Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
སྤར་ཁ་བརྒྱད་ཀྱི་གཤིན་པོའི་ཞལ་དང་འབྱུང་བ་ལྔའི་ཞལ་ཆེམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྤར་ཁ་བརྒྱད་ཀྱི་གཤིན་པོའི་ཞལ་དང་འབྱུང་བ་ལྔའི་ཞལ་ཆེམས།next

སྤར་ཁ་བརྒྱད་ཀྱི་གཤིན་པོའི་ཞལ་དང་འབྱུང་བ་ལྔའི་ཞལ་ཆེམས།


CMR059_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་ཁ་བརྒྱད་ཀྱི་གཤིན་པོའི་ཞལ་དང་འབྱུང་བ་ལྔའི་ཞལ་ཆེམས་བཞུགས་སོ། །སརྦ་མངྒ་ལཾ།


CMR059_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་ཁའི་ཞལ་ཆེམས་ནི། ༼ལ༽ སྤར་ཁ་ལི་ལ་ཤི་བའི་མི། ཁྱེད་ཤུལ་དུ་ཡོད་མི་རྣམས་ངའི་ཕྲིན་ལ་ཉོན་དང་། རང་ཉེ་འབྲེལ་རྣམས་དང་སྔར་གསོན་ཚེ་ཡང་བཟང་ངན་གྱི་གཏམ་དང་གླ་བོ་མ་ཉན་པ་དེ་ཡིན། ད་རུང་ངའི་ཕྱིར་འཕྲེང་ལ་ཉོན་དང་། ད་ཤི་པས་མ་དགའ། ཟས་ཀྱི་རྐྱེན་བྱས། ཟས་ཟོས་པ་དུག་ཏུ་སོང་། སྨན་གྱི་ཕན་མ་ཐོགས། ཡུལ་ལྷའི་སྲུང་སྐྱོབ་མ་བྱས། ལྷ་ཡང་བདུད་དུ་བབ། ཁ་ཉིན་སྟོན་གྱི་སྤང་ཁ་སེར་དུས། མི་ཕོ་བྲེད་དེ་སྔངས། རྟ་ཕོ་འུར་དེ་བསོག །མི་གཙང་བ་གཅིག་ནི་ཁྱིམ་དུ་ཕྱིན། ཡུགས་ས་མོའམ་བུད་མེད་མི་གཙང་བ་གཅིག་གི་


CMR059_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ནས་ཟས་ཟོས་པས་སྲོག་བཅད། མི་གཙང་བ་བདུད་དང་ཐབ་གཞོབ་གནོད། མི་དམར་རྟ་དམར་ཅན་དང་འཛིང་པའི་ཕྱི་ནས་དྲག་པོ་བཙན་གྱི་རྒྱབ་རྟེན་བྱས། བྱང་གི་གང་བུ་བྲག་དམར་པོ་ཡོད་པ་ནས། བཙན་དང་ས་བདག་བསྡོང་ནས་ངའི་སྲོག་ལ་ཧུར་ཐུམ་བྱས་ལྷའི་ནང་དབྱེན་བྱས། བཙན་དང་མ་མོ་བསྡོང་། གྲི་བོ་གདོང་ལ་རྒྱུག །ཡང་རྐྱེན་ནི་རྟ་སྔོན་དང་རྔ་བྲན་གྱི་ཤ་བླངས་པས་སྲོག་བཅད། བུ་སྲིང་གི་སྐྱེས་སྣ་དང་། འཐབ་འཁོན་གྱི་སྲོག་བཅད། ལ་ཁའི་སྤང་སེར་དུས་ཚེ་མདོ་ཚེ་དབང་ཚེ་སྒྲུབ་བཙན་བཀར། གཏོར་ཟློག་བྱས་ན་མི་ཤི་ཟེར་བ་དེ་དགའ་


CMR059_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། མེད་སེམས་བྱས་པ་མིག་ཏུ་འགྲོ་བས། གཏོ་བཅོས་བྱས་མ་རེད་པས་ཕུང་སྟེ་ད་འགྱོད་པས་ཕན་མེད། རྟ་ད་ཤི་བས་མི་ཆོག་པས་ངའི་སྲོག་གཅོད་རྣམས་ནི་ཁྱེད་རྣམས་ལ་ཁ་ཤོམ་འགའ་རེ་བྱེད་དོ། །ཁྱེད་རྣམས་ཀྱིས་མི་ཚོར་རོ། །ང་ནི་ལུས་དང་བྲལ་བས་གཏམ་ཁྱེད་ཚོས་མི་གོ་དུ། བཙན་གྱི་ཞགས་པ་འདེབས་ལ་ཡོད་པས་མིག་དང་འདྲ་བའི་མི་དང་ཕོ་ཤི་ན་མོ་ལ་རྩུབ་མོ་ཤི་ན་ཕོ་ལ་རྩུབ། ཕ་ཁུ་དང་བུ་སྲིང་ལ་རྩུབ། ཚ་བོ་ལ་ངན། ད་ངའི་ཁ་ལ་ཉན་ན། དར་མའི་འབུམ་ལ་སིལ་རྒྱུན་གྱིས། ཚེ་སྒྲུབ་ཚེ་དབང་ཚེ་མདོ་འདོན། དཀྱིལ་འཁོར་ཞལ་བསྒྱུར། བཟློག་པ་བཙན་བཀར་དུར་ཁ་ཆོད། རྟ་དམར་པོའི་མགུལ་དུ་གཡུ་དང་དར་ཚོན་ཐོགས་ལ་དུར་ཐོག་ཏུ་བསྐོར་བ་གྱིས་ལ། རྟ་གཏོ་མཁན་ལ་བྱིན། རྟ་ཐོད་གཅིག་གིས་དུར་ཁ་གཅོད། མིག་ཏུ་འགྲོ་བའི་ཤེས་པ་མྱུར་དུ་གྱིས། ཁྱེད་རྣམས་ནང་ངན་འཐབ་མོ་མ་བྱེད། ཁ་ད་སེམས་གསོ་རོགས་དན་གྱིས། ང་ཉེ་རིང་སྙིང་འདྲ་བ་ལ་སེམས་ལུས། ང་བུ་དང་བུ་མོ་ལ་སེམས་ལུས་འཕྲད་འདོད་ཟེར། གཡུ་ནོར་དང་གསེར་དངུལ་ལ་སེམས་ཆགས། སྐྱེ་དམར་ཁྲའམ་སྒྲོ་བ་ཁམ་པའི་ནང་དུ་འདུག་པའི་ཟས་ཤ་ཐུད་མངར་རིག་


CMR059_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སེམས་ལུས། དེ་ང་ལ་བསྐུར། ངའི་སྟོད་འགེ་དང་ཕྱིང་པ་དང་། འབྲི་ཟལ་མོ་ཡི་ལུས་རྟ་དང་ཞྭ་ལ་སེམས་ཆགས། ངའི་རྗེས་ལ་ཞྭ་དང་ཕྱིང་པ་བསྐུར་ཟས་ལ་མགོ་ཤ་ཟོས་པ་དང་དར་དམར་པོས་གནོད་པ་བྱས། བླ་བདུད་དང་བཙན་དང་འདྲེ་མོས་བཅད། ཡང་མི་ཞུ་བའམ། དེ་ལ་རྨ་བྱའི་སྒྲོ་ཡོད་པའམ། དབང་པོ་མ་ཚང་བས་སྲོག་གཅོད་གཅིག་བྱས། ཡང་སྐོར་གཅིག་མེ་ཐབ་དང་རྡོ་གཞོབ་ཀྱི་སྟེང་དུ་མ་མོ་དང་ཡུལ་བཙན་བསྡོང་བས་ངའི་སྲོག་གཅིག་བཅད། བྱང་སོང་བའི་མི་རུ། གཤེད་དམར་དང་འཁོན་ཐབས་སྟེང་དུ་ཕྱིན་པས་བླ་ཁྱེར། ནད་དང་རྐྱེན་ནི་བུ་སྲིང་གོས་དམར་ཅན་གྱི་ཤ་ཤེད་དམར་ཕྱིན་པས་ནད་ནི་མགོ་དང་རོ་སྟོད་ན། གཉན་ནད་དང་ཁྲག་སྐྱུགས། ཚད་པ་གཟེར་ཐབས་ན་སྟེ། །སྨན་ཡང་དྲག་པོ་མ་རག །ཁོག་སྨད་གྲང་བས་མེ་འོད་འདོད་སྟེ། འདི་མ་ནུས། ཤི་ཁ་སྐམ་ནས་ཆུ་འཐུང་འདོད་སྟེ་གནོད་ཟེར་ནས་མ་བླུད། ང་བས་སྡུག་པ་མེད། ང་ཤི་ཁ་སྡུག་པས་འབག་འབུག་མ་གཏོང་སྟེ། ཉེ་རིང་གང་གིས་ཁ་ཡ་བྱེད་དུ་མ་ཉན། བུ་སྲིང་འབྲིང་བ་དང་རྟ་རྒོད་མ་ལ་ངན། ཁག་བཅུ་གསུམ་ནས་དོན། ངའི་འབྲི་ཟལ་མོ་བུ་མོ་ལ་བྱིན།


CMR059_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ད་ཤི་ཁ་འདོད་པའི་མི་དང་མ་འཕྲད། ངའི་མ་དང་འཕྲད་པ་མེད་ཟེར། རྟ་ལ་བྲུན་ལྷུང་བྱུང་ནས་སྲོག་ལན་གཅིག་བཅད། ངའི་རོ་གཡོག་དམར་པོ་གྱིས། རོ་མཚམས་བཞི་དང་ཤར་དུ་ཁྱེར་ན་དགའ། ལྷོ་ནུབ་ཏུ་ཁྱེར་ན་གྱོད་འོང་། བྱང་དུ་མ་ཁྱེར། ཕ་ཁུ་རྒན་རིགས་དང་འོག་རྟ་ལ་ངན་ཟེར། འབུམ་དང་ཚེ་གཟུངས་གཙུག་ཏོར་འདོན། ང་ལ་མདོ་སྟོན་ན་དགའ། འབྲས་དང་གཡུ་ཤ་མར་ཁུ་ང་ལ་བསྐུར། དུར་ཁ་ཁམ་གྱི་ཕྱག་རྒྱ་དང་ཕག་གི་ཐོད་པས་ཆོད། ༈ ༼ཁོན༽ ཁྱེད་ཤུལ་དུ་ཡོད་པའི་མ་དང་ཉེ་རིང་ཉོན་ཅིག །རང་རེ་རྣམས་དེ་སྔ་མ་ཤི་ཕན་ཆོད་ལ། འདོད་པའི་ཟས་དང་གཏམ་ཡང་མ་རེད་པ་དེ་ཡིན། ད་ངའི་ཕྱིར་འཕྲེང་ལ་ཉོན་དང་། ང་ཤི་བས་རེ་མ་དགའ། ཁར་ཉིན་རོལ་བུ་ཁ་ནག་དུས། །མི་གཙང་བའི་མི་གཅིག་ཁྱིམ་དུ་བྱུང་། ངའི་བློ་ལ་བརླབ་ལ་གང་ཐོབ་བྱས། འཚིང་བ་མེད་པའི་ས་གཅིག་བརྐོས། བཤུ་འགེབ་དང་ས་རྐོ་རྡོ་རློག་བྱས་པས། ཀླུ་དང་ས་བདག་མ་མོ་བསྡོང་།་ལྗི་ལ་འཐིབ་ཅིང་། ཡི་ག་འགག་པའི་ནད་ཕོག །ཁར་སང་ཆུ་བོ་རླབས་ཏུ་ཞུགས་དུས། དོ་གལ་ཆེ་བའི་ཀོ་ལོང་བྱས། མི་འཚིང་བའི་སྐུ་ཉེ་གཅིག་གིས་ཟས་ཟོས། མི་གཙངཛེག་ལྡན་ཆོད་ལ། འདོད་པའི་ཟས་དང་གཏམ་ཕམ་གྱི་ཕྱག་རྒྱ་དང་ཕག་གི་ཐོད་པས་ཆུང་བ་ཟེར།


CMR059_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཕྱོགས་སམ། ཕུག་པ་བྱང་དུ་གྱུ་བའམ། བྲག་ཕུག་ཁ་ལྷོ་ནུབ་དུ་བསྟན་པའི་ནང་ནས་ཡུལ་འདྲེ་ལང་། བདུད་དང་སྲིན་མོ་བསྡོང་། ངའི་སྲོག་ལ་ཧུར་ཐུམ་བྱས། མནའ་དང་འཁོན་དང་གླང་གིས་སྲོག་བཅད། ངའི་བདུད་ར་དང་རེ་བ་གཡུ་ཉོས་པས་སྲོག་གཅིག་བཅད། ང་སྡུག་ཟེར་བའམ། ཡུགས་ས་མའི་ཤ་ཤེད་དམར་བྱིན་པ་ཟོས་པས་ན་སླས་རེད། ལུག་སློ་སྤང་ཐེད་ཞིག་རལ་པ་ལས་བྱས་པའི་བར་དུ་བླ་ཁྱེར། འཁོན་དང་མོ་མགྲོན་བུ་སྟིང་གི་སྐྱས་སྣ། རི་སློའི་སྟེང་དུ་རྒྱལ་བསེན་དང་འདྲེ་མོས་སྲོག་བཅད། །ཁར་ཉིན་རོལ་ཁ་ནག་དུས་བུད་མེད་ནག་ཆགས་འཐབ་མོ་དང་། ཀུ་ཅོ་ཆེན་པོ་བྱས་པས་ཡུལ་ལྷས་ཕྲག་དོག་བྱས། རྒྱལ་བསེན་དང་བསྡོང་བས་བླ་ཁྱེར་བྱས། ང་རང་ཤི་བས་མི་ཆོག་པས་ད་རུང་བུད་མེད་གཅིག་ལ་ངན། ཁར་ཉིན་ཆུ་བོ་གཞུང་རལ་དུས། བླ་མ་ལ་སྐྱབས་སྡོམ་དང་དབང་ཞུས་ནས། ང་ཡང་ཚེ་ཕུགས་སུ་ཕྱིན་པར་གདའ་སྟེ། དེ་མ་ཤེས་པའི་ཐབས་མེད་ད་ཁྱེད་རྣམས་ངའི་ཁ་ལ་ཉན། དར་མའི་འབུམ་ལ་སིལ་རྒྱུན་གྱིས། ཏོག་དང་གྲྭ་ལྔ་གཟུངས་འདུས་སོགས་འདོན། ངའི་ཟས་སྐལ་ཐོབ་ཐང་དེ། དགེ་འདུན་རྣམས་ལ་


CMR059_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུར་ཤིག་གྱིས། སྨོན་ལམ་ཐོབ། ངའི་རོ་ལ་ལུག་གི་པགས་པ་ཐོགས་ལ་བཀོན། ང་ལ་བསྔོས་ནས་འབྲུའི་འཚོ་བ་དྲོངས། ཤ་ལག་པ་དྲངས། ང་ལ་ལུག་ཚེར་མོ་དང་ཕུ་དུང་ཁར་ཐུད་རྒྱུ་བསྐུར་མ་དང་འཕྲད་པས་དགའ། ང་བས་སྙིང་རྗེ་བ་ཨི་འོ་ཡོད། ན་དུས་མ་ཞུ་བ་དང་ཡན་ལག་ན་སྟེ། སྨན་པ་མ་རག་པས་སྡུག་སྟེ། ཐབས་མ་བྱུང་། མ་ཕྱིས་ནི་ང་ལ་བསྡོང་། གོས་ཕུ་དུང་ཟད་ནས་འཁྱུག་རེ་ཐབས་མ་བྱུང་། ཉེ་རིང་དང་འགྲས་པས་ཞེ་འགྱོད་ཡོད། ཁང་ཞིང་ངམ་སྦྲ་གཞིའི་ང་ཡིད་ལུས། སྐྱེ་སྒོ་ཁ་སྤུན་དུ་འདུག་པའི་ནང་གི་རྫས་སེར་པོ་དང་ཟས་ཟ་འཕྲོ་ལ་སེམས་ཆགས། གོས་ཀྱི་ཕུ་དུང་དགོས་པས་སེམས་མ་དགའ། ང་ལ་སྐྱབས་ནི་མེད། ལག་པ་སེར་གདུབ་གྱིས་ལ་ཐོངས། ངའི་སྟོད་འགེ་ལ་སེམས་ཆགས། ཐུག་པ་ལ་སེམས་ཆགས། མགོ་ལུས་དར་སེར་པོའམ་དམར་པོ་གཡོགས། །ང་ལ་ལུག་སྐལ་བ་དགོས་ཟེར། ཕ་དང་འཕྲད་འདོད་ཟེར། ལག་སོར་གདུབ་འབྱོར་ན་ཐང་། ཡུལ་མི་དང་འཁོན་པས་ངའི་འགྱོད་དེ་ཐབས་མེད། རྒན་མོ་དང་བ་རྒན་ལུག་རྒན་ལ་ངན། ཤི་ཁ་ཆང་ཐུང་འདོད་པས་མ་རག །བུ་ཆེ་བའམ་མ་ཕྱི་བུད་མེད་དར་མ་གཉེན་


CMR059_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དང་བུ་སྲིང་ལ་ངན། ངའི་རོ་ནི་ཤར་དུ་མ་ཁྱེར། ལྷོ་དང་ནུབ་ཏུ་དྲངས་ན་དགེ། ས་བདག་བྲང་བརྡུང་པས་ས་རྐོ་རྡོ་སློག་མི་ཉན། དུར་མེ་ལ་བསྟབ། མཆོད་དམར་མི་བརྡུང་། གཤེད་བརྡུང་དྲག་པོ་གྱིས། སེམས་ཅན་གཅན་སྤྱང་གིས་བསད་དོགས་ཡོད། བུད་མེད་གཅིག་གིས་ལུག་ཁྲིད་ལ་ངའི་དུར་ལ་བསྐོར་བ་གྱིས། ལུག་གཏོ་མཁན་ལ་བྱིན། ལུག་ཐོད་གཅིག་གིས་དུར་ཁ་ཆོད། ༈ ༼དྭ༽ ཁྱེད་ཤུལ་དུ་ཡོད་པའི་ཉེ་རིང་རྣམས་གསོན་དང་། ང་མ་ཤི་དུས་འགྲོ་འདུག་ཡང་འཚེར། རང་རེ་ཉེ་འབྲེལ་རྣམས་འདུས་ནས་འདོད་པའི་ཟས་དང་གཏམ་དང་མ་རེད་པས། དེ་ལ་སེམས་ལུས་པས་ད་ཐབས་མེད། ད་ངའི་ཕྱིར་འཕྲེང་ལ་ཉོན་དང་།་ང་ཤི་སྟེ་རེ་མ་དགའ། ཁར་ཉིན་སྤང་ཁ་སེར་དུས་དམེ་ཕོ་གཅིག་ཁྱིམ་དུ་བྱུང་བ་དང་འཛིན་པ་དང་། མགར་ཚང་ལ་ཉན་ལོང་ཕན་པ་མེད་པའི་གོ་མཚོན་དར་དང་ལྕགས་སྤྱད་ཀྱི་རྫས་ལ་བདུད་དང་གྲི་བོ་བསྡོང་། ངའི་སྲོག་གཅོད་དེས་བྱེད། ཁར་ཉིན་རྡོ་འཁྱག་དུས། གཅན་ཐེད་གཅིག་གཉིས་ལ་ཉན་ལོང་། བདུད་ནི་ས་བདག་རྒྱལ་པོ་དང་གྲི་མོ་བཙན་གྱིས་བྱས། འདྲེ་གཅིག་གི་ཁོག་པའི་སྙིང་བཏོན། བདུད་དང་འདྲེ་


CMR059_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

མོས་ཁྲམ་ལ་བསྟབ། ངའི་སྲོག་ལ་ཧུར་ཐུམ་བྱས། ང་རང་ལྷ་སྲུང་གིས་ཁྱེར། བུ་ཆུང་བ་ལ་སེམས་ལུས། རལ་གྲི་དང་སྐེ་རགས་མིའི་ལག་ལ་ཡོད། ཕ་སྤུན་དང་འཐབས་པས་མ་རུངས། ཤི་ཟས་བུ་མོས་བྱིན་ཏེ་ཟ་འཕྲོ་ལུས། ངའི་ཟས་སྐལ་ཐོབ་ཚད་དེ་བནེ་བོས་ལ་ཆུ་སྦྱིན་ཐོངས། སྔགས་པ་བོས་ལ་གཤེད་དང་ཁྲོལ། ཤི་བའི་བདུད་ནི་ཤར་ནས་བྱུང་། ལྕགས་སྤྱད་རལ་གྲི་གོ་ཁྲབ་ཁྱིམ་དུ་ཕྱིན་པས་ལེན། འཐབ་རྩོད་རབ་མདའ་ཅན་ཐོད་རྒྱལ་པོ་དང་གྲི་བོས་བླ་ཁྱེར། དམེ་ཕོ་དང་བུ་སྲིན་ལ་ཡིད་ལུས། དམེ་ཕོ་དང་བུ་སྲིན་དང་མགར་ཚང་གྲི་བོ་དང་། ཕྲག་དོག་གི་ཤི་འདྲེ་བྱས། དཀོར་ནོར་དཀར་མཚན་ཅན་དང་བུ་སྲིང་ལ་ཡིད་ལུས། སྤྱན་ཡ་དང་ཚ་ཞང་དང་འཐབ་པས་ཞེ་འགྱོད་ཐབས་མེད། ང་བུ་ཆུང་བ་དང་འཕྲད་འདོད། རྐང་ཕྲན་ལ་སེམས་ཆགས། ལྕགས་སྤྱད་མི་ལག་ཏུ་སོང་བ་ལ་སེམས་ཆགས། ངའི་སྐེ་རགས་དང་རལ་གྲི་བསྐུར་ཟེར། སྣོད་སྐྱ་བཀྲའམ་སྒོ་བ་ནང་གི་ཐུད་དང་དཀར་པོ་ཟ་འཕྲོ་ལ་སེམས་ཆགས། ཟ་འདོད་ང་ལ་བསྐུར། ང་ཤི་བས་མི་ཆོག་ད་རུང་ཁྱེད་རྣམས་ལ་ངན་ནོ་ཟེར། བདུད་ཀྱི་ཞགས་པས་འདེབ་དོ་ཟེར། ངའི་ཁ་ལ་ཉན་ན།


CMR059_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཆེན་གྲྭ་ལྔ་འདོན། དར་མའི་འབུམ་འདོན། ཤར་བཙན་སེར་པོའམ་ཡང་ན་བཙན་མདོས་གྱིས། སྐང་ཚེ། གཏོར་ཟློག །ས་བདག་མོ་བཅོས་དང་སྙིང་བཅོས་གྱིས། གཤིན་རྗེའི་ཁྲམ་ཟློག །གྲི་ཁ་མཚོན་སྒྱུར། མགོ་གསུམ་བྱ། ངའི་རོ་ནུབ་དང་ལྷོར་མ་འདྲེན། བྱང་དང་ལྷོ་ནུབ་ཏུ་དྲངས་ན་བཟང་། དེ་ལྟར་བྱས་ན་ཤི་སྒབ་ཆད་པ་ཡིན། ར་རོག་པོ་གཅིག་གི་མགུལ་དུ་སྙིང་སྣ་ཐོགས་ལ་བསྐོར་བ་ལོ་གྲངས་གྱིས། ར་གཏོ་མཁན་ལ་བྱིན། ལིའི་ཕྱག་རྒྱ་དང་བྱ་སྒོ་དང་ར་ཐོད་ཀྱིས་དུར་ཁ་ཆོད། དུར་ཟས་བུ་ཆུང་བ་དང་བུ་མོ་ཆུང་བ་ལ་བྱིན་ཟེར། སྲིང་མོ་དང་སྤྱན་ཡས་ཟས་བྱིན་ཏེ་ཟ་མ་ནུས། ང་འདྲེན་པའི་བླ་མ་ལ་སྟོད་ཤ་གཅིག་དྲངས། ཁྱིའམ་གང་ནང་ནས་ང་བུད་འགྲོ་བ་སྙིང་ཨི་རྗེ། །ནད་ནི་མཆིན་ཁ་དང་གློ་ལ་གཟེར་ཏེ་ཐབས་མ་བྱུང་། སྨན་མ་རག་པས་ཞེ་མ་དགའ། སྙིང་གཟེར་ཏེ་ཐབས་མ་བྱུང་། ད་ལོ་སྐྲག་སྔངས་ལན་གསུམ་བྱུང་བས་བླ་ཁྱེར། ཁར་ཉིན་ཆག་པ་ཁྲལ་ཁྲོལ་དུས། གྲི་བོ་དང་བཙན་ཐེའུ་རང་གསུམ་གྱིས་བླ་ཁྱེར། བླ་བསླུ་མ་བྱས་པས་ཞེ་འགྱོད་རེ་ཐབས་མ་བྱུང་། ཤི་འདྲེ་དེ་ཁྲབ་དང་རལ་གྲི་ལ་བྱུང་། ང་སྲིན་མོ་དང་


CMR059_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲད་འདོད་དེ་ཐབས་མེད་ཟེར། ནོར་དཀར་མཚན་ཅན་དང་ར་ལུག་བོར་སྟོར་འོང་ཉན་ཡོད། ངའི་ལྷམ་ངན་པས་སེམས་མ་དགའ། ལྷམ་བསྐུར་ཟེར་ཐོང་། བནེ་རྗེ་བྱས་ན་བཟང་། བྱ་སྤྲེལ་ལོ་པ་ཤི་ན་ཁོག་ཀྲམས་པ་ཡིན། ༈ ༼ཁེན༽ ཁྱེད་ཤུལ་དུ་ཡོད་པའི་ཉེ་རིང་རྣམས་ཉོན་ཅིག །ང་ལ་མ་ཤི་གསོན་ཚེ་ཡང་འདོད་པའི་ཟས་དང་གཏམ་མ་རེད་པ་དེ་ཡིན་ད་ངའི་འཕྲེང་ལ་ཉོན་དང་། ང་ཤི་སྟེ་རེ་མ་དགའ། ཁར་ཉིན་རི་སྔོ་ས་སྔོ་དུས། ཁྱི་སྣ་དང་སྤྱང་སྣ་མ་ཐུབ། ཁྱི་ཐོད་གཅན་ཐེད་ལ་ཉན་ལོང་། དབོན་པོ་གཅིག་གི་བཀོར་ལ་འབག་པས་ལེན། རྒྱལ་པོ་དང་ཐེའུ་རང་བསྡོང་བས་ངའི་སྲོག་གཅིག་བཅད། ཡང་བདུད་ནི་ལྷོ་ནས་བྱུང་། ཁྱི་དང་རན་ཐག་རྒྱུད་ན་ཙས་བྱུང་། མི་རྒན་ཐེང་པོའམ་བོན་པོའི་རྫས་འདོད་ཅན་ལ་ཉོན་པས་ལེན། ཤ་ཤེད་དམར་དང་། དམེ་ཕོའི་རྒྱུད་ནས་ཟས་ཟོས་པས་ན་ཚ་གཅིག་བྱུང་། གནམ་ལྷས་ཚེ་སྲོག་འཕྲོག །རང་གི་ལྷ་སྲུང་དུས་ལ་མ་མཆོད་པས། །ལྷ་དང་སྲུང་མས་ཆད་པ་བཅད། བསྟེན་པའི་ལྷ་སྲུང་བདུད་དུ་བབ། ཐབ་དང་མི་གཙང་བའི་གནོད་པ་བསྐྱལ། ནག་ཆགས་འདྲེ་དང་གནམ་ཐེལ་གྱི་སྲོག་ལ་ཧུར་ཐུམ་བྱས། ངའི་


CMR059_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ནི་བོན་པོ་དང་ཁྱི་ཁྲིད་གཅིག་གིས་བྱས། ཚེ་ལེན་དང་མནའ་དང་ཁྱི་རོས་བྱས། དབུགས་ལེན་རྫས་ནག་སྦྲ་ནག་སྐྱས་ནག་གིས་བྱས། བཙན་བདུད་རྒྱལ་པོ་བསྡོང་ནས་ཁར་ཉིན་རི་སྔོ་ས་སྔོན་ལ་ངའི་སྲོག་ཧུར་ཐུམ་བྱས། ཤིང་མཁན་རྣམས་བོན་པོ་འཐིང་པོ་དང་གནམ་ཐེལ་བསྡོངས་ནས་བླ་ཁྱེར། སྨུག་མོ་དང་བུ་སྲིང་ནལ་མ་དང་འགྲོ་འདུག་པ་ནས་རྒྱལ་པོས་བླ་ཁྱེར། ང་ཤི་བས་མི་ཆོག་པར། ཁྱེད་གསོན་པོ་རྣམས་ལ་གནོད་པར་འདུག །ངའི་ཁ་ལ་ཉན་ན་དར་མའི་འབུམ་ལ་སིལ་འདོན་གྱིས། གསེར་འོད་འདོན། སྣང་བརྒྱད་འདོན། ཡུལ་ལྷ་ལ་གཏོར་ཁུ་དང་གསས་མཁར་བརྩིགས། གནམ་སྒོ་ཆོད། རྒྱལ་མདོས་དང་། མགོ་གསུམ། ས་བདག་བཅོས། བཟློག་པ་བྱ། བརྒྱད་སྟོང་འདོན། ད་རུང་ཁྱེད་རྣམས་ལ་ཤི་བདུད་འཁོར་ཡོད། འབྲུག་ལོ་པ་ལ་རྩུབ། ངའི་ལྷམ་ངན་པས་རྐང་པ་ཡང་འཁྱག །ངའི་ཤ་ཟ་འཕྲོ་དང་གྲོ་མའམ་དཀར་ཆུ་ཞྭ་དང་ཕྱིང་པ་ཉེ་རིང་ལ་སེམས་ལུས། ཟས་དང་ལྷམ་ང་ལ་བསྐུར། ང་ཕ་དང་འཕྲད་འདོད། བུད་མེད་མིན་ན་ཕ་མིང་དང་འཕྲད་འདོད་དེ་ཐབས་མ་བྱུང་། ཕ་ཁུ་དང་བུད་མེད་འཐབས་པ་ལ་ཞེ་འགྱོད་དེ་


CMR059_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མེད། ངའི་རྟ་མིག་ཁྱེར་བ་ལ་སེམས་འཕྲེང་། ཟ་འཕྲོ་ཤིང་ཐོག་འདྲེས་པ་དེ་ང་ལ་བསྐུར། ངའི་ཕྱིང་པ་བསྐུར་ཟེར། རྟ་ལུག་ལ་སེམས་ལུས། ངའི་རྟ་བསྐུར་ཟེར། །ཁྱིའམ་གླང་ཉོས་པས་ཤི་ཙ་བྱས། རྐང་པ་ཡང་ན། བོན་པོ་མཐིང་སྐྱེས་སྲོག་གཅོད་བྱས། ཕ་ཁུ་རྒན་རབས་དང་འོག་རྟ་བུ་ཆེ་རྒྱུད་བུད་མེད་བྱི་མོ་ལ་ངན། ལྕགས་ཀྱི་ཀ་བ་ཁ་བདལ་ཞེས་བྱ་སྟེ། འཕེན་པོ་ཡིན་ན་ལྔ་ལ་ངན། རྨང་པོ་ཡིན་ན་རྩད་ཆོད། གཤིན་ལམ་བཅས་གཏོ་བྱ། ཕ་ཁུ་དང་ཉེ་རིང་ལ་བསྡོང་། ང་འདྲེན་པའི་བླ་མ་ལ་ཤ་ཆང་དྲངས། ང་ལ་དགེ་རྩ་འབད་པ་གལ་ཆེ། ཁ་ཕོར་དང་སྐེ་རགས་བསྐུར། ཤི་བདུད་ནི་རྫས་དཀར་པོའམ་ཕྱོགས་ནས་ཐེའུ་རང་གིས་བླ་ཁྱེར། ངའི་རོ་ཆས་ལ་རས་སྔོན་པོས་དཀྲིས། མགོའམ་གཡོན་ཕྱོགས་སུ་ཁྲབ་བྱང་ཕྱར་དགོས་ཟེར། ངའི་ཟས་དཀར་ཐོབ་ཚད་ལ། བནེ་བོས་ལ་ཆོ་ག་གྱིས། བོན་པོ་བོས་ལ་དུར་ཤིས་ཀྱིས། སྔགས་པ་བོས་ལ་གཤེད་ཁྲོལ། ཁྱེད་རྣམས་ལྷ་དང་སྲུང་མ་མཆོད། ང་ལ་ཞིང་ཐོག་ཨན་ཙམ་གཅིག་བསྐུར། ང་ཕ་ལ་སེམས་ཕྲེང་། བོན་བྱད་ཀྱིས་སྲོག་བཅད། ལུག་དང་ཁྱི་ལ་ངའི་ལྷམ་ཁོལ་ལ་རྒད་པོ་གཅིག་གིས་


CMR059_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ལ་དུར་ཁ་ལན་གསུམ་བསྐོར་ཁྱི་ཐོད་གཅིག་གི་དུར་ཁ་ཆོད། ༈ ༼༧༽ ཁྱེད་ཤུལ་དུ་ཡོད་པའི་གསོན་པོ་རྣམས་སྙན་གསོན་དང་། ང་མ་ཤི་གསོན་ཚེ་ཡང་འདོད་པའི་ཟས་དང་གཏམ་ཡང་མ་རེད། ད་འགྱོད་དེ་ཐབས་མེད། ང་ཤི་བས་རེ་མ་དགའ། བདུད་ནི་ལྷོ་ནུབ་ནས་བྱུང་བས་སྲོག་བཅད། ཁར་ཉིན་ཆུ་བོ་གཞུང་རྒྱས་དུས། ཡུགས་ས་མོ་གཅིག་གི་ཟས་བྱིན་པ་དང་། བུད་མེད་ལུས་མི་གཙང་བ་གཅིག་གི་ཁྱིམ་དུ་ཕྱིན་པས་ལྷ་དང་སྲུང་མ་གནམ་དུ་ཡལ། ཕན་པ་མེད་པའི་གནོད་པ་བསྐྱལ། ཚེ་བདུད་ནག་པོ་དང་དམ་སྲི་བདུད་མོ་ཐེའུ་རང་བསྡོངས་ནས་སྲོག་ལ་ཧུར་ཐུམ་བྱས། ན་ནིང་གཙང་པོ་ཆུ་འབྲུག་ལ། བུ་སྲིན་ནལ་མོའམ་ཁྱིམ་མཚེས་ནལ་མ་གཅིག་གི་ཟས་ཟོས་པས། བུད་མེད་ནག་མོ་བསྡོང་ཕུང་སྲི་སྡོང་ལ་རྒྱུག་ལྷའི་ལྷམ་བཅད། བུད་མེད་མཚན་ངན་གྱི་རང་ཤ་དང་ཟས་ཆང་དང་བླུད་པས་ནད་སྐྱོན་རེད། མྱ་ངན་དང་ཆུ་ཆེན་བརྒལ་བས་བླ་ཁྱེར། རྒྱལ་པོ་དང་འདྲེ་མོས་སྲོག་བཅད། ཆུ་བོ་གཞུང་རྒྱས་དུས་ངུ་འབོད་དང་འདུ་འཚོགས་དང་། སྐྱས་སྣ་དང་སྤྱད་ནག་མོ་མགྲོན་ཐབ་འཁོན་བྱས་པས། ཡུལ་ལྷ་དང་རང་ཁྱིམ་ལྷས་ཕྲག་དོག་བྱས་ནས་བླ་ཁྱེར་


CMR059_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། ཁར་ཉིན་ཆུ་བོ་དར་ཆགས་དུས། ཆུ་གཏོར་གུར་མདོས་བྱས་ནས། ང་ཡང་ཚེ་ཕུགས་སུ་ཕྱིན་ཟེར་བས་རེ་མ་དགའ་སྟེ། དེ་མ་ཤེས་པས་འགྱོད་དེ་ཐབས་མེད། ང་རང་ཤི་བས་མི་ཆོག་པར་ངའི་སྲོག་གཅོད་རྣམས་ཀྱིས་ཁྱེད་གསོན་པོ་རྣམས་ལ་གནོད་པར་འདུག །ད་ངའི་ཁ་ལ་ཉན་ན་མཚོ་སྨན་གུར་མདོས། གཟུངས་ཆེན་གྲྭ་ལྔ་བསྲུང་ཆེན་བརྒྱད་ཐོག །མ་སྲུ་བརྒྱད་ཀྱི་འཕོང་ར་གྱིས། འབུམ་དང་གཙུག་ཏོར་དཀར་ནག་ཐོན། ཀླུ་མཆོད་འགྲམ་བཅོས་གྱིས་མགོ་གསུམ་གྱིས། དེ་ལྟར་གྱིས་དང་དགེ་བ་ཡིན། ང་བས་སྙིང་རྗེ་བ་མེད། །བཟའ་ཚང་མའི་ནང་ནས་བུད་འགྲོ་དགོས་རེད། ཤི་ཁ་འཁྱག་སྟེ་བློ་མ་བྱུང་ཉལ་ས་ཡང་མ་བདེ། ཞག་དགུ་གསུམ་ལ་གཟེར་སྨན་མ་རག་པས་བློ་མ་བདེ། གོས་ཀྱང་ངན། ལྷམ་རིགས་ཡང་མེད་པས་ངོ་ཚ་སྟེ་ཐབས་མ་བྱུང་། ཕ་ཁུ་དང་ཉེ་རིང་འཁོན་པས་ཤི་ཁ་འགྱོད་དེ་ཐབས་མ་བྱུང་ང་ལ་བློ་ཆ་མེ་ཆ་བསྐུར། ང་འདྲེན་པའི་བླ་མ་སློབ་དཔོན་ལ་ཤ་ཆང་དྲངས། བུ་འབྲིང་བ་དང་། བུ་མོ་དང་ཕྱུགས་རོག་མོ་དང་། བུ་སྨད་གོས་དང་འཐུང་འཕྲོ་ལུས་པ་ལ་ཡིད་ལུས། དེའི་ཚབ་བསྐུར་ཤོག་ཟེར་། བུད་མེད་ལ་སེམས་ལུས། རྔ་བྲན་དང་ཕྱུགས་


CMR059_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རོག་མོ་བོར་དོགས་ཡོད། ཤ་སྨད་ཤ་ལ་ཡིད་ལུས། སྣོད་ནག་པོའི་ནང་གི་ཟས་དང་ཟ་འཕྲོ་ལ་ཡིད་ལུས། སྣོད་སེར་ཁྲའི་ནང་གི་ཐུད་དང་ཟས་ཟ་འཕྲོ་ལ་ཡིད་ལུས། ང་ཁུ་བོ་དང་འཐབས་པས་འགྱོད་དེ་ཐབས་མེད། ངའི་རལ་གྲི་ཆུ་ལ་བསྐུར། མེ་ཆ་དང་སྐྱས་སྣ་གྲི་བཙན་ཐབས་བསུར་གྱིས་སྲོག་བཅད། བ་གླང་ངམ་ཕག་ལ་སེམས་ལུས། སྣོད་ནག་པོའམ་ཁྲ་བོ་ནང་གི་ཤ་ཐུད་ང་ལ་བསྐུར། ཤི་འདྲེ་སྐྱས་ནག་དང་མོ་མགྲོན་གྱིས་བྱས། བུ་ཆུང་བ་དང་བུ་མོ་ཆུང་བ་གཉིས་ལ་ཡིད་ལུས། བུ་ཆུང་བ་དང་བྲན་གཡོག་ལ་ངན། ཞག་བཅུ་གསུམ་དང་ཟླ་བ་གསུམ་ནས་འབྱུང་ངོ་། །ངའི་རོ་གོས་སྔོན་པོ་གྱིས། རོ་ལྷོ་ནས་མ་ཁྱེར། མཚམས་བཞིར་མ་ཁྱེར། ནུབ་དང་ཤར་དུ་ཁྱེར་ནས་དགོས། རོ་ཆུ་ལ་མ་བསྐུར། བསྐུར་ན་ངན། ཁྱེད་རྣམས་ཆུ་གྲིས་ཤི་དོགས་ཡོད། མྱ་ངན་མ་བྱེད་དང་ང་ལ་གནོད་དུ་ངའི་ཟས་སྐལ་ཐོབ་ཐང་ལ་བན་བོན་གཉིས་ཀྱི་བསྡུར་ཤིག་གྱིས། སྔགས་པ་བོས་ལ་གཤེད་ཁྲོལ། ངའི་དུར་གྱི་སྟེང་དུ་ཆུང་ཡས་བཞག་ན་བཟང་། རའི་སྐེ་ལ་ཆུ་གྲོད་ཐོགས་ལ་དུར་ལ་བསྐོར་བ་གསུམ་གྱིས། ར་གཏོ་མཁན་ལ་བྱིན། དུར་ཁའི་ཕྱག་རྒྱ་དང་


CMR059_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དར་དམར་གྱི་བྱི་བས་ཆོད། ཡང་ཤ་བའམ་ལུག་གི་མགུལ་དུ་གྲོད་པ་དང་གཡུ་ཐོག་ལ་དུར་ཁ་ལན་གསུམ་ཆོད། རིམ་གྲོ་ལ་འབད་པ་གལ་ཆེ། ༈ ༼གིན༽ ཁྱེད་རྗེས་ཀྱི་གསོན་རྣམས་སྙན་གསོན། མ་ཤི་གསོན་ཚེ་ཡང་ཡང་འདོད་པའི་ཟས་དང་གཏམ་མ་རེད། དེ་ལ་འགྱོད་དེ་ཕྱིས་ཟིན་རེད། ང་ནི་ཤི་སྟེ་རེ་མ་དགའ། ངའི་ཕྱིར་འཕྲེང་ཉོན་དང་། ཕན་པ་མེད་པའི་གཉེན་ཐག་རིང་དང་། དགོས་པ་ལ་བྱས། ན་ནིང་རྨོས་ཁ་རུལ་ས་རྐོ་རྡོ་རློག་བྱས་པས། ས་བདག་བདུད་ཀླུའི་གནོད་པ་བྱས། ཉེ་ངན་གཅིག་གིས་འཚེང་པ་མེད་པའི་ཟས་གཅིག་བྱིན་པས། ས་བདག་ཀླུ་བདུད་བཙན་དང་བསྡོངས་ནས་ངའི་སྲོག་གཅོད་བྱས། ཡང་ཁར་ཉིན་ནེའུ་གསེང་ཁ་འབུར་དུས་ས་བདག་གནས་ས་ནས་ས་བླངས་པས། ས་བདག་སྙིང་ལ་ཕོག་པས་འགྲམ། ཁར་ཉིན་སྤང་ཁ་སྐྱ་སེར་དུས་བྲག་བཙན་བདུད་དང་འདྲེ་གདོན་བནྡེ་དཀོར་བདག་བེ་དཀར་གྱི་ངའི་བླ་ལ་གང་ཐོབ་བྱས། ངའི་སྲུང་མས་སྐྱབས་ཀྱང་མ་ཐུབ་བོ། །བདུད་ནི་ཤར་ལྷོ་མཚམས་ནས་བྱུང་། བོར་དང་ཕུབ་དང་ཕྱར་བ་ཉོས་པས་ཕུང་། བུད་མེད་བན་དེ་ཁུང་མི་བཙུན་པའི་ས་ནས་ཤ་ཤེད་དམར་དང་ཟས་བྱིན་པས་ན་ཚ་བྱས། བན་དེ་


CMR059_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་ཁོ་དང་གཏིབ་གྲི་བྱུང་བས་ཤི་འདྲེ་རེད། རྔ་བྲན་གྱི་སློ་ཐོག་དང་། དམེ་ཕོའི་མནོལ་དང་། རབས་ཆད་བན་དེའི་ཕྱི་ནས་རྒྱལ་པོ་བེ་གར་གྱིས་སྲོག་བཅད། ཡང་ནེའུ་སིང་སྔོ་དུས། མཛོ་གླང་རྔ་བྲན་ཉོས་པ་ནས། དམ་སྲི་ཐིལ་གསུམ་གྱིས་བླ་ཁྱེར། མཆོད་ཁང་དམ་པ་ལྷ་ཁང་རྙིང་པའི་ནང་དུ་སོང་བ་དང་། བན་དེ་སྔགས་པ་ལ་ཉན་ལོང་། རྒྱལ་འགོང་གི་ངའི་སྲོག་ལ་ཧུར་ཐུམ་བྱས། བུ་དང་སྤྱན་ཡ་ཚ་མོ་ལ་ཡིད་ལུས། ཤ་དང་དཀར་ཆུ་ཟ་འཕྲོ་དང་། རྔ་བྲན་ལ་ཡིད་ལུས། སྐེ་རགས་དང་གཡུ་སོར་གདུབ་ལ་ཡིད་ལུས། ཤག་པོའམ། བན་དེ་སྔགས་པས་ཕྱིན་པའི་ཟས་ཟ་མ་ཁོམ། ང་ཚང་རོག་དང་འཕྲད་འདོད། བུ་ཆེ་བ་ལ་ཡིད་ལུས། ངའི་ནོར་ཕྱུགས་མིས་ཁྱེར་བ་ལ་ཡིད་ལུས། ཟས་ཟ་འཕྲོ་ལ་ཡིད་ལུས། སྒོ་བ་ཁ་རལ་ནང་གི་ཟས་ལ་ཡིད་ལུས། ང་ལ་ལྷམ་མེད་ཚ་བོ་ལ་ཡིད་ལུས། རྔ་བྲན་གྱི་སློ་དང་བན་བོན་གྱི་སྲོག་བཅད། སྨད་ཤ་རྐང་པ་གཡས་པ་ལ་ཡིད་ལུས། ལྷ་ཆས་ཕུང་། སློ་རིགས་ཀྱི་ཕུང་། གླང་ལུག་ལོ་པ་དང་འཕྲད་འདོད། སྒོ་བ་སྐྱ་བོའི་ནང་དུ་ཐུད་མར་ཟས་འཕྲོ་ཡོད་པ་ལ་ཡིད་ལུས། ཚ་བོ་ཆེ་བ་ལ་དགེ་བ་གྱིས་


CMR059_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར། བུ་ཆེ་བ་དང་མ་ཕྱི་ལ་ངན། ཟླ་བ་གཉིས་ལ་འབྱུང་། བུད་མེད་བཞི་འཛིང་པ་ལ་ངན། ང་བས་སྡུག་པ་ཨེ་ཡོད། བཟའ་ཚང་ཁྱིམ་གང་གི་ནང་ནས་ང་འཕྲད་བྱུང་། ང་འདྲེན་པའི་སློབ་དཔོན་ལ་ཤ་ཆང་དྲངས། ང་ལ་ལྷམ་དང་འཕྲེང་བ་བསྐུར། ངའི་ཟས་སྐལ་ལ་ཐོབ་ཐང་ནི། བན་བོན་གདན་དྲངས་བདུར་ཤིག་གྱིས། སྔགས་པ་བོས་ལ་གཤེད་ཁྲོལ། ངའི་སྲོག་གཅོད་རྣམས་ཀྱིས་ང་ཤི་བས་མི་ཆོག །ཁྱེད་རྣམས་ལ་ཁ་ཤོམ་འགའ་རེ་བྱེད་དོ། །ངའི་ཁ་ལ་ཉན་ན། དར་མའི་འབུམ་འདོན། ཀླུ་བཙན་ས་བདག་དང་འགྲས་སྡམ། མཚོ་སྨན་གུར་མདོས། འཕགས་པ་སྤྲིན་ཆེན་མདོ། གླང་རི་ལུང་བསྟན། ས་བདག་འཁྲུག་བཅོས། བེ་དཀར་མདོས། མགོ་གསུམ་དང་གཤེད་ཕུད་དྲག་པོ་གྱིས། །དཀོན་མཆོག་བརྩེགས་པ། ཀླུ་འབུམ། བརྒྱད་སྟོང་པ་འདོན། ངའི་རོ་གོས་དཀར་པོའམ་རོ་ཆས་སེར་པོ་གྱིས། ངའི་རོ་ཤར་དང་བྱང་དུ་མ་དྲངས། ལྷོ་ནུབ་ཏུ་དྲངས་ན་དགེ། ས་མི་རྐོ་རོ་མེར་བསྲེགས་ཤིང་ཕྱི་དུར་བྱའོ། །ངའི་དགེ་བ་ལ་རེམ་དང་ཁྱེད་རྣམས་ལ་བཟང་། ངའི་རོ་ཁལ་མཛོའམ་གླིང་ལ་གྱིས། བན་དེ་བཙུན་པས་རོ་སྣ་ཁྲིད། བན་དེ་གཅིག་


CMR059_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གླང་ལ་ས་ཁོལ་ལ་དུར་ལ་བསྐོར་བ་ལོ་གྲངས་གྱིས། གླང་བན་དེ་ལ་བྱིན། དུར་ཁ་ལུག་མགོ་སེར་མའི་ཐོད་པ་དང་། ཁོན་གྱི་ཕྱག་རྒྱ་དང་། ཡང་ན་གླང་ལ་ངའི་གོས་ཁོལ་ལ་དུར་ཁ་ལན་གསུམ་ཆོད། གླིང་གཏོ་མཁན་ལ་བྱིན། ༈ ༼ཟིན༽ ཁྱེད་རྗེས་ཀྱི་གསོན་པོ་རྣམས་ཀྱི་སྙན་གསོན་དང་། ང་མ་ཤི་གསོན་ཚེ་ཡང་འདོད་པའི་ཟས་དང་གཏམ་མ་རེད། ང་ལ་འགྱོད་དེ་ཐབས་མེད། ང་ཤི་བས་རེ་མ་དགའ། ང་ཤི་བའི་བདུད་ནི་ནུབ་ནས་བྱུང་། གཉེན་བྱས་པ་བདུད་དུ་བབ། བན་བོན་སྲུང་མ་ནོར་ལ་ངན། མགོ་བའི་ལྷ་དང་སྲུང་མ་མཁན། ཤིང་སྤྱད་ལྕགས་ཆ་བདུད་དུ་བབ། ཁར་ཉིན་ཤིང་རྩི་ཁ་འབུར་དུས། ཚེ་སྲོག་བླ་ནི་བཙན་དང་གྲི་བོས་ཁྱེར། ང་རང་ཤི་བས་མི་ཆོག་པས། སྙིང་དང་འདྲ་བ་གསུམ་ལ་ངན། སྟག་གཟིག་སྤུ་ཤུན་དང་རྫ་ས་ཁྲ་བོ་ཉོས་པ་དང་། རབས་ཆད་ཀྱི་ནོར་རྫས་ཉོས་པས་གྲི་བོ་དང་ཤ་ཤན་དམར། བན་དེའི་བུད་མེད་བུ་སྲིང་གིས་བྱིན་པའི་ཤ། ཟས་དཀར་མཚན་ཅན་གྱི་རྫས་རེད། གཉན་གྲི་དང་འགག་གྲི་བསྡོང་བས་ངའི་སྲོག་ཧུར་ཐུམ་བྱས། ཡང་ཁར་ཉིན་སྤང་པོ་ཁ་སྔོན་དུས་ཤི་ཆད་དང་། རི་བོང་གི་ལག་པའམ་ཤ་ཟོས་པ་


CMR059_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རབས་ཆད་ཅིག་གི་རོ་ཟས་སམ་ཟས་ཟོས་པ་དང་། གཅན་ཐེད་ཤ་ཟོས་པ་དང་། ཤ་ཆང་དཀར་ཆུ་གཅིག་གི་ཉན་ལོང་། ཀླུ་རྒྱལ་འགོང་པོ་གྲི་བོས་ངའི་སྲོག་ལ་ཧུར་ཐུམ་བྱས། རི་བོང་ཤ་དང་གོ་ཁྲབ་དབུགས་ལེན་བྱས། ཡང་ལན་གཅིག་ཤིང་ལོ་ཁར་འབུར་དུས། སྤུ་ཤུན་སྐེ་རགས་ཤིང་སྤྱད་ཉོ་བཙོངས་ནས། ལྷོའི་རྒྱལ་པོ་དང་གྲི་བོ་བསྡོང་བས་བླ་ཁྱེར། ང་བུ་ཆེ་བ་དང་དཀར་མཚན་ཅན་ལ་ཡིད་ལུས། ཤིང་ཐོག་འདྲེས་པའི་ཟས་ཟ་འཕྲོ་ལ་ཡིད་ལུས། སླག་པ་དང་སྐེ་རགས་ལ་ཡིད་ལུས། གའུ་དང་སོར་གདུབ་ལ་ཡིད་ལུས། །བུ་སྲོག་དང་འདྲ་བ་ལ་ཡིད་ལུས། ཟས་ཟ་འཕྲོ་དང་སྲིང་མོ་དང་ཚ་མོ། བུད་མེད་དེ་རྣམས་ལ་ཡིད་ལུས། སྣོད་དམར་བཀྲ་ནང་གི་ཟས་དཀར་མཚན་ཅན་དང་། མངར་རིགས་འདྲེས་པའི་ཟས་ལ་ཡིད་ལུས་པས་སེམས་ཆགས། སྤྱན་ཡ་དང་བུ་སྲིང་མག་པ་དང་འཁོན་པས་ཤི་ཁ་འགྱོད་དེ་ཐབས་མ་བྱུང་། བུ་མོ་ལ་སེམས་ལུས། ཕྱུགས་དང་ཐུད་ལ་ང་ལ་བསྐུར། ཤི་ཁ་བུ་སྲིང་དང་འཕྲད་འདོད་དེ། མ་འཕྲད་ཟེར། སྣོད་སོགས་བཀྲ་ནང་གི་ཟས་ལ་སེམས་ལུས། ཤི་འདྲེ་བཙོག་ནལ་གྱིས་བྱས། འགག་འདྲེས་སྲོག་གཅིག་བཅད།


CMR059_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྲོ་བྱས་པས་ལམ་དུ་མ་སོང་ཟེར། མར་ཐུད་ཟ་འཕྲོ་ལ་ཡིད་ལུས། ར་ཤའམ་ཅིབ་ཡ་ལ་ཡིད་ལུས། ཕོ་སྙིང་འགྲམ། རི་བོང་ལག་པས་ས་བཞི་མནན། །འཐབ་རྩོད་དང་ནལ་གྱི་ཕུང་། ང་ཤི་བས་མི་ཆོག་གཤིན་པོས་ཟ་རེས་བབ་ཟེར། ད་ངའི་ཁ་ལ་ཉན་ན། ཁྱེད་རྣམས་སྡོང་རྒྱན་དང་དཔག་བསམ་ལྗོན་ཤིང་འདོན། དར་མའི་འབུམ་འདོན། སྙིང་བཅོས་དང་ཀླུ་མཆོད་གྱིས་སྙིང་གཏེར་བྱ། དཀར་པོ་མགོ་གསུམ་དང་སྣང་བརྒྱད་བརྒྱ་ཚར་འདོན། ཆུ་ལ་ཟམ་པ་ཚུགས། ལམ་འཕྲང་བཅོས། ང་ཡི་ཟས་སྐལ་ཐོབ་ཐང་ལ་སྔགས་པ་བོས་ལ་དྲི་ཟ་ཁ་ཁྲལ་གྱིས། བོན་པོ་བོས་ལ་སྟེང་གསོད་བླ་བསླ་གྱིས། བན་དེ་བོས་ལ་འདུར་ཤིག་གྱིས། ང་བས་སྙིང་རྗེ་བ་ཨེ་ཡོད། བཟའ་ཚང་ཁྱིམ་གང་གི་ནང་ནས་ང་བུད་དགོས་བྱུང་། གློ་གཟེར་དང་གཉན་ནད་ན་སྟེ་སྨན་མ་རག །སྙིང་གཟེར་སྟེ་ཐབས་མ་བྱུང་། ཤི་ཁ་མི་བདེ་བ་སྣ་ཚོགས་བྱུང་། སྐེ་རགས་དང་ཆབ་མ་ང་ལ་བསྐུར། ཤི་ཁ་ཁ་དེས་མ་བྱུང་བས་སེམས་འགྱོད། ང་འདྲེན་པའི་སློབ་དཔོན་ལ་ཤ་དང་ཐུད་དྲངས། རོ་ཆས་ཁྲ་བོའམ་སྔོན་པོ་གྱིས། ངའི་རོ་ཤར་དང་ནུབ་ཏུ་མ་དྲངས། བྱང་དང་ལྷོར་དྲངས་ན་


CMR059_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དགེ །ནུབ་ནས་དགྲ་འོང་དོགས་ཡོད། བོང་བུ་ལ་མདའ་གཞུ་དང་རལ་གྲི་ཁོལ་ལ་ངའི་དུར་སར་བསྐོར་བ་ལོ་གྲངས་གྱིས། དུར་ཁ་སྟག་གཟིག་རས་མོ་དང་། དྭ་ཡི་ཕྱག་རྒྱས་ཆོད་༈ ༼ཟོན༽ ཁྱེད་ཤུལ་དུ་ཡོད་པའི་ཉེ་རིང་རྣམས་གསོན་དང་། དེ་སྔ་མ་ཤི་གསོན་ཚེ་ཡང་། འདོད་པའི་ཟས་དང་གཏམ་ཡང་མེད་པ་དེར། དེ་ལ་འགྱོད་སྟེ་ཐབས་མེད། །རྗེས་ཀྱི་གསོན་པོས་ཉོན་དང་། ང་ཤི་སྟེ་སེམས་མ་དགའ། ཁར་ཉིན་བཙས་མ་དུས་རྔས་པ་དང་། འཐབས་པ་དང་། དབེན་གནས་རྙིང་པ་གཅིག་ན་ལས་གཅིག་བྱས་པ་དང་། །བན་བོན་གྱི་དམོད་པ་བོར་བ་དང་། སྔགས་པ་དགྲ་རུ་ལང་། དབེན་གནས་འདྲེ་དང་མོ་འདྲེ་སྨྱོ་འདྲེ་བསྡོང་། ངའི་སྲོག་ལ་ཧུར་ཐུམ་བྱས། བླ་བཙན་གྱིས་ཁྱེར། ཤི་འདྲེ་ལྷོ་ནས་བྱུང་། ཁར་ཉིན་ཆུ་མིག་དཀྲུགས་སམ། དབེན་གནས་རྙིང་པའི་ལས་བྱས། བན་བོན་ལྷ་མེད་ཀྱི་ཟས་ཟོས་པ་དུག་ཏུ་སོང་། ཁར་ཉིན་གནོད་དོན་མེད་པའི་ཚིག་གཅིག་གིས། །སྔགས་པ་བན་དེ་དགྲ་རུ་ལང་། དེའི་སྲུང་མ་མ་མོ་ཀླུ་དང་དམ་སྲི་བསྡོང་། སྨྱོ་འདྲེ་དང་འགོང་པོས་ངའི་སྲོག་བཅད། ལྷ་རུ་བསྟེན་པ་བདུད་དུ་ཕབ། ང་ཤི་བས་མི་ཆོག་པར། ད་


CMR059_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ཁྱེད་རྣམས་གསོན་པོ་ལ་གནོད་པར་འདུག །ང་ནུ་བོ་ཆེ་བ་དང་འཕྲད་འདོད། སྟག་གཟིག་རས་མོ་དང་མཛོ་དང་མོ་དང་སྣོད་ནང་དུ་ཤ་དང་། རེ་བ་རྫས་དམར་པོའམ་བཟོ་འཕྲོ་ཅན་དར་ཟབ་རོ་གོས་མཆོད་ཆ་དང་མཆིག་ལ་སེམས་ཆགས། བན་བོན་སྨྱོན་པའི་ནོར་རྫས་ཉོས་པས་ལེན། སྨྱོ་ཤ་དང་རྐྱས་སྣ་བུ་སྲིན་ང་ལ་སྡུག་ཟེར་བའི་ལག་ནས་ཟས་ཀྱི་ན་རྐྱེན་བྱས། སོག་རྒྱུར་གནམ་གཡེང་དུས་སུ་ཐབ་དང་འཁོན་དང་། ཤ་སློང་བག་སྣའི་སྟེང་དུ་རྒྱལ་པོ་བཙན། བདུད་འདྲེ་མོ་དང་བསྡོང་བས་སྲོག་གཅིག་བཅད། ཁར་རྩང་དགུན་ར་བའི་ནང་དུ། ས་འཚུབ་རླུང་དམར་བྱུང་དུས་བླ་འདྲེ་མོས་ཁྱེར་ཏེ། བླ་བསླུ་དང་འཆི་བསླུ་བྱས་ན་ལོ་གསུམ་བར་དུ་འདུག་ཚེ་ཡོད་དེ་བྱེད་མི་མེད། ང་བས་སྙིང་རྗེ་བ་ཨི་ཡོད་ཨ། ཁྱིམ་གང་ནང་ནས་ང་འགྲོ་དགོས་རེད། ངའི་ཟས་སྐལ་ཐོབ་ཚད་ལ། བན་བོན་བོས་ལ་གཙུག་ཏོར་འདོན། སྔགས་པ་བོས་ལ་ལུས་གཤེད་ཁྲོལ། གཟུངས་འདུས་མ་མོའི་ཁྲག་མདོས་ཐོང་། སཱཙྪ་འབུམ་གཏེར་ཆུ་གཏོར་འདོན། དུར་གྱི་སྟེང་དུ་སཱཙྪ་ཞོག །བུ་སྲིན་མག་པ་མཛོ་མོ་དང་། རྟ་དྲེལ་བུ་མོ་ཆེ་བ་ལ་སེམས་ཆགས། སྒྲོ་བ་ཁ་རལ་ནག་པོ་ཡོད་


CMR059_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། སྒོ་མར་ནང་གི་གཡུ་བུད་དང་། ལྭ་བ་དམར་པོ་གྲུ་གུ་རྫ་ས་སྔོན་པོ། རིན་ཆེན་དར་ཟབ། སླེས་གེ་སྐམ་ཐིལ། རྟ་ལྕགས་ཟོར་བ་ལ་ཡིད་ལུས། མོས་ཀྱང་ད་ལོ་ང་ལ་ཟས་མ་བྱིན། བུ་མོ་ཆེ་བས་ཡང་ཟེར་བ་སྣང་། ཨ་བཞིན་བསམས་པས་སེམས་རེ་འཕྲེང་། མཛོ་མོ་ཟལ་མོ་དང་ཟ་འཕྲོ་ལུས་པ་ང་ལ་བསྐུར་ཟེར། སྐྱས་ནག་དང་མོ་མགྲོན་གྱིས་སྲོག་གཅིག་བཅད། རྔ་བྲན་དང་གླང་བུ་བཤས་མ་རུང་། གཡུ་དང་ཕྱུར་ཁུག་ཁྲ་བོ་ལ་ཡིད་ལུས། ཁྱིམ་གྱི་རྫ་ས་ཁྲ་བོ་ལ་ཡིད་ལུས། སྒོ་བ་ནང་གི་དཀར་པོ་དང་། ཤ་ཟ་འཕྲོ་མངར་ཟན་ལ་ཡིད་ལུས་ནད་ནི་གཟའ་དང་སྙིང་འཁྲུགས་ན་བ་དང་སྙིང་རླུང་གིས་འདར། ཤི་ཁའི་སྨྱོ་འབོག་བྱས། རྒྱལ་བསེན་གྱིས་ན་སྟེ་སྨན་མ་རག །མནའ་མ་དང་ཁུ་བོས་ཟས་མ་བྱིན། ང་ལ་ཟས་གཅིག་བསྐུར། སྙིང་འདྲ་བ་གསུམ་ལ་རྩུབ། བུ་སྲིན་མག་པ་ལ་རྩུབ་པས་དར་མའི་འབུམ་དང་སིལ་རྒྱུན་གྱིས། དགེ་སློང་བཞི་ལ་སྨོན་ལམ་ཞུ། ཚེ་མདོ་གཙུག་ཏོར་སྟོང་བཟློག །ཚེ་སྒྲུབ། བཙན་ཤུ་རྒྱུད། གཤེད་ཟློག །དགྲ་བྲུབ་དྲག་པོ་གྱིས། ཆུ་སྦྱིན་ཐོང་། ནོར་སླས་ངའི་ཟས་སྐལ་བསྐུར། རོ་གཡོག་ཁྲ་བོ་གྱིས། ངའི་རོ་ཤར་


CMR059_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནུབ་ཏུ་མ་ཁྱེར། བྱང་དང་ལྷོ་རུ་ཁྱེར་ནས་དགའ། གཤིན་གྱི་མངའ་ཐང་མ་ཐོན་པས། གཡང་འབོད་བྱ། མགོ་གསུམ་བྱ་རྔ་བྲན་ཅིག་ལ་དར་ཟབ་གསེར་དངུལ་ཁོལ་ལ་དུར་གྱི་སྟེང་དུ་ཁྲིད་ལ་དུར་ཁ་ཆོད། གྱིས་ལ་དུར་ཁ་ཆོད། མཛོ་མགར་དྲེལ་གསུམ་གང་རྙེད་གཅིག་གི་ཐོད་པ་དང་། ཁེན་གྱི་ཕྱག་རྒྱས་དུར་ཁ་ཆོད། གསོན་པོ་གཡང་ཉམས་པ་ཡིན། གཡང་སྐྱབས་དང་གཡང་ལེན་ཡང་ན་ཤིང་ལ་རྟ་གླང་གི་གཉུག་གྱིས་ལ་དུར་ལ་བསྐོར་བ་ལོ་གྲངས་སྤར་ཁ་བརྒྱད་ཀྱི་གཤིན་པོའི་ཞལ་ཆེམས་རྫོགས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྤར་ཁ་བརྒྱད་ཀྱི་གཤིན་པོའི་ཞལ་དང་འབྱུང་བ་ལྔའི་ཞལ་ཆེམས།next