Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཁྱིམ་བཅུ་གཉིས་ཐན་རྩིས།
   
   
   
   
   
   
   
   
   
   
   
   
   
   
   


 
previousཉི་ཁྱིམ་བཅུ་གཉིས་ཐན་རྩིས།next

ཉི་ཁྱིམ་བཅུ་གཉིས་ཐན་རྩིས།


CMR059_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཁྱིམ་བཅུ་གཉིས་ཐན་རྩིས་ནི། ན་མོ་མཉྫཤཱི་ཀ་ལ་ཙཀྲ་ཡ། དུས་ཀྱི་འཁོར་ལོ་འཇམ་དཔལ་དབྱངས་ལ་འདུད། །ཡང་ཅིག་གནམ་ས་བར་གསུམ་ལྷ་སྲིན་གྱིས། །རྫུ་འཕྲུལ་ཆ་ངག་ཉི་ཁྱིམ་བཅུ་གཉིས་བཤད། བྱི་བ། བྱི་བའི་ཉི་མའམ་ཁྱིམ་བཟུང་བའི་ཚེ། །ལྷོ་ཕྱོགས་གཤིན་རྗེ་ཨ་ཝ་གླང་མགོ་དང་། །ལྷོ་ནུབ་སྲིན་པོའི་བརྡའ་ཐན་ཡིན་པར་བཤད། །ཟླ་བདུན་ཞག་བདུན་ཚུན་ལ་རྐྱེན་ཡོད་པས། །སྙིང་དང་འདྲ་བའི་ཉེ་བ་དག་ལ་ངོན། །ཁྱད་པར་ཕ་མ་བུ་གསུམ་ཡོད་པར་ངན། །དགྲ་དང་ཁ་མཆུའི་ངོ་ཡིན་རྟ་ལ་ངན། །རྔ་བྲན་འཁོར་གཡོག་རྣམས་ལ་རབ་ཏུ་ངན། །གསུང་རབ་ཁ་མཆུ་ནག་པོའི་ཟློག་པ་དང་། །སྲུང་མ་གསོལ་ཞིང་བཀྲ་ཤིས་བརྩེགས་མདོ་འདོན། །སྤང་སྐོང་ཕྱག་རྒྱ་བརྒྱད་སྟོང་གང་ཐོན་བྱ། །བྱི་ལོ་རྟ་ལོ་བྱ་ཡོས་ལོ་པར་ངན། །དེ་བཞི་ཡོད་ན་གཤིན་རྗེའི་མདོས་ཟློག་དང་། །རང་རང་སྤར་ཁའི་ཆོས་དང་སྤང་སྐོང་ནི། །ལོ་གྲངས་གཉིས་དང་སུམ་འགྱུར་ཚུ་འབྱོར་ཚད་བསྟུན། །ཆུ་གཏོར་མི་ནག་མགོ་གསུམ་བཙན་མཆོད་བྱ། །བྲག་དེལ་ལ་བཙས་ཕོག་ཐུག་ཡིན་ཡང་སྲིད། ༈ ༼གླང༽ གླང་ཉིར་བདུད་ཕོའི་ཐན་ཡིན་བདུད་མདོས་བྱ། །


CMR059_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་གཉིས་ཚུན་ལ་མོ་རིགས་ཀུན་ལ་ངན། །བྲན་དང་མཛོ་རྟ་དག་ལ་རབ་ཏུ་ངན། །འབྲུག་གླང་ཁྱི་ལོ་གསུམ་ལ་ངན་པ་ཡིན། །དེ་དག་རྣམས་ཀྱི་ལོ་ཡི་བཅོས་ཀ་དང་། །སྨོན་ལམ་རྣམ་གསུམ་བརྒྱ་ཚར་སྟོང་སོགས་འདོན། །མི་འཁྲུགས་སྙིང་པོ་རྒྱུན་དང་མཉམ་འདོན་སོགས། །འབྱོར་ཚད་བསྟུན་ཞིང་སཙྪ་སྟོང་ཚར་གདབ། །རབ་གནས་དང་ལྡན་ཐང་བྲག་བྲག་ཕུག་བཞུགས། །རང་རང་ལུགས་ཀྱི་བཟློག་པ་གང་ཡིན་དང་། །རྒྱལ་མདོས་ཆེན་མོ་ལོ་གྲངས་ལ་སོགས་དང་། །ས་བདག་སྙིང་བཅོས་ཞི་བརྔན་བསང་གསུམ་དང་། །ཀླུ་མཆོད་ཀླུ་གཏོར་རླུང་རྟ་ལོ་གྲངས་འཛུགས། །ཁྱིམ་ལྷ་བསྟོད་ཅིང་ལྟུང་བཤགས་སྟོང་ཚར་འདོན། །རང་རང་ལུགས་ཀྱི་དགྲ་ཆོས་བཅའ་བར་བྱ། །དགུ་གསུམ་དག་ལ་ཟློག་པའི་དུས་ཆེན་ཡིན། །རིམ་གྲོ་དེ་རྣམས་སྟག་སྤྲེལ་ལོ་པ་དང་། །སྦྲུལ་དང་ཕག་ལོ་ཡོད་ན་ཐམས་ཅད་དགོས། ༈ ༼སྟག༽ །སྟག་གི་ཉི་མ་ལྷ་ཡི་ཐན་ཡིན་པས། །སྡོང་པོ་རྒྱན་མདོས་ཞི་བ་དཀར་བླུག་བྱ། །དགུ་གསུམ་དག་ལ་སྣང་སྲིད་བདུད་བཟློག་བྱ། །ཁྱིམ་ལྷ་ས་བདག་ཀླུ་གཉན་འཁྲུག་པ་ཡིན། །ཟླ་ཞག་གཉིས་པར་ཚུན་ཆད་གཟབ་པར་བྱ། །མོ་མགྲོན་ཁྱིམ་དུ་མི་


CMR059_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འོང་ཁ་མཆུ་འོང་། །ཉི་མ་ནུབ་བྱང་མཚམས་ནས་དགྲ་ངོ་ཡོད། །སཙྪ་དམར་པོ་རབ་གནས་དང་ལྡན་པ། །སྟོང་ཚོ་གསུམ་རེ་དེ་ཡི་ཕྱོགས་སུ་བསྒྲིགས། ༈ ༼ཡོས༽ །ཡོས་ཀྱི་ཉི་ཁྱིམ་གནམ་ལྷ་གཟའ་ཡི་ཐན། །བུ་མོ་བུད་མེད་སྐྱིད་ལ་སྐྱེད་ཆད་འོང་། །ཁང་པ་མེས་ཚིག་ས་དང་རྟ་ནོར་ཤོར་དོགས་ཡོད། །ཟླ་བ་གཉིས་ཀྱི་ཚུན་ཆད་བུ་མོ་རྒྱུདང་། །སྟག་ཡོས་ལོ་པ་ཡོད་ན་ངན་པར་བཤད། །དུར་ཁ་ཚེ་བཟློག་ཕུར་བཟློག་ཆེན་མོ་བྱ། །དབང་ཕྱུག་ཐན་བཟློག་དཀྱིལ་འཁོར་ཞལ་བསྒྱུར་བྱ། །ཀོང་ཙེ་འཕྲུལ་རྒྱལ་མི་ནག་ མགོ་གསུམ་བྱ། །སྤང་སྐོང་བརྒྱ་ཚར་འདོན་པ་དོ་གལ་ཆེ། །སཙྪ་བརྒྱ་རྩ་ཇོ་དར་བཞི་འམ་གཉིས། །དེ་ལྟར་བྱས་ན་བཀྲ་ཤིས་བདེ་ལེགས་འབྱུང་། ༈ ༼འབྲུག༽ །འབྲུག་གི་ཉི་ཁྱིམ་གཟའ་དང་ལྷ་ཡི་ཐན། །ཟླ་བ་གཉིས་སམ་ཟླ་གཅིག་དག་ལ་ངན། །སྟག་སྤྲེལ་ཕག་སྦྲུལ་ལོ་པ་དག་ལ་ངན། །དགོན་སྡེ་མང་ཇ་ཉུང་དུ་བསྐོལ་ནའང་། །མི་འཁྲུགས་པ་ཡི་སྙིང་པོ་འདོན་པར་བྱ། །དགོན་ལ་ཇོ་དར་ཐོགས་དར་གང་འཛོམ་སྒྲོན། །རི་ཁྲོད་ཚོགས་དང་འབྱུང་པོའི་ཐན་བཟློག་བྱ། །ཀླུ་གཉན་མཆོད་པ་ཀླུ་འབུམ་འདོན་པ་ཡིན། ༈


CMR059_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་གྱི་ཉི་ཁྱིམ་གཤིན་རྗེ་གཉན་གྱི་ཐན། །རྒན་པོ་རྒན་མོ་ལོ་གྲངས་མང་ལ་ངན། །གྲོང་ཁྱེར་དག་འཚམས་རྟ་འགྲོ་མི་ཉན། །འཐབ་མོ་ཁ་མཆུ་ནང་དུ་ཚུད་ཉན་ཡོད། །ཟླ་བ་གཅིག་དང་ཞག་བཞི་ལ་སོགས་པ། །བྱ་རྟ་ལུག་དང་སྤྲེལ་ལོ་པ་ལ་ངན། །དེ་རྣམས་ཡོད་ན་རང་རང་ལོ་གྲངས་དུ། །སྤང་སྐོང་ཕྱག་རྒྱུ་གཉིས་འགྱུར་སུམ་འགྱུར་འདོན། །བཀའ་བརྒྱད་ཁྲོམ་བཟློག་ཀླུ་མཆོད་བཙན་མཆོད་བྱ། །བྱང་ཤར་མཚམས་ནས་དགྲ་དང་ཁ་མཆུའི་ངོ་། །དགྲ་བྲུབ་བཅའ་ཞིང་སཱཙྪ་དམར་སེར་ནི། །སྟོང་ཚོ་གསུམ་ཉེའི་བྲག་རལ་ཕུགས་སུ་བཞུགས། །དེ་ཡང་རབ་གནས་ལྡན་པ་གལ་ཆེའོ། ༈ ༼རྟ༽ །རྟ་ཡི་ཉི་མ་ཡུལ་ལྷའི་ཆ་བརྒྱད་ཡིན། །ནང་མི་གཅིག་འདྲེས་རྐུན་མ་འོང་དོགས་ཡོད། །ཞག་གཉིས་ཟླ་གཉིས་དག་ལ་ངན་པར་བཤད། །ལྷོ་ཕྱོགས་ཉི་མ་ཤི་བ་མི་ཆེན་དང་། །ཁ་མཆུ་གཏམ་ངན་འོང་དོགས་ཡོད་པས་གཟབ། །ཁྱི་འབྲུག་བྱ་ཡོས་པ་ལ་ངན་པས་རེམ། །ཚེ་མདོ་བརྒྱ་ཚར་མང་པོ་ལོ་གྲངས་འགྱུར། །སྐལ་བཟང་འདོན་ཅིང་ཐན་བཟློག་གང་འོས་བྱ། །ཤི་སོའི་རེ་བ་མ་གང་ཆགས་པས་ངན། །ན་རཀ་བསྐང་བཤགས་འདོན་ཅིང་ཟས་སྐལ་


CMR059_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ། །སྡེ་ཆེན་མང་ཇ་བསྐུལ་ཞིང་མ་ཎི་བསྐུལ། །ལུག ལུག་ཁྱིམ་ཀླུ་གཉན་ས་བདག་ཐན་ཡིན་པས། །ཞག་པོ་ལྔའམ་ཟླ་ལྔ་ཚུན་ལ་རྩུབ། །དྲན་དང་མོ་རིགས་སྒོ་རིགས་དག་ལ་ངན། །ནུབ་བྱང་ཉེ་བའི་ཕྱོགས་ནས་གཏམ་ངན་འོང་། །ཁྱི་འབྲུག་གླང་ལུག་བཞི་ལ་རྩུབ་པར་བཤད། །དེ་བཞི་ཡོད་ན་སྤང་སྐོང་བརྒྱ་ཚར་དང་། །སཙྪ དམར་པོ་སྟོང་སྟོང་བརྒྱ་ཚར་གདབ། །རབ་གནས་འབུལ་ནས་པད་མཁར་སྟེང་དུ་བསྐྱལ། །ཀླུ་འབུམ་འདོན་ཅིང་སྣང་བརྒྱད་ལོ་བཅོས་བྱ། །མགོན་པོའི་བསྐང་གསོ་ཡང་ན་ཚེ་སྒྲུབ་༼སྤྲེལ༽ །སྤྲེལ་གྱི་ཉི་ཁྱིམ་སྟེང་ཕྱོགས་གནམ་ལྷ་དང་། །བྲག་དམར་བཙན་ལ་ཕོག་ཐུག་ཤོར་བས་ལེན། །ཤར་ཕྱོགས་ཉེ་བ་ན་ཞིང་ཁ་མཆུ་ཕོག །རྟ་ནོར་ཤོར་ཞིང་ཕོ་མོ་ནང་འཐབ་འོང་། །སྟག་སྤྲེལ་ཕག་ལོ་ངན་པས་གཟབ་པར་བྱ། །རང་རང་སྤར་ཁའི་བཅོས་དང་བཀའ་ཐང་འདོན། །ལེའུ་བདུན་མ་བརྒྱའམ་སྟོང་འདོན་བྱ། །མགོན་པོའི་བསྐང་གསོལ་དགྲ་ཁ་མཚོན་གྱིས་བསྒྱུར། །བཙན་ལ་ཤ་རུ་དར་མདོས་ཕུལ་ན་བཟང་། ༈ བྱ༽ །བྱ་ཡི་ཉི་མ་ཀླུ་མོ་སྨན་བཙུན་ཆགས། །ཟླ་ཞག་བདུན་པ་ཚུན་ཆད་བུད་མེད་


CMR059_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བྱང་ཕྱོགས་ཉེ་བར་ངན་པས་རྩུབ་ཆགས་ཆེ། །མོ་མགྲོན་ཁྱིམ་ལ་མ་ཚུད་ན་ཚ་འོང་། །རྟ་ནོར་ཕྱོགས་ལ་ཁ་མཆུ་འོང་བར་བཤད། །ཞག་པོ་དྲུག་བདུན་ཉེར་བཞི་ཚུན་ཆད་ལ། །བྱི་རྟ་བྱ་ཡོས་ལོ་པ་བཞི་ལ་ངན། །མཚོ་སྨན་གུར་མདོས་མི་འཁྲུགས་སྙིང་པོ་འདོན། །ཆུ་གཏོར་འབུམ་ཐེར་ཀླུ་ཡི་མཆོད་པ་བྱ། །གཏོར་ཟློག་བྱས་ན་དགེ་ལེགས་འཕེལ་བར་འགྱུར། ༈ ༼ཁྱི༽ །ཁྱི་ཉི་ཡུལ་ལྷ་བཙན་གྱི་ཆ་ཁུར་ཡིན། །ཟླ་ཞག་བདུན་པ་ཚུན་ལ་ཁྱི་ལོ་དང་། །འབྲུག་ལོ་པ་ལ་ངན་པས་བཅོས་པར་བྱ། །བཀའ་འདུས་འདོན་ཅིང་སྨོན་ལམ་བརྒྱ་ཚར་འདོན། །རྡོ་རྗེ་རྣམ་འཇོམས་དབང་ཞུ་ལྷ་བཙན་མཆོད། །བདུད་བཙན་དཀར་ཞིང་ཀོང་ཙེ་གཏོར་བསྒྱུར་བྱ། ༈ ༼ཕག༽ ཕག་གི་ཉི་ཁྱིམ་ས་བདག་ཀླུ་གཉན་ཆགས། །ཞག་ལྔ་བཅུ་དང་ཟླ་གཉིས་ཚུན་ལ་ངན། །ཕོ་མོ་མནའ་མཁོན་ཀུན་གྱི་མནོལ་བ་ཡིན། །རྟ་དང་ནོར་ལ་གོད་སྟོང་ཡོང་བར་བཤད། །བྱི་ཕག་རྟ་སྦྲུལ་བཞི་ལ་ངན་པར་བཤད། །ཡང་ན་རང་རང་སྤར་ཁའི་བཅོས་དཔྱད་བྱ། །སྣང་བརྒྱད་བརྒྱ་ཚར་སྟོང་བཤགས་སྟོང་ཚར་འདོན། །དགོན་སྡེ་མང་ཇ་ཇོ་དར་མཐོང་དར་དང་། །ས་བདག་འཁྲུགས་སེལ་


CMR059_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནག་མགོ་གསུམ་བཅལ། །དེ་ལྟར་བྱས་ན་སྡོང་གྲོགས་རྒྱབ་རྟེན་ཡིན། །མ་བྱས་གནོད་པ་འཁྲུལ་གྱིས་མི་བཞིའི་གསུངས། །སྲུང་ཟློག་ཉམས་སུ་ལེན་པ་གལ་ཆེའོ། ༈ །སྔ་དྲོ་ལྷ་ཐན་འཇོམ་ཆོས་བྱེད་པ་ན། །བསང་དང་གསོལ་ཁ་རང་རང་སྲུང་མ་བསྟོད། །གཡག་ལུག་ར་གསུམ་ཚེ་ཐར་ལྷ་ལ་འབུལ། །དེ་ཡང་སྲོག་བསླུ་གསུམ་ནི་བྱས་ན་བཟང་། །དགོན་སྡེ་རི་ཁྲོད་གང་བདེའི་ས་ཕྱོགས་ལ། །ཇོ་དར་མཐོང་དར་སྙན་དར་ལ་སོགས་བསྒྲོན། ༈ །ཉིན་གུང་བཙན་དང་གཉན་གྱི་ཆ་བྲན་ཡིན། །བཙན་མཆོད་ཕུལ་ཞིང་རྟ་ལ་སྲུང་བ་བརྟགས། །ས་བདག་འཁྲུགས་བཅོས་གཡང་སྐྱོབ་ཁ་སྦྱར་བཅའ། །སྤང་སྐོང་ཕྱག་རྒྱ་བརྒྱའམ་སྟོང་ཚར་འདོན། །སཙྪ་ཁ་དོག་ལྔ་ལྡན་སྟོང་ཚ་གདབ། ༈ །ཕྱི་འཕྲད་བདུད་ཀྱི་ཆ་ཡིན་བདུད་མདོས་དང་། །མི་འཁྲུགས་གཟུངས་སྔགས་ཉིན་རྒྱུན་གང་ཐོན་བྱ། །གཟུངས་འདུས་འདོན་ལ་ཚེ་ཡི་སྒྲུབ་པ་བཅའ། །ཡུམ་ཆེན་ཤེར་ཕྱིན་ཟློག་པ་གལ་ཆེའོ། །གྲོང་ཆེར་དག་ལ་མང་ཇ་བསྐོལ་ན་ལེགས། །སྐུ་དང་གསུང་དང་ཐུགས་ཀྱི་རྟེན་རྣམས་བཞེངས། །ཉི་ཁྱིམ་མ་ཤེས་དུག་གསུམ་དབང་དུ་མཐོང་། །ཚུར་བཞིན་ཐོན་ན་དཀར་


CMR059_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གྲོགས་ཡིན་པས། །ཚུལ་བཞིན་མ་ཐོན་ནག་པོའི་གཏོ་གཟུགས་བཅའ། །རྣམ་རྟོག་རབ་ལ་ལས་ཀྱི་གཤིན་རྗེའི་འགྱུར། །དེ་བས་གཞུང་བཞིན་ཐོན་པ་གལ་ཆེའོ། །དཀར་ནག་ཅི་བྱེད་རང་སེམས་དམ་པས་ཤེས། །མ་ཤེས་བློས་བསྒྱུར་དམུ་ཞུ་ཡིན་པར་ངེས། །ཞ་མོ་རང་ཕུང་རྒྱལ་བའི་བཀའ་རྣམས་སྒྲོག །རྣམ་རྟོག་ལྟས་ངན་ནམ་མཁའི་འཇའ་ལྟར་ཡལ། །ཡུལ་ཕྱོགས་བཀྲ་ཤིས་བདེ་ལེགས་ཀུན་ཕན་ཤོག །འདི་བྲིས་དགེ་བས་འགྲོ་དྲུག་སེམས་ཅན་རྣམས། །ཚེ་རིང་ནད་མེད་བར་ཆད་ཀུན་ལས་ཐར། །ཕྱི་མ་བདེ་ཆེན་ཞིང་དུ་སྐྱེས་ནས་ཀྱང་། །མི་ལྡོག་ཐར་པའི་ལམ་མཆོག་ཐོབ་ཕྱིར་བསྔོ། །དྲིན་ཆེན་རཱ་ག་ཨ་སྱས་སྦྱར་བའོ། །བཀྲ་ཤིས་དཔལ་ཉི་འཛམ་གླིང་བཀྲ་ཤིས་ཤོག །ཅེས་རིགས་ལྡན་པུཎེ་མངྒ་ལམ་གྱི་སོར་མོ་རླུང་ལ་ཞོན་ནས་སྐད་ཅིག་ལ་འཕྲལ་དུ་བྲིས་པར་དགེ་བར་ཤོག་ཅིག། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཉི་ཁྱིམ་བཅུ་གཉིས་ཐན་རྩིས།next