Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
མདོ་སྡེ་གསང་བའི། ལོ་རྒན་དྲུག་ཅུའི་སྐར་རྩིས་བཟང་ངན་གསལ་བའི་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམདོ་སྡེ་གསང་བའི། ལོ་རྒན་དྲུག་ཅུའི་སྐར་རྩིས་བཟང་ངན་གསལ་བའི་མེ་ལོང་།next

མདོ་སྡེ་གསང་བའི། ལོ་རྒན་དྲུག་ཅུའི་སྐར་རྩིས་བཟང་ངན་གསལ་བའི་མེ་ལོང་།


CMR059_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་གསང་བའི། ལོ་རྒན་དྲུག་ཅུའི་སྐར་རྩིས་བཟང་ངན་གསལ་བའི་མེ་ལོང་བཞུགས་སོ། །


CMR059_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་གསང་བའི་སྟག་མདོ་ཞེས་བྱ། འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །སྤྱིར་མདོ་སྡེ་གསང་བའི་སྟག་སྣ་ལ་དེ་ཕུན་སུམ་ཚོགས་པ་བདུན་བསྟན་ཏེ། དེ་ལ་རྟེན་ཕུན་སུམ་ཚོགས་པ་དང་གཅིག གནས་ཕུན་སུམ་ཚོགས་པ་དང་གཉིས། རྒྱུད་ཕུན་སུམ་ཚོགས་པ་དང་གསུམ། དུས་ཕུན་སུམ་ཚོགས་པ་དང་བཞི། འཁོར་ཕུན་སུམ་ཚོགས་པ་དང་ལྔ། བསྟན་པ་ཕུན་སུམ་ཚོགས་པ་དང་དྲུག །བདག་སྦྱོར་ཕུན་སུམ་ཚོགས་པ་དང་བདུན་བསྟན་ཏེ། དེ་ལ་རྟེན་ཕུན་སུམ་ཚོགས་པ་འཇམ་དབྱངས། གནས་ཕུན་སུམ་ཚོགས་པ་རི་བོ་རྩེ་ལྔ། རྒྱུད་ཕུན་སུམ་


CMR059_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་མེ་ཏོག་སྟག་སྣ། དུས་ཕུན་སུམ་ཚོགས་པ་ཤིང་ཕོ་སྟག་ལོ། འཁོར་ཕུན་སུམ་ཚོགས་པ་ལྷ་ཚངས་པ་དང་། ཀོང་ཙེ་འཕྲུལ་རྒྱལ་དང་། ལྷ་མོ་རྣམ་རྒྱལ་མ་དང་ལྷ་སྲིན་སྡེ་བརྒྱད་ལ་སོགས་པའོ། །བསྟན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པའི་སའོ། །བསྒྱུར་བ་ཕུན་སུམ་ཚོགས་པ་ནི་བློ་གསལ་ནན་ཏན་ཆེ་བའོ། །གྲགས་པ་ལ་མཁས་པའི་ཚད། ཟིན་པ་ལྷ་ཚངས་པ་ལྟ་བུའོ། །དེ་ནས་རྒྱུད་ཀྱི་རྒྱལ་པོ་མེ་ཏོག་གསང་བའི་སྟག་སྣ་འདི། རང་ལོ་བཅོམ་ལྡན་འཕགས་པ་འཇམ་དཔལ་དབྱངས་སྐུ་མྱ་ངན་ལས་འདས་པའི་དུས་སུ། འཁོར་གྱི་དམ་པ་ལྷ་ཚངས་པ་


CMR059_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སྟག་གི་སྣ་ཅན་དུ་སྤྲུལ་ནས། རྒྱ་ནག་རི་བོ་རྩེ་ལྔ་རུ་ཕྱིན་ནས། ཤིང་ཕོ་སྟག་གི་ལོ་གསར་ལ། སྒོ་ལྔ་ཚེས་ཉི་ཤུ་ལྔའི་ཐོ་རངས་ལ་མཆོད་པ་མེ་ཏོག་མང་པོ་ཕུལ་ནས། འགྲོ་བ་སེམས་ཅན་རྣམས་འབྱུང་བ་ལྔའི་འཇིགས་པ་ལ་ཕན་པའི་ཕྱིར་ལུས་བསྟུད་དེ། གུས་པར་བསྟུད་ནས། འཕགས་པ་འཇམ་དབྱངས། འགྲོ་བ་སེམས་ཅན་ཐམས་ཅད་ལ་ཉེན་རྣམས་དགོངས་ཏེ། ཧོ་བྱང་ཆུབ་སེམས་དཔའ་ཁྱོད་ཀྱི་ཞུ་བ་དེ་ལེགས་སོ། །དེ་ལྟར་ཚངས་པ་དང་། ལྷ་སྲིན་སྡེ་བརྒྱད་ཀྱི་བྲིས་སམ། འཆང་ངམ། ཟློག་གམ་ཕུ་དུད་བྱའོ། །རིམ་གྲོ་བྱའོ། །དུས་དང་ཚེས་གྲངས་བཟང་པོ་ལ་མཆོད་པ་ཕུལ་ཞིང་། མདོ་སྡེ་གསུང་བསྒྲགས་ནས། འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཤིང་། །རྣམ་རྟོག་རབ་ཏུ་བསལ་ལོ། །དེ་ནས་ལོ་གསར་གྱི་ཉི་ཤུ་ལྔ་ལ་མཆོད་པ་རྒྱས་པ་འབུལ། མདོ་སྡེ་ཞེས་བྱའོ། །དེ་ནས་འཕགས་པ་འཇམ་དབྱངས་ཀྱི་ལོ་གསར་ཚེས་གྲངས་བཟང་པོ་ལ་དཀར་གཏོར་ཆེར་བྱས་ནས་གསུང་བསྒྲགས་ནས་བཀྲ་ཤིས་སོ། །གར་སོང་དུ་ཁ་ཐན་བྱ་བར་མི་རུང་ངོ་། །དེར་ལོ་དེ་ཡང་སྟག་ལོ་སྟག །མདོ་སྡེའི་མཚན་ཡང་སྟག་སྣ་བཏགས། རྒྱ་


CMR059_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་པའི་ལོ་དང་པོ་སྟག་གི་བྱེད་པ་ཡིན་ནོ། །བོད་ཀྱི་དང་པོ་བྱི་བ་བྱེད་པ་ནི། རྒྱ་བཟའ་ཨ་ཆུང་བྱི་བ་ལོ་ལ་བསུས་ནས་བོད་དུ་བཀྲ་ཤིས། དེ་རྒྱུད་ཀྱི་ལེའུ་དང་པོའོ།། །།དེ་ནས་མདོ་སྡེ་སྔགས་ཕབ་སྟེ་བཤད་པར་བྱའོ། །དེ་ལོ་དང་པོ་མདོ་འབྱུང་སྟེ། དྲུག་ཅུ་སྐོར་དང་བཅུ་གཉིས་སྐོར། དེ་ནས་དང་པོ་དྲུག་ཅུ་སྐོར་བཀའ་སྩལ་པ། ས་བདག་གི་རྒྱལ་པོ་གསེར་གྱི་མི་བོ་ཞེས་ཀྱང་བྱ། ས་བདག་གི་རྒྱལ་པོ་གཡུའི་མི་བོ་ཞེས་ཀྱང་བྱ། ས་བདག་གི་རྒྱལ་པོ་བློན་པོ་དུང་གི་མི་བོ་ཞེས་ཀྱང་བྱ། ས་གསུམ་གྱི་བློན་པོ་མཐིང་གི་མི་བོ་ཞེས་ཀྱང་བྱ། དེ་ནས་ཤིང་ཕོ་སྟག་གི་ལོ་ལ། ས་བདག་གཟིགས་ཏེ། བདེ་ན་ནད་འབྱུང་། འབྲས་དང་པོ་བ་དམྱལ་ཏེ་ལེགས། ནས་དང་བྲ་བསྟེན་རྣམས་ལེགས། །སླག་པ་སྔར་མེད་ཅེས་ཀྱང་བྱ། གནམ་གཞུང་ཐུང་། ཉི་མ་ཤར་དུ་བཀྲ་ཤིས་གྲགས་འབྱུང་སྟེ། ཤར་དུ་མུ་གེ་འོང་། བློན་པོ་འབངས་སུ་བརྩོན། ཟང་ཚང་ཚང་བ་མ། ད་བ་དང་རྩེ་སྐྱོན་མང་རྒོད། གླང་ཤོད་ཀྱི་ལོ་ལེགས། ༈ ཤིང་མོ་ཡོས་བུའི་ལོ་ལ་ས་བདག་གནས་ཏེ། ཤིང་སྤྱོད་དཀོན་ཞེས་བྱ་སྟེ། སྐུ་རྒྱལ་ཆེ་བའོ། །རྒྱལ་བློན་འཁྲུག་ཅིང་ལྕགས་


CMR059_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་མཚོན་དུ་བརྡུང་། ཐང་ཤིང་ལེགས། སྟོན་ཟླ་གསུམ་ལ་མི་བདེ་བ་འོང་། ཞིང་སྦག་རྒྱལ་པོས་ས་མང་པོ་ཁྲིའུ་རྒྱལ་པོ་ལོ་ལེགས། ནས་སྲན་མི་བསླེད་སྟོང་པའོ། །འབྲས་དང་པོ་སོ་བ་ལེགས། སྨིན་ནོ། ༈ །མེ་ཕོ་འབྲུག་གི་ལོ་ལ་ས་བདག་བཞེངས་ཏེ། སོ་བ་འབྲས་དང་སོ་ལེགས། དཀར་མོ་གྲོ་ནས་འབྲིང་། ཏིལ་ཤའི་ཉེས་སོ། །སླང་བུ་མངོན་པ་ཐང་ལ་ལྷུང་ཞེས་བྱ་སྟེ། སེར་བ་རྒོད་པའི་འབྲུ་ཅན་ཉེས་སོ། །རྒྱལ་གྱི་བློན་པོ་ལ་སྐོར་ཞེས་བྱ་སྟེ། ཟོང་གང་ཆེ་སྟེ། །མུ་གེ་ཡམ་ཙམ་གཅིག་འབྱུང་སྔར་ཞིང་སྔ་མ་བཟང་། གཞུང་ཕམ། ནས་སྲན་འབྲིང་། དཔྱིད་ཀ་ཐན་པ་འབྲས་བུ་མི་སྐྱེ། མེ་མོ་འབྲུག་གི་ལོ་ལ་ས་བདག་གནས་ཏེ། ལོ་ཕྱུགས་ཕྱིར་བཟང་། ནས་བྲ་སྲན་ལེགས། ཤར་ཕྱོགས་ནག་རྣམས་དམག་ཞིང་ཆར་ཆེ། མོ་ལྟས་ངན་གྱི་གཟའ་ཆག་མང་། སད་སེར་རྒོད། རླུང་དཔྱིད་ལྷག་པ་མེད། འཐབ་རྩོད་མང་། དམེ་འབྱུང་། དགྲ་དཀར་མོ་ལེགས་བཟང་། ༈ ས་ཕོ་རྟའི་ལོ་ལ་ནད་རིམས་ཁྲེ་དུ་འོང་། སོས་ཀ་ཐན་པ་ཆེ་བ་འོང་། ཁྲེ་ཐིས་བྱ་ལྔ་ལྗང་སེད་འོང་ལ་ལ་དུར་གྱི་རྒྱལ་མོ་ལ། མུ་གེ་འོང་། ཕ་སྤུན་ནང་འཁྲུག་འོང་། བློན་གྱི་


CMR059_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རྒོལ། ཟངས་གོང་ཆུང་། གནག་རྣམས་ཤི། གྲོ་དང་ནས་དཀར་མོ་བཟང་། ཁྲེ་ལེགས། ནད་རིམས་ཁོལ་བུ་འོང་། མྱུར་དུ་ཆགས་པ་འཕེལ། ས་མོ་ལུག་ལ་ས་བདག་གནས། བཀྲེས་འབྲིང་ཁ་འུང་བ་རུང་། རྒྱལ་མོ་ལ་མུ་གེ་འོང་། ནང་ཕ་སྤུན་འཁྲུགསཔ་འོང་། བློན་གྱི་རྒྱལ་རྐང་བཟུང་ཆུང་། སྣག་དང་བྲ་སྲན་འབྲིང་། །གྲོ་དང་དཀར་མོ་བཟང་། འབྲས་ལེགས། ནད་རིམས་ཁོལ་བུ་འོང་། མྱུར་དུ་ཆར་པ་འོང་། ལྕགས་ཕོ་སྤྲེལ་ལོ་ལ། ས་བདག་བཞེངས་ཏེ། གཟོར་རྒྱལ། གྲོ་ནས་དཀར་འབྲིང་། སྣག་བྲ་སྲན་རྣམས་བཟང་། འབྲུ་ཐན་དཀོན། ཟོང་དཀྱོག་ཆུང་། སྐྲང་འབུར་དང་ལྷོག་པ་གཟེར་ཐུང་གི་ནད་མང་། གཞུང་བཞིན་རྒྱལ་ཆར་སྙོམ། ནམ་སྟོད་ཆར་ཆུ་ཆེ་གཙང་པོ་ཁ་ཕུར། ནམ་སྨད་ཐན་པ་འོང་། ཆུ་ལ་སྤྲིས་མ་ཆགས། ལྕགས་མོ་བྱའི་ལོ་ལ་ས་བདག་གནས་ཏེ། ལོ་གནམ་གི་ལེགས། གནམ་མཇུག་རིང་། ཇུ་ཆེ་རྒྱལ། ཡུལ་མ་ལེགས། གོད་རིམས་དང་ཡམས་ནད་ཚོང་ནད་སྣ་ཚོགས་འོང་། ཉི་མ་ལྷོ་ཕྱོགས་སུ་འབྲུ་ཟན་དཀོན། མོ་དང་རྒྱལ། ལོ་མཐའ་ཕྱི་ནང་རྒྱལ། ཆོམ་རྐུན་མི་རུང་


CMR059_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བ་འབྱུང་། སོ་ཟ་བཙོན་ཉེས། ༈ ཆུ་ཕོ་ཁྱིའི་ལོ་ལ་ས་བདག་གནས་ཏེ། གྲོ་ནས་དཀར་མོ་བཟང་། ནག་རྒྱལ། བྲ་སྲན་ལེགས། རྒྱ་ལ་དབང་གི་རྒོལ། ཟོང་ལ་གོང་མེད། དཔྱིད་ཐན་པའོ། །སྔ་ཐན་ཆེ་སྟེ་རི་ཞིག་ཉེས། བཀྲེས་གྲོང་ནུབ་ཏུ་འོང་། མངའ་རི་སྐོར་ལ་གསར་ལོ་ཉེས། ཕྱུགས་ཉེས་ཁྲེའུ་འོང་། ཇུ་རྩོད་དང་ཡུང་མ་འབྲིང་། མཐའ་ཞིང་རྒྱལ། ཆར་ཆེ། ཆུ་མོ་ཕག་གི་ལོ་ལ། ས་བདག་བཞེངས་ཏེ། གནམ་དམག་ཞིང་ལྟས་ངན་གྱི་གཟའ་ཆར། ནག་བྲ་སྲན་ལེགས། ཉི་མ་ནུབ་ཏུ་ཆར་ཆེ། མཐའ་ཞིང་རྒྱལ། དཀར་མོ་སྨིན། སྔོ་ཞིང་སྨིན་པ་རྐང་ཆགས་རིང་། བཙད་ནད་རིམས་ནད་སྣ་ཚོགས་འོང་། ནས་དཀར་མོ་ཉེས། ༈ ཤིང་ཕོ་བྱི་བའི་ལོ་ལ། ནག་བྲ་སྲན་འབྲིང་། འབྲས་སོ་བ་བཟང་། ས་ལུག་གྲགས། ཡུང་ལེགས། རི་ཞིང་མཐའ་འཁོབ་ལེགས། དབྱར་ཟླ་འབྲིང་པོ་ལ་བོད་ནས་འབྲུ་ཟན་དཀོན། གནམ་གཞུ་ཐུང་བྱང་ནས་ལྡིང་སད་འོང་། རྩྭ་ཟན་ལ་སོགས་རྐུན་པོ་རྒོད། ༈ ཤིང་མོ་གླང་གི་ལོ་ལ། ས་བདག་བཞེངས་ཏེ། འབྲས་དང་སོ་བ་ལེགས། འཁྲུག་པ་སྣང་། དཔྱིད་ཐ་ཆུང་། མི་བདེ་


CMR059_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། ནོར་ཕྱུགས་ལ་རིན་ཐང་ཆུང་། ཟོང་གོད་ཆུང་། མི་ནད་ཕྱུགས་ནད་དང་ཁྲེའུ་འོང་། ཆོམ་རྐུན་དགྲ་ཇག་གཅན་གཟན་དར། མེ་ཕོ་སྟག་གི་ལོ་ལ། །ས་བདག་བཞེངས་ཏེ། གྲོ་ནས་ལ་མིག་ནད་འོང་། གནམ་དམག་བཞེངས་ཏེ། ལྟམ་གྱི་གཟའ་ཆར་འོང་། ལྷོ་བར་གྱི་འབྲས་དང་སོ་བ་ལེགས། བྱང་ཕྱོགས་སུ་གར་ལོགས་དང་ཧོར་ཡུལ་དུ་ཁྲལ་ཤོར་འབྱུང་། གནམ་སྲོད་སྔ་ཐན་འོང་། གནམ་ཞོད་དཔྱིད་ལྷག་ཆེ། མེ་མོ་ཡོས་ལོ་ལ། ས་བདག་བཞེངས་ཏེ། སྐྲག་འབུར་གྱི་ནད་མང་། བྲ་སྲན་བཟང་། །དཀར་མོ་བརྩོན་དཀོན་པ་འབྱུང་། ནད་རིམས་ཁྲེའུ་མང་། ཡུལ་འཁོར་མེད། ཆར་པ་ཆུང་། ནས་མང་ཟོབ་སོ། ཁྱའི་རྒྱ་མཚོ་ཕྱེད་གྲིབ་ཆུ་སྙིང་། ཆུ་ཆེན་རྐང་ཟམ་ཚུགས་སོ། །ཁྲེ་ཉོན། རྒྱལ་བློན་ནང་འཁྲུག་འོང་། ༈ ས་ཕོ་འབྲུག་གི་ལོ་ལ། ས་བདག་བཞེངས་ཏེ། སྐུངས་ཀྱི་ནད་འབྱུང་། འབྲས་ལོ་མཐའ་འཁོབ་ཀྱི་ཡུལ་ལ་སོ་བ་བཟང་། ནག་བྲ་སྲན་རྣམས་འབྲིང་། རྗེ་བློན་མོས། སོ་བ་ནས་ཡུང་མ་ཟེར་བ་གཅིག་མི་རྙེད། ས་ལ་ཟ་སྲིད་པ་གཅིག་བཟང་། ཡུལ་འབྱུང་བ་མི་བདེ་བ། མང་མང་ཕྱེ་བསྐྱལ་མང་།


CMR059_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ནད་རིམས་ཡམས་ནད་འོང་། ༈ ས་མོ་སྦྲུལ་གྱི་ལོ་ལ། སྒང་གྱི་ནད་མང་། ས་བདག་བཞུགས་ཏེ། འབྲུག་དང་སེར་བ་རྒོད། ལྡོག་པ་མང་། སྲིད་པ་བཟང་། བུ་མོ་བ་ཁས་མང་སྟེ་ཚ་བུར་སྐྱེ་བ་མང་། བློན་གྱིས་རྒྱལ་ལ་རྒོལ། ཟངས་གོང་ཆུང་། ནང་འཁྲུག་འོང་། རྒྱལ་ཁམས་ནད་དཀོན། བྲ་སྲན་བློན་མར་མམ། ནམ་སྟོད་ཐན་པ་ཆེ། །ནམ་སྨད་ཆར་ཆེ། གྲོ་ནས་དཀར་མོ་བཟང་ལེགས། ༈ ལྕགས་ཕོ་རྟ་ཡི་ལོ་ལ། ས་བདག་གནས་ཏེ།་་་་གི་གི་གནས་སུ་སྐྲང་འབུར་མང་། གྲོ་ནས་འབྲིང་། གནམ་དམག་བཞེངས་ཏེ། སྟོབས་ངན་གཟའ་དང་ཆེ། རྒྱལ་བའི་བར་དུ་འཁོར། བྱང་གི་རྗེ་ལ་ཟོན། གཡར་མ་དང་ཤིང་ལ་སྲིད་འོང་། ཆོམ་རྐུན་རྒོད། སོ་ཟ་ཙ་ཚད་ཐོགས་དཀོན། ༈ ལྕགས་མོ་ལུག་གི་ལོ་ལ། ས་གསུམ་གཟིང་སྟེ། སྐྱང་འབུར་ནད་ཉུང་། གྲོ་ནས་དཀར་མོ་བཙའ། ལོ་ཉེས་ཆགས་ཆེ། ལོ་སྔ་མ་ངང་གི་ལེགས། ༈ ཆུ་མོ་སྤྲེལ་ལོ་ལ། ས་བདག་གནས་ཏེ། ཇུ་རྩེ་རྒྱལ། ཡུང་ལེགས། ཆར་ཆེ། འབྲས་དང་སོ་བ་བཅའ། མཐའ་འཁོབ་ཏུ་མུ་གེ་འོང་། ཁྲེ་ཉེས། ནག་རྣམས་ལེགས། ཉི་མ་ནུབ་ཏུ་མངའ་རིས་ལ་


CMR059_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འཁྲུག་པ་འོང་། ནམ་སྟོད་ཐན་པ་མང་། སོ་ནམ་མྱུར་དུ་བྱས་ན་བཟང་། ༈ ཆུ་མོ་བྱ་ལོ་ལ། ས་བདག་གནས་ཏེ། གྲོ་དང་ནས་དཀར་མོ་ནི་ཤི། དགྲ་སྔོན་འཁྲུག་པ་འོང་། ནག་སྲན་འབྲིང་། བློན་གྱིས་རྒྱལ་ལ་རྒོལ། ཟོང་གོང་ཆུང་། ནད་རིམས་ཁྲེའུ་འོང་། ཤར་རྒྱ་ནག་རྐང་པོ་ལ་སོགས་པ་སྒྲ་གྱང་འབྱུང་། དབྱར་ཟླ་འབྲིང་པོ་ལ་ནས་ལ་སད་འབྱུང་། མུ་གེ་འོང་། སྤྱི་ངན་མང་ནས་འོང་མི་དགྲ་དང་འཕྲད། ༈ ཤིང་ཕོ་ཁྱིའི་ལོ་ལ། ས་བདག་གནས་བཞེངས་ཏེ། འབྲས་དང་སོ་བ་ལེགས། །ལོ་སྔ་མ་ངང་དུ་རྒྱལ། རྒྱལ་བློན་འཁྲུག །ནམ་སྨད་ཞོད་ཆེ། སྟོད་ཆར་ཆེ། སྒྲུང་འབུར་གྱིས་གཉན་ནད་མང་། དཔྱིད་ལྷག་པ་ཆེ། ས་ཤོལ་བྱེད། ཤིང་མོ་ཕག་ལོ་ལ། ས་བདག་བཞེངས་ཏེ། བློན་གྱིས་རྒྱལ་ལ་རྒོལ། ཟངས་གོང་ཆུང་། ནུབ་བམ་བྱང་དུ་ནང་འཁྲུག་འོང་། ནད་རིམས་ཁོལ་དུ་འོང་། ཡུལ་འཁོར་དུ་འོང་། ནག་བྲ་སྲན་ལེགས། གྲོ་ནས་དཀར་མོ་འབྲིང་། ཁྲེ་འབྲིང་བར་འོང་། སྟོན་ཟླ་འབྲིང་པོ་ལ། ཐན་པ་རྟོག་པ་འོང་། འདུམ་ར་བ་མ་ལ་སྦྲང་བུ་དང་བྱིས་གཟན། ཡུལ་དུ་ནད་རིམས་འབྱུང་། ལྡི་ལྗང་


CMR059_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སད་འོང་། དགྲ་བོ་རྣམས་རྒོད། ༈ མེ་ཕོ་བྱི་བ་ལོ་ལ། ས་བདག་གནས་ཏེ། མཛེ་དང་ཤུ་བ་མང་། སོ་འབྲས་དཀོན། གྲོ་ནས་ལ་བར་ཐན་འོང་། སྟོན་ཟླ་འབྲིང་ལ་བར་ཐན་རྟོག་པ་འོང་། ལྡུམ་ར་ལ་བྱི་གཟན་སྐང་འབུར་ཡུལ་དུ་ནད་རིམས་འོང་། ན་ཚ་མང་། སྒྲ་རྣམས་སྣེ་མང་། བྱི་བ་ཇག་པ་རྐུན་མ་མང་། མེ་མོ་གླང་ལོ་ལ་ས་བདག་གནས་ཏེ། བྲ་སྲན་ལ་གློ་བུར་འོང་། ཆར་ཆེ། རྩི་རྩི་རྒྱལ། ཡུང་ལེགས། མཚོན་ཆ་དར། དམག་འཁྲུག་མུ་གེ་གློ་བུར་དར་བ་འོང་། ཐལ་ཆར་བ་རླུང་ཆེ། ཁྲོ་ནག་འབྲིང་། དཀར་མོ་སྦྱོང་། ཟང་གོང་ཆུང་། ༈ ས་ཕོ་སྟག་གི་ལོ་ལ། ས་བདག་བཞེངས་ཏེ། ལུང་ཞོག་དང་སྐུ་འབུར་འུར་འོང་། བོད་དུ་ནས་དཀོན། ལྷག་དུ་སྔ་སད་འོང་། མི་ཁྱིམ་མང་། ཚང་པ་མང་། མཁོན་ཅན་ཉན་དང་གྲོགས་པ་མང་། ནག་བྲ་སྲན་རྣམས་ལེགས། སྔ་ཐན་འོང་། ནམ་སྨད་ཞོད་འབྱུང་། ༈ ས་མོ་ཡོས་ལོ་ལ་ས་བདག་མངར་ནད་ཕོག་པ། གཟའ་དང་གཉན་ནད་འབྲས་འབྱུང་། སོ་ཟ་བཅའ། ནག་བྲ་སྲན་འབྲིང་། བློན་གྱིས་རྒྱལ་རྒོལ། ཟང་གོང་ཆུང་། བྱང་ཕྱོགས་སུ་ནད་རིམས་གཞི་ཅན་འབྱུང་། །


CMR059_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཞགས་ཆགས། ལྷ་བདུད་དུ་བ་པ་ས་ལ་ལྷུང་། བསྐོར་བས་སོ། ༈ །ལྕགས་ཕོ་འབྲུག་གི་ལོ་ལ། ས་བདག་བཞེངས་ཏེ། སྐྲང་འབུར་མང་། འབྲས་དང་སོ་བ་ལེགས། ལྷོ་ཁམ་སྐྱ་རྒྱལ། ཁྲེ་ནང་གི་ཉེས། བྲ་སྲན་ལེགས། མཐའ་འཁོབ་རྒྱལ། ནམ་གཞུང་ཐུང་། ཡུལ་ནས་རིམས་འོང་། ཙི་ཙི་ཡག །ཡུང་མ་ལེགས། །ཟངས་གོང་ཆུང་། ཉི་མ་ལྷོ་ཁམས་བཀྲེས་གྲང་འབྱུང་། རིམས་ནད་ཁོལ་བུར་འབྱུང་། དགྲ་རྐུན་མང་། ཐོབ་ཤོར་མང་། རྒྱལ་བློན་འཁྲུག །གནས་ཏེ།་་་་གཉན་ནད་མང་། སོ་བ་རྒྱལ། དཀར་མོ་ཤི་་་་གྲོ་ནས་ཉེས། ཇུ་ཙི་རྒྱལ།་་་་ཡུང་ལེགས། རྒྱལ་གྱི་བློན་ལ་བཀོད།་་་ཟོག་གང་ཆེའོ། ཉི་མ་ལྷོ་ཕྱོགས་སུ་བཀྲེས་གྲང་འབྱུང་། ནད་རིམས་ཁོལ་བུ་འོང་། གནག་རྣམས་འབྲིང་ངོ་།རྗེ་བློན་འཁྲུགས། ༈ ཆུ་མོ་ལུག་གི་ལོ་ལ། ས་བདག་གནས་ཏེ། སོ་ཟ་བཅའ་ཉེས། ཙི་ཙི་ཡུང་མ་ཡག །མི་ནད་ཕྱུགས་ནད་ཁོལ་བུར་འབྱུང་། དགྲ་རྐུན་མང་། ཐོབ་ཤོར་མང་། བྱང་ལྗང་སད་འོང་། བྲ་སྲན་རློན། ཆར་མེད། སོ་བ་དང་ཁྲེ་ཡག །གནམ་དམག་མགུལ། ས་གཡོ་འབྱུང་། ༈ །ཤིང་ཕོ་སྤྲེལ་ལོ་ལ། །


CMR059_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སོ་བཟའ་བཅའ་ཉེས། ཅུ་ཙེ་རྒྱལ། ཡུང་མ་ཡག །ནམ་སྨད་སྟོན་ཆར་ཆེ། དགྲ་ཇག་རྐུན་དཀོན། རྒྱ་ནག་མདོ་སྨད་ནས། གྲོ་ནས་འབྲུ་རྣམས་འབྲིང་། ཤར་ཕྱོགས་སུ་བཀྲེས་གྲང་འབྱུང་། ནག་བྲ་སྲིན་བཟང་། ཁྲེ་ནང་འབྲིང་། ༈ ཤིང་མོ་བྱའི་ལོ་ལ། ས་བདག་གནས་ཏེ། ནག་བྲ་སྲན་འབྲིང་། ཁྲེ་ཤི་ཉེས། བྱང་ནས་ཇི་ལྟར་སད་འོང་། མི་ནད་ཕྱུགས་ནད་འབྱུང་། གཟེར་ཐུང་ནད་མང་། གྲོ་ནས་དཀར་མོ་འབྲིང་། མུ་གེ་ཁོལ་བུར་འོང་། གོད་འགྲེ་ནད་ཡམས་འབྱུང་། ༈ །མེ་ཕོ་ཁྱིའི་ལོ་ལ། ས་བདག་གནས་ཏེ། ནམ་སྟོད་སྔ་ཐན་འོང་། ནམ་སྨད་ཞོད། སྟོན་ཆར་ཆེ། འབྲས་དང་སོ་བ་ཉེས། རིམས་ནད་ཡམས་ནད་འོང་། བྲ་སྲིན་བཟང་། སྟོན་ཆར་ཆེ། རྒྱལ་གྱིས་བློན་རྒོལ། གནམ་དམག་བཞེངས། ལྟས་ངན་གྱི་གཟའ་ཆར་དྲག་ཏུ་འོང་། ལྗང་སད་འོང་། བཅའ་ལྡི་ལྡང་སད་འོང་། དགྲ་རྐུན་ཇག་པ་མང་། མེ་མོ་ཕག་གི་ལོ་ལ། །ཆར་ཆུ་སྙོམས། ནུབ་ནས་གནམ་དམག་བཞེངས། ལྟས་ངན་གྱི་གཟའ་ཆར་འོང་། ཆར་ཐག་སྙོམ་པ་འོང་། བྲ་སྲན་ལེགས། དམེ་དང་ནང་འཁྲུག་འོང་། སོ་ཟ་འབྲིང་། ཁྲེ་


CMR059_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབྲིང་། ཆོམ་རྐུན་མུ་གེ་འོང་། ནོར་རྣམས་ཕལ་ཆེར་བཤའ་ལ་ཟད་དོ། ༈ །ས་ཕོ་བྱི་བའི་ལོ་ལ། ས་བདག་གནས་ཏེ། བློན་གྱི་རྒྱལ་ལ་རྒོལ། ཟང་གོང་ཆུང་། ནག་བྲ་སྲན་འབྱུང་། སྟོན་ར་བ་འབྲིང་ལ་ནད་དཀོན། ཡམས་ནད་འོང་། བཀྲ་ཤིས་པར་འོང་། དགྲ་དང་ཆོམ་རྐུན་རྒོད། འབྲས་དང་སོ་བ་ཉེས། འབྲུ་མོད། ལོ་ཡག་པས་རྒྱལ་ལོ། ༈ །ས་མོ་གླང་ལོ་ལ། ས་བདག་གཟིམ་སྟེ། དཀར་མོ་ཉེས། སོ་ཟ་ཤི་ཉིས། ཅུ་རྩེ་ཡག །ཡུང་མ་ཡག །ནམ་སྟོད་ཆར་དཀོན། སོས་ཐན་འོང་། ནད་ཁྲེའུ་འོང་། བྱི་རྒ་ར་འུར་ལུས། མོ་སྙི་ཐགས་རིང་མར་སྨན་སྐད། ཤར་ནས་གནམ་དམག་བཞེངས། ༈ ལྕགས་ཕོ་སྟག་ལོ་ལ་ས་བདག་གནས་ཏེ། གྲོ་ནས་དཀར་མོ་འབྲིང་། བྲ་སྲན་རློན། ལྷོ་ནུབ་ཏུ་བཀྲེས་གྲང་མང་། ལི་ཡུལ་མངའ་རིས་སོགས་ལ་མུ་གེ་འོང་། བུད་མེད་སྦྲུམ་མ་ལ་ནད་འོང་། གཞོན་ནུ་ལ་ནད་མེད། སོ་ཟ་འབྲིང་། ཉི་མ་ལྷོ་ཕྱོགས་མོན་ཡུལ་དུ་མི་བདེ་བའོ། ༈ །ལྕགས་མོ་ཡོས་ཀྱི་ལོ་ལ། ས་བདག་ལངས་ཏེ། འབྲས་དང་སོ་བ་འབྲིང་། ཁྲེ་ཉེས། གྲོ་དང་དཀར་མོ་ཤི་ཉེས།


CMR059_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ཐན་འོང་། སྟོན་ཆར་ཆེ། འཁྲུག་པ་ཡུལ་ཤོར་འོང་། ཕོ་སྐྱེས་མང་། བྲ་སྲན་ནག་རྣམས་འབྲིང་། ནམ་ཞུགས་རིང་། ལོ་ལེགས། ཡུན་རིང་སྲིད་པ་བཟང་། བྱ་བྱི་ལ་ཆ་ག་དང་ཁྲག་མེད་ཆུ་མི་འཐུང་། གནམ་ཐིལ་ཆོ་འཕྲུལ་ཡིན་པའི། ནད་བཟུང་བ་ཞི་བ་ཆུ་སྟོར་བ། སད་སེར་ལ་སོགས་མི་ནད་འབྱུང་། དང་པོ་བཟང་ཡང་ཐ་མ་ངན། ཆོམ་རྐུན་རྒོད། དགྲ་མང་སྟོན་ཟླ་ཆར་འཇུག་གོ ༈ །ཆུ་ཕོ་འབྲུག་གི་ལོ་ལ། ས་བདག་གནས་ཏེ། སྟོན་ཟླ་འབྲིང་པོ་ལ། གནམ་དམག་བཞི། ས་གཡོ། བྲ་སྲན་བཙའ་ཉེས། །ཁྲེ་ཉེས། ནང་འཁྲུག་འོང་། རྒྱལ་གྱི་བློན་རྒོལ། ཟོང་གོང་ཆེ། ཆར་པ་ངང་གི་སྙོམ་པར་འོང་། གྲོ་ནས་དཀར་མོ་ཤི། བ་མཛོ་འབྲི་ལ་སོགས་མར་མེད། གཉན་དང་རིམས་མང་། ༈ ཆུ་མོ་སྦྲུལ་ལ་ས་བདག་གཟིམ་སྟེ། ནམ་སྟོད་ཐན་ནམ་སྨད་ཞོད། གནག་རྣམས་ལེགས། གྲོ་མ།་ཁྲེ་བཟང་། ནད་རིགས་ཁྲེའུ་འོང་། ༈ ཤིང་ཕོ་ས་ཡི་ལོ་ལ། ས་བདག་བཞེངས་ཏེ། སོ་ཟ་འབྲིང་། ལོ་གྷ་ནས། ནས་བྱང་ནན། ལྡི་ལྗང་སད་སེར་འོང་། གོས་ཀྱི་བཀྲེས་ཁང་མང་། གཞུང་ཞིང་ཉིད་མ་ཐུ་མེད། །


CMR059_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱིད་ཟླ་གསུམ་ལ་ཡམས་ནད་སྣ་ཚོགས་འོང་། འཁྲུག་པ་རྨོང་པོ་འོང་བ་ཡིན། ༈ ཤིང་མོ་ལུག་གི་ལོ་ལ་ས་བདག་གནས་ཏེ། འབྲས་དང་སོ་བ་ཉེས། ཆར་ཆུ་ཆུང་། ཡུང་མ་ཉེས། ཐང་ཞིང་ཆུ་མ་ལེགས། རྒྱལ་བློན་ནང་འཁྲུག་འོང་། འབྲུ་ཟས་དཀོན། མུ་གེ་འོང་། ཉི་མ་ཤར་ཕྱོགས་བཀྲེས་གྲང་མང་། ནག་འབྲིང་། བྲ་སྲན་ཉེས། མེ་ཕོ་སྤྲེལ་ལ་ས་བདག་གནས་ཏེ། གྲོ་ནས་དཀར་མོ་འབྲིང་། ནག་བྲ་སྲན་ལེགས། ཡུལ་འཆུགས་སྐྲག་སྔངས་འོང་། སྡུག་གླུ་ལེན། ནམ་སྟོད་ཞོད་ཆུང་། བྱང་གི་མཐའ་ནས་བོད་ལ་ཧོར་འོང་། གར་ལོགས་རྡུལ་ཡུལ་དབུས་ནས་འཁྲུག་པ་འོང་། ཁྲག་མཚོ་འཁྱིལ། བོད་ལ་སེར་ཁ་ཆེ། བཙན་པོ་དང་དགེ་བཤེས་ལ་ངན། ས་སྐོར་ནས་བཟང་། བྲོས་ན་ཐར། ༈ མེ་མོ་བྱའི་ལོ་ལ། ས་བདག་གཟིགས་ཏེ། ལོ་ལ་མཐའ་བཟང་ལེགས། མི་ནད་ཚད་པ་འབྱུང་། ཕྱུགས་ཁྲེའུ་འབྱུང་། སྲིད་ལ་འཁོར་ན་མུ་གེ་འོང་། བྲ་སྲན་རློན་ཆར་ཆེ། ཇུ་རྩེ་རྒྱལ། ཡུང་མ་ལེགས། ཁྲེ་ཤི་སོ་ཟ་ཉེས། ༈ ས་ཕོ་ཁྱི་ལོ་ལ། ས་བདག་བཞེངས་ཏེ། ས་རླུང་ཆེ། དཔྱིད་ལྷག་པ་ཆེ། འཁྲུག་


CMR059_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པ་མང་། དུས་ངན་འབྱུང་། ལྷོ་ཤིང་ལ་ལྷག་པའི་ཟན། བདག་ཡོ་མ་དང་ཤིང་ཐོག་སྨན་ལ་ནད་ཡམས་འབྱུང་། ནག་འབྲིང་། བྲ་སྲན་དཀར་མོ་ཤི། ཆོམ་རྐུན་རྒོད། སྐྱ་བོའི་ནོར་རྣམས་རྒྱལ་པོའི་འཕྲོག ༈་ས་མོ་ཕག་གི་ལོ་ལ། ས་བདག་བྱེར་སྟོང་། ནམ་སྟོད་ཆར་ཆུང་། སྔ་ཐན་འོང་། ནམ་སྨད་ཞོད། སྟོན་ཆར་ཆེ། མོན་གྲི་ཤི་བ་མང་། རྒྱ་ཡུལ་དུ་འཁྲུག་པ་འོང་། ལོ་ཕྱུགས་ཕྱི་མ་བཟང་། དྲི་ཞིམ་ལེགས། སྔ་སད་འོང་། ནག་བྲ་སྲན་ལེགས། །འབྲས་དང་སོ་བ་འབྲིང་། ༈ ལྕགས་ཕོ་བྱི་བ་ལོ་སྒྲོལ། ས་བདག་བཞེངས་ཏེ། སོ་བ་གཟར་མ་ཉེས། བྲ་སྲན་རློན། ཆར་ཆེ། ནམ་སྟོད་སྔ་ཐན་འོང་། ནམ་སྨད་ཞོད། སྟོན་ཆར་ཆེ། སྟོན་ར་འབྲིང་པོ་ལ་གཤའ་བུད་འོང་། གྲོ་ནས་དཀར་མོ་བཅའ་ཉེས། ཁྲེ་ནག་འབྲིང་། ༈ ལྕགས་མོ་གླང་ལོ་ལ། ས་བདག་གནས་ཏེ། གྲོ་ནས་དཀར་མོ་འབྲིང་། འབྲས་དང་སོ་བ་ཉེས། ནད་ཡམས་ཁོལ་བུ་འོང་། གངས་དཀར་རྩེ་ལ་ཉི་མ་ཤར། དམེ་འཁྲུག་འོང་། བྲ་སྲན་རློན། ཆར་ཆེ། ཁྲེ་དང་ཏིལ་འབྲིང་། ༈ ཆུ་ཕོ་སྟག་གི་ལོ་ལ། ས་བདག་གཟིགས་ཏེ།


CMR059_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་སྦྱངས་ནས་དཀོན། ནག་འབྲིང་། །བྲ་སྲན་ཁྲེ་འབྲིང་། ཉི་མ་ནུབ་ཕྱོགས་སུ་བཀྲེས་འབྱུང་། མངའ་རིས་སུ་མུ་གེ་འབྱུང་། རྒྱལ་གྱི་བློན་ལ་རྒོལ། ཟངས་གོང་ཆེ། བྱང་གི་ལྡིང་། ལྷོ་ལ་གཟན་སད་འོང་། ལོ་ནས་སྔ་མ་རྨོས་སྔ་བྱས་པ་རྒྱལ་ལོ། ༈ །ཆུ་མོ་ཡོས་ལོ་ལ། ས་བདག་གནས་ཏེ། མུ་གེ་བཀྲེས་གྲང་ཁོལ་བུ་ཙམ་དུ་འོང་། མི་བདེ་བ་ཕོ་སྐྱེས་ལ་མང་། རིམས་ནད་འོང་། ཙི་ཙི་ཡུང་མ་འབྲིང་། གྲོ་ནས་དཀར་མོ་ཅོ། ལོ་ལྔ་མ་ཆུ་མ་བབ། ཕྱི་མ་བར་ཚིགས་བཟང་། འབྲས་སོ་བ་ཟད་ཉེས། ནུབ་ནས་གནམ་དམག་ཡོད། ནམ་མཁའ་ནས་སྒྲ་འོད་ལ་སོགས་ལྟས་ངན་འབྱུང་། ༈ ཤིང་ཕོ་འབྲུག་གི་ལོ་ལ། ས་བདག་གནས་ཏེ། འབྲས་དང་སོ་བ་ཉེས། ནས་དཀར་བཅའ་ལེགས། ཤིང་སྤྱོད་དཀོན། ནག་འབྲིང་། ཆར་ཆུང་། དམེ་འཁྲུག་འོང་། ཆར་པ་ངང་གི་སྙོམ་ལས་འོང་། བྲ་སྲན་འབྲིང་། ལོ་མཐའ་ལེགས། ༈ མོ་སྦྲུལ་ལ་ས་བདག་གནས་ཏེ། ནམ་སྟོད་ཆར་ཆུང་སྔ་ཐན་འོང་། ནམ་སྨད་ཞོད། སྟོན་ཆར་ཆེ། ཙོག་ལ་ཝ་བཙུགས། འབྲས་དང་སོ་བ་འབྲིང་། བྲ་སྲན་ནག་ཉེས། ཙི་ཙི་


CMR059_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ། ཡུང་ལེགས། དུས་ངན་འཁྲུག་པ་མུ་གེ་འོང་། འགྲོ་བ་འཚོ་བ་བྱེད། གྲོ་ནས་དཀར་མོ་འབྲིང་། མེ་ཕོ་རྟའི་ལོ་ལ་ས་བདག་གནས་ཏེ་བཞེངས། ལོ་ཐན་འབྱུང་བའི་བསོད་ནམས་ཐོབ། ནམ་སྟོད་ཐན་པ་འོང་བས། འབྲུ་དང་མེ་ཏོག་ཚིགས། ནམ་སྨད་ཞོད་ཆེ་བའི་མཚར་སྒོང་ཁ་མ་ཐོབ། ཆར་པ་སྒང་ཞོད་ཆེ་བ་འོང་། བཤག་རའི་དམག་བྱེད། དུས་པ་དང་དགྲ་མང་། གྲྭ་སེར་རློན་ཆར་ཆེ། ནས་དཀར་མོ་བཅའ། ཏིལ་ཉེས། ནག་འབྲིང་། བྲ་སྲན་སྲིན་ལ་ཟད་པ་འོང་། བུ་ཚ་མི་སོས་རྒྱལ་བློན་འཁྲུག །ནད་ཁྲེའུ་འོང་། མུ་གེ་འོང་། ༈ མེ་མོ་ལུག་གི་ལོ་ལ་ས་བདག་གཟིམས་ཏེ། རི་ཞིང་རྒྱལ། ནམ་འཇུག་རིང་། སྔ་སད་འོང་། ཆར་སྙོམ། ཡམས་རིམས་ནད་འོང་། །བྱང་གི་ལྡང་སྤྱད་སད་སེར་འོང་། ཁྲེ་འབྲིང་། ཙི་ཙི་ཡུང་མ་རྒྱལ། ༈ ས་ཕོ་སྤྲེལ་གྱི་ལོ་ལ་ས་བདག་གནས་ཏེ། ལོ་ལ་ཕྱི་རྨོས་བཟང་། དམེ་འཁྲུག་འོང་། འབྲས་དང་སོ་བ་བཅའ་ཉེས། ནག་འབྲིང་། བྲ་སྲན་སོ་ཟ་ཉེས། ཏིལ་ཤི་ཉེས། བཅོས་མ་དཀོག་ཅོག་ཀྱི་མི་བདེ་ཡུགས་ས་མང་། རྨིག་པ་ཁ་བྲག་ཅན་ལ་ངན། འཐབ་རྩོད་མེད། གནག་


CMR059_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ལུག་ལ་ནད་འོང་། ༈ ས་མོ་བྱའི་ལོ་ལ། ས་བདག་གནས་ཏེ། ལོ་འགོ་ནས་བཟང་། གནག་རྣམས་འབྲིང་། འབྲས་དང་སོ་བ་རྣམས་བཤམས། རྩ་བ་གོ་ཟོག་ཅན་གྱི་རྔ། རྨིག་པ་ཁ་བྲག་ཅན་ལ་ངན། གནག་ལུག་ནད་མང་། འཐབ་རྩོད་མང་། ༈ ལྕགས་ཕོ་ཁྱིའི་ལོ་ལ། ས་བདག་ལང་ལ་གནས་ཏེ། གྲོ་ནས་དཀར་མོ་ཤི་ཉེས། བྲ་སྲན་འབྲིང་། སེར་བ་གནམ་བབ་བྱེད། སྔ་ཆུ་བ་བཙོན་གྱི་སོ་བ་ལེགས། ནག་བཅའ་ཉེས། མཐའ་མི་ལྷ། དཔྱིད་ལྷག་ཆེ། ནད་རིམས་ཁོལ་བུ་འོང་། ༈ །ལྕགས་མོ་ཕག་གི་ལོ་ལ། ས་བདག་གནས་ཏེ། འབྲུམ་ཅན་འོང་། སོ་ཟ་བཅའ་ཉེས། བྲ་སྲན་རློན། ཆར་ཆེ།། འབངས་ལ་ངན། ཁྲིམས་ཉམ་པ་ཡིན། ཉི་མ་ལྷོ་ཕྱོགས་སུ་མུ་གེའི་བཀྲེས་གྲང་མང་། ཆར་ཆེ། ཙི་ཙི་རྒྱལ། ཡུང་མ་ལེགས། རྒྱལ་ས་འཛིན། ༈ ཆུ་ཕོ་བྱི་བ་ལོ་ལ། ས་བདག་གནས་ཏེ། ཟངས་གོང་ཆུང་། གྲོ་ནས་དཀར་མོ་བཅའ་ཉེས། ཁྲེ་ཟར་མ་འབྲིང་། ཙི་ཙི་རྒྱལ། ཡུང་མ་ལེགས། རྒྱལ་བློན་ནང་འཁྲུག་འོང་། འཁྲུག་པ་གློ་བུ་ཁ་འབོལ། ས་བོན་གྲྭ་མང་པོ་ཐོབ། ཆར་དྲག་ཆེ། ནད་


CMR059_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་ཁྲེའུ་འོང་། ༈ ཆུ་མོ་གླང་ལོ་ལ། ས་བདག་བཞེངས་ཏེ། གྲོ་ནས་དཀར་མོ་ཤི། སྐུ་རྒྱལ། སོ་ཟ་རྒྱལ། བྲོ་སྲན་འབྲིང་། འབྲས་དང་སོ་བ་གྲོ་རྣམ་རྒྱལ། ནམ་སྨད་ཆར་ཆེ། གཉན་རིམས་ཁོལ་བུ་འོང་། བྱང་གི་ལྡི་ལ་ལྗང་སད་འོང་། མདོ་སྡེ་གསང་བའི་སྟག་སྣ་དྲུག་ཅུ་སྐོར་གྱི་ལེའུ་སྟེ་གཉིས་པའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམདོ་སྡེ་གསང་བའི། ལོ་རྒན་དྲུག་ཅུའི་སྐར་རྩིས་བཟང་ངན་གསལ་བའི་མེ་ལོང་།next