Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
གཤིན་རྩིས་མན་ངག་དཔྱད་དོན་བདུན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་རྩིས་མན་ངག་དཔྱད་དོན་བདུན་པ།next

གཤིན་རྩིས་མན་ངག་དཔྱད་དོན་བདུན་པ།


CMR059_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྩིས་མན་ངག་དཔྱད་དོན་བདུན་པ་བཞུགས་སོ། །


CMR059_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫ་ཤྲཱི་ཡེ། གཤིན་རྩིས་དོན་བདུན་བསྟན་པ་ནི། །ནམ་མཁའ་ལྟ་བུར་དཔྱད་པ་དང་གཅིག །ས་གཞི་ལྟ་བུར་དཔྱད་པ་དང་གཉིས། །རི་རབ་ལྟ་བུར་དཔྱད་པ་དང་གསུམ། །གཙུག་ལག་ལྟ་བུར་དཔྱད་པ་དང་བཞི། །རུ་སྦལ་ལྟ་བུར་དཔྱད་པ་དང་ལྔ། །མཆོད་རྟེན་ལྟ་བུར་དཔྱད་པ་དང་དྲུག །ལྗོན་ཤིང་ལྟ་བུར་དཔྱད་པ་དང་བདུན། ༈ །ནམ་མཁའ་ལྟ་བུར་དཔྱད་པ་ནི། །ཤར་ཉི་མ་རྒྱས་དང་མ་རྒྱས་ལྟ། །ལྷོ་སྤྲིན་འཐུག་དང་མི་འཐུག་ལྟ། །ནུབ་གྲིབ་སོ་གུག་དང་མ་གུག་ལྟ། །བྱང་སྤྱི་བོར་གྱི་ལྷག་པ་ལོང་དང་མ་ལོང་ལྟ། ༈ །ཤར་ཉི་མ་རྒྱས་ན་ཕོ་


CMR059_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེ་ལ་བཟང་། ཟས་ནོར་འཕེལ། ཤར་ནས་གྲོགས་འོང་། ནག་ན་ངན། ཤར་ནས་གྱོད་འོང་། ༈ ལྷོ་སྤྲིན་མ་མཐུག་ན་འབྲིང་རྒྱུད་ལ་ངན། རྡེའུ་དཀར་ན་བཟང་། ཟས་ནོར་འཕེལ། ལྷོ་ནས་གྲོགས་འོང་། ༈ ནུབ་ཀྱི་རྡེའུ་དཀར་ན་བཟང་། ཆུང་རྒྱུད་ལ་བཟང་། ཟས་ནོར་འཕེལ། ནག་ན་ངན། བུ་སྲིང་གཉིས་ཀྱི་ཁ་མདའ་ཡོད། བྱང་སྤྱི་བསེར་ལྷག་ཁ་ལོང་ན་བུ་ཚ་རྒྱུད་ལ་ངན། ནག་ན་གཏོ་བྱ། ཁྲ་ན་འབྲིང་། ས་གཞི་ལྟ་བུར་དཔྱད་པ་ནི། ཤར་ནས་ས་མ་གཡོས་དགོས། ལྷོ་ནས་བྲག་མ་ཉིལ་དགོས། ནུབ་ནས་ཆུ་མ་རྙོག་


CMR059_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། བྱང་ནས་རླུང་མ་གཡོས་དགོས། ཤར་ནས་ས་གཡོས་ན། ཆེ་རྒྱུད་དར་མ་ལ་བྱ་ཐོང་། ལྷོ་ནས་བྲག་རི་ཉིལ་ན། ཟས་ནོར་དབུལ། འབྲིང་རྒྱུད་བྱ་ཐོང་། ནུབ་ནས་ཆུ་རྡོལ་ན། བུ་མོ་དང་བུ་སྲིང་ལ་བྱ་ཐོང་། ཆུང་རྒྱུད་ལ་ངན། བྱང་ནས་རླུང་གཡོས་ན། བུ་དང་ཚ་བོ་ལ་ངན། ཆུང་མ་དང་ཕྲན་མ་ཀླུ་ཐོང་། བྱད་ངོ་ཡོད། རི་རབ་ལྟ་བུར་དཔྱད་པ་ནི། ལྗོན་ཤིང་རྒྱས་དང་མ་རྒྱས་ལྟ། །སྟོད་ཀྱི་རྡེའུ་རྣམས་ལ་ལྟ། བོད་ཀྱི་རི་ལ་ཡལ་ག་རྒྱས་དང་མ་རྒྱས་ལྟ། རི་རབ་རྩ་བ་བརླིང་དང་མི་བརླང་ལྟ། ལྗོན་ཤིང་ཡལ་ག་རྒྱས་ན་མདུན་མི་ཁོག །རྡེའུ་དཀར་ན་བཟང་། ཁྲ་ན་ཕྱི་ཚ་བོ་ལ་མདུན་ཕོག །ནག་ན་རྒན་རིམ་དང་ཚ་བོ་ལ་ངན། རི་རབ་ས་མ་རྒྱས་ན་ཟས་ནོར་གྱི་བཅུད་འཐོར། རྩ་བ་མ་བརླིང་ན་ཡུལ་འཆོར། དཀར་ནི་བཟང་། ནག་ན་ངན། མི་རེ་མི་དོགས་ས་ནས་དགྲ་འོང་། ཡུལ་མའི་མི་ཁ་ཟུག །ཁྲ་ན་སྐྱོན་མེད། ནག་ན་ངན་པ་ཡིན། སྲོག་ཤིང་ཆག་ན་དར་མ་ལ་ངན། ཁྲོ་ན་གཏད་ཡོད། ནག་ན་ངན་པ་ཡིན། གཙུག་ལག་ལྟ་བུར་དཔྱད་པ་ནི། ཀ་བཞི་མ་ཚིག་དགོས། གདུང་བཞི་མ་ཞོམ་དགོས། སྒོ་བཞི་མ་སྟོང་དགོས།


CMR059_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སྣུམ་ཉ་མིག་ཙམ་ཕུགས་སུ་ཡོད་དགོས། གྱོད་མཛེ་རོ་ཙམ་དེ་ཕྱི་ན་བུད་དགོས། ཀ་བཞི་ཆག་ན་སྐྱེས་དར་མ་ལ་གནོད། གདུང་བཞི་ཞོམ་ན་སྒྲས་རབས་ལ་ངན། སྒོ་བཞི་སྟོང་ན་ཟས་ནོར་ལ་ངན། དཀར་ན་བཟང་། ཁྲ་ན་འབྲིང་། ནག་ན་ངན། རུ་སྦལ་ལྟ་བུར་དཔྱད་པ་ནི། རུ་སྦལ་མགོ་ཆག་ན་རྟ་སྦྲུལ་ལོ་པར་ངན། གཞོགས་གཡས་བྷཆག་ན་སྟག་ཡོས་ལོ་པར་ངན། གཡོན་ཆག་ན་བྱ་སྤྲེལ་ལོ་པར་ངན། རྐང་པ་གཡས་ཆག་ན་གླང་ལོ་པར་ངན། མཇུག་མ་ཆག་ན་བྱི་ཕག་ལོ་པར་ངན། རྐང་པ་གཡོན་ཆག་ན་ཁྱི་ལོ་པར་ངན། ལག་པ་གཡས་ཆག་ན་འབྲུག་ལོ་པར་ངན། ལག་པ་གཡོན་ཆག་ན་ལུག་ལོ་པར་ངན། རྡེའུ་གསུམ་པ་དཀར་ན་ཚེ་རིང་། ཟས་ནོར་འཕེལ། ཁྲ་ནི་འབྲིང་ཟས་ནོར་འབྲིང་ཙམ་འོང་། ནག་འབྱམས་བྱུང་ན་ཚེ་ཐུང་། རྡེའུ་དཀར་ནག་གི་གཅོད་འདྲལ་རིགས་པས་དཔྱད། སྤར་ཁ་བརྒྱད་ཀྱི་ཆོས་བརྒྱད་ཐོན། ཚ་ཚ་རང་མདོག་ལོ་གྲངས་སུམ་འགྱུར་དང་། མདོ་འབུམ་འདོན། བཟློག་པ་དྲག་པོ་བྱ། མདུན་བུད་ཡུལ་བུད་བྱེད། ཚེ་ཟད་གསུམ་གྱི་གཏོ་བྱ། ཚེ་རིང་གསུམ་གྱི་གཏོར་སྐུ་བཙུགས། །ཚེ་ཐར་བཅུ་གསུམ་བྱ།


CMR059_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འབར་གསོ། བསང་དང་གསས་མཁར་ཁ་བསྟོད་བྱ། མཚོ་སྨན་རྒྱལ་མོའི་གུར་མདོས་བྱ། ཁ་འབར་མ་ཡི་མདོས་བྱས་ན། གསུམ་ཀ་ནག་ན་ངེས་པར་ངན་པ་ཡིན། གཤིན་པོའི་སྲོག་ལུས་ཀྱི་གསོན་པོའི། མ་བཅད་ན་ཤི་བསྒྲག་བྱ། ཡུལ་བུད་འཇུག་བྱས་ན་བཟང་། སྐྱེས་པ་ཡིན་ན་ཚེ་ཆོག་བྱ། བཅའ་ཏུ་བསྒྱུར། ཆུ་རྫིང་རྒྱལ་མདོས་བྱ། རིགས་གསུམ་གྱི་སྐུ་ཐོགས། །བུད་མེད་ཡིན་ན་ཁ་ལེན་མེད་པའི་སྟོན་མོ་བྱ། དགུ་མདོས་བྱ། ལུང་པ་གསུམ་གྱི་མདོ་ན་མེ་འབུད། མཆོད་རྟེན་ལྟ་བུར་སྤྱད་པ་ནི། མཆོད་རྟེན་གྱི་རྩེ་མོར་སྐྱོན་བྱུང་ན། བླ་མ་དང་མི་དཔོན་ལ་ངན། བུམ་པ་ལ་སྐྱོན་བྱུང་ན་རྒས་རིམ་ལ་ངན། ཁྲི་འཕང་ལ་སྐྱོན་བྱུང་ན་ཆེ་རྒྱུད་ལ་ངན། དེ་འོག་སྐྱོན་བྱུང་ན་འབྲིང་རྒྱུད་ལ་ངན། དེ་འོག་སྐྱོན་བྱུང་ན་བུད་མེད་ལ་ངན། དེ་འོག་སྐྱོན་བྱུང་ན་ཚ་བོ་ལ་ངན། དེ་འོག་ལ་སྐྱོན་བྱུང་ན་ནོར་ལ་ངན། དེ་འོག་སྐྱོན་བྱུང་ན་བྲན་དང་སྒོ་ཁྱི་ལ་ངན། དེ་འོག་སྐྱོན་བྱུང་ན་ཁྱིམ་ཚང་ལ་ངན། ཡར་དེད་པ་བརྒྱད་མར་དེད་པ་བརྒྱད་དེ་རྣམས་རྩིས་ཁོག་འདི་ལ་སྤྱད། ཤར་ཕྱོགས་རྡེལ་ཚན་དཀར་ན་ཚེ་རིང་ནད་མེད་ཡུལ་དུ་བཀྲ་ཤིས། ལྷོ་ཕྱོགས་རྡེལ་མཚན་དཀར་ན།


CMR059_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་འབྱུང་དགྲ་མི་འབྱུང་ནོར་འཕེལ། ནུབ་ཕྱོགས་རྡེལ་མཚན་དཀར་ན་གཤེད་ཀྱི་སྒོ་མོ་བགག །བྱང་ཕྱོགས་རྡེལ་མཚན་དཀར་ན་དགྲ་མི་འོང་། དེ་ཡན་ཆད་གཤིན་རྩིས་དོན་བདུན་གྱིས་བརྟག །ད་ནི་སྲོག་གིས་བནྡེ་དེས་བདག་རྩི་་་་འདི་རྣམས་ནི་ཁ་དམར་རྡེའུ་ལ་ཟེར་བ་རེད་མཆན། རྡེའུ་བཅུ་པའི་གཅིག་ལ་དཔྱད། །ལུས་ཀྱི་བོན་པོ་རོ་འཛིན་རྩི། །ལུས་ཀྱི་རྡེའུ་གཅིག་ལ་དཔྱད། །དབང་ཐང་སྲུ་མོ་བྲན་མོ་རྩིས། །དབང་ཐང་རྡེའུ་གཅིག་ལ་དཔྱད། །ཀླུང་རྟས་ཞང་པོ་ལྷ་གསོལ་ཅིང་། །ཀླུང་རྟའི་རྡེའུ་གཅིག་ལ་དཔྱད། །ཁམས་ཀྱི་སྤྱི་ཁྱབ་ཀུན་ལ་བརྩི། །ཁམས་ཀྱི་རྡེའུ་གཅིག་ལ་དཔྱད། །དེ་ཡན་ཆད་རྡེའུ་གཅིག་པའོ། །འདི་རྣམས་ནི་སྨེ་བའི་ཤེས་རབ་ལས་རྩིས་ལ་ཟེར་བ་རེད། རྡེལ་རྒྱབ་ལུག་ཀ་དཔེ་ལ་མེད། དཀར་ནག་ཟེར་བ་བཤད་པ་བཟང་ངན་རེད། གནས་ཀྱི་རྡེའུ་ཕྱི་མ་གར་སྐྱེས་ལྟོས། གཅིག་པ་ནག་ན་དམྱལ་བར་སྐྱེ། དེ་ལ་གསེར་གྱི་རྡོ་རྗེ་གཅོད་པ་བྲིས། ཁྲ་ན་མྱུར་དུ་ལུས་གཅིག་ལེན་པ་ཡིན། དེ་ལ་གཟུངས་ཆེན་སྡེ་ལྔ་བྲི། །ལྔ་པ་ནག་ན་ལྷ་མིན་གནས་སུ་སྐྱེ། །དེ་ལ་སྒྲོལ་མ་བྱང་ཆུབ་ལྟུང་བཤགས་བྲི། །ལོང་སྤང་ཐམས་


CMR059_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་སྦྱིན་པ་ཐོང་། དྲུག་པ་དཀར་ན་ལྷ་ཚེ་རིང་དུ་སྐྱེ། སྐྱེ་ངེས་ལ་ལང་ཀར་གཤེགས་པ་བྲིས། བདུན་བརྒྱད་དགུ་གསུམ་ནག་ན་དམྱལ་བར་སྐྱེ། དེ་རྣམས་ཀྱི་སྐྱེ་སྒོ་གཅོད་པ་སྨེ་བའི་ནང་གསལ། དེ་ཡན་རིགས་དྲུག་གི་སྐྱེ་གནས་བརྟགས་པའོ། །གནས་ཀྱི་རྡེའུ་ནི་ལོ་རྒན་དང་སྨེ་བའི་ཤེས་རབ་ལས་རྩིས་ཡིན། དེ་ལ་རྡེལ་བརྒྱབ་ན་རྒྱུན་མེད། གསོན་རྩིས་རྡེལ་ཕྲེང་བཅུའོ། །ད་ནི་གནས་ཀྱི་རྡེའུ་ཚེ་ཚད་བརྟག་པ་ནི། གཅིག་བཅུ་ཉི་ཤུ་སུམ་ཅུ་བཞི་བཅུ་ལྔ་བཅུ་དྲུག་ཅུ་བདུན་ཅུ་བརྒྱད་ཅུ་དགུ་བཅུའོ། །དེ་རྣམས་ན་ཚེ་རིང་། ནག་ན་བར་ཆད་ཡིན་པས་ཤེས་པར་བྱའོ། །དཀར་ནག་རིག་པས་མདའ་ཡི་བསྟུན། །གསོན་རྩིས་རྡེའུ་བཅུ་པ་ཡིན། །དཀར་ནག་དེ་བཞིན་ཤེས་པར་བྱ། །ཚེ་ཡི་རིང་ཐུང་རྡེའུ་འགྲོས་ལྟོས། །ད་ནི་སྲོག་གི་ཤི་དུས་ས་ཡིན་མིན་རྩི། །ལུས་ཀྱི་ན་ཚ་འོང་དང་མི་འོང་རྩི། །དབང་གི་ཟས་སྐལ་ཡོད་མེད་རྩི། །རླུང་རྟས་ཤི་མིག་ཡག་ཉེས་རྩི། །ཁམས་ཀྱི་འདུར་ཐང་ཐུབ་དང་མི་ཐུབ་རྩི། །སྲོག་རྡེལ་ཡ་ཐ་གསུམ་གྱི་ཆེ་རྒྱུད་རྩི། །དེ་འོག་གསུམ་གྱི་འབྲིང་རྒྱུད་རྩི། །དེ་འོག་གསུམ་གྱི་ཆུང་རྒྱུད་རྩི། །ལུས་རྡེལ་ཡ་ཐ་གསུམ་གྱི་ཆེ་རྒྱུད་རྩི། །བར་མ་གསུམ་གྱི་


CMR059_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་རྒྱུད་རྩི། །ཐ་མ་གསུམ་གྱི་ཆུང་རྒྱུད་རྩི། །དབང་རྡེལ་ཡ་ཐ་གསུམ་གྱི་མ་སྲུ་མཛའ་དང་མི་མཛའ་རྩི། བར་མ་གསུམ་གྱི་མནའ་མ་ལ། བསོད་ནམས་འོང་དང་མི་འོང་རྩི། ཐ་མ་གསུམ་གྱི་ནོར་གྱི་ཚང་། འོང་དང་མི་འོང་རྩི་བའོ། །གོང་མ་རྣམས་ནི་ནོར་ལ་དབང་། །བར་མ་རྣམས་ནི་རྟ་ལ་དབང་། །ཐ་མ་ལུག་དང་ར་ཡི་དབང་། །དཀར་ན་བཟང་། ནག་ན་ངན། ཁྲ་ན་འབྲིང་། དེ་ཡན་རྡེལ་འགྲོས་བཞི་བཅུའི་བརྟག་པའོ། །ད་ནི་སྲོག་ལ་ཤི་དུས་བྱུང་བ་ན། མཚོ་རྩེའི་ཐོག་ཏུ་འགེལ་བ་འདྲ། །ལུས་ཀྱི་བདུད་དུ་མ་ཐུབ་ན། །དབང་ཐང་ཟས་སྐལ་ནག་ན་ངན། །འདི་ཁ་དམར་གྱི་རྡེའུ་མའོ། །ད་ནི་རླུང་རྟའི་རྡེའུ་མ་ཐ་གསུམ་དཀར་ན། རྟའི་ར་བ་གང་བ་ཡིན། ཁྲ་ན་འབྲིང་ལ་ནག་ན་ངན། བར་གྱི་རྡེའུ་གསུམ་དཀར་ན། ནོར་གྱི་ར་བ་གང་བ་ཡིན། ཁྲ་ན་འབྲིང་ལ་ནག་ན་ངན། རླུང་རྟ་སྨད་ཀྱི་རྡེའུ་གཅིག་དཀར་ན། ལོ་གཅིག་ལ་ལུས་ལ་ནད་མེད། ཟླ་བ་གཉིས་དང་། ཞག་གསུམ་ལ་དབང་། རྡེའུ་གཉིས་དཀར་ན། ལོ་གསུམ་དང་ཟླ་བ་བཞི་ལ་དབང་། ཞག་ལྔ་ལ་དབང་། གསུམ་ཀ་དཀར་ན་ར་བ་ལུག་གི་གང་། མི་རབས་


CMR059_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་ལུག་མི་ཆད། དེ་ཡན་ཆད་རྡེའུ་བརྟགས་པའོ། །ད་ནི་ཁམས་ཀྱི་རྡེའུ་བཤད་པ་ནི། རྡེའུ་གཅིག་པ་ཤར་གྱི་དབང་། གཉིས་པ་ལྷོའི། གསུམ་པ་ནུབ་ཀྱི། བཞི་པ་བྱང་གི་དབང་། ལྔ་པ་ཤར་ལྷོ་མཚམས། དྲུག་པ་ལྷོ་ནུབ་མཚམས། བདུན་པ་ནུབ་བྱང་མཚམས། བརྒྱད་པ་བྱང་ཤར་མཚམས་ལ་དབང་། དགུ་པ་མི་ཁ་འོང་དང་མི་འོང་བརྟག ཁམས་ཀྱི་རྡེའུ་གཅིག་པ་ནག་ན། ཤར་ནས་དགྲ་འོང་། གཤེད་མ་ཤར་དུ་འགྲོ། ཁྱི་དཀར་པོ། རྟ་དཀར་པོ། མཚན་ཅན་ཡོད་པ། བཟའ་ཕ་ལྔ་ཡོད་ས་ལ་འགྲོ། གཉིས་པ་ནག་ན་ལྷོ་ནས་དགྲ་འོང་། གཤེད་ཀྱང་ལྷོར་འགྲོ། རྟ་ཁྲ་བོ་ནོར་ཁྲ་བོ་བུད་མེད་བཟའ་ཕ་གསུམ་ཡོད་ས་ལ་འགྲོ། གསུམ་པ་ནག་ན་ནུབ་ནས་དགྲ་འོང་། གཤེད་ཀྱང་ནུབ་ཏུ་འགྲོ། ནུབ་ནས་བུ་སྲིང་ཆུང་བ་རྟ་ནག་ཁྱི་ནག་བཟའ་པ་གསུམ་ཡོད་ས་ལ་འགྲོ། བཞི་པ་ནག་ན། བྱང་ནས་དགྲ་འོང་།་གཤེད་ཀྱང་བྱང་ན་འགྲོ། སྔོན་བུད་མེད་བོང་སྐྱེ་ཐུང་བ་ཤ་རྩ་སྔོ་བ། སྐད་མི་བདེ་བ་ལུག་ལོ་པ་ལ་འགྲོ། ལྔ་པ་ནག་ན་ཤར་ལྷོ་མཚམས་ནས་དགྲ་འོང་། སྐྱེ་དམར་ཁྲ་ནང་ན་སྟོད་ཤ་ཟས་དཀར་མཚན་ཅན་ལ་གབ། ནོར་བྲེ་བོ་རྟ་ངང་པ་


CMR059_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་ཙ་སེར་བ་བྲན་དང་བུ་སྲིང་ལ་འགྲོ། དྲུག་པ་ནག་ན། ལྷོ་ནུབ་ནས་དགྲ་འོང་། གཤེད་ཀྱང་ལྷོ་ནུབ་མཚམས་སུ་འགྲོ། ཟས་ཟ་འཕྲོ་སྒོ་དྲིལ་བ་དང་། ཚིལ་དང་ཤ་ལ་གབ། མི་བོང་རིང་བ་འགྲམ་པ་རྒྱ་བ་ཁྱི་ཁམ་པ། ར་དང་གླང་ག་པ་ཡོད་ས་ལ་འགྲོ། ཞག་བཞི་བཅུ་ཞེ་གཉིས་སྟེང་དུ་ལྡོག་ཡོད། བདུན་པ་ནག་ན་ནུབ་བྱང་མཚམས་ནས་དགྲ་འོང་། གཤེད་ཀྱང་དེར་འགྲོ། བརྒྱད་པ་ནག་ན་བྱང་ཤར་མཚམས་ནས་དགྲ་འོང་། གཤེད་ཀྱང་དེར་འགྲོ། དགུ་པ་ནག་ན་བྱ་བ་ཅི་བྱས་ལམ་དུ་མི་འགྲོ། གཤེད་ཁ་རྒོད། །མི་ཆོད་ཉེ་བ་དགྲ་རུ་ལང་། ཁྱིམ་མཚེས་ཀྱི་འཁོན་ཚོལ་བ་ཡོད། གཅིག་གསུམ་དྲུག་གསུམ་ལ་སོགས་དཀར་ན་དགྲ་མེད། གཤེད་ཁ་མི་རྒོད། མི་ཁ་ཆོད། དེ་ཡན་ཆོད། དགུ་མན་ཆད་ན་ཤི་ཁ་བྱེ། གཤེད་ཁ་རྒོད་པས་གཏོ་སྲུང་དྲག་ཏུ་གྱིས། དེ་བཞིན་རྡེའུ་བརྟག་པའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགཤིན་རྩིས་མན་ངག་དཔྱད་དོན་བདུན་པ།next