྲན་ཟོར་བས་བརྔས་པ་ཞེས་ཀྱང་བྱ། །སྡོང་རྒྱན་ཉི་ཁྲི་སྤང་སྐོང་དང་། །ཚེ་དབང་ཚེ་མདོ་འཆི་མེད་རྔ་སྒྲའི་གཟུངས། །རྫ་མདོས་བྱས་ན་འགྱུར་རོ་གསུངས། །ཆུང་གླུད་སྣ་ཚོགས་བཏང་བར་བྱ། །བཞི་པ་ཡུལ་མཁར་བུད་མེད་ས། །རྡེལ་རོ་མང་ན་བདུད་བཟློག་བཅུ་གཉིས་བྱས། །ཆེ་དབང་ཚེ་ཐར་རྣམ་འཇོམས་འདོན། །མགོ་གསུམ་མཚན་བརྗོད་སུམ་བརྒྱ་འདོན། །ལྔ་པ་བུ་སྲིང་མག་པ་ཚ་བོའི་ས། །རྡེལ་རོ་མང་པོ་བྱུང་གྱུར་ན། །འཁྲུགས་པ་ཡོ་བཅོས་དབང་ཆེན་བྱ། །སྤྱི་མདོས་བྱ། གསེར་འོད་འདོན། །གྲྭ་ལྔ་འདོན། དཀོན་མཆོག་བརྩེགས་པ། སྐལ་བཟང་། བསྐང་བཤགས་ཚ་ཚ་ཆུ་གཏོར། ཚེ་ཐར་གྲངས་མེད་གཏོང་། རྡེའུ་སྟོད་སྨད་སྐེད་ཆགས་ན། །དཀྱིལ་དུ་ནག་པོ་བཞི་ཚོམ་འགྲིགས། །མགོ་བོས་མ་ཚོར་དཔྲལ་བའི་མིག་བུད་ཡིན། མིག་སྣ་ཚོགས་པས་བཅོས། སྐེད་དུ་ནག་པོ་བཞི་ཚོམ་འགྲིགས།


CMR059_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་པས་མ་ཚོར་ཁོག་པའི་སྙིང་བུད་ཡིན། རི་བོང་སྙིང་གི་ས་བདག་བཅོས་སོ། །སྨད་དཀྱིལ་ནག་པོ་བཞི་ཚོམ་འགྲིགས། རྐང་པས་མ་ཚོར་ལོང་རྩ་ཆད་པ་ཡིན། ཤ་རྐང་པོས་ས་བདག་བཅོས། ཡང་མན་ངག་ལ། ནག་པོ་བཞི་ཡི་ནང་དུ་དཀར་པོ་གཅིག་བྱུང་ན། དེར་ནག་པོ་སླད་ནས་ཁྱིམ་གྱི་མི་དེ་ལ་ཁ་བརྒལ་བ་ཡིན། དཀར་པོ་བཞི་ཚོམ་དཀྱིལ་དུ་ནག་པོ་གཅིག་བྱུང་ན། ཤི་མིག་གསོན་ལ་བལྟས་པས་དུར་མིག་ཡིན། དེར་དཀར་པོ་སླེབ་ན་གཏོ་ཡོད། ཕྱོགས་བཞིར་ནག་པོ་ཁོལ་རྒྱུག་ཡིན། གང་བྱུང་ཕྱོགས་ནས་དགྲ་ངོ་ཡི། དེ་ལ་དགྲ་བྲུབ་དགྲ་ཆོས་བྱ། མཚམས་བཞིར་ནག་པོ་ཁོལ་རྒྱུག་བྱུང་ན། དེ་ཕྱོགས་བཞིར་བྱེད་ཀ་ཡོད། འདྲེ་མོ་རྒྱལ་པོ་དེ་ནས་གདོན། དེ་ལ་གཏོར་ཟློག་བྱས་ན་འགྱུར། དཀར་ནག་འདྲེས་མ་བྱུང་ན་བཟང་། དཀྱིལ་མ་བུག་དགོས། སྟོད་ན་མདུན་མ་བྱུང་དགོས། བར་དུ་སྐེད་པ་མ་ཆག་དགོས། སྨད་དུ་རྡེལ་མཇུག་མ་ནག་དགོས། ནག་པོ་གསུམ་གྱི་ནང་དུ་དཀར་པོ་གཅིག་བྱུང་ན། ལྷའི་རྡེལ་རོ་ཡིན་པས་མཐུན་གསུམ་ལོ་པ་གཅིག་ལ་ངན། དཀར་པོ་གསུམ་གྱི་བར་དུ་ནག་པོ་གཅིག་བྱུང་ན། བུད་མེད་ཅིག་ལ་ངན་པར་བཤད་གོང་ལྟར་


CMR059_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྲོ་རྒྱས་པར་བྱ། དཀར་དཀར་ནག་ནག་གཉིས་འདྲ་དང་། དཀར་པོ་གཉིས་འགྲིགས་ནག་པོ་གཉིས་འགྲིགས་དང་། དཀར་རྩར་ནག་རྩར་བྱུང་ན་རྡེལ་རོ་མིན། །དེ་འདྲ་བྱུང་ན་བཟང་ངོ་ཟེར། དཀར་པོ་ཉུང་ཞིང་ནག་པོ་མང་ན་སྐྱེས་དར་མ་འཆི། སྒབ་བཅད་ཉིན་བཟང་། ནག་པོ་ཉུང་ནས་དཀར་པོ་མང་བ་ན། །དཀར་པོ་གཉིས་གསུམ་མང་ན་བཟང་། །སྟོད་ནས་དཀར་པོ་ཁ་ལྷུད་དེ། ཟངས་དཀར་འོ་མས་གང་ན་འབོ་བ་ཡིན། དེ་བཀྲ་དུར་བྱེད་པ་དང་། དབུལ་པོ་ཕྱུག་པོར་འགྱུར་ཉིན་བཟང་། བཙན་ཕྱུག་འཕེན་དར་ཅན་ལ་ངན། དེ་ནས་རིགས་པས་མདའ་ཡི་བསྣུན། །ཤེས་རབ་གསལ་བའི་སྒྲོན་མེའི་དཔྱད། །ལེགས་ཉེས་གཉིས་ཀྱི་སྟོང་གཅོད་བྱ། །སྤྱི། ཡི་གེ་མཁན་གྱི་མ་དག་སྣང་། །རྩིས་མཁན་རཱ་ག་ཨ་སྱ་ཡིས། །དག་པར་བྱས་ནས་ཡོད་དོ་མངྒ་ལཾ། །རེའུ་མིག་ཉེར་ལྔའི་དཔྱད་དོན་རྫོགས་སོ།། །།ཞལ་དྲོ།། ༈ འབྱུང་བ་ལྔ་ཡི་གཤིན་རྩིས་བཞུགས་སོ། །འབྱུང་བ་མེ་ཐོག་གི་ནད། རྟ་སློ་ལན། བྱང་ནི་མ་བདུད་ཀྱི་སྲོག་གཅོད། བླ་གྲི་བོ་དང་བཙན་གྱིས་ཁྱེར། ས་ཐོག་ཤི་ན་ལུག་སློ་ལན། ཤར་ཕྱོགས་ནས་བླ་རྒན་མོས་ཁྱེར། ལྕགས་


CMR059_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ཏུ་ཤི་ན། བུད་མེད་ཀྱི་རྫ་ས་ལན། ལྷོ་ནས་བདུད་བབ། བླ་གཉན་དང་རྒྱལ་པོས་ཁྱེར། ཆུ་ཐོག་ཏུ་ཤི་ན། ཆུ་རི་ལན། ནུབ་ནས་བདུད་བབ། བླ་ཐེལ་མོས་ཁྱེར། ཤིང་ཐོག་ཏུ་ཤི་ན། བླ་བཙན་དང་གྲི་བོས་ཁྱེར། ཤི་བ་གཤེད་དང་རྩུབ་པའི་དུར་སྒོ་ཆོད། འབྱུང་བ་ལྔའི་གཤིན་རྩིས་ཨ་རཱ་གས་གསུངས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཤིན་རྩིས་དོན་བསྡུས་ཟངས་འཁྱམས་ཁྱི་མོ་འགྲོས་ཀྱི་མན་ངག་རེ་མིག་ཉེར་ལྔའི་དཔྱད་དོན།next