Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
རྒྱ་ནག་པོའི་ལུགས་མཁས་པ་ཁྱུང་གི་མན་ངག་གཤིན་རྩིས་རྒྱ་མོ་དར་ཚགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱ་ནག་པོའི་ལུགས་མཁས་པ་ཁྱུང་གི་མན་ངག་གཤིན་རྩིས་རྒྱ་མོ་དར་ཚགས།next

རྒྱ་ནག་པོའི་ལུགས་མཁས་པ་ཁྱུང་གི་མན་ངག་གཤིན་རྩིས་རྒྱ་མོ་དར་ཚགས།


CMR059_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ནག་པོའི་ལུགས་མཁས་པ་ཁྱུང་གི་མན་ངག་གཤིན་རྩིས་རྒྱ་མོ་དར་ཚགས་བཞུགས་སོ། །


CMR059_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ནག་སྐད་དུ། གམ་བུ་ལི་ཙ་ཙན་དུ། བོད་སྐད་དུ། གཤིན་རྩིས་རྒྱ་མོ་དར་ཚགས་ཞེས་བྱ་བ། དང་པོ་ལོ་གཤེད་རྩི་བ་ནི། བྱི་བ་ལོ་པ་ཤི་ན། ཟ་འདྲེ་མེ་ལོང་སོགས་རྫས་འོད་ཅན་ལ་གབ་ཡོད། འབྲུག་ལོ་དང་རྟ་ལོ་བ་ཁྲིད་ཟེར། བཟའ་མི་བཞི་པ་ཁྱི་དང་རྟ་སྔོན་པོ་ཡོད་པ་གཅིག་ལ་སོགས། བན་བོན་གཉིས་གསུམ་གྱི་གཤེད་དབྱུང་། ཞག་ལྔ་ཚུན་ཆད་ལ་རིན་པོ་ཆེའི་གླུད་དུ་ཐོང་། རིམ་གྲོ་ལ་ཐང་འབུམ་དྲག་པོ་གྱིས། མ་བྱས་ཟླ་བ་བཞིའི་ཁོང་དུ་གཤེད་ཐབ་མྱུར་དུ་འོང་ནས་གཟབ་ཟེར། གླང་ལོ་བ་ཤི་ན། གཤེད་མི་རྒྱུད་ལ་སོང་། སྦྲུལ་དང་ལུག་ལོ་པ་


CMR059_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ཟེར། བཟའ་ཚང་ལྔ་པའམ། གླང་ཁམས་པའི། ཁྱི་ཁམས་པ་ཡོད་པ་ལ་སོགས། སེམས་སེར་པོའི་རིག་ཡོད་པ་ལ་འགྲོའོ། །སྐྱེའམ་སྒྲོ་བའི་ནང་དུ་རྫས་ཁ་དོག་མི་མཐུན་པའམ། ཟས་མི་གཙང་བ་ཡོད་པའི་ནང་དུ་གཤེད་གབ་ཡོད། དེ་ལ་བན་བོན་གསུམ་གྱི་ར་སྤུས་སྦྱིན་སྲེག་བྱ། ཀོང་ཙེ་གཏོ་བསྒྱུར་བྱ། དེ་ལྟར་མ་བྱས་ན་ཟླ་བ་གསུམ་གྱི་ཁོང་གཤེད་ཤུལ་དུ་བཟློག །སྟག་ལོ་པ་ཤི་ན། སྲིང་མོའམ་བུད་མེད་བར་མ་ལ་སོང་། བུད་མེད་ཡིན་ན་མིང་པོའམ་བུ་བར་མ་ལ་སོང་། གླང་དང་བྱ་ལོ་བ་ཁྲིད་ཟེར། སླ་ང་ལ་གཤེད་གབ་ནས་ཡོད་པའི་རུས་མི་


CMR059_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་བན་བོན་ལྔས་སླ་ངའམ། ལུག་ལྤགས་གསོབ་ཀྱི་སྟེང་དུ་གཤེད་སྒྲོལ། མགོ་བོ་བྱང་དུ་བཏང་། སུག་བཞི་མལ་དུ་ཤུལ་ཐང་བུ་བྱའམ་སླ་ང་རྩིས་མཁན་ལ་སྦྱིན། བརྒྱ་བཞིའི་ཆོ་ག་བྱ། མ་བྱས་ན་ཟླ་བ་བཞིའི་ཁང་དུ་གཤེད་བཟློག །ཡོས་ལོ་ཤི་ན། གཤེད་ཁ་གསུམ་དུ་ཡོད་པའི། གཅིག་རྟ་ལོ་བ་གཅིག་ལ་སོགས། གཅིག་བུད་མེད་ཤ་དཀར་ལ་བོང་ཁེ་ཐུང་བ་གཅིག་ལ་སོགས་གཅིག་མི་འཕན་པར་གྲགས་པ་གཅིག་ལ་སོགས། བན་བོན་གསུམ་གྱི་ར་ཁྱི་ཕག་གསུམ་གྱི་ཐོད་པར་གཤེད་གསོད། དེ་ནས་བྱ་གཅིག་གཡས་སུ་སྟེང་། དེ་ནས་གཏོ་བཟློག་བྱ། དེ་ལྟར་མ་བྱས་ན་དབྱར་ར་བ་གཤེད་བཟློག །འབྲུག་ལོ་བ་ཤི་ན། སྤྲེའུ་དང་ཁྱི་ལོ་པས་ཁྲིད་ཟེར། གཡུའམ་མར་ལ་གཤེད་གབ་ཡོད། བདེན་པ་གསུམ་གྱི་ཁྱི་ཐོད་ཀྱིས་འཁོར་ལོའི་གཤེད་བསྒྲལ། ཁྱི་ལུག་གཡས་སུ་ཐོང་། ཀླུ་འབུམ་འདོན། གཙུག་ཏོར་ཐོན། ཤ་བ་རུས་རྒྱས་གཏོང་། ས་བདག་འཁྲུགས་གཏོ་གཏོང་། དེ་ལྟར་བྱས་ན་གཤེད་མི་བཟློག་གོ །སྦྲུལ་ལོ་བ་ཤི་ན། བྱ་ཕག་ལོ་པ་ཁྲིད་ཟེར། སྒྲོ་བ་ནག་པོ་ཁ་རལ་བའམ། སྣོད་ནག་པོའི་ནང་ནས་རྒའམ་སྣམ་བུའམ། བཟོ་རས་དམར་


CMR059_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པོའམ། ལྤགས་པའི་ནང་ལ་གཤེད་གབ་ཡོད་པས། བན་བོན་གསུམ་གྱི་གཡའ་རོག་གམ་ར་རོག་གི་སྟེང་དུ་གཤེད་གསོད། མགོ་བྱང་དུ་བཏོན། ལག་པ་གཡས་ཤར་དུ་བཏང་། ལག་པ་གཡོན་ནུབ་ཏུ་བཏོན། རྒལ་རུས་ས་ལ་གཏུག །མདོ་དང་གཙུག་ཏོར་ཐོན། ཚེ་གཡང་འགུགས། མཚོ་སྨན་གུར་མདོས་བྱ། དེ་ལྟར་མ་བྱས་ན་བུད་མེད་ཤ་མདོག་དམར་པོ་སྒོ་ཁྱི་དམར་པོ་ཡོད་པ་ལ་འགྲོའོ། །རྟ་ལོ་པ་ཤི་ན་བྱི་བ་ལོ་པ་དང་ཡོས་ལོ་པས་ཁྲིད་ཟེར། བུད་མེད་མིང་ལྷ་ལ་གྲས་པའམ། དེའི་བུ་འབྲིང་པོ་བ་ཟལ་མོ་ཡོད་པ་ལ་སོང་། དེ་ཕག་ནག་དང་བྱིས་བའི་ཐོད་པར་གཤེད་བསྒྲལ། དེ་ནས་སྒོ་ལྷོ་ལ་ལྟ་བས་བུད་མེད་སྦྲུམ་མ་ཁྱིའམ་རྟ་དམར་པོ་ཡོད་པ་ལ་འགྲོའོ། །ལུག་ལོ་པ་ཤི་ན་གླང་ལུག་ལོ་པས་ཁྲིད་ཟེར། མིང་འབྲུག་ལོ་གྲས་པ་ལ་ཟ་འདྲེ་སོང་། སྒྲོ་བ་རྙིང་པ་གཅིག་གི་ནང་ན་སྣམ་བུའམ་ཀོ་བའམ་ལྷམ་སོགས་སམ་ཀྲས་མདོང་མ་དག་པ་གཅིག་གཉིས་འདུག་པ་དེ་ལ་གབ་ཡོད། དེ་བན་བོན་གསུམ་གཡའ་རོག་དང་། ལུག་ནག་ལྤགས་པའི་སྟེང་དུ་གཤེད་གསོད། རུས་མི་གཅིག་དགུའི་ཆོས་འདོན། གཡང་འགུགས་ཚ་ཚ་མང་དུ་བཏབ། གཤེད་


CMR059_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་གཏོ་ཆོས་བྱ། ལུང་དགུའི་ཆུ་བརྒལ། དེ་ནས་ནུབ་ཕྱོགས་སུ་བུད་མེད་གདོང་བ་གཉེར་མ་ཡོད་པ་བཟའ་མི་གསུམ་པ་ལ་འགྲོ་ཟེར་རོ། །སྤྲེའུ་ལོ་བ་ཤི་ན། སྟག་དང་ཕག་གི་ལོ་བ་ལ་ཟ་འདྲེ་ཁ་འཕོ། ཁྱི་ལོ་པས་ཁྲིད་ཟེར་རོ། །ཁྱད་པར་ཁྱིའི་མིང་ཅན་ལ་འགྲོ་ཉེན་ཆེ། ཟ་འདྲེ་སླ་ང་ལ་གབ་ཡོད། བན་བོན་བདུན་གྱི་གཤེད་དཔྱད་མཆོད་རྟེན་ལ་ན་བཟའ་གསོལ། སྲི་གནོན་དང་སྐག་བཟློག་བྱ། ཀོང་ཙེ་གཏོ་བསྒྱུར་བྱ། སྤྱིར་ཕ་མེས་ཀྱི་དུར་འདྲེ་རྙིང་པ་ལང་བས་གནོད། དེ་ནས་ཟ་འདྲེ་བྱང་ལ་སོང་། ཕ་སྤུན་ཆུང་རྒྱུད་ལ་གཤེད་སོང་བས་བུ་ཚ་ཆུང་བ་ལ་ངན། བྱ་ལོ་པ་ཤི་ན་ཡོས་དང་གླང་ལོ་པས་ཁྲིད་ཟེར་རོ། །སྐྱེའམ་ཕད་ཆུང་མཚན་མ་ཅན་གྱི་ནང་དུ་ཀོ་བའམ་བལ་སྟན་བ་སྤུ་རིགས་སོགས་ཡོད་པ་ལ་གཤེད་།གབ་ཡོད། དེ་རྣམས་བན་བོན་ལ་བྱིན། ཡོན་འབུལ་བར་བྱ། མ་བྱས་ན་ཟླ་བ་གཅིག་ནས་ལྡོག །ནལ་ཕྲུག་དང་མི་བྱེས་སུ་ཤི་བ་ཡོད་ན་ཐུབ། མེད་ན་ལུག་གྲོ་མོའི་ཐོད་པའི་ནང་དུ་གཤེད་གསོད། བསང་ཐོང་། དུར་ཁ་གསུམ་དུ་སྦས་སོ། །བཙན་མདོས་བྱའོ། །འདྲེ་མདོས་ཚེ་འགུགས་རྣམས་བྱའོ། །ཁྱི་ལོ་པ་ཤི་ན། འབྲུག་ལོ་དང་ལུག་ལོ་པས་ཁྲིད་


CMR059_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར། གཤེད་བན་བོན་ཟླར་ཡོང་། བཟའ་མི་ལྔ་ཡོད་པའམ། སྤུན་ལྔ་བ་མིང་དཔལ་དང་འབྲུག་ལ་གྲས་པ་ལ་སོང་། ཕག་ཁྲ་བོ། ར་ཁྲའི་སྟེང་དུ་གཤེད་བསད། ཁྱི་ཐོད་ལ་གབ། རཀཱ་དགྲ་མདོས་དང་གཏོར་ཟློག་བྱ། དེ་མི་སྐད་འགག་པའམ། སྒོ་ཤར་དང་ལྷོར་བལྟས་པ་ལ་གཟབ་དགོས། ཕག་ལོ་བ་ཤི་ན། ཕག་དང་ཡོས་ལོ་བ་ཁྲིད་ཟེར་རོ། །བུད་མེད་དབྱངས་ལ་གྲས་པའམ། ཕོ་ཧྲིང་མོ་ཧྲིང་ངམ། ཕ་སྤུན་ཆེ་རྒྱུད་རིགས་ལ་སོགས། རོ་བདག་ནད་ཡམས་འབྱུང་ཉན་ཡོད་པས་ཆུ་གཏོར་ཐོན། དབང་ཕྱུག་ལས་བྱང་བྱ། སྣང་བརྒྱད་ཀྱི་གཟུངས་ཐོན། ས་བདག་བསྒྱུར་གཏོ་གྱིས། བྱང་ཕྱོགས་ཀྱི་སྐྱེས་ནག་དང་རྫས་ནག་གི་ལེན། བླ་བཙན་གྱིས་ཁྱེར། གཤིན་རྩིས་རྒྱ་མོ་དར་ཚགས་ལས་ལོ་གཤེད་པའི་ལེའུ་སྟེ་དང་པོའོ།། །། ༈ ན་མ་ཤི་ཀ་ལ་ཙཀྲ་ཡེ། འདིར་བཅོས་ཐབས་བསྟན་པར་བྱའོ། །གཟའ་ཉི་མ་ལ་ཤི་ན་དགུའམ་བདུན་ལ་དགོས། སྒྲིབ་ཨན་གྲོད་པའི་ནང་དུ་ཆུ་བླུག་ལ་ཉི་མའི་དལ་བྲིས། ཕག་ཐོད་ནམ་མཁར་ཕྱར་བས་ཐུབ། གཏོ་བཅོས་ཚིག་མའི་གླུད་གཟུགས་དགུ་ཆུ་སྐྱོགས་དགུ་ལྷོ་རུ་གཏོར་རོ། །ཆུ་གཏོར་ལེན་བཞི་


CMR059_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་། ཁྱུང་བཟློག་བྱ། ཉི་མ་རླུང་བདུད་སྤྱོད་པའི་གཏོ་ཡིན། །དེ་བྱས་ན་ལེགས་པར་འབྱུང་། །དར་ན་བཟང་། གུད་ན་ཡུགས་ས་རོ་ཁུར་ཡིན། ཟླ་བ་ལ་ཤི་ན། མག་པ་བུ་སྲིང་ལ་གདོས་སྲན་ཁ་དང་ཁམ་པ་བསྲེས་ལ་ཉའོ་གསུམ་བྱེད་ལྷོ་ནུབ་ཏུ་སྦས་སོ། །དེའི་སྟེང་དུ་ཚ་ཚ་གསུམ་བཞག་ན་བཟའ་སེར་པོ་གསོལ། གཟུངས་ཆོག་དང་ཚ་ཚ་མང་དུ་འདེབས། ཟླ་བ་ཉ་བདུན་བཅོས་པའི་གཏོ། དར་ན་བཟང་། གུད་ན་གླང་བུ་འདམ་བྱིང་ཡིན། སྒྲིབ་ན་རས་སྐྱེའི་ནང་དུ་ས་སེར་བླུག །ལུག་ཐོད་དར་སྣས་བརྒྱན་པས་ཐུབ། མིག་དམར་ལ་ཤི་ན། ཤུལ་དུ་ངན་པས། ཆུ་གཏོར་ལན་གསུམ་ཐོན། ཁྱི་ཐོད་ཁྲག་གི་བཀང་ཐེམ་པའི་འོག་ཏུ་སྦས་སོ། །འོམ་བུ་མགལ་བ་སྟེང་དུ་བཞག་གོ །དེའི་སྟེང་དུ་འོམ་བུའི་མེ་བུའི་དེ་ཆུའི་གསོད། དར་ན་བཟང་། རྒུད་ན་དམག་དཔོན་མནའ་ཟོས་ཡིན། སྒྲིབ་ན་བྱི་བའི་ཐོད་པའི་ནང་དུ་ཆུ་བླུག་བླུད་བུར་ནམ་མཁར་ཕྱར་བས་ཐུབ། ལྷག་པ་ལ་ཤི་ན། ལྔ་ལ་བཟློག་པས། ལྕགས་ཀྱི་མི་ཆུང་གཅིག་རོའི་རྣ་བར་སྦོས། སྲིན་ལག་དར་སྐུད་ཀྱིས་སྡམ། ཡན་ལག་བཞི་བོར་གཤིན་པོའི་མིང་མཚལ་གྱིས་བྲིས། དེ་ལྟར་བྱས་པས་


CMR059_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་སྒབ་ཆོད། སྒྲིབ་ན་གླང་ཐོད་གནམ་དུ་ཕྱར་ཞིང་། ལུག་ཐོད་ལག་པའི་བཙོན་དུ་བཟུང་བས་ཐུབ། དེ་ཡང་དར་ན་བཟང་བར་བཤད། རྒུད་ན་དམེ་ལག་འཐོར་བྱེད་ཡིན། ཕུར་བུ་ལ་ཤི་ན་ནག་མོ་བུ་ལ་དར་རྒན་རྒོག་ལ་ངན། དར་ན་བཟང་། རྒུད་ན་གྲྭ་ཏོག་གསེར་གསུམ་གཟུངས་འདུས་སྒྲོག །གཡང་སྐྱབས་གཡང་ལེན་གཡང་ཁ་བསྡོམ་པ་ཝ་སངས་ལ་ཤི་ན། བདུན་ལ་བདོས། དར་བ་དང་ཐུག་ན་གང་ཡང་མི་དགོས། རྒུད་ན་ལྕགས་ཀྱི་མི་ཆུང་ལྔ་རོའི་མཐའ་ལ་བསྐོར་དེའི་སྟེང་དུ་ཤིང་མེ་བཏང་། དེ་ལྟར་བྱས་ན་ལེགས་པ་འོང་། སྤེན་པ་ལ་ཤི་ན། ལྔ་ལ་བཟློག་པའི་ངན་ཐག་ཆོད། བྲ་འོ་སྲན་མ་ལ་བྱས་པའི་མི་གཟུགས་རོའི་མཐའ་ལ་བསྐོར། ཁྱི་ཐོད་དང་མགལ་བ་ནུབ་བྱང་དུ་སྦས། ཕྱིར་ལོག་པ་གཟའ་དང་མི་ཡི་ཁམས་དང་བསྟུན་པར་བྱའོ། །གཏོ་མཁན་རང་ཡང་གཟབ་པ་གལ་ཆེའོ། །དེ་ལྟར་གཟའ་བདུན་བཅོས་ལུགས་སོ། ༈ །དར་རྒུད་ལེགས་པར་བརྟག་པར་གཅེས། དར་བ་རབ་ཡིན་གྱོད་པ་འབྲིང་། །ཞུད་པ་འབྲིང་སྨད་རྒུད་པ་ངན། །དེ་ལྟར་ཀུན་ལ་ཤེས་པར་གྱིས། །གཟའ་ཡི་ཁ་དམར་པ་མ་ཏ། །ཡང་རྒྱུ་སྐར་ཉེར་བརྒྱད་


CMR059_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྩིས་ལ། སྐར་མ་སྨིན་དྲུག་ལ་ཤི་ན། ཕ་སྤུན་ནམ། བུ་སྲིང་མག་པ་ལ་ངན། ཡུལ་དེར་རོ་དྲུག་འོང་བས། བཅོས་ལ་མགལ་བ་དྲུག་ཐོད་སྣ་དྲུག་དང་ཁུང་དྲུག་ཏུ་སྦའོ། །ཁབ་མིག་ཅན་དྲུག་དུར་སར་སྦས་ངན་ཐུབ། སྣར་མོ་ལ་ཤི་ན། བུ་ཆེ་བའམ་ཚ་ཞང་དང་ཕ་སྤུན་ལ་ངན། བཅོས་ལ་རོ་དེའི་ཁར་ས་བྲེ་གང་བཞག་ལ། ཡང་དེ་ཚུར་བླངས་ནས་གཅན་གཟན་གྱི་གཟུགས་མང་པོ་བྱ། སྲི་མནན་མི་རུང་ནག་པོ་མགོ་གསུམ་གཏོང་། གཏོར་ཟློག་དང་བཟློག་པ་ལ་འབད་དོ། །མགོ་ལ་ཤི་ན། སྐྱེས་དར་མར་ངན་ཞིང་། གཞན་ཡང་མི་གཡང་ཉམས་དོགས་ཡོད་པས། སྲི་མནན་མེ་ཐུང་ནག་པོ་མགོ་གསུམ་གཏོང་། གཏོར་ཟློག་དང་བཟློག་པར་འབད། ལག་པ་ལ་ཤི་ན། སྤུན་ཉེའམ་ཕྱོགས་ངན། གཟའ་ཕུར་བུ་དང་འཛོམ་ན་བཟང་། ནབས་སོ་ལ་ཤི་ན། མི་ནོར་གཉིས་ཀ་ལ་ངན། བཅོས་ལ་རོ་རྐྱལ་ས་ནས་ས་བྲེ་གང་བླང་ནས་གཡང་སྐྱབས་བྱ་དགོས། རྒྱལ་ལ་ཤི་ན། ནོར་གཡང་ཉམས་པས་ནོར་རྒྱུན་མ་འདོན་པ་དང་། གཡང་སྐྱབས་དང་གཡང་ལེན་བྱེད་དགོས། སྐག་ལ་ཤི་ན་རོ་བདག་ཡུལ་མི་ཀུན་ལ་བཟང་། མཆུ་ལ་ཤི་ན། ཕ་སྤུན་ལ་ངན། རོ་བདག་ཤི་སྒབ་


CMR059_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་གྲིས་ཆོད་པས་བཟང་། རྟ་ཆུང་ལ་ཤི་ན། བྱིས་པ་ཆུང་ངུ་ལ་ངན་པས། བྱིའུ་ཆུང་འཕུར་མདོས་བྱ། ཟན་གྱི་མི་བྱང་དུ་སྦས། རྐང་གི་མི་ཤར་དུ་སྦས། མར་གྱི་མི་ལྷོར་སྦས། ཚེར་མ་ཅན་གྱི་མི་མེར་བསྲེགས། ཁྲ་ལ་ཤི་ན། བུད་མེད་ལུས་མ་ལ་ངན་པས། རོའི་ཁ་མར་སྟོན་ནས་དགོང་ཁ་སྲས་ངན་ཐུབ། བྱ་མ་ལ་ཤི་ན་བཟང་། བྱེའུ་ལ་ཤི་ན། ཁུང་མདོས་མང་དུ་བྱེད། ངར་མི་དགུ་མགལ་བ་དགུ་དུར་སའི་འོག་ཏུ་སྦས་སོ། །ས་རི་ལ་ཤི་ན། མི་ཁའི་གནམ་སྒོ་བྱེ་སྟེ་ངན། ཁྱུང་བཟློག་ལན་གསུམ་བྱ། །མགལ་བ་ཁ་ནག་དགུ་སྦས། གཟུངས་འདུས་ཚར་དགུ་འདོན་སྦྱིན་སྲེག་བྱེད་ཕུང་པོ་བསྲེགས། ས་ག་ལ་ཤི་ན། གནམ་སྒོ་བྱེ་སྟེ་ངན་པས། གནམ་སྒོ་གཅོད་དགོས་སོ། །ལག་སོར་ལ་ཤི་ན། ཕྱུགས་ལ་གོད་ཁ་འོང་ཞིང་མི་ལྔ་ལ་ངན། ཁུང་ཟློག་ལྔ་བྱེད། མགལ་བ་ལྔ་གནོན། གཤིན་པོའི་ལྷམ་ནང་དུ་དབང་པོ་ལག་པ་བླུག །ཁྱི་ཐོད་ཁྲག་གིས་བྱུག་ལ་ཨ་ཐེམ་པའི་འོག་ཏུ་སྦས་སོ། །ནུབ་ཏུ་རོ་མི་སྐྱེལ། གདུ་གུ་ལ་ཤི་ན། ཕ་ཚན་ཡོངས་ལ་ངན་པས། བཅོས་ལ་བྱ་སྲོག་གཅིག་སྨྲས་པས་ཐུབ་བོ། །སོག་པ་ལ་ཤི་ན། ཡུལ་མི་བྱིང་


CMR059_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ངན། ཁུང་བཟློག་གསུམ་བྱ། ར་ཁྱི་ཕག་གསུམ་ཐོད་པ་ལམ་བཞི་མདོར་མནན་དེས་ཐུབ། བྲེ་ལ་ཤི་ན། གཡང་ཉམས་འགྲོ་བས་གཡང་སྐྱབས་བྱ། ཕུལ་ལ་ཤི་ན། སྟོན་མོ་བྱེད་པ་ལ་ངན་པས་བྲེ་ལ་ནས་མ་བླུག་པར་ས་བྲེ་གང་ཕུང་པོའི་ཁར་བཞག །དབོ་ལོ་ཤི་ན། བུད་མེད་ལ་ངན་པས་སྒ་ཟན་ཕུང་པོའི་ཁ་རུ་བཞག །སྒྲོག་སྟོད་ལ་ཤི་ན། བྱིས་པ་ལ་ངན་པས་གཡང་སྐྱབས་བྱ། སྒྲོག་སྨད་ལ་ཤི་ན། ཡུགས་ས་ལ་ངན་ནོར་རྒྱུན་མ་འདོན། ཁྲུམས་སྟོད་ལ་ཤི་ན། གཤིན་སྐར་བྱ་བ་ཡིན་པས། ཚེ་ཚད་རྫོགས་པར་འདུག །བོན་པོ་ལ་བཟང་། ཁྲུམས་སྨད་ལ་ཤི་ན་འབྲིང་ཡིན་ཏེ་བཅོས་མི་དགོས་སོ། །ནམ་གྲུ་ལ་ཤི་ན་རྩིས་མཁན་དང་ནོར་ལ་ངན་གཞན་བཟང་བཅོས་མི་དགོས་སོ། །ཐ་སྐར་ལ་ཤི་ན། ཡུལ་པ་ལ་ངན་པས་བཅོས་ཤིང་སྣ་གསུམ་གྱི་དབྱུག་པ་བཅད་ཁུང་བདུན་ལ་མགལ་པ་བདུན་སྦས་པས་ཐུབ་བོ། །བྲོ་ཉེ་ལ་ཤི་ན། ཚ་ཞང་གཤིན་པོ་ལ་ངན་པས་ཁུང་བཟློག་གསུམ་བྱ། ཤ་བའི་ཐོད་པ་རོའི་མཆན་ཁུང་དུ་བཅུག་རོ་མགོ་མཇུག་ལྡོག་སྦས་ན་དེས་ཐུབ། ཤི་མིག་གསོན་ལ་ལྟ་བ་ནི་སྐྱེས་བདུན་ཟུར། བུད་མེད་མཐུན་གསུམ། རྒན་རྒོག་བྱིས་པ་བཞི་གཤེད། །


CMR059_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

མཚེ་མ་སྤུན་ལ་ངན་ལུགས་གསལ་བར་བསྟན་པ་ཡོད། བཅོས་ལ་བྱ་བ་གང་བྱེད་ཅིང་འདི་ག་ཡིན། ཨུལ་པོ་ལག་སྟོང་ཉི་མའི་ལི་བཅོས་ལ། ཕྱུག་པོ་དགུའི་ཞིང་ས། བཙན་པོ་དགུ་ཡི་ནོར་སྣ། བུ་མང་པོའི་ཁང་པ། བསོད་ནམས་ཅན་གྱི་དར་སྣ། སྤུ་སྟག་ཅན་གྱི་སྤུ་སྣ། ཞིང་སོ་ནམ་ཅན་གྱི་ཞིང་ས་དགུ། བཙན་པོ་དགུ་ཡི་ཟས་དང་བསྲེས་ལ་རུས་སྦལ་གཟུགས། བྱིས་སྦ་ལོ་བརྒྱད་པའི་ལག་མགོ་ཙམ་ཞིག་བྱས་ལ་མཛོད་དུ་འཇུག །ཉི་མ་ནག་ཆེན་བཅོས་ལ་མདུང་ལ་རྔ་མ་ནག་པོ་དང་དར་སྔོ་ནག་ཁ་གང་ལ་ཤིང་ཀུན་ཐུམ་ཅིག་སྦ་ཚིགས་གསུམ་པ་གཅིག་བརྟག་ནས་ཉི་མའི་བདུན་ཟུར་དུ་འཇུག །ཉི་མ་ནག་ཆུང་བཅོས་ལ། ལྷོར་སྟག །ནུབ་ཏུ་རྟ། བྱང་དུ་ལུག །ཤར་དུ་ཁྱི་དེ་རྣམས་གཟུགས་ནག་པོ་རེ་རེ་ཕྱོགས་ཕྱོགས་ལ་བཞག་གོ །ས་བདག་ཟིན་ཕུང་བཅོས་ལ། བག་ཕྱེ་ལ་མི་ལུས་ར་ཡི་མགོ་བོ་ཅན། དེའི་ཁོག་པར་སྤུ་སྣ་མི་གཅིག་པ་དགུ་དང་བག་ཕྱེ་བསྲེས་ལ་རིལ་བུ་ཡཱ་རི་བོང་རིལ་མ་ཙམ་པ་དགུ། དེའི་ཁོག་པར་བཅུག་ནས་ནི། ཉི་མ་གང་ཤར་རྣམས་ཀྱི་བདུན་ཟུར་ལ་འཇུག་པའོ། །ཀིང་ཀང་བཅོས་ལ་རྩྭ་ཀུ་ཤ་རྨ་བྱའི་མདངས། རལ་གྲི་ལ་སྦྱར་


CMR059_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རེ་བས་དྲིལ། ཉི་མ་གང་ཤར་རྣམས་སྟེང་དུ་འཇུག །ཕུང་ཟོར་བཅོས་ལ། མི་ལུས་ར་མགོ་ཅན་ཅིག་བཅོས། ལག་ཏུ་ཟོར་བ་ཐོགས་པ་གཡས་སུ་སྟག་གདོང་། གཡོན་གཟིག་ཤུབས་ཐོགས་པ་བྱ། ཟོར་བ་མདུང་གི་མགུལ་དུ་བཏགས་མདུང་ཀས་རུ་གཡས་པ་འདོགས། པི་ལིང་བཅོས་པ་ནི། ཟན་ཉག་སུམ་ཅུ་སོ་གཅིག་ལ་རའི་གྲོད་པ་བཏགས། །བཤོལ་ལྕགས་དང་བསྒྲག་ནས་རང་འཐག་ཡ་ཁབ་དང་གཡམ་པས་བནན་ནས་ཁང་པའི་ཐོག་བྱང་ཕྱོགས་སུ་བན་ཀན་བཞག །དེ་ནས་ཉི་མ་བཅུ་གཉིས་ཀྱི་ལོ་ནི། སྟག་གི་ཉི་མ་ལ་ཤི་ན་ཞག་བཅུའི་བར་དུ་རྟའི་ལུས་ལེན། ཕྱི་མ་མི་གཅིག་པོར་སྐྱེས། བྱའི་ཉི་མ་ལ་སྲོག་གཅོད་ཟེར། ཡོས་ཀྱི་ཉི་མ་ལ་ཤི་ན། ཚེ་སྔ་མ་ཤར་ཕྱོགས་སུ་བྱའི་ལུས་བླང་། ཕྱི་མ་མི་གཅིག་པོར་རིགས་སུ་སྐྱེས། འབྲུག་གི་ཉི་མ་ལ་ཤི་ན། ཚེ་སྔ་མ་སྦྲུལ་གྱི་ལུས་བླངས། ད་གླང་དུ་སྐྱེ། སྦྲུལ་གྱི་ཉི་མ་ལ་ཤི་ན། སྤྲེའུ་ཟླ་བ་སྲོག་བཅད་ཟེར། ཚེ་སྔ་མ་གླང་ལུས་བླངས། །ཕྱི་མ་ཉི་མ་ལྷོ་ཕྱོགས་སུ་བཟའ་བ་གསར་བ་གཉིས་ཀྱི་བུ་རུ་སྐྱེས་ཟེར་རོ། །རྟའི་ཉི་མ་ལ་ཤི་ན་བྱའི་ཟླ་བར་སྲོག་གཅོད། ཚེ་སྔ་མ་ལ་སྲིན་པོའི་ལུས་བླངས། ད་ནི་རྒན་རྒོག་གཉིས་ཀྱི་


CMR059_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རུ་སྐྱེས། ལུག་གི་ཉི་མ་ལ། ལུག་གི་ཟླ་བ་སྲོག་གཅོད། ཚེ་སྔ་མ་ལ་སྦྲུལ་སྐྱེ། ད་ནི་མི་ལུས་བླངས་ནས་རབ་ཏུ་བྱུང་རྒྱུ་ཡིན་ཟེར། སྤྲེའུ་ཉི་མ་ལ། ཁྱིའི་ཟླ་བ་སྲོག་གཅོད། ཚེ་སྔ་མ་བྱང་ཕྱོགས་སུ་བྱི་བར་སྐྱེ། ད་ཕྱི་མ་མི་ལུས་བླངས་ཀྱང་ཕོ་ཧྲིང་པོར་གྱུར། བྱ་ཡི་ཉི་མ་ལ། ཚེ་སྔ་མར་བྱ་ངང་སེར་སྐྱེས། ཕྱི་མ་བུ་སྤུན་གསུམ་གྱི་འབྲིང་པོར་སྐྱེས། ཕྱི་མ་རྒྱལ་པོའི་བློན་པོ་སྐྱེ། བྱི་བའི་ཉི་མ་ལ། ཚེ་སྔ་མར་སྦྲུལ་དུ་སྐྱེས། ད་ཕྱི་མ་མི་ལུས་ཆོས་ལྡན་གཅིག་ཏུ་སྐྱེས་ཟེར། གླང་གི་ཉི་མ་ལ། ཚེ་སྔ་མ་མི་ལུས་བླངས། ཕྱི་མ་བློན་པོ་ལེགས་པ་གཅིག་ཏུ་སྐྱེས། ཤུལ་དུ་ཉེ་བ་གཅིག་ཏུ་ངན། གཤིན་རྩིས་རྒྱལ་མོ་དར་ཚགས་ལས། ཉི་ཁྱིམ་བཅུ་གཉིས་རྩིས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དུས་གཤེད་བརྩི་བ་ནི། ནམ་ལངས་ཡོས་བུ་དུས་ལ་ཤི་ན། གཤེད་རྫ་ས་དཀར་པོའམ། དུང་ངམ། སྣལ་མ་དཀར་པོའི་རིགས་གཅིག་ལ་གབ་ཡོད་པས། སྐྱེས་པ་བུད་མེད་སྤྱན་གསུམ་པའམ། ཡང་ན་ཕྱུགས་སྤྲུལ་དཀར་མཚན་ཅན་ལ་ངན་པས། ཁྱད་པར་ཤར་ཕྱོགས་ནས་མི་ཁའམ་རྣ་བ་སྨེ་བ་ཡོད་པ་ལ་ངན་པས་གཤེད་ཟློག་དྲག་པོ་བྱ། ཡོན་ལ་རྫས་དཀར་པོ་ཕུལ་ནས་བཟློག་དགོས། ལུག་གི་


CMR059_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་ལ་ང་ཡི་བླ་བདུད་ཀྱིས་ཁྱེར། ཤར་ཕྱོགས་ཀྱི་བྲག་ལ་ཆུ་ཐབ་ཡོད་པའི་ས་ནས་མི་མང་ཚོགས་ལང་བྱས་པའི་ས་ནས་བླ་ཁྱེར། གྲི་པ་དང་བཙན་གྱི་སྲོག་གཅོད། རས་སམ་ཕྱིང་པའམ་སྣམ་བུའམ། རྫས་དཀར་པོའི་རིགས་གཅིག་ལ་ད་ལྟར་གཤེད་གབ་ཡོད། དེའང་ཁྱིམ་གྱི་བྱང་ངོས་ན་ཡོད་དོ། །ཉི་ཤར་འབྲུག་གི་དུས་ལ་ཤི་ན་ཁྱི་ཟླ་བ་ལ་བླ་ཁྱེར། ཟ་འདྲེ་སྐྱེ་མོའི་བྱང་ཕྱོགས་ན་ཆས་སེར་པོའམ་ལྤགས་པ་ལ་གབ་ཡོད་པའི་ཕྱིར་སྐྱོལ་དེ་མ་བྱས་ན་སྙེད་དེ་མ་བྱས་ནས། བུ་ཆུང་ལ་ངན། ཞག་བཅུ་བདུན་བར་དུ་གླང་གི་ལུས་ལེན། བྱ་གླང་ལོ་པ་ལ་ངན། ཟ་འདྲེ་སྦྲུལ་གྱི་གཟུགས་སུ་ཡོད། སའི་སྦྲུལ་གཟུགས་བཅས་ནས་བསད། དེ་ལམ་རྒྱ་གྲམ་དུ་གནོན། ཟ་འདྲེ་དེ་ད་ལྟར་ཤར་ངོས་ཀྱི་སིལ་པོའམ་རྐྱལ་པའི་རྒྱབ་ན་ཡོད་དོ། །ཉི་དྲོས་སྦྲུལ་གྱི་དུས་ལ་ཤི་ན། ཟ་འདྲེ་བྱང་ན་འགྲོ། ད་ལྟ་ཁྱིའམ་ནུབ་རིག་ན་སའི་ཀོག་སམ། རྐྱལ་པའི་ནང་ན་བསྡད་འདུག །དེ་རོ་བདག་ལ་གནོད་པའི་ཟ་འདྲེ་ཁ་བསྒྱུར་དང་གཏོར་ཟློག་བྱ། གླང་གཟུགས་བཅོས་ལ་མནན། སྣང་བརྒྱད་ཐོན། དེ་ལྟར་མ་བྱས་ལ་སླར་བྱི་བ་ལོ་པ་དང་ཕག་ལོ་བ་བྱིས་སྦ་ཆུང་བ་ལ་ངན། དེ་ཡང་ཤར་ཕྱོགས་སུ་སྐྱེས་པ་


CMR059_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ནག་གྱོན་པ་ལ་ངན། བུད་མེད་ཡིན་ན་ཕ་མིང་ལ་གཤེད་ཞྭ་ལ་གབ་ཡོད་པས། བཟློག་པ་དང་ཐང་འབུམ་བཟློག་པ་གྱིས། ཉིན་ཕྱེད་རྟ་ཡི་དུས་ཚོད་ལ་ཤི་ན། །ལུག་གི་ཤའམ་ནང་ཆ་ལ་གཤེད་གབ་ཡོད། ཟ་འདྲེ་ནུབ་བྱང་མཚམས་ནས་འོང་། ད་ལྟ་ལུག་ལྤགས་གཅིག་གི་ནང་བསྡད་ཡོད། བྱི་བ་ལོ་པ་དང་། བུད་མེད་སྦྲུམ་མའི་རྟ་ཕྱུགས་དཀར་མཚན་ཅན་ལ་ངན། སྲིན་གྱི་གཟུགས་བཅོས་ལ་དེ་གྲིས་གཏུབ་ལ། དེ་ལུག་ཐོད་ནང་དུ་བཅུག་ལ་གནོན། གཙུག་ཏོར་ཐོན། ཟོར་བཟློག་དང་བཟློག་པའི་ཆོ་ག་བྱ། ཕྱེད་ཡོལ་ལུག་གི་དུས་ལ་ཤི་ན། གཤེད་བུའམ་སྒྲོ་བའི་ནང་ལ། སྟེང་ན་ཡོད་ཡང་ན་མཆོད་རའི་ནང་ལ་ཡོད། ང་ནི་ལུག་གི་ཟླ་བ་ལ་བླ་ཁྱེར་བ་ཡིན། ད་ལུག་གི་གཟུགས་ནག་པོ་གཅིག་བཅོས་ནས་མནན་པ་གྱིས། དེ་མ་བྱས་ན་སྐྱེས་པ་ཡིན་ན་ཕ་སྤུན་ལ་ངན། བུད་མེད་ཡིན་ན་མོ་ཉེ་ལ་ངན། དགོང་ཆེན་སྤེལ་དུས་སུ་ཤི་ན། གཤེད་སྣོད་མཐིལ་རྡོལ་ལམ་ཟོ་བ་ལ་ཡགབ་འདུག་པའི་རོ་བདག་ལ་ངན། དེ་ནས་ཤར་ཕྱོགས་སུ་བཟའ་མི་བརྒྱད་ཡོད་པ་ལ་འགྲོ་ཞིང་། ཁྱད་པར་ཕ་སྤུན་ལ་ངན་པས་གཤེད་བཟློག་དྲག་པོ་གྱིས། ཟ་འདྲེ་བྱང་ནས་འོང་།


CMR059_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི་ཡི་ཟླ་བ་ལ་ང་ཡི་སྲོག་གཅོད། ད་ལྟ་སླ་ངའམ་ལྷམ་ལ་གབ་ཡོད་པས། ཁྱིམ་མཚེས་བཟའ་མི་བརྒྱད་ཡོད་པའམ། ཡང་ན་བུ་ཆུང་ཟླ་བ་བརྒྱད་པ་ལོན་པའམ། བཅོ་བརྒྱད་ལོ་བརྒྱད་དམ་བརྒྱད་ལོན་པ་ལ་ངན། ཁྱད་པར་སྟག་ཡོས་ལོ་པ་ལ་ངན་པས། ས་བདག་འཁྲུགས་གཏོར་བྱས་ན་ལེགས། ཉི་ནུབ་བྱའི་དུས་ཤི་ན། གཤེད་རང་འཐག་གམ། གོས་ཕུ་དུང་ཅན་ལ་གབ་ཡོད་པས། རོ་བདག་གི་བུད་མེད་ལ་ངན། གཤེད་བུད་མེད་སྦྲུམ་མ་གོས་ངན་ཅན་ཅིག་ལ་སོང་བའི་ནོར་དང་བུ་སྲིང་མ་དང་། མག་པ་ལ་སོགས། ཟ་འདྲེ་ཤར་ནས་འོང་། ད་ལྟ་ཞིབ་མའམ་རང་འཐག་ལ་གབ་འདུག་ཡོད། རོ་བདག་གི་བུ་ཚ་ཆེ་བ་ལ་ངན། སྦྲུལ་གྱི་ཟླ་བ་ལ་ང་ཡི་བླ་ཁྱེར་། བུད་མེད་དམ་བུ་མོ་ལ་ངན། ཆོས་འདོན་དང་རིམ་གྲོ་གང་དྲག་གྱིས། སྲོད་ཁྱིའི་དུས་སུ་ཤི་ན། གཤེད་ལྷམ་ལ་གབ་འདུག་པས་སྐྱེས་པ་ཡིན་ན་བན་བོན་དང་ཉེ་བ་ལ་ངན། བུད་མེད་ཡིན་ན་ཟ་འདྲེ་ཁམ་བུ་ལ་གབ་ཡོད་པས་འབུད་དགོས། བུ་ཚ་ཡིན་ན་རྒྱང་ལོག་ཡོངས་པས་གཟབ་དགོས། ཟ་འདྲེ་ནུབ་ནས་ཡོང་། འབྲུག་གི་ཟླ་བར་བླ་ཁྱེར། ཕྱུགས་དཀར་པོའམ། ཆོས་དཀར་པོ་ལ་སྙད་བྱས་པས་སྐྱེས་པ་


CMR059_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ངན། ཚེ་གཟུངས་དང་གཙུག་ཏོར་ཐོན། མ་ཏྲཾ་གྱིས། སྲོག་འཁོར་ཕག་གི་དུས་ལ་ཤི་ན། གཤེད་དང་པོ་ལ་གབ་ཡོད་པས། རྟ་ཕྱུགས་དམར་པོ་ལ་ངན། སླར་ཁྱིམ་ནང་འཁོར་ཉེན་ཡོད་པས་ཆོས་ཐོན་ཚ་ཚ་ཐོབ་དེས་བཟློག །བུད་མེད་ཀྱིས་འགྲུལ་དང་ཆེས་སྙད་བྱས་ནས། གླང་གི་ཟླ་བ་ལ་བླ་ཁྱེར། ཟ་འདྲེ་ཟོ་བའམ་ཀོ་བའམ་ཕོར་སྐྱོང་ནང་ལ་འདུག །ལྷོ་ཕྱོགས་མི་དམར་རྟ་དམར་ཅན་གྱི་བྱ་ལ་འབྲང་ནས། ལུག་ལོ་པ་ལ་ངན་པས། ཁྲོ་བོ་རོལ་པའི་གཏོར་ཟློག་གྱིས། ནམ་གུང་བྱི་བའི་དུས་སུ་ཤི་ན། རྟ་དཀར་གླང་དཀར་ལ་གཤེད་གབ་ནས། རོ་བདག་གོས་དཀར་ཅན་ལ་གནོད། བྱང་ཕྱོགས་ཀྱི་མི་ལྔ་ཡོད་པ་གཅིག་ལ་ན། གཏོར་ཟློག་དྲག་པོ་གྱིས། ཟ་འདྲེ་དེ་ནི་ཤར་རི་ལྷོ་ནས་འོང་། རྟ་དཀར་གླང་དཀར་ལ་སྙད་བྱས། ན་ནིང་ཟླ་བ་ལྔ་བ་ང་ཡི་བླ་ཁྱེར། ད་ལྟརའང་ཟ་འདྲེ་དཀར་མཚན་ཅན་གྱི་གཅིག་ལ་གབ་ཡོད་པས། བཟློག་པ་གང་དྲག་གྱིས། ཁྱིམ་ཨཱ་མཚེས་བཟའ་མི་བཞི་པའམ། བྱི་བ་ཟླ་བཞི་པའམ། ལོ་བཅུ་བཞི་སོགས། ཡང་ན་ཉི་ཤུ་རྩ་བཞི་པ་ལ་ངན། དེ་ནས་བུད་མེད་གོས་ནག་པོ་གྱོན་པ་ལ་སོགས། དེའི་རྟ་སྦྲུལ་ལོ་པ་


CMR059_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ངན་པས་ཁྲོ་རོལ་བྱའོ། །ཕྱེད་ཡོལ་གླང་གི་དུས་སུ་ཤི་ན། རྫས་སེར་པོར་གཤེད་གབ་ཡོད། སྐྱེས་པ་ཡིན་ན་ཕ་མའམ་སྲིང་མོ་ལ་ངན། བུད་མེད་ཡིན་ན་མོ་ཆགས་ལ་ངན། །གཤེད་ཕོ་ཧྲིང་མོ་ཧྲིང་ལ་འགྲོ་བཟློག་པ་གྱིས། ཐོ་རངས་སྟག་གི་དུས་སུ་ཤི་ན། གཤེད་སྐྱེ་ཁྲ་བོའམ། སྒྲོ་བའམ་མདའ་གཞུ་ལ་གབ་ཡོད། གཤེད་དེ་བུད་མེད་གདོང་པར་སྨེ་བ་ཡོད་པའམ། རྟ་ཕྱུགས་དམར་པོའམ། ཁྱི་དམར་པོ་ཡོད་སར་འགྲོ། ང་ཡི་སྲོག་གཟའ་དང་རྒྱལ་པོས་བཅད། ཟ་འདྲེ་ད་ལྟ་སྐྱེའམ་ཕད་བུའི་ནང་བསྡད་ཡོད་པས། དེ་ཤར་ཕྱོགས་སུ་བསྐྱལ་ན། བཟའ་མི་གཉིས་པའམ། །ལོ་གཉིས་པའམ། ལོ་བཅུ་གཉིས་པ་ཉི་ཤུ་རྩ་གཅིག་འགྲོ་གདོང་ལ་སྨེ་བ་ཡོད་པ་ཅིག་ལ་ངན། སྤྲེལ་ལོ་བ་ཡོད་ན་ངན་པས། རོ་ལ་གོས་དཀར་པོ་གཡོགས། ཟ་འདྲེ་ཁ་བསྒྱུར་གྱིས། ཁྲོ་རོལ་ཤར་ཕྱོགས་སུ་ཐོངས་ལ་བཟློག་པ་གྱིས། གཤིན་རྩིས་རྒྱལ་མོ་དར་ཚགས་ལས། དུས་གཤེད་རྩིས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ལྟར་སྤར་ཁའི་གཤེད་རྩིས་ནས། ལི་ལ་ཤི་ན། མགོ་ལ་གཡུ་ཆེན་པོ་ཡོད་པ་ལ་སེམས་ཆགས། བུད་མེད་ཡིན་ན་ཚང་ཟླའམ་ཞོ་དང་མར་ལ་སེམས་ཆགས། ང་ནི་ཕ་མིང་དང་འཕྲད་འདོད་


CMR059_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དེ། རྟ་དང་ཞྭ་ལྷམ་མེད་ཟེར་རོ། །ངས་ཤི་མཇུག་གཅོད་ཟེར་རོ། །སྐྱེས་པ་ཡིན་ན་བུ་སྲིང་དང་འཕྲད་འདོད། ཕྱུགས་སེར་སེར་་ཆགས། གོས་དམར་ཅན་ལ་ངན། ཁ་ལྷོའམ་བྱང་དུ་བསྟན་ལ་ཤི དམར་ངོ་དང་མཚོན་ཕོག །བཙན་དང་རྒྱལ་པོས་ཁྱེར། ནམ་ཕྱེད་དང་ཉིན་ཕྱེད་ལ་ཤི། མགོ་དང་རོ་སྟོད་རྐང་པ་ན་བས་ཤི །གཤེད་མི་ཆེན་ནམ་བོན་པོ་ལ་འགྲོ། ལྷོ་ཕྱོགས་ན་ཁྱི་དམར་པོ་ཅན་ནམ་ཞང་པོ་ལ་ངན། ད་ལྟ་ཞིབ་མའམ་རྐྱལ་པའི་ཕྱིང་བའམ་བུད་མེད་ཀྱི་རྒྱུན་གང་རུང་ལ་གབ་ཡོད། ཕག་ཐོད་ནང་དུ་ཆུ་སྣ་བླུགས་པས་ཟ་འདྲེ་མནན་དགོས། ཁོན་ལ་ཤི་ན། སྐྱེས་པ་ཡིན་ན་བུད་མེད་དང་འཕྲད་འདོད་ནག་མོ་ལ་ངན། བུད་མེད་ཡིན་ན་ཤ་གཞུག་ཆད། ངའི་བླ་ས་བདག་གིས་ཁྱེར། ཁ་ལྷོའམ་བྱང་ལ་གཏད་ནས་ཤི། འཁོན་དང་སྐྱེས་ནག་འཕྲད་པས་ལེན། རྒན་ཁོག་དང་ཕྱུགས་ལ་སེམས་ཆགས། སྐྱེས་པ་ཡིན་ན་ཟ་འཕྲོ་འཐུང་འཕྲོ་ལུས། མདའ་གཞུ་དང་གྲི་ལ་སེམས་ཆགས་ཡོད། ད་ལྟ་སྐྱེས་ནག་གི་གསེབ་ན་ཟ་འདྲེ་བསྡད་ཡོད། ལམ་བཞི་མདོར་བསྐད་ན། རྒན་ཁོག་གཉིས་ལ་འགྲོ། ཡོས་ལོ་པ་ཡིན་ན་ཐང་མཐོང་བའི་ཤིང་སྣ་རོའི་སྟེང་


CMR059_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཞག་ན་ལེགས། སྤར་ཁ་དྭ་ཐོག་ལ་ཤི་ན། ང་སྤུན་ཟླ་དང་མ་འཚམས། སྐེ་རགས་དང་གྲི་ལ་ཆགས། ང་ཡི་སྲོག་བཙན་གྱིས་བཅད། ལྕགས་ཆ་ཉོས་པས་ལེན། ང་ཡི་སྙིང་གཏམ་སྲིང་མོ་ལ་འཇོག །བུད་མེད་ཡིན་ན་མིང་པོ་ལ་ཆགས། ང་ཡི་གོས་དང་ནོར་གཡུ་ལ་སེམས་ཆགས། ང་མིང་པོ་དང་འཕྲད་འདོད་མ་འཕྲད་པར་ཡུན་རིང་པོར་སོང་། །སྐྱེས་པ་ཡིན་ན། ང་ནི་ནོར་རྫས་དང་གོ་མཚོན་ལ་སེམས་ཆགས། ཟ་འདྲེ་བྱིས་སྦ་ཆུང་ལ་སོགས། ལར་ངས་མི་ཆོག་སྙིང་དང་འདྲ་བ་ལ་ངན་པས། སྙིང་འགྲམ་གྱི་ཆོ་ག་བྱས་ན་བཟང་། བཟློག་པ་དྲག་པོ་གྱིས། ཁེན་ཐོག་ལ་ཤི་ན། ང་ཡི་སྲོག་རྒྱལ་པོས་བཅད། ཁ་ལྷོའམ་བྱང་དུ་བསྟན་ནས་ཤི་ཟ་འཕྲོ་འཐུང་འཕྲོ་ལ་སེམས་ཆགས། མགོ་དང་རྒྱལ་བ་ན་ནས་ཤི།་མགར་བ་ཡིན་ན་ཤི་གཞུག་ཆོད། ཞྭ་ལྷམ་མལ་བཅས་སེམས་ཆགས། མིང་སྲིང་དང་ཞང་པོ་དང་འཕྲད་འདོད། ཟ་འདྲེ་དང་རྒན་རྒོག་དང་། ཕྱོགས་ནུབ་དང་བྱང་གི་ཕྱུགས་དམར་པོ་ཡོད་པ་ལ་འགྲོ་བས། གནམ་སྒོ་བསྡོམ་པ་གལ་ཆེའོ། །སྤར་ཁ་ཁཾ་ལ་ཤི་ན་སྐྱས་ནག་དང་བུད་མེད་ཡུགས་ས་མོ་ཡོངས་བས་ཕྱི་ལ་སྤང་ནག་འབྲིང་ནག་སྲོག་བཅད།


CMR059_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་ཡིན་ན་གོས་ལྷམ་མེད་ཟེར། དོར་མ་དང་གོས་ལྷམ་ལ་སེམས་ཆགས། སྐྱེས་པ་ཡིན་ན་ང་ལ་གྲི་མེད་ཟེར། མ་དང་བུ་སྲིང་བུ་མོ་ལ་སེམས་ཆགས། ཞིང་ངམ་ཟོག་གཅེས་པ་དེ་མི་ལ་བཙོང་བས་ལེན་ཞིབ་མའམ་སྒོ་བ་ནོར་སྤྱོད་ཟ་འཕྲོ་ལ་སེམས་འཕྲེང་། ཟ་འདྲེ་བྱིས་པ་ཆུང་བ་ལ་སོང་བས་སྒོ་ཐེམས་ཐུམས་དཔེ་ཐུབ། སྤར་ཁ་གིན་ཐོག་ལ་ཤི་ན། བོན་གྱི་ཕྱི་ལ་འབྲིང་བའི་རྒྱལ་པོས་སྲོག་བཅད། ས་གཉན་བརྐོས་པས་ལེན། བུ་ཆེ་བ་དང་མ་འཕྲད། ང་ཡི་ཟས་ཟ་འཕྲོ་ལ་སེམས་ལུས། བ་གླང་མི་ལ་བཏང་བས་ལེན། དེར་མ་དང་ལྷམ་མེད་ཟེར། ཟ་འདྲེ་གླང་ནག་ཅན་ལ་སོགས། གཤེད་ཕ་སྤྱན་རབས་ཆད་ནག་མོ་ལ་སོགས་ཡོད་དོ། །སྤར་ཁ་ཟིན་ཐོག་ཤི་ན། སྙིང་དང་འདྲ་བའི་མི་ལ་བཟློས། བུད་མེད་དང་བྱིས་པ་ཆུང་བ་ལ་ངན། ཟ་འདྲེ་ཕ་སྤུན་ནམ། བུད་མེད་སྦྲུམ་མའི་བུ་སྲིང་ལ་སོགས། རི་མཐོ་པོའི་བཙན་གྱིས་ཁྱེར། ཤ་རུ་གཡོན་པ་དང་སྙིང་འགྲམས་པས་ཆོ་ག་གྱིས། སྤར་ཁ་ཟོན་ཐོག་ཤི་ན། བུད་མེད་ཡུགས་ས་མོ་དང་བྱི་མོའི་ཕྱི་ལ་ཡོངས་བའི་རྒྱལ་པོ་དང་། སྤྱད་ནག་ཕོ་འདྲེའི་སྲོག་གཅོད་ཁང་ཞིང་བུ་ཚ་དང་། གསེར་དང་གཡུ་


CMR059_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྱིང་པ་རྣམས་ལ་སེམས་ཆགས། ཟ་འདྲེ་མི་ཆེན་དང་དཔོན་ཆེན་ལ་སོགས། ཡང་བུད་མེད་སྦྲུམ་མའམ། ཁྱིམ་མཚེས་ཀྱིས་མི་རལ་པ་ཅན་ལ་སོགས་པས་ར་ཐོད་དང་ཤིང་གི་ཕུར་པས་གནོན། གཤིན་རྩིས་རྒྱལ་མོ་དར་ཚགས་ལས། སྤར་ཁ་གཤེད་རྩིས་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་སྨེ་བ་དར་ཚགས་ནི། གཅིག་དཀར་ལ་ཤི་ན། བྱིས་པ་ཆུང་བ་ལ་ངན་བན་བོན་གསུམ་གྱིས་རིམ་གྲོ་གྱིས། བྱིས་པ་དེ་ཞང་ཕྱོགས་སུ་སྐྱོལ། འཁོན་དང་མི་གཙང་བ་ལ་འཛེམ། སྔར་ཡང་མི་གཙང་བས་ལན། རྟ་མའི་གཟུགས་དམར་པོ་རོའི་ཁར་བཞག་གོ །གཉིས་ནག་ལ་ཤི་ན། །ཆང་ངམ་ཆུ་བཞིའི་ལན། བུད་མེད་ལ་ངན། ཞྭ་ནག་དང་གོས་ནག་གྱོན་པ་གསུམ་གྱིས་རོ་གཡོག་བྱ། བདུད་མདོས་ནག་པོ་མགོ་གསུམ་གྱིས། གསུམ་མཐིང་ལ་ཤི་ན་ཕ་མྱེས་ཀྱི་རོ་དུར་ནས་གནོད་པས། ལུས་མགོ་དང་ལྤགས་སྣ་ཚ་ཚ་སེར་པོ་རྣམས་རོ་ཡི་ཁར་བཞག་གོ །བཞི་ལྗང་ལ་ཤི་ན། ནད་བདག་ཀླུ་ཡིས་བྱས་པས་ཁྱེར། ཟ་འདྲེ་ཆུ་རྒྱུད་ལ་འགྲོ་བུ་སྲིང་གི་ཕྱི་ལ་སོང་། ལྕགས་སྣ་རོའི་ཁར་བཞག་གོ །དེ་ནས་ཀླུ་འབུམ་འདོན། ཀླུ་བདུད་ལྕགས་བཀྲོལ་བྱ། ལྔ་སེར་ལ་ཤི་ན། ཟ་འདྲེ་ཕྱི་རྒྱུད་བུ་སྲིང་གི་ཕྱི་ལ་


CMR059_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སོང་། རྟེན་གསུམ་གྱི་ཚ་ཚ་གདབ། སྔགས་པས་གཏོར་ཟློག་གྱིས། དྲུག་དཀར་ལ་ཤི་ན། གོ་བུར་དང་གྲིབ་ཀྱི་རྐྱེན་བྱས། ལྷ་དང་བཙན་གྱིས་ཁྱེར། །གཤེད་ཀ་བ་ལ་གབ་ཡོད་པ་གྲིབ་སེལ་བྱ། བདུན་དམར་ལ་ཤི་ན། མི་རྒྱུད་ལ་ངན་པས་མི་ཁ་བཅོས་ཆོག་དང་གཏོ་བསྒྱུར་བྱ། ཟ་འདྲེ་རྡུབ་གོག་ལ་གབ་ཡོད་པས་རྡུབ་གོག་ཕྱིར་ཐོན། བརྒྱད་དཀར་ལ་ཤི་ན། ཕ་སྤུན་སྙིང་འདྲ་བ་ལ་ངན། ཟ་འདྲེ་མར་ལ་གབ་པས་སྤྲང་པོ་ལ་མར་དང་ཟས་བྱིན་ན་ཟློག །ལྷ་ལ་གྲིབ་ཕོག་འདུག་པས་བསང་དང་གྲིབ་སེལ་གྱིས། དགུ་དམར་ལ་ཤི་ན། ཟ་འདྲེ་དེ་ལྷན་པ་དམར་པོའམ་ཆས་དམར་པོའི་རིགས་ཤིག་ལ་གབ་ཡོད་པས་དེ་ཕྱིར་ཐོན། དམར་པོ་ཟེར་མདོས་དང་གཡང་འགུགས་ཁྲག་མདོས་གྱིས། གཤིན་རྩིས་རྒྱལ་མོ་དར་ཚགས་ལས། སྨེ་བའི་གཤིན་རྩིས་ལེའུ་སྟེ་ལྔ་པའོ།། །།ཡང་སྐར་མའི་གཤིན་རྩིས་བསྟན་པ་ནི། སྨིན་དྲུག་ལ་ཤི་ན་ཞག་བདུན་གྱི་བར་རོ་མི་སྦས། ཁུར་ཡང་མི་རུང་གླང་ཨམའི་བྱང་བུ་བཅོ་བརྒྱད་ལ་རོ་མིང་བྲིས་ལ། ཁྱི་ཐོད་དང་བཅས་རོའི་འོག་ཏུ་སྦས། མིང་རུས་མི་གཅིག་པ་གསུམ་གྱིས་ཤར་ཕྱོགས་སུ་བསྐྱལ་ལོ། །རོ་ལ་ཐིག་དྲུག་གཏབ་དུམ་བུ་དྲུག་


CMR059_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཏུབ་ན་ཐུབ། ཕྱུགས་ནག་པོའི་ཕྱི་ལ་འབྲིང་བས་འདྲེས་ཁྱེར། ཆུ་མིག་བྲུས་སམ་ས་རྐོས་རློག་བྱས་པས་ལན། ས་བདག་གནོད་པས་ས་བདག་གི་ཆོ་ག་བྱས་ན་ཕན་ཟེར་རོ། །སྣར་མ་ལ་ཤི་ན། ཕྱུགས་དཀར་མཚན་ཅན་གྱི་ཕྱི་ལ་ཡོངས་བའི་འདྲེས་ཁྱེར། ཕྱུགས་ལ་བཏང་བས་ལེན། བྱིས་པ་ཤི་ན། བུད་མེད་ལ་ངན། བྱ་ཕོ་དཀར་པོ་དང་ལྕགས་སྣ་རོའི་ཁར་ཞོག །མགོ་ལོ་ཤི་ན། ཞག་ལྔ་ཡི་བར་དུ་མི་སྦས། མི་དགུའམ་རྒན་རྒོན་ལ་ངན་གཡག་རུ་རོ་ཡི་ཁར་བཞག་གོ །ལག་ལ། བཙན་དང་སྤྱད་ནག་གི་ཁྱེར། མི་གཉིས་ལ་ངན། རོའི་ཟུར་ནས་མར་ནག་དང་ནས་འབྲས་གྲོའམ། འབྲུ་སྣ་གང་འབྱོར་བླུག །ཚ་ཚ་དཀར་པོ་སྙིང་གར་བཞག །ནབས་སོ་ལ། ཁང་སྟོང་དང་ལྷ་ཁང་གོག་པོའི་རྒྱལ་པོ་ཁྱེར། ཐབ་དང་གཞོབ་ཀྱིས་ལེན། བུད་མེད་ཤི་ན་བུ་སྲིང་གི་འགྲུལ་གྱིས་ལེན། རྒྱལ་ལ་རྒྱལ་པོས་ཁྱེར། གཡག་དང་ལུག་གི་ཐོད་པས་གནོན། དེ་མ་བྱས་ན་སྐྱེས་དར་མ་ལ་ངན། ལྕགས་སྣ་ཤར་ཕྱོགས་སུ་བཏང་བས་ཐུབ། སྐག་ེལ་ཐབ་དང་དམར་གྱི་ལན། བུད་མེད་ཤི་ན་ཤི་ཁ་བྱེ། བྱིས་པ་ཆུང་ངུ་ལ་ངན། རྒོག་གཙང་དང་གྲོ་བླུག །མཆུ་ལ། །


CMR059_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཕྱོགས་ཀྱི་བུད་མེད་ཀྱིས་ཕྱི་ལ་ཡོངས་བའི་གཟའ་སྤྱང་ཕོ་འདྲེ་བཙན་གྱིས་ཁྱེར་ཁུང་དུ་ར་ཁྱི་ཕག་གསུམ་གྱིས་ཐུན་བླུག་སྟེ་ས་སྦས། སྟ་རེ་རོའི་ཁར་བཞག་བྱིས་པ་ཆུང་ངུ་ཤི་ན་ཆུང་སྲི་ཁ་བསྒྱུར་བྱའོ། །བྲེ་ལ་ཡས་གདོན་དང་བཙན་གནོད་བུ་སྲིང་གི་ཕྱིར་ཡོངས་བའི་འདྲེས་ཁྱེར། བུད་མེད་ཤི་ན་བྱིས་པ་ཆུང་ངུ་ལ་ངན་པས། བོང་ཐོད་དང་རྟ་ཐོད་མཛོ་ཐོད་རྣམས་རོའི་ཁར་བཞག་གོ །དབོ་ལ་གཟའ་བདུད་ཀྱིས་ཁྱེར། ཕ་མྱེས་ཀྱི་དུར་འདྲེ་རྙིང་པས་གནོད། བུ་ཚ་ཤི་ན་ནག་པོ་དུར་སྲི་མནན། གཡང་འདྲེན་བྱ། མེ་བཞི་ལ། སྐྱེས་ནག་གི་ལན། ཁྱིམ་མཚེས་ཀྱིས་འདྲེས་ཁྱེར། རོ་ཞག་བཞི་ལ་སྨྲ། བྱ་ཕོ་ཅིག་རོ་ཁར་བཞག །ར་ཁྱི་ཕག་གསུམ་གྱི་གཏོ་བཅོས་བྱ། བྱིས་པ་ཤི་ན་བྱ་རོ་ཁྱི་ལ་བྱིན། ནག་པ་ལོ། ཤིང་གི་ཕྱི་ལ་ཡོངས་བའི་འདྲེ་ཁྱེར། མི་ཕྱུགས་ཁྲག་རྣམས་རོའི་ཁར་བཞག །བྱིས་སྦ་ཤི་ན་ནག་པོའི་འདུར། ས་རི་ལ། ས་གཉན་བརྐོས་པ་དང་བུ་སྲིང་གི་ཟས་དང་འགྲུལ་གྱི་ལན། ནག་པ་ལ་བསྡུར་ན་བཟང་། ས་གོ་ལ་ཀླུ་བདུད་བཙན་གྱིས་ཁྱེར། མ་དྲག་པོ་གཅིག་ལ་རྩུབ། སྐྱེས་དར་མ་གཅིག་ལ་རྩུབ། མདོ་དང་གཙུག་ཏོར་ཐོན། བུད་


CMR059_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྒན་མོ་ཤི་ན་ཤི་སྒབ་ཆོད། ལྷག་མཚམས་ལ། གཟའ་དང་རྒྱལ་པོས་ཁྱེར། ཞང་ཉེས་འགྲུལ་དང་སྐར་མའི་བས་པས་ལན། རྫས་ནག་དང་། མགར་ནག་གི་ཞུ་ནག་དང་། གླང་བུའི་ཐོད་པ་ལག་སོར་ཕྱོགས་སུ་སྦས་སོ། །སྐར་བཟློག་བྱ། གདུ་བུ་སྣོན་ལ། བུ་སྲིང་ཕྱི་ལ་ཤི་འདྲེ་ཡོངས་བའི་རྒྱབ་རྒྱལ་པོ་བྱས་པས་ཁྱེར། སྤྲེལ་ལོ་བ་དང་བྱ་ལོ་བ་རྩུབ་པས་རྒྱལ་མདོས་བྱ། ར་ཕག་གི་ཐོད་པ་སྟེང་དུ་བཞག །ཁྲི་བརྒྱད་སྟོང་པ་བཏོན་ན་བཟང་། སོག་པ་སྣུབ་ལ། ཐབ་དང་ཁོན་གྱི་ལན། འདྲེ་གུད་ས་བདག་གིས་ཁྱེར། ཕག་ཐོད་ཟློསྟེང་དུ་བཞག །ཁྲོ་ཆུ་སྟོད་ལ། རྨེ་ཟས་དང་འགྲུལ་གྱི་ལེན་གྲིབ་བསང་དང་བཟློག་པའི་ཆོ་ག་གྱིས། ཕུལ་ལ་་ཆུ་སྨད། ཕོ་མོ་གང་ཤི་ནའང་ཤི་ཁ་ཆོད་པས་བཟང་། བོན་ལ་་་གྲོ་བཞིན། བུད་མེད་ལ་ངན་པས། ཁྱི་ཕག་གི་ཐོད་པའི་སྟེང་ན་གནོན། བྱི་བཞིན་ལ། མ་རྟ་ཟླ་བ་དང་སྔོན་པོའི་འགྲུལ་གྱི་ལན། ས་སྣ་ལྔ་ཡི་ཚ་ཚ་སྟེང་དུ་བཞག་གོ །རབོས་ཆད་ཤི་ན་བྲ་ཉེ་ལ་སྦའོ། །མོན་གྲི་ལ། རྟ་ཕྱུགས་གསུམ་ལ་ངན། ས་སེར་རེ་རེ་ཚ་ཚ་སེར་པོས་མནན། ས་བདག་ཆོ་ག་དང་སྐར་བཟློག་བྱའོ། །མོན་གྲུ་ལ། མི་རྟ་ཕྱུགས་གསུམ་ལ་


CMR059_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ངན། ས་རྐོས་རྡོ་རློག་བྱས་པས་ལེན། ས་བདག་འཁྲུགས་གཏོ་དང་། ཀླུ་བདུད་ལྕགས་གྲོལ་བཟློག་པའི་ཆོ་ག་བྱས་པས་ཕན། ཁྲུམས་སྟོད་ལ། བུད་མེད་ལ་ངན། གཟའ་བདུད་དང་བཙན་གྱིས་ཁྱེར། མ་ཏྲ་དང་། རུས་བསྡུང་ཆོ་ག་བྱ། ཁྲུམས་སྨད་ལ། ཀླུ་དང་ས་བདག་གིས་ཁྱེར། འཁྲུགས་གཏོ་དང་གཏོར་ཟློག་བྱའོ། །ནམ་གྲུ་ལ། རོ་བདག་ལ་ངན་པས་ཆོས་དང་ནག་པོ་མགོ་གསུམ་ཟ་འདྲེ་ཁ་བསྒྱུར་བྱའོ། །ཐ་སྐོར་ལ། ཡུལ་ལ་ངན་པས་བཅོས་ལ་ཤིང་སྣ་མི་གཅིག་པ་གསུམ་བཅད་ལ། དུམ་བུ་བདུན་དུ་གཏུབ་ནས་ཁུང་བདུན་དུ་སྦས་པས་ཐུབ། བྲ་ཉེ་ལ། ཆེ་བ་གསུམ་དང་། བུད་མེད་ལ་ངན། གྲིར་ཤི་ན་གྲི་འདུལ་བྱ། རྟ་ཡིས་གྲལ་ལ་སབ་པས་ལེན། གླང་མའི་བྱང་བུ་གསུམ་ལ་བུད་མེད་གཟུགས་བྲིས་ལ་རོ་ཁུང་དུ་སྦ། མི་གཟུགས་དཀར་པོ་གཅིག་རོའི་སྟེང་དུ་བཞག །གཤིན་རྩིས་རྒྱ་མོ་དར་ཚགས་ལས། སྐར་མ་གཤིན་རྩིས་པའི་ལེའུ་སྟེ་བདུན་པའོ།། །།ད་ནི་རོ་འདོན་པའི་ཕྱོགས་བརྩི་བ་ནི། ས་བདག་བླ་མཁྱེན་དང་། ཧལ་ཁྱི་དང་། ཟངས་ཁྱི་དམར་པོ་དང་། གཤིན་པོའི་ཕྱོགས་ནི། ནག་ཆེན། རྩིས་པ་རང་གི་ལོ་ཐོག །ལོ་གཤེད་དང་


CMR059_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་རྟ་རྣམས་ཀྱི་ཐོག་ཏུ་མི་བཏང་བ་གལ་ཆེའོ། །དཔེར་ན་རང་རེ་ཤིང་མོ་བྱ་ཡིན་ན། ལྕགས་སྦྲུལ་གྱི་ཐོག་ཏུ་མི་བཏང་། ཤིང་བྱ་ཐོག་ཏུ་མི་བཏང་། ཕག་ཐོག་ཏུ་མི་བཏང་། །ལྕགས་སྦྲུལ་དེ་རང་གི་དགྲ་ཡིན་པས་དེར་འཛེམ་དགོས་པའོ། །དེ་ཀུན་ལ་འགྲེ་སྟེ། ཕྱོགས་ངན་ལ་འཛེམ་པ་གལ་ཆེའོ། །གཤིན་པོའི་ལུས་ལ་དགྲ་དར་ན་རོ་ཁུར་མི་རུང་། རོ་འདྲེན་པའི་སྒོ་ཕྱོགས་དང་། སྨེ་བ་གཉིས་ནག་གམ་ཧལ་ཁྱི་སོགས་སྡིག་ན། རྩིས་མཁན་དང་ཕུང་པོ་ཁུར་མི་རྣམས་འགྲོགས་ནས་འགྲོ་དགོས་པའོ། །ཞེས་པ་འདི་ཡང་གལ་ཆེ་བ་ཞིག་གིས་གནད་འདི་ཡིན་ནོ། །གཤིན་རྩིས་རྒྱལ་མོ་དར་ཚགས་ཞེས་བྱ། གསོན་གཤིན་གཉིས་ཀ་ལ་གཅེས་པའམ་གདམས་པ། མཁས་པ་ཁྱུང་གིས་མན་ངག་རྒྱ་ནག་ལུགས་ལགས་སོ། །འགྲམ་ཆེན་བཞིའི་རྩིས་ཉུང་ངུ་བསྡུས་པ་ཡོད་པ་ལགས་སོ། །འགྲམ་བཞིའི་རྩིས་ལ། ཁྱི་རྟ་སྟག་གསུམ་ཟིན་ཐོག་ཏུ་ཤི་ན། ས་བདག་སྙིང་འགྲམས་ཡིན་པས། རོ་གཅིག་འོང་། བྱི་འབྲུག་སྤེལ་གསུམ་ཁམ་ཐོག་ཏུ་ཤི་ན། ས་བདག་གི་དུར་འགྲམས་ཡིན་པས། རོ་གསུམ་འོང་། བྱ་གླང་སྦྲུལ་གསུམ་དྭ་ཐོག་ཏུ་ཤི་ན། ས་བདག་སྙིང་འགྲམས་ཡིན་པས་རོ་ལྔ་འོང་། །ཕག་


CMR059_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལུག་ཡོས་གསུམ་ལི་ཐོག་ཏུ་ཤི་ན། ས་བདག་གི་མིག་འགྲམས་ཡིན་པས་རོ་དྲུག་འོང་། དེ་རྣམས་གཏོ་ལ་གང་དགོས་བྱ། གུ་གུང་བཞི་ལ་འགྲམས་ཆེན་བརྒྱད་བསྟན་པ་ནི། ལི་ལ་རྟ་སྦྲུལ་ལོ་པ་ཤི་ན། རྟ་སྦྲུལ་སོགས་གཤེད་དང་འགྲམས་ན། དཔྲལ་བའི་མིག་ལོང་། རྗེས་སུ་རོ་བདུན་འོང་། མིག་ཐམས་ཅད་བསྡུས་ནས་མིག་བཅོས་བྱས། བན་མཆོད་བྱ། ཁོན་ལ་གླང་ལུག་ལོ་པ་ཤི་ན། ལོ་ཟླ་བ་དུས་ཚོད་དང་ཐུག་ན། གུ་གུང་ནག་པོ་རྗེས་ངན་ཡིན། རོ་དྲུག་འོང་རྒན་མོ་མགོ་སེ་མ་གཅིག་ལྟོག་གྲིའི་མ་འཆི་བར་དུ་མའི་ཆོད། གསེར་འོད་འདོན། རྭ་ཅོ་མང་པོས་འགྲམས་བཅོས་བྱ། དྭ་ལ་བྱ་སྤྲེལ་ལོ་པ་ཤི་ན། ལོ་ཟླ་བ་ཉི་མ་དུར་ཕུན་འགྲམས་ན་ས་བདག་སྙིང་འགྲམས་ཡིན་བདུན་པར་སྙིང་སྤྲེལ་གྱི་བཅོས། སྙིང་འདྲ་བར་ངན། ཁེན་ལ་ཁྱི་འབྲུག་ལོ་པ་ཤི་ན། ལོ་ཟླ་ཉི་མ་དུར་ཕུན་འགྲམས་ན་གུ་གུང་ནག་པོ་རྗེས་ངན། བདུན་ལ་ངན། གནམ་སྒོ་བཅད། སྣང་ཨཱ་བརྒྱད་འདོན། ཁམ་ལ་བྱི་ཕག་ལོ་པ་ཤི་ན། ལོ་ཟླ་ཉི་མ་དུར་ཕུག་འགྲམས་ནས། རྗེས་སུ་རོ་བདུན་འོང་། ས་བདག་གི་ཁོན་འགྲམས་ཡིན། རྒྱ་མཚོ་གདེང་འཁྲུགས་སོ། །རྔ་


CMR059_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མང་པོས་འགྲམས་བཅོས་བྱ། རྣམ་འཇོམས་བྱ། གིན་ལ་གླིང་ལུག་ལོ་པ་ཤི་ན། ལོ་ཟླ་བ་ཉི་མ་དུར་ཕུབ་འགྲམས་ན། གུ་གུང་ནག་པོ་རྗེས་ངན་ཡིན། རྗེས་སུ་མ་གསུམ་ལ་ངན། གཤེད་བཅོས་བྱས། ཆོས་ཆེན་ཀློག །ཚ་ཚ་བཞག །ཟིན་ལ་སྟག་ཡོས་ལོ་པ་ཤི་ན། ལོ་ཟླ་བ་ཉི་མ་དུར་ཕུབ་འགྲམས་ན། སྐྱེས་པ་ཡིན་ན་སྙིང་འདྲ་བ་ལ་ངན། །བསམ་པའི་སྙིང་འགྲམས་པ་ཡིན། སྡོང་པོའི་རྒྱན་མདོས་དང་སྙིང་བཅོས་བྱ། ཟོན་ལ། ཁྱི་འབྲུག་ལོ་པ་ཤི་ན། ལོ་ཟླ་བ་ཉི་མ་དུར་ཕུབ་འགྲམས་ན། གུ་གུང་ནག་པོ་རྗེས་ནག་ཡིན། རྗེས་སུ་མི་ལྔ་ལ་ངན། འབུམ་འདོན། འགྲམས་ཆེན་ཉི་ཤུ་རྩ་ལྔ་ལ་ཕྱི་རྩིས་ཉི་ཤུ་རྩ་བདུན་འདི་ལྟར་རོ། །འདི་ལ་ནི་ཕག་ལོ་པ་ཤི་ན། དཔྲལ་བའི་མིག་རྡོལ་བ་ཡིན། ལྕགས་ཀྱི་བྱ་སྤྲེལ་ལོ་པ་ཤི་ན་ལྕགས་ཀྱི་སྡོང་པོ་ལ་བསྐལ་པའི་མེ་ཤོར་བ་ཡིན། རོ་བསྲེགས་མི་ཉན། ཁོན་ལ་སྟག་ཡོས་ལོ་པ་ཤི་ན། དུར་གཤེད་ཆེ་བ་འགྲམ་པ་ཡིན། བྱ་སྤྲེལ་ལོ་པ་ཤི་ན། །དུར་གཤེད་ཆུང་བ་འགྲམས་པ་ཡིན། དྭ་ལ་སྟག་ཡོས་ལོ་པ་ཤི་ན། བལ་གྱི་ཕོ་ལམ་སྲ་བས་བྲག་བཀས། རྟ་སྦྲུལ་ལོ་པ་ཤི་ན། ལྕགས་ལ་མེ་ཤོར་བ་ཡིན། ཁེན་ལ་རྟ་སྦྲུལ་ལོ་པ་


CMR059_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་ན། དུར་གཤེད་ཆེ་བ་འགྲམས་པ་ཡིན། བྱི་ཕག་ལོ་པ་ཤི་ན། དུར་གཤེད་ཆུང་བ་འགྲམས་པ་ཡིན། ཤིང་བྱི་ལོ་པ་ཤི་ན། མར་ནང་གི་རུས་པས་གཉན་གྱི་ཕུག་འགྲིམས་པ་ཡིན། ཁམ་ལ་རྟ་སྦྲུལ་ལོ་པ་ཤི་ན། རྒྱ་མཚོ་མཐའ་ནས་སྐམ། ལྕགས་མེའི་རྔ་མ་གཡུགས་པས་རྒྱ་མཚོའི་གཏིང་ནས་དཀྲུགས་པ་ཡིན། གིན་ལ་བྱ་སྤྲེལ་ལོ་པ་ཤི་ན། དུར་གཤེད་ཆེ་བ་འགྲམས། སྟག་ཡོས་ལོ་པ་ཤི་ན། དུར་གཤེད་ཆུང་བ་འགྲམས། ཡོས་བུ་ལོ་པ་ཤི་ན། རི་བོང་གི་ལག་པ་གཡས་པས་གླང་པོ་ཆེའི་སྐད་པ་ཕུད་པ་ཡིན། །ཟིན་ལ་བྱ་སྤྲེལ་ལོ་པ་ཤི་ན། དུར་འགྲམས་ཡིན། ལྕགས་ཀྱི་བྱ་སྤྲེལ་ལོ་པ་ཤི་ན། གཡུ་ཡི་གདུང་མ་སྐེད་ནས་ཆག་པའི་འགྲམས་ཡིན། ཟོན་ལ་ཁྱི་འབྲུག་གླང་ལུག་བཞི་ཤི་ན། །དུར་གཤེད་ཆེ་བ་འགྲམས། རྟ་སྦྲུལ་ལོ་པ་ཤི་ན། དུར་གཤེད་ཆུང་བ་འགྲམས་པ་ཡིན། སྤར་ཁ་རང་ཐོག་ལ་རུ་ཤི་ན། རང་འགྲམས། དགྲ་ཐོག་ཏུ་ཤི་ན་དགྲ་འགྲམས། ཁོན་ཟོན་ཐོག་གཉིས་དགྲ་འགྲམས་ཡིན། གིན་ཁོན་གཉིས་ལ་འགྲམས། དྭ་ཟིན་གཉིས་སྙིང་འགྲམས། ལི་མིག་འགྲམས། ཁམ་ཁོན་འགྲམ། བཅོས་ཀ་སོ་སོར་བྱ་བ་རྫོགས་སོ།། །།


CMR059_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་སྙིང་མིག་འགྲམ་བཅོས་ལ། ས་བདག་བསྒྱུར་སླེབ་བྱེད། མིག་འབྲས་གང་རྙེད་བསོད་ལ་འགྲམས་བཅོས་བྱེད། རྟ་ཐོད་ལ་མིག་དགུ་བྱས་ལ་གཡུ་དགུ་བཅུག །མི་མགོ་དག་ཚིག་སྐྱེད། ལག་ཏུ་མདུང་བཟུང་བཅུག་ལ། སུ་ཤི་བ་དང་དེ་ཡི་ལོ་གྲངས་གི་གོམ་པ་སྤོ་ལ་བསྐྱལ་ལོ། ༈ །གཅེས་པའི་སྙིང་འགྲམ་གྱི་གཏོ་ལ། སྙིང་ཞོ་ཤ། བྱ་སྤྲེལ་ར་གསུམ་གྱི་སྙིང་སྐུད་པས་རྒྱུན་ལ་སྤར་ཁ་དྭ་ཡི་ཕྱག་རྒྱ་དང་། ཤི་བས་སྐེ་རགས་དང་ཤ་རྩིབ་མ་གཡོན་དང་། ཨོཾ་ཀྲེ་དུ་བཟློག་ཤེའུ་བཟློག་བྱ་བ་བྲིས་ལ་རོ་ཡི་ནུ་མ་གཡོན་མ་ལ་ལྷེན། །རྟ་ཐོད་ལ་ལི་ཡི་ཕྱག་རྒྱ། ཨོཾ་ཁ་ར་ཏི་བཟློག །མ་མ་རཾ་རཾ་ཡེ་སྭཱ་ཧཱ། བྱ་བ་བྲིས་ལ་དུར་ཁ་བཅད། རྡོ་ལེབ་ལ་ལིའི་ཕྱག་རྒྱ་བྲིས་ལ་དུར་ཁར་བཞག ༈ །འདྲེན་པའི་སྙིང་འགྲམས་ཀྱི་གཏོ་ལ། སྙིང་ཞོ་ཤ་འབྲི་བོང་བུ་རི་བོང་བྱ་སྤྲེལ་མིན་པའི་སྙིང་རྙེད་ཚད་སྐུད་པ་ལ་རྒྱུན་ལ་ཟིན་གྱི་ཕྱག་རྒྱ་དང་། ཨོཾ་མ་ར་ཡ་ཟློག ཨོཾ་ཀ་ན་ཀ་ཏ་ཟློག །ཅེས་བྲིས་ནུ་མ་གཡོན་ལ་གླན། རྭ་ཐོད་ལ་དྭ་ཡི་ཕྱག་རྒྱ་དང་། ཨོཾ་ཤེའུ་ཤའུ་བཟློག ༼ཨོཾ་མ་མ་ཀ་རོ་ཀ་རོ་ཡ་སྭཱ་ཧཱ། ཞེས་བྲིས་ལ་དུར་ཐོག་ཏུ་གནོན། ཁོན་ལ་གླང་ལུག་ཤི་ན་སྟག་གི་ཕུར་བུ་ལ། ཨ་ཀརྨ་


CMR059_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱི་ལི་ཀི་ལ་ཡ་སྭཱ་ཧཱ། བྱ་བ་བྲིས་ལ་རོ་ཡི་ཁར་བཅུག །ལུག་ལ་གསེར་གཡུ་བཏགས་ལ་ལྷོ་ནུབ་ཏུ་འགྲམས་བཅོས་བྱ། སྣང་བརྒྱད་ཐོན། རྣམ་འཇོམས་དང་འབུམ་འདོན། གླང་ལུག་བ་གསུམ་གྱི་དུར་ཁ་བཅད། ཁེན་ལ་ཁྱི་འབྲུག་ཤི་ན། སྐྱེར་པའི་ཕུར་པ་ལ། ༀ་ཙ་རྒྱུན་ཀཱི་ལི་ཀི་ལ་ཡ་སྭཱ་ཧཱ། བྱ་བ་བྲིས་ལ་རོའི་ཁར་བཅུག །གཙུག་ཏོར་སྐུ་བཙུགས། །ཡར་འབུམ་དང་རྩེ་བཀྱག །མདུང་དར་ནག་པོ། ལྕགས་གསེར་དང་ཚེ་གཏོར་མ། ཞེས་ནུབ་བྱང་ལྕགས་ཐོག་ཏུ་དུར་འདེབས་བཅོས་སོ། །གིན་ལ་ཚ་རུས་ཕུར་བུ་དང་། ཨོཾ་རཀ་ཤི་ཀཱི་ལི་ཀི་ལ་སྭཱ་ཧཱ། བྱ་བ་བྲིས་ལ་བཅུག་གོ །གླང་པོ་བྱིལ་གྱི་ཤུན་པའམ། གསོབ་དང་དམི་པ་བརྒྱ་ཤུག་པས་ཕུར་བུ།་ཕོ་རོག་བརྒྱད། ངར་མི་དཀར་པོའི་ལག་ཏུ་དར་མདུང་དཀར་པོ་བཟུང་བཅུག་རྩེ་ལ་གླང་རུ་བཀོན། གོང་མེ་གསོབ་དང་། དེ་རྣམས་བྱང་ཤར་དུ་འགྲམས་བཅོས་བྱ། ཟོན་ལ་ཤུག་པའི་ཕུར་བུ་ལ། ཨོཾ་བཛྲ་ཀི་ལི་ཀི་ལ་ཨཱསཱ་ཧཱ།། བྱ་བ་བྲིས་ལ་རོའི་ཁར་བཅུག །ཤིང་ལེབ་ལ་འབྲུག་གི་གཟུགས་བྲིས་ལ་ར་དགུ་བཏགས། ཕྱོགས་བཅུ་གཉིས་གཡུ་དངུལ་བཏང་། བསམ་པའི་ཕོ་བྲང་བེར་བསྐྱོན། རྔ་


CMR059_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

མོང་བསྐྱོན། དངུལ་བཏགས། རྨིད་པ་ཅི་རྙེད་དང་། ཤར་ལྷོ་མཚམས་སུ་བཅོས། གུ་གུང་བཞིའི་བཅོས་པ་རྫོགས་སོ།། །།ཡང་ནམ་མཁའི་རོ་ལམ་ནི། ཤིང་གིས་ནུབ་བསྲུང་། ལྕགས་ཀྱིས་ཤར་བསྲུང་། མེས་བྱང་བསྲུང་། ཆུས་མཚམས་བཞི་བསྲུང་། ཡང་ན་སས་ཤར་སྲུང་། བར་སྣང་གི་རོ་ལམ་ནི། རོ་ཁུར་ལ་ངན། ཉི་དྲོས་ཤར། །དྲོས་ཆེན་དང་ཕྱེད་ཡོལ་ལྷོར། སྲོད་འཁོར་སྐྱ་རེངས་ཤར་དུ་བྱང་ཤར། དེར་རོ་ཁུར་ལ་གནོད། ས་ལ་ཀོ་ལོང་བསྡོམ་པའི་མི་དགུ་ཡོད། གཙུག་ལག་སྤྱི་ཡི་ལྷ་དགུ། གནས་ཆེན་པོ་བརྒྱད་ཕོ་བྲང་ཆེན་པོ་བཞི་རྩ་གཉིས་ཡིན། ཡང་རོ་ལམ་བྱིས་སྦ་དུས་ཚོད་དང་། བྱང་དུ་མི་དྲོང་ངོ་། །བདུན་ཟུར་དང་གཤེད་བཟློག་པའི་སྔགས། བྱི་ལོ་པ་ཤི་ན། རྟའི་ཁོག་པར། བྷེ་ཏས་ཧ་སྟིས་ཨ་བྷ་ཏ་ཀན་སྭཱ་ཧཱ། གླང་ལོ་པ་ཤི་ན། ལུག་གི་ཁོག་གི་ཁོག་པར། ཏྲི་སྣས་ཧ་སྟས་སང་ཀ་གན་སྭཱ་ཧཱ། སྟག་ལོ་པ་ཤི་ན། སྤྲེལ་གྱི་ཁོག་པར། ཨོཾ་བུ་ཏ་ས་ཏ་ཡ་ཕཊ། ཡོས་བུ་ལོ་པ་ཤི་ན། བྱ་ཡི་ལྟོ་བར། བྷ་ཀིན་ཧ་སྟ་ན་ལེ་ཏུ་པ་ཀན་སྭཱ་ཧཱ། འབྲུག་ལོ་པ་ཤི་ན། བྱི་བའི་ལྟོ་བར། བྱ་ཏས་ཧ་སྟི་བ་ཏ་ན་གན་སྭཱ་ཧཱ། ལུག་ལོ་པ་


CMR059_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་ན། གླང་གི་ལྟོ་བར། སང་སྐར་ར་ཧ་ཧ་ས་ཏྲི་སྣ་ཀན་སྭཱ་ཧཱ། སྤྲེལ་ལོ་པ་ཤི་ན། སྟག་གི་ལྟོ་བར། ན་བ་ཏུ་བི་ཧ་སྟ་བྷ་ཀ་ཀན་སྭཱ་ཧཱ། བྱ་ལོ་པ་ཤི་ན། །ཡོས་བུ་ལྟོ་བར། ཨོཾ་དྷེ་བ་གྷ་ཏི་ཕཊ་ཕཊ་སྭཱ་ཧཱ། ཁྱི་ལོ་པ་ཤི་ན། འབྲུག་གི་ལྟོ་བར། ཤ་ར་ཏ་ན་ཧ་ཀན་སྭཱ་ཧཱ། ཕག་ལོ་པ་ཤི་ན། སྦྲུལ་གྱི་ལྟོ་བར། ཨ་རྫ་ཤེས་ཧ་སྟ་འཛི་ར་མ་ཤ་ཀན་སྭཱ་ཧཱ། ཞེས་མ་ནོར་པ་སྔགས་རྣམས་བྲིས་ནས་སྒོ་སྐར་ལ་བཏགས་ལ་གཤེད་ཁོག་པ་ཐེ་ཚོམ་མེད། ད་ནི་འདྲེ་ངོས་འཛིན་པ་ནི། གཟའ་ཉི་མ་ལ་བབས་པའི་དུས་སུ། མི་ཁྱོད་ལ་གཞོན་འདྲེ་དང་། དལ་ཁ་གནོད། ཤར་ནུབ་ཀྱི་བྱད་ཀས་གནོད། ཁྱི་དང་ཕྱུགས་དཀར་པོ་ཡོད། ཁ་ཟས་དཀར་པོ་ཟོས། འགྲུལ་པ་མི་རྟ་དཀར་པོ་དང་འཕྲད་པས་ལེན་ནོ། །ཟླ་བ་ལ་བབས་པའི་དུས་སུ། མི་ཁྱོད་དང་ཡུགས་ས་དང་། ཁྱིམ་ན་ཕྱུགས་ནག་པོ་ཡོད། ཁ་ཟས་མི་གཙང་བ་ཟོས་པས་ལེན་ནོ། །དམག་དཔོན་ལ་བབ་པའི་དུས་སུ། །ལུང་པ་ཁ་ནུབ་ཕྱོགས་ལ་བལྟས་པས་སྔགས་དང་འདྲེས་སམ། སྣ་ཟོས་བསམ་དམར་ཁ་ཕྱེ་བས་ལེན་ནོ། །མི་རྟ་དམར་པོ་བཞོན་པ་དང་འཕྲད་པས་ལེན་ནོ། །ལྷག་པ་ལ་བབ་པའི་


CMR059_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་བུ་སྲིང་གི་ཟས་མི་གཙང་བ་ཟོས་པས་ཀླུ་སྲིན་གནོད། བུད་མེད་གོས་སྔོན་གྱོན་པ་དང་འཕྲད་པས་ལེན་ནོ། །ཕུར་བུ་ལ་བབ་པའི་དུས་སུ། འཁྲུལ་འདྲེན་སྙིང་པ་གནོད། །བན་སྔགས་རྟ་ཁྲ་ཅན་གྱི་འགྲུལ་དང་འཕྲད། པ་སངས་ལ་བབ་པའི་དུས་སུ། བྲག་ནག་པོ་ཡོད་པའི་ས་ནི། མགར་བས་སྨྱོ་འདྲེ་དང་དྲི་མ་གནོད། ཁ་ཟས་དཀར་པོ་ཟོས། ཚོང་ཕྱུགས་དེད་པའི་འགྲུལ་གྱི་ལེན་ནོ། །སྤེན་པ་ལ་བབ་པའི་དུས་སུ། ས་བདག་ས་སྲིན་གནོད། ཟས་ཁུར་བ་ཟོས་སམ་སྐྱས་ནག་ཐུག་པས་ལེན་ནོ། །ད་ནི་རྐུན་མ་ངོས་འཛིན་པ་ནི་འདི་ན་ལགས། གཟའ་ཉི་མ་ལ་བབ་པའི་དུས་སུ། གཏོར་མ་བྱུང་ན་རྐུན་མ་དེ་གདོང་པ་དཀར་བ། མིག་གཏིང་ན་སྨེ་བ་ཡོད་པ། གོས་སེར་པོའམ་ཁམ་པ་བདུན་ནམ་ཡང་ན་མི་གསུམ་ཡོད། བྱང་ཤར་དུ་ཁྱེར་ཕྱི་ལ་ཕྱེ། གཟའ་ཟླ་བ་ལ་བབ་པའི་དུས་སུ། རྐུན་མ་དེ་གདོང་སྟེ་ནག་པོ། གོས་ནག་པོ་གྱོན་པ། རྟ་ཕྱུགས་དང་། ཁྱི་ནག་པོ་ཡོད་པ་གཅིག་གི་བྱུང་ངམ་ནུབ་ཏུ་ཁྱེར། ནང་མ་ཡོད། ཡུགས་ས་མའི་ནང་དུ་བསྐུང་། བུད་མེད་དམ་བྲན་གཡོག་གི་སྨྲ་བ་ཡོད། དམག་དཔོན་ལ་བབ་པའི་དུས་སུ། རྐུན་མ་དེ་བྱེ་ཟུར་ཡོད་པ། རྨང་


CMR059_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བུ་གཅིག་གིས་ལྷོའམ་ནུབ་ཏུ་ཁྱེར། ལྷག་པ་ལ་བབ་པའི་དུས་སུ། རྐུན་པ་དེ་རྒས་པ་སྡུམ་བུ་འབྲུག་གཅིག་གིས་བྱང་དུ་ཁྱེར། ནས་ཆོལ་བས་གསེབ་ཏུ་སྦས་སོ། །ཕུར་བུ་ལ་བབ་པའི་དུས་སུ། གདོང་པ་ཤིང་མདོག་བཞིན་སྐྱ་བ་འདུག་པ། རྟ་ཕྱུགས་དང་སྒོ་ཁྱི་སྐྱ་བོ་ཡོད་པ་གཅིག་གིས་ཤར་དུ་ཁྱེར། ཆོས་པས་སྐུང་། རྐང་ལག་སྐྱོན་ཡོད་ཅིང་གསེབ་ཏུ་སྦས་སོ། །ཟླ་གཅིག་རྩད་ཆོད་ཡོང་། པ་སངས་ལ་བབས་པའི་དུས་སུ། རྐུན་མ་དེས་བྱེད་དཀར་པོ་ཡོད་པ་ལུང་པ་ཁ་ལྷོ་ནུབ་ཏུ་ལྟ་བ་ཕུ་དོགས་པ། མདོ་ཡངས་པ་ཡར་ཕྱེས་པ་བྱེའི་གཉན་གདབ་བོ། །སྤེན་པ་ལ་བབ་པའི་དུས་། རྐུན་མ་དེ་ཁོང་པ་བདེ་བ་འགྲོས་གྲུལ་བ་ཁ་འཇམ་པ་བདག་གི་མ་གསུམ་ཅན། བྲོ་སྔོན་ཏུ་བཟུང་བའི་ནང་མ་ཡིན། །མངྒ་ལཾ། རྒྱ་མོ་དར་ཚགས། རཱ་ག་ཨ་སྱས་གོ་བདེ་གཞུང་གསལ་བ་བསྒྲིགས་པ་དགེ་ལེགས་འཕེལ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྒྱ་ནག་པོའི་ལུགས་མཁས་པ་ཁྱུང་གི་མན་ངག་གཤིན་རྩིས་རྒྱ་མོ་དར་ཚགས།next