Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐར་ཡིག་བསྡུས་པ་འདུས་པ་ཀུན་ཚང་བདེ་ལེགས་ཀུན་འབྱུང་།
   
   
   
   
   
   
   
   
   
   
   
   
   
   


 
previousསྐར་ཡིག་བསྡུས་པ་འདུས་པ་ཀུན་ཚང་བདེ་ལེགས་ཀུན་འབྱུང་།next

སྐར་ཡིག་བསྡུས་པ་འདུས་པ་ཀུན་ཚང་བདེ་ལེགས་ཀུན་འབྱུང་།


CMR059_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་ཡིག་བསྡུས་པ་འདུས་པ་ཀུན་ཚང་བདེ་ལེགས་ཀུན་འབྱུང་བཞུགས་སོ། །


CMR059_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་བློ་ལྡན་མཆོག་སྲིད་ལ། །རབ་ཏུ་བཏུད་དེ་སྐར་ཡིག་བྲི། །དང་པོ་ལོ་འགོ་འཛིན་པའི་ཚུལ། །མངོན་པའི་ཐ་སྐར་ལོ་ཡི་འགོ །འདུལ་བའི་སྨིན་དྲུག་ལོ་ཡི་འགོ །གསོ་རིག་མཆུ་ཟླ་ལོ་འགོར་འཛིན། །དུས་འཁོར་ནག་པ་ལོ་འགོའོ། །ཚེས་གཅིག་སྔོན་འགྲོ་འཇིག་རྟེན་ལུགས། །བསྟན་བཅོས་ལུགས་ཀྱི་བཅུ་དྲུག་ལ། །ཟླ་བའི་ཚེས་འགོ་བཞེད་པ་ཡིན། །དཔྱིད་ཟླ་ར་བ་སྟག་སུ་ངེས། །བོད་རྩིས་མགོ་ཟླ་སྟག་ལ་འདོད། །ཧོར་རྩིས་མཆུ་ཟླ་སྟག་གི་ཟླ། །དེ་སོགས་ལུགས་ནི་མང་ན་ཡང་། །ཨོ་རྒྱན་བཞེད་དགོངས་འཆུག་མེད་ཕྱིར། །གཙོ་ཁྱེར་དགོངས་འདུས་ལུགས་སུ་སྟེ། །མཚུར་རྩིས་དང་ནི་རྒྱ་ནག་རྩིས། །རྩིས་གསར་རྩིས་རྙིང་ཀུན་མཐུན་པར། །རྒྱལ་ཟླ་དཔྱིད་ར་སྟག་ལ་འདོད། །ཟླ་ལྷག་རེས་མོའི་རྗེས་འབྲང་མཛོད། །ཚེས་ཀྱི་ལེགས་སྨིན་སྐྱོན་ཡོན་རྣམས། །རེའུ་མིག་ནང་གི་བརྡ་རེས་བརྟག །ཅེས་སོ། །


CMR059_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱིད་ར་བ་སྟག་གི་ཟླ་བ་ཧོར་ཟླ་བཅུ་གཉིས་པ་ཆུ་སྲིན་གྱི་ཁྱིམ་ལོ་གསར་ཉིན་ཆུ་ཚོད་༢༤ མཚན་༣༦ ལྷ་ཆེན་ཤར། སྲོག་ལྷ་བྱང་བུམ་སྟོང་ལྷོ། །


CMR059_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


CMR059_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་གིས་ཡོན་ཏན་ཀུན་འབྱུང་ཡིད་སྨོན་འགྲུབ། །དགའ་འཁྱིལ་ཚེ་སྲོག་བརྟན་པའི་བྱ་བ་ནི། །གཙུག་ཏོར་ལ་ནི་བདེ་ལེགས་ཡོན་ཏན་འབྱུང་། །ནེའུ་ལེ་ཡིས་དགོས་འདོད་རྒྱས་པར་བྱེད། །པི་ཝཾ་ཆོས་ཀྱི་སྙན་གྲགས་ཐོབ་པར་བྱེད། །ཨུཏྤལ་གྱིས་ནི་རིག་བྱེད་བརྩམ་པར་འོས། །རི་བོ་ཡིས་ནི་བརྟན་པའི་བྱ་བ་མཆོག །བྷན་བདུད་རྩིས་བཀང་བ་དངོས་གྲུབ་འབྱུང་། །པོ་ཏི་ཡིས་ནི་བསོད་ནམས་བསགས་ལས་རུང་། །རླུང་གློག་ཞགས་པས་མྱུར་མགྱོགས་ལས་གང་མཆོག །རྔ་ཡིས་མཆོག་སོགས་བསྐུལ་བར་འོས་པ་ཡིན། །རྡོ་རྗེས་དབེན་པའི་གནས་འཛིན་བསམ་བཏན་འཕེལ། ༈ །ཕུར་པ་ནག་པོས་མནན་བསྲེགས་བསྒྲལ་ལས་འགྲུབ། །རྔ་མོང་མགོ་ཡིས་བསྐྲད་ལས་སྣ་ཚོགས་འགྲུབ། །མེ་ལོང་དྭངས་མས་ཁྲོམ་བསྐོར་ཉོ་ཚོང་འབད། ༩༽ །གྲི་ཡིས་ཕ་རོལ་རྒོལ་སོགས་འཇོམས་པར་འོས། །ཀོང་ཟོར་དྲག་རྩུབ་ཐོར་སོགས་མྱུར་ལས་འབད། ༈ །ཁ་ཊཾ་མཁར་བཤིག་བརྡུང་སོགས་ཕ་རོལ་རྒོལ་བ་འཇོམས། །དམར་གཏོར་ཟུར་གསུམ་བསྲེགས་སོགས་མནན་ཟོར་


CMR059_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲད། །གྲི་གུག་ནག་པོས་བསད་པའི་ལས་རྣམས་བསྔགས། །ཧོམ་ཁུང་དཀྱིལ་ནག་དྲག་ལས་མཐའ་དག་འགྲུབ། །ལྕགས་སྒྲོག་བཞི་པའི་བརྣག་པའི་ལས་གང་འགྲུབ། །ཕུར་པ་དཀར་པོས་དྲག་སྔགས་ལས་ལ་འཇུག །རྐང་པ་ཡིས་ནི་བྱེས་ཀྱི་བྱ་བ་སྤང་། །ནག་པོ་ཟུར་དྲུག་གཞི་ཡི་བྱ་བ་བཤོལ།་་ཕགས་པ་ག་ཡ་ཐོང་གཤོལ་ནག་པོས་སོ་ནམ་ལས་ཀ་བཤོལ། །རྒྱ་གྲམ་ནག་པོས་བཟའ་བཏུང་ཚོགས་སོགས་བཞག །ཟླ་གམ་ནག་པོ་སེ་ཞིག་བྱུར་གྱི་རྫོང་། །མདུད་དམར་ནག་པོས་མི་དགེའི་ལས་བྱེད་མཚོན། །ཁྲམ་རིས་ནག་པོས་གང་ཡང་མི་རུང་ངོ་། །ཉི་མ་ནག་ཆེན་ཡོངས་གྲགས་འཇིགས་སུ་རུང་། །ལེགས་པའི་བྱ་བ་གང་བྱས་མི་གཅིག་འཆི། །དྲག་ལས་གང་བྱས་མྱུར་དུ་འགྲུབ་པའོ། །ཉི་མ་ནག་ཆུང་བྱ་རོག་ཁྲ་ཚ་དང་། །ས་བདག་ནག་པོ་གཅེར་བུ་ལག་རྡུམ་དང་། །བྱ་མ་གུང་རྒྱལ་པི་ལིང་འཕར་མ་ཟེར། །ལེགས་པའི་བྱ་བ་གང་བྱས་མི་རུང་ངོ་། །གདོང་དུ་མ་ཐུག་དྲག་ལས་འགྲུབ་པའོ། །ནོར་བུ་ཐུར་གྱུ་དབུལ་པོའི་ཉི་མ་སྟེ། །ལེགས་པའི་བྱ་བ་བྱས་ན་གཡང་ཉམས་སོ། །གནམ་ཁྱི་ཟན་


CMR059_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཚོལ་རོ་བག་བཀྲ་ཤིས་ངན། །འདི་དུས་སྲུང་ཟློག་དགྲ་ཆོས་བྲི་ཀློག་འཛེམ། །ཞག་ངན་ལ་ནི་བཟང་པོའི་བྱ་བ་ངན། །སྦྱིན་སྲེག་ལ་སོགས་དྲག་པོའི་ལས་ནི་བཟང་། །ནོར་བུས་ལེགས་པའི་བྱ་བ་བཟང་ཞིང་འགྲུབ། །ཟླ་བས་གང་ལ་ཡང་བཟང་ཞིང་འགྲུབ་པའོ། །ཟིན་ཕུང་ཡོད་དུས་བཟང་པོའི་བྱ་བ་སྤངས། གདོང་མ་ཐུག་ན་དྲག་ལས་འགྲུབ་པའོ། །དཔྱིད་གསུམ་སྟག་སྤྲེལ་ཉི་ཤར་ཤར་ནས་ནུབ། །དབྱར་གསུམ་གླང་ལུག་ཉིན་ཕྱེད་ནུབ་ནས་ཤར། །སྟོན་གསུམ་ཁྱི་འབྲུག་ཉི་ནུབ་བྱང་ནས་ལྷོ། །དགུན་གསུམ་ཕག་སྦྲུལ་ནམ་ཕྱེད་ལྷོ་ནས་བྱང་། །ཕུང་ཟོར་ཡོད་དུས་བྱ་བ་བཟང་ལས་ངན། །ཀུན་སྤང་ཉི་མ་བཀྲ་ཤིས་ལེགས་བྱས་སྤངས། །གཉེན་གྱི་ཉི་མ་ལེགས་པའི་ལས་ཀུན་སྤོངས། །བདུད་ཉི་ལ་ཡང་བྱ་བ་གང་བསྒྲུབ་ངན། །ཞག་དུས་ནག་པོ་ལ་ཡང་བཟང་ལས་སྤོངས། །དེ་དག་དུས་སུ་དྲག་ལས་འགྲུབ་པའོ། །བཟའ་བདུད་ཟིན་ཚོལ་དྲག་ལས་མ་གཏོགས་ངན། ༼ཕུ༽ །ཀླུ་ཐེབས་ཆགས་མེད་གསུང་སྒྲོས་འཆུག་མེད་ཡིན།


CMR059_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཀླ་ལྡོག་ཀླུ་མཆོད་ལ་སོགས་མི་རུང་ངོ་།། ཨོྃ༔ ཟླ་བའི་ཕྱོགས་ཡིག་ནི། སྟག་ཟླར་འབྲུག་སྦྲུལ་རྟ་ལུག་གཙང་། །ཡོས་ཟླར་བྱ་ཁྱི་བྱི་ཕག་གཙང་བའོ། །འབྲུག་ཟླར་ཡོས་བྱ་ཁྱི་ཕག་བྱི་བ་གཙང་། །སྦྲུལ་ཟླར་ཡོས་འབྲུག་བྱ་སྤྲེལ་ཁྱི་བྱི་གཙང་། །རྟ་ཟླར་ཡོས་འབྲུག་བྱ་གླང་བྱི་ཕག་གཙང་། །ལུག་ཟླར་སྦྲུལ་རྟ་བྱ་ཁྱི་གླང་གཙང་། སྤྲེལ་ཟླར་སྦྲུལ་བྱ་ཁྱི་དང་བྱི་ལུག་གཙང་། །བྱ་ཟླར་སྟག་ཡོས་འབྲུག་གསུམ་གཙང་། །ཁྱི་ཟླར་བྱ་གླང་གཉིས་པོ་གཙང་བའོ། །ཕག་ཟླར་ཡོས་འབྲུག་བྱ་སྤྲེལ་ཁྱི་གཙང་བའོ། །ཁྱི་ཟླར་རྟ་ལུག་ཡོས་གསུམ་གཙང་བ་སྟེ། །གླང་ཟླར་སྟག་ཡོས་འབྲུག་ལུག་སྤྲེལ་ཁྱི་གཙང་བའོ།། ཨོཾ༔ དེ་ནས་ཚེས་གྲངས་བཟང་ངན་བསྟན་པ་ནི༔ གཅིག་བདུན་བཅུ་གསུམ་བཅུ་དགུ་ཉེར་ལྔ་ལ༔ བྱ་བ་གང་བྱས་ཀུན་ལ་བཟང་བའོ༔ གཉིས་བརྒྱད་བཅུ་བཞི་ཉི་ཤུ་ཉེར་དྲུག་ངན༔ གསུམ་དགུ་བཅོ་ལྔ་ཉེར་གཅིག་ཉེར་བདུན་བཟང་༔ བཞི་བཅུ་བཅུ་དྲུག་ཉེར་གཉིས་ཉེར་བརྒྱད་བཟང་བའོ༔ ལྔ་བཅུ་གཅིག་བཅུ་བདུན་ཉེར་གསུམ་ཉེར་དགུ་བཟང་༔ དྲུག་བཅུ་གཉིས་བཅོ་བརྒྱད་ཉེར་བཞི་གནམ་གང་ངན༔ དེ་དག་བཟང་ངན་འགྲོས་སྐར་འདི་གལ་ཆེ༔


CMR059_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ༔ དེ་ནས་གཟའ་ཡི་བཟང་ངན་བསྟན་པ་ནི༔ ༡ ཉི་མ་ལ་ནི་བསྐོ་བཞག་མངའ་གསོལ་དང་༔ རབ་གནས་དབང་བསྐུར་ལྷ་མཆོད་ཆོས་སྟོན་དང་༔ གསོན་ལས་ཀུན་བཟང་ལྷ་ཁང་བརྩེགས་པ་འབྲིང་། ༢ ཟླ་བར་བཀྲ་ཤིས་ལྷ་མཆོད་དང་༔ དགེ་ཚོགས་བྱ་བ་རྣམས་ནི་བཟང་བའོ༔ སྦ་གསར་འབུབ་དང་གཤིན་ལས་ངན་པའོ༔ ༣ མིག་དམར་དགྲ་བགེགས་འདུལ་དང་དྲག་ལས་དང་༔ ངན་པའི་རིགས་བཟང་བཟང་ལས་གང་ཡང་ངན༔ ༤ ལྷག་པར་མཁར་ལས་ལྷ་ཁང་རྨང་འདིང་དང་༔ དུད་འགྲོ་འདུལ་དང་འཐབ་པ་སྡུམ་པ་བཟང་༔ རབ་བྱུང་ཚོང་ལ་འགྲོ་སོགས་ངན་པའོ༔ ༥ ཕུར་བུ་དཀྱིལ་འཁོར་སྦྱིན་སྲེག་རིག་གནས་སློབ༔ ལྷ་གསོལ་ལྷ་ཁང་བརྩེགས་དང་སྦྲ་ཁྱིམ་འབུབ་པ་བཟང་༔ སྐྱེ་བོའི་མཁར་ལས་ཕྱུགས་མ་ཕྱིར་བཏང་ངོན༔ ༦ པ་སངས་ཁྱིམ་གསར་འབུབ་དང་རྟ་གསར་འདུལ༔ ལྷ་ཁང་སྟོན་མོ་འཕོ་སྐྱེས་ཡོན་ཏན་སློབ༔ བཟང་ཞིང་ཁ་མཆུ་གཏམ་སོགས་མི་རུང་ངོ་༔ ༧ སྤེན་པ་ཁང་པའི་རྨང་འདིང་དང་༔ སྒྱེད་པུ་བཙུགས་དང་གཡང་འགུགས་ཚེ་ཆོག་དང་༔ ཚོང་དང་རབ་གནས་བཟང་ཞིང་དགྲ་རྒོལ་ངན༔ སྤུ་རྟགས་ཅན་ཕྱིར་གཏོང་གཡང་


CMR059_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་བྱེ་བས་ངན༔ དེ་ལྟར་གཟའ་བདུན་ཞིབ་པར་བརྩི་བ་ནི༔ དར་བ་རབ་ཡིན་ཞུད་ལ་འབྲིང་ཡིན་ནོ༔ གྱོང་གུད་ཐ་མ་ཡིན་ཅིང་གུད་པའི་དུས༔ བྱ་བ་གང་ཡང་བརྩམས་པར་མི་བྱའོ༔ ཨོཾ༔ དེ་ནས་སྐར་མའི་བཟང་ངན་བཤད་པ་ནི༔ ༢ སྨིན་དྲུག་སྐྲ་འཁྲུ་ལྷ་གསོལ་གཡང་བླང་དང་༔ བཟོ་རིགས་སྦྱིན་སྲེག་བྱ་བ་བཟང་བའོ༔ གཡང་སྐར་ཡིན་པས་ཕར་འཇལ་ཐམས་ཅད་ངན༔ ༣ སྣར་མ་གཡང་བླང་རྫི་བོ་འཇོག་པ་དང་༔ སྦྲ་ཕུབ་ལྷ་གསོལ་ཚོང་དང་རྒྱན་འདོགས་བཟང་༔ འདུ་ལོང་སྟོན་མོ་ཕྱུགས་མ་ཕར་བཏང་ངན༔ ༤ མགོ་ལ་གྲོས་བྱེད་གཞི་འདིང་ལྷ་མཆོད་དང་༔ གཡང་བླང་ཁྱིམ་སར་འདུ་ཚོགས་སྟོན་མོ་བཟང་༔ ཕར་འཇལ་རྣམས་ནི་ངན་པར་གསུངས་པའོ༔ ༥ ལག་ལ་ཡིག་རྩིས་སློབ་དང་མཁར་ལས་བྱེད༔ ལྷ་གསོལ་གཡང་བླང་འདུ་ལོང་སྟོན་མོ་བྱེད༔ དྲག་ལས་མནན་སྲེག་རྒྱན་བཏགས་བཟང་བའོ༔ ཁ་མཆུ་སྡུམ་དང་ཕར་འཇལ་ངན་པའོ༔ ༦ ནབས་སོར་གཡང་བླང་ཚེ་འགུགས་ནོར་སྒྲུབ་རིགས༔ ཁང་པ་བརྩེགས་དང་སྦྲ་གུར་འབུབ་པ་དང༔ ལྷ་གསོལ་སྟོན་མོ་ཞལ་གསོ་བཟང་བའོ༔ ཕར་འཇལ་འདུན་མ་སྒྲུབ་སོགས་ངན་པའོ༔ ༧ རྒྱལ་ལ་ལྷ་


CMR059_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཚེ་འགུགས་གཡང་བླང་དང༔ ཁྱིམ་འབུབ་སྐྱེད་པུ་ཆོས་བཤད་དབང་བསྐུར་དང་༔ སྟོན་མོ་འདུ་ལོང་ཁྲུས་སོགས་ལེགས་པའི་ལས་ཀུན་བཟང་༔ ཕར་འཇལ་ཞལ་ལྕེ་ཚོང་བྱེད་ངན་པའོ༔ ༨ སྐག་ལ་སྲི་མནན་ལ་སོགས་ངན་ལས་རུང་༔ བཟང་བའི་བྱ་བ་ཕལ་ཆེར་མི་རུང་ངོ་༔ ༩ མཆུ་ལ་དྲག་ལས་དགྲ་སྲི་བྲུབ་པ་དང་༔ ཞལ་ལྕེ་གཅོད་དང་དགྲ་བསྒྲལ་སྦྱིན་སྲེག་བཟང་༔ དགེ་བའི་ལས་ཀྱང་རུང་བ་ཙམ་ཡིན་ཏེ༔ ཕར་འཇལ་འགྲོ་འདུག་བྱ་བ་ངན་པའོ༔ ༡༠ བྲེ་ལ་དགྲ་བླ་གསོལ་དང་ཚེ་ཆོག་བྱེད༔ དབང་དང་རབ་གནས་བྲན་གཡོག་འཇོག་པ་བཟང་༔ ཕར་འཇལ་སྡུམ་བྱེད་ལ་སོགས་ངན་པའོ༔ ༡༡ སྦོ་ལ་གནས་གཞི་འཛུགས་དང་གཡང་བླང་དང་༔ སྦྲ་སར་འབུབ་དང་དགྲ་ལ་རྒོལ་བ་རུང་༔ ཕར་འཇལ་དོན་གཉེར་ལ་སོགས་ངན་པའོ༔ ༡༢ མེ་བཞི་ལ་ནི་ཆོས་འཆད་སྡོམ་པ་འབོགས༔ འབུལ་བ་བྱེད་དང་སྟོན་མོ་མཁར་ལས་དང་༔ ལྷ་མཆོད་གཡང་བླང་ལམ་དུ་འཇུག་པ་བཟང་༔ དགྲ་ལ་རྒོལ་བའི་བྱ་བ་མི་རུང་ངོ་༔ ༡༣ ནག་པ་ལ་ནི་ཚེ་གཡང་ལྷ་གསོལ་དང་༔ སྟོན་མོ་མཁར་ལས་སྦྲ་ཚེམ་འབུབ་པ་བཟང་༔ དགྲ་ལ་རྒོལ་དང་སྡུམ་དང་འཇལ་བ་


CMR059_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ངན༔ ༡༤ ས་རི་ལ་ནི་ལྷ་གསོལ་དགྲ་བླ་གསོལ༔ ཚེ་ཆོག་སྟོན་མོ་ལམ་དུ་འཇུག་པ་བཟང་༔ འདི་ལ་བཟང་ངན་བྱ་བ་ཅི་ཡང་རུང་༔ ༡༥ ས་ག་མནན་བསྲེག་འཕང་དང་སྟོན་མོ་དང་༔ ལྷ་གསོལ་བཟོ་རིག་གཡང་བླང་རྟ་འདུལ་དང་༔ འགྲོས་རིགས་ཆུ་ཡི་ལས་ནི་ངན་པའོ༔ ༡༦ ལྷ་མཚམས་ལ་ནི་ལམ་འགྲོ་ཚུར་ལེན་དང་༔ ལྷ་གསོལ་གཡང་བླང་ཞལ་ལྕེ་ཕར་རྒོལ་བཟང་༔ ཕར་འཇལ་ངན་ཏེ་གཡང་སྐར་ཡིན་པར་གསུངས༔ ༡༧ སྒྲོན་ལ་ཚེ་གཡང་བཀྲ་ཤིས་ལྷ་གསོལ་དང་༔ ལྷ་ཁང་བརྩེགས་དང་ཁང་པ་བཤིག་པ་དང་༔ དགྲ་བསྒྲལ་བྱིས་སུ་འགྲོ་ན་བཟང་བའོ༔ ཁང་རྨང་འདིང་དང་ཕར་འཇལ་བྱེད་པ་ངན༔ ༡༨ སྒྲུབས་ལ་མཐུ་གཏད་དྲག་ལས་བཟང་བའོ༔ དགེ་ཆོས་འཇམ་པོའི་བྱ་བ་མི་རུང་ངོ་༔ ༡༩ ཆུ་སྟོད་གཡང་བླང་ལྷ་གསོལ་ཚེ་ཆོག་དང་༔ ཆོས་འཆད་རབ་གནས་བཀྲ་ཤིས་ཁང་བ་བརྩེགས༔ དགེ་བའི་ལས་བཟང་ཕར་བཏང་གཡང་ཉམས་ངན༔ ༢༠ ཆུ་སྨད་བློ་གྲོས་གཞི་འདིང་ཡུལ་གསར་འཛིན༔ མིང་འདོགས་གཡང་བླང་བཀྲ་ཤིས་རྒྱལ་པོ་མཇལ༔ ཆབ་སྲིད་བརྟན་པའི་ལས་བཟང་ཕར་བཏང་ངན༔ ༢༡ གྲོ་བཞིན་ཚེ་གཡང་བཀྲ་ཤིས་བློ་གྲོས་དང་༔ སྐྱེལ་


CMR059_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བསུ་གྲུ་ཟམ་འཛུགས་དང་དྲག་ལས་བཟང་༔ བྱ་བ་ཕར་ཆེར་བཏང་སྙོམས་བཟང་ངན་མེད༔ ༢༡ གྲོ་བཞིན་ཐག་རིང་འགྲོ་དང་དགྲ་བླ་གསོལ། ཕ་རོལ་རྒོལ་བ་བཟང་ཞིང་གཞན་རྣམས་འཇོམས༔ ༢༢ མོན་གྲེ་བཀྲ་ཤིས་གཡང་བླངས་དོན་གཉེར་བཟང་༢༣ མོན་གྲུ་ཡུལ་འཛིན་སྡེ་འཛུགས་བྱེས་འགྲོ་དང་༔ རྟ་འདུལ་དཔོན་བསྐོ་ལྷ་གཡང་བྱ་བ་ལེགས༔ གོས་ནི་བཟོ་བ་ཤིན་ཏུ་ངན་པ་ཡིན༔ ༢༤ ཁྲུམས་སྟོད་བྲན་བརྟེན་དབང་བསྐུར་རབ་གནས་དང་༔ ལྷ་ཁང་བརྩེགས་དང་ལམ་འཇུག་བཟང་བ་སྟེ༔ སྟོན་མོ་ལ་སོགས་ཕར་བཏང་རིགས་རྣམས་ངན༔ ༢༤ ཁྲུམས་སྨད་ཆོས་འཆད་སྡོམ་པ་འབོགས་དང་འབུལ་བྱེད་བཟང་༔ ༢༦ ནམ་གྲུ་དགེ་ལས་ལྷ་མཆོད་སྟོན་མོ་བཟང་༔ གོས་བཟོ་ལམ་བསྒོད་ལ་སོགས་ངན་བཤད་མང་༔ ཐ་སྐར་སྲི་མནན་དགྲ་ཆོས་ཚེ་གཡང་བླངས༔ ལྷ་ཁོང་ལྷ་གསོལ་སྟོན་མོ་ཁ་སྨྲས་རུང་༔ གཏར་བསྲེགས་ལམ་ཞུགས་ལ་སོགས་ངན་པའོ༔ ༡ བྲ་ཉེ་སྒྱེད་པུ་རང་ཐག་འཛུགས་པ་བཟང་༔ དེ་མིན་བྱ་བ་ཐམས་ཅད་ངན་པའོ༔ ༈ བྱི་འབྲུག་སྤྲེལ་གསུམ་མིག་དམར་དར་བའི་ཚེས། ཕག་ལུག་ཡོས་གསུམ་ཟླ་ལྷག་དར་བའི་ཚེས༔


CMR059_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་གླང་སྦྲུལ་གསུམ་ཕུར་བུ་དར་བའི་ཚེས༔ ཁྱི་རྟ་སྟག་གསུམ་སྤེན་པ་དར་བའི་ཚེས༔ གང་གི་ཚེས་པ་དར་བ་ཡིན༔ དེའི་བུ་ཡང་དར་བ་ཡིན༔ མ་ཞུད་གྲོགས་གུད་དགྲ་གྱོད་དང་༔ པ་སངས་དག་ལ་ཚེས་སྒོ་མེད། སྤེན་པ་ལ་ནི་ཞུད་པ་མེད། སྤྱིར་གཟའ་བདུན་པོ་དར་བའི་དུས་སུ་བྱ་བ་ཕལ་ཆེར་རྣམས་བཟང་གྱོད་གུད་ལ་བྱ་བ་ཕལ་ཆེར་རྣམས་ངན་ནོ༔ ཞུད་པ་ཡང་འབྲིང་། ༈ ཉི་ཁྱིམ་ནི། བྱི་བའི་ཉི་མ་ལ་ནོར་བཙལ་ཀུན་ལ་བཟང་ཞིང་མོ་བཏབ་ངན། གླང་གི་ཉི་མར་མཁར་བརྩེགས་སྦྲ་འདིང་དགྲ་རྒོལ་བཟང་ཞིང་ཚོང་དང་བག་འདྲེན་ངན། སྟག་གི་ཉི་མ་ལ་དགྲ་བརྒོལ་དམག་དྲངས་ཞིང་་་ལྷ་གསོལ་ངན། ཡོས་ཀྱི་ཉི་མར་གནས་བཙལ་རྒྱལ་ས་བཟུང་བ་བཟང་ཞིང་ཁྲོན་པ་འབྲུ་བ་ཆུ་དྲང་ངན། འབྲུག་གིཉི་མ་ལ་དགེ་བ་བྱ་དང་དགྲ་རྒོལ་བཟང་ཞིང་ངུ་བ་འདུ་ལོང་ཤི་བ་ངན། སྦྲུལ་གྱི་ཉི་མ་ལ་བན་བོན་འདུལ་ཞིང་གནས་བཙལ་ཡུལ་བཟུང་བཟང་ཞིང་མཁར་ལེན་སྦྲ་ཁང་བག་མ་ལེན་པར་ངན། །རྟའི་ཉི་མར་གྲོགས་བཙལ་འཕོ་སྐྱེས་བཟང་ཞིང་སྦྲ་ཁང་འབུབ་པར་ངན། ལུག་གི་ཉི་མར་ལྷ་གསོལ་གཡང་བླང་བཟང་ཞིང་སྨན་གྱི་གཏོང་སྦྱོར་ངན། སྤྲེལ་གྱི་ཉི་མར་བག་མ་གཏོང་ལེན་


CMR059_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཞིང་གྲོས་དང་ཁྱད་པར་བཟོ་ལ་ཤིན་ཏུ་ངན། བྱའི་ཉི་མ་ལ་སྨན་དཔྱད་བཟང་ཞིང་སྟོན་མོ་ལ་ནི་ངན། ཁྱིའི་ཉི་མ་ལ་དོན་གཉེར་དགྲ་རྒོལ་བཟོ་བྱེད་བཟང་ཞིང་འཕོ་སྐྱེས་ངན། ཕག་གི་ཉི་མ་ལ་སྲི་མནན་ཁྲུས་བྱེད་བཟང་ཞིང་མཚན་མཆོད་དུར་བཏབ་གོས་བྲུབ་ངན། ༈ དེ་ནས་ཉི་མ་བཅུ་གཉིས་འཛེམ་བྱ་ནི། འདི་མེད་བརྩི་དུས་ཕོ་དྲུག་སྟག་ནས་བརྩི། །མོ་དྲུག་སྤྲེལ་ནས་བརྩི་གསུངས་པ། ཟླ་བ་འདི་ལ་ཉི་མ་སུམ་ཅུ་ཡོད་པས་འཛེམ་བྱ་སུམ་ཅུ་བརྩི་བ་ཡིན། ༈ །བྱི་བར་སྐྱེས་བུར་མི་བྱ་མོ་མི་འདེབས། །མཁར་བརྩེགས་དོན་གཉེར་བྱ་བ་བཟང་བའོ། །གླང་ལ་ཚོང་དང་འཕོ་སྐྱེས་བྱ་བ་སྤང་། །སྟག་ལ་ལྷ་གསོལ་མི་བྱ་ལྷ་མི་བྲི། །དགྲ་ཆོས་ལ་སོགས་དགྲ་བཟློག་བྱ་བ་ལེགས། །ཡོས་ལ་སྦ་ཚེམ་མཁར་ལས་ས་རྐོ་སྤང་། །འཕོ་སྐྱེས་ལམ་ཞུགས་དཔོན་ལ་ཞུ་སོགས་བཟང་། །འབྲུག་ལ་འཕོ་སྐྱེས་འདུ་ལོང་རོལ་མོ་སྤོངས། །རིམ་གྲོ་དགེ་ཆོས་འཇམ་པས་རུང་བའོ། །སྦྲུལ་ལ་འཕོ་སྐྱེས་ལྷ་འབྲི་འདུ་ཚོགས་ངན། །དམ་སྲི་མནན་དང་འདུ་ཚོགས་བཟང་བའོ། །རྟ་ལ་སྨན་དཔྱད་རྟ་རྒྱུག་མཁར་ལས་ངན། །ལྷ་གསོལ་ཤགས་རོག་མཐུན་བྱ་བློ་གྲོས་བཟང་། །


CMR059_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ལུག་ལ་སྨན་ཁུག་མི་བཟོ་སྨན་མི་སྦྱར། །ལྷ་གསོལ་མཆོད་བསྐང་གཏོར་མ་བྱ་བར་བཟང་། །སྤྲེའུ་ལ་བློ་ཐག་བཅད་དང་བྲོ་གར་ངན། །ཆས་ཞུགས་རྒྱན་བཏགས་ལ་སོགས་བཟང་བའོ་།བྱ་ལ་སྟོན་མོ་གྲོས་ནི་མི་རུང་ངོ་། །འཕོ་སྐྱེས་བྱེས་འགྲོ་སྨན་སྦྱར་བཟང་བའོ། །ཁྱི་ལ་མནའ་སྐྱེས་འཕོ་སྐྱས་་་བྱེས་འགྲོ་དང་། །སྲི་མནན་དོང་རྐོ་ངན་ཞིང་གོས་བཟོ་བཟང་། །ཕག་ལ་ས་མི་བརྐོ་ཞིང་མནན་པ་སྤོངས། ༈ །དེ་ནས་དུས་ཚོད་བཟང་ངན་འབྲས་བུ་ནི། །ནམ་ལངས་ཡོས་དུས་ལེགས་པའི་སྔགས་བཟླས་བཟང་། །ཉི་ཤར་འབྲུག་དུས་ཚེ་སྒྲུབ་གཡང་འགུགས་བཟང་། །ཉི་དྲོས་སྦྲུལ་དུས་ས་བདག་འདུལ་སྔགས་བཟང་། །ཉིན་ཕྱེད་རྟ་དུས་རྟ་ཡི་སྲུང་སྔགས་བཟང་། །ཕྱེད་ཡོ ལ་ལུག་དུས་སྨྱོ་འདུལ་སྔགས་བཟླས་བཟང་། །དགོང་ཆེན་སྤྲེལ་དུས་འགོང་པོ་འདུལ་སྔགས་བཟང་། །ཉི་ཐལ་བྱ་དུས་བསྐང་གསོའི་སྔགས་བཟླས་བཟང་། །མུན་རུབ་ཁྱི་དུས་འགོང་པོ་འདུལ་སྔགས་བཟང་། །སྲོད་འཁོར་ཕག་དུས་གྲི་བོ་འདུལ་སྔགས་བཟང་། །ནམ་ཕྱེད་བྱི་བར་ཕྱྭ་གཡང་འགུགས་སྔགས་བཟང་། །ཕྱེད་ཡོལ་གླང་དུས་དྲག་པོའི་སྔགས་བཟླས་བཟང་། །ཐོ་རངས་སྟག་དུས་དགྲ་བོ་


CMR059_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བསད་སྔགས་བཟང་། ༈ །དེ་ནས་རྟེན་འབྲེལ་བཅུ་གཉིས་འགྲེལ་བཤད་ནི། །མ་རིག་དངོས་གྲུབ་དོན་བསྟན་གཉེན་དང་ཕྲད། །ཟས་ནོར་ལོངས་སྤྱོད་དབང་མཛད་བཅས་པ་རྣམས། །རིང་པོར་མ་ཐུབ་མྱུར་ཐོབ་གདོན་མི་ཟ། །འདུ་བྱེད་ལ་ནི་ལམ་དུ་འགྲོ་གྱུར་ཞིང་། །བུ་དང་ཟས་བསམ་ལམ་གྱི་བསམ་པ་ཉན། །རྣམ་ཤེས་མི་གཡོ་རབ་བརྟན་གྲོགས་པོ་བསྡུ། །སྐྱོན་མེད་ཞི་བྱེད་བྱ་བ་བསྒྲུབ་རྣམས་བརྟན། །མིང་གཟུགས་སྐྱོན་དང་ཀུན་ནས་འཇིགས་ཆེན་འབྱུང་། །རྟག་ཏུ་དོན་ཉམས་རང་གི་འཁོར་དང་བྲལ། །སྐྱེ་༧ མཆེད་དྲུག་དང་བརྩི་བའི་གྲོགས་རྣམས་ཀྱི། །བྱ་བ་དང་འཕྲད་གཉེན་དང་བུ་སྐྱ་བརྟན། །རེག་པ་སྤྱོད་པ་ཀུན་ནས་ཉོན་མོངས་ཞིང་། །རྩོད་པ་དང་ནི་རྐུན་མས་འཇིགས་པར་ཤེས། །དེ་ནས་ནད་འབྱུང་གཉེན་དང་འཁོན་པར་འགྱུར། །ཚོར་བ་ལ་ནི་བཟའ་བཏུང་ལ་སོགས་དང་། །གོས་དང་རྒྱན་ཆ་གཏོར་བའི་ནོར་རྙེད་ཅིང་། །བུད་མེད་ཡིད་འོང་དག་དང་འཕྲད་པར་འགྱུར། །སྲིད་པ་བསམ་མང་ཡིད་ཀྱིས་འདོད་པ་དང་། །དེ་དག་འབྲས་བུ་གང་ཡང་ཡོད་མི་འགྱུར། །ལེན་པ་བསྐལ་བཟང་ཞིང་བསྲུང་ཤེས་པ་དང་། །བརྟེན་དང་བཞོན་སོགས་


CMR059_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་རྣམས་རྙེད་པར་འགྱུར། །སྲིད་པ་ཉོན་མོངས་རྒྱལ་པོའི་ཆད་པ་དང་། །མྱ་ངན་ཁྱིམ་གནས་མདོག་ཉམས་སྟོབས་བྲལ་འགྱུར། །སྐྱེ་བ་ལོངས་སྤྱོད་ཡོན་ཏན་དོན་ཀུན་རྙེད། །གྲོགས་ཀྱིས་བསྔགས་པ་བརྗོད་ཅིང་མཆོད་པར་འགྱུར། རྒ་ཤི་དོན་རྣམས་ཡང་དག་བསམ་པ་ཀུན། །དེ་དག་སོག་སྦྱར་བཞིན་དུ་གཏོར་བར་བྱེད། །དེ་ནས་མཁས་པས་ལེགས་པར་བསྟན་ནས་ཀྱང་། །ཉི་མ་རྟེན་འབྲེལ་འཛོམ་འབྲས་བཟང་བ་རྣམས། །བླང་དོར་རིམ་བཞིན་བྱེད་ལས་ཤེས་པར་བྱའོ། ས་མ་ཡ། རྟེན་འབྲེལ་བཅུ་གཉིས་དགོངས་འདུས་སོར་བཞག་ཡིན། ༈ ཞག་གི་དར་རྒུད་ལ། བཅུ་གསུམ་སྤྱིའི་གནམ་སྒོ། །དགུ་གསུམ་ཤིད་ཀྱི་གནམ་སྒོ། །བརྒྱད་གསུམ་དུར་གྱི་གནམ་སྒོ། །བདུན་གསུམ་བག་མའི་གནམ་སྒོ། །དྲུག་གསུམ་མཁར་གྱི་གནམ་སྒོ། །ལྔ་གསུམ་སྟོན་མོའི་གནམ་སྒོ། །བཞི་གསུམ་དམག་གི་གནམ་སྒོ། །གསུམ་གསུམ་བུ་ཆུང་གི་གནམ་སྒོ། །གཉིས་གསུམ་ཉོ་ཚོང་དོན་གཉེར་གྱི་གནམ་སྒོ། །གཅིག་གསུམ་མགྲོན་པོའི་གནམ་སྒོ་ཡིན། །མགྲོན་སྒོར་མགྲོན་བྱས་དབུལ་པོར་འགྱུར། །དོན་གཉེར་གཞན་ཡང་སྤང་བར་བྱ། །ཚོང་སྒོར་ཚོང་བྱས་གོད་ཁ་


CMR059_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །བུ་སྒོར་བུ་བཙས་བུ་སྟོན་དང་། །བུ་ཆུང་སྒོར་ཁྲིད་བར་ཆད་འོང་། །དམག་སྒོར་དམག་ཕམ་ལན་དགུ་བར། །དམག་འདྲེན་དགོས་འོང་གཉེན་སྒོ་གཉེན། །བྱས་ན་འགྲོས་ལ་སྟོན་མོ་བརླག །མཁར་སྒོར་མཁར་ལས་འཕྲལ་གྱོད་འབྱུང་། །བག་སྒོར་བག་བྱས་ཡུགས་སར་འབབ། །དུར་སྒོར་དུར་བཏབ་དུར་སྲིས་འཕུང་། །ཤིད་སྒོ་ཤིད་བྱས་འཕྲལ་གྱོད་འབྱུང་། །སྤྱི་སྒོར་ལས་སྤྱི་དག་དང་ནི། །ཁྱད་པར་སྤྱི་ཡི་ལས་རྣམས་སྤོངས། ༈ །ཁྲོམ་རྩིས་ལེའུ་བརྒྱད་ཅུ་ལས། །ཚེས་གྲངས་ངན་རླུང་དབྱེ་བ་ནི། །བླུན་པོས་འོལ་ཚོད་སྨྲས་ན་ཡང་། །ཁོ་བོས་རྒྱུད་དང་བསྟན་ཏེ་བརྗོད། །འདིས་ཆ་འདི་ཚོར་དབྱེ་འབྱེད་ཡོངས་ཚུལ་མི་ཤེས་པའི་ཤེས་པར་འགོགས་དཀའ་བར་འདུག་པས་ཞིབ་པར་བྲིས། །ར་བ་བཞི་ཡི་གནམ་སྟོང་དང་། །འབྲིང་པོ་བཞི་ཡི་ཉི་ཤུ་དང་། །ཐ་ཆུང་བཞི་ཡི་ཚེས་བཅུ་སྟེ། །དེ་རྣམས་སྤྱི་ཡི་གནམ་སྒོ་ཡིན། །འདུ་བྱེད་བྱ་བ་བརྩམས་པར་ངན། །ར་བ་བཞི་ཡི་ཚེས་དགུ་དང་། །འབྲིང་པོ་བཞི་ཡི་ཉེར་དགུ་དང་། །ཐ་ཆུང་བཞི་ཡི་བཅུ་དྲུག་དང་། །འདི་རྣམས་ཤིད་བྱས་ཤིད་ཁ་བྱེ། །ར་བ་བཞི་ཡི་བཅོ་བརྒྱད་དང་། །འབྲིང་པོ་བཞི་ཡི་ཚེས་བརྒྱད་


CMR059_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཐ་ཆུང་བཞི་ཡི་ཉི་ཤུ་བརྒྱད། །དེ་ལ་དུར་བཏབ་ངན་པར་བཤད། །ར་བ་བཞི་ཡི་ཉི་ཤུ་བདུན། །འབྲིང་པོ་བཞི་ཡི་བཅུ་བདུན་དང་། །ཐ་ཆུང་བཞི་ཡི་ཚེས་བདུན་ལ། བག་མ་སོང་ན་ངན་པར་བཤད། །ར་བ་བཞི་ཡི་ཚེས་དྲུག་དང་། །འབྲིང་པོབཞི་ཡི་བཅུ་དྲུག་དང་། །ཐ་ཆུང་བཞི་ཡི་ཉི་ཤུ་དྲུག །དེ་ལ་མཁར་ལས་བྱས་ན་ཕུང་། །ར་བ་བཞི་ཡི་བཅོ་ལྔ་དང་། །འབྲིང་པོ་བཞི་ཡི་ཚེས་ལྔ་དང་། །ཐ་ཆུང་བཞི་ཡི་ཉི་ཤུ་ལྔ། །དེ་ལ་ཉེ་བྱས་ཞིག་སྟེ་འགྲོ། །ར་བ་བཞི་ཡི་ཉི་ཤུ་བཞི། །འབྲིང་པོ་བཞི་ཡི་བཅུ་བཞི་དང་། །ཐ་ཆུང་བཞི་ཡི་ཚེས་བཞི་རྣམས། །དམག་དང་ཇག་བྱས་རྒྱལ་མི་སྲིད། །ར་བ་བཞི་ཡི་ཚེས་གསུམ་དང་། །འབྲིང་པོ་བཞི་ཡི་ཉི་ཤུ་གསུམ། །ཐ་ཆུང་བཞི་ཡི་བཅུ་གསུམ་ལ། །བྱིས་པའི་དགའ་སྟོན་བྱ་མི་རུང་། །ར་བ་བཞི་ཡི་བཅུ་གཉིས་དང་། །འབྲིང་པོ་བཞི་ཡི་ཚེས་གཉིས་དང་། །ཐ་ཆུང་བཞི་ཡི་ཉེར་གཉིས་ལ། །ཚོང་བྱས་གོད་འབྱུང་ཕན་མ་ཐོགས། །ར་བ་བཞི་ཡི་ཉེར་གཅིག་དང་། །འབྲིང་པོ་བཞི་ཡི་བཅུ་གཅིག་དང་། །ཐ་ཆུང་བཞི་ཡི་ཚེས་གཅིག་ལ། །དོན་གཉེར་ཁ་རྗེ་ལོག་པ་དང་། །བསམ་པ་མི་འགྲུབ་པ་ཡང་བཤད། །ཁ་


CMR059_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མགྲོན་པོ་མི་བྱ་གསུངས། །ར་འབྲིང་ཐ་གསུམ་མི་དབྱེ་བར། །བྱུང་ངོ་ཅོག་གི་ཟླ་བ་ལ། །གནམ་སྒོ་ཟེར་བ་འཁྲུལ་བར་བཤད། །མདོར་ན་ཟླ་འཚམས་མ་གཏོགས་པ། །གཉིས་པོར་ས་ན་གནམ་སྒོ་ཡོད། །ཡང་གཅིག་ཡན་ཀྭང་འཆར་ཚེས་རྩིས། །ཟླ་བ་དང་པོའི་ཚེས་བཅུ་གསུམ། །གཉིས་པའི་བཅུ་གཅིག་གསུམ་པའི་དགུ། །བཞི་པའི་ཚེས་བདུན་ལྔ་པའི་ལྔ། །དྲུག་པའི་ཚེས་གསུམ་བདུན་པ་ཡི། །ཚེས་གཅིག་དང་ནི་ཉེར་དགུ་བཅས། །བརྒྱད་པའི་ཉེར་བདུན་དགུའི་ཉེར་ལྔ། །བཅུ་པའི་ཉེར་གསུམ་བཅུ་གཅིག་པའི། །ཉེར་གཅིག་རྒྱལ་ཟླའི་བཅུ་གསུམ་བཅས། །ལོ་གཅིག་ཟླ་ཞག་བཅུ་གསུམ་འདི། །དྲང་སྲོང་ཡན་ཀྭང་དབང་བར་བཤད། །འགྲོ་འདུག་ཅི་ཡང་འཛེམ་པར་གཅེས། །མ་འཛེམ་འཚེ་བ་ཅི་ཡང་འབྱུང་། །ཨར་པོ་བཟོ་རིག་བྱས་གྱུར་ནས། །མེ་རྒྱུན་འཕྲད་དང་ཆག་ཆེ་འབྱུང་། །ཁྱིམ་སྒྲིག་ཁྱིམ་ལེན་ལ་ཡང་འཛེམ། །མཐར་ཐོན་མི་འགྱུར་བཀྲ་མི་ཤིས། །འདི་ཉིན་སྐྱེ་བའི་མི་དག་ནི། །ཚེ་གང་སྡུག་བསྔལ་མང་བ་ཡིན། །དུར་བཏབ་བྱས་ན་ཕྱི་རྒྱུད་དབུལ། །ཁྲི་འདོན་བྱས་ན་ཉམས་པར་གྱུར། །ཡ་ང་མང་པོ་འབྱུང་བར་འགྱུར།


CMR059_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

༈ རེས་གཟའ་བདུན་དང་རྒྱུསྐར་ཉེར་བདུན་གྱི་འཕྲོད་སྦྱོར་བཞུགས་སོ། །ཀུན་དགའ་ལ་ནི་ནོར་རྙེད་འགྱུར། །གསོན་ལས་བཀྲ་ཤིས་ཕུན་སུམ་ཚོགས།། དུས་ཀྱི་དབྱུག་པས་འཇིག་པ་ཆེ། །བྱེས་འགྲོ་སྡུག་བསྔལ་བསམ་མི་ཁྱབ། །དུལ་བསནོར་ནི་རྣམ་པར་ཉམས། །ནོར་རྩོལ་བ་དག་བླང་མི་བྱ། །སྐྱེ་དགུ་བུ་མ་སྐྱིད་དགུ་ཤིས། །བག་མ་གཏོང་ལེན་ཁྱིམ་འཛིན་ཤིས། །ཞི་བའི་བྱ་བ་ཐམས་ཅད་འགྲུབ། །དཀར་པོ་དགེ་བའི་ལས་ཕྱོགས་འགྲུབ། །བྱ་རོག་བཀྲེས་པས་འཇིགས་པ་སྟོན། །ཆོས་སྐྱོང་ཕོ་ཉ་མངག་ལས་ཤེས། །རྒྱལ་མཚན་ལ་ནི་ནོར་རྙེད་འགྱུར། །རིག་པའི་གནས་བཟོ་གང་བརྩམ་འགྲུབ། །འཕྲོད་སྦྱོར་འདི་འདྲ་མིན་གཉིས་ནས་བྲིས། ཀུན་དགའ་ལ་ནི་ནོར་རྙེད་འགྱུར། དུས་ཀྱི་དབྱུག་པས་འཇིག་པ་ཆེ། །༡༠༢ ཆུང་འབྲུ་ནོརཟས་ལྡན་བྱེད། སྐྱེ་དགུ་གནས་སུ་བུད་མེད་བདེ། །གཞོན་ལ་བྱ་བ་ཐམས་ཅད་འགྲུབ། །བྱ་རོག་ལ་འཐོབ་འཇིགས་ཤིང་བཀྲེས། རྒྱལ་མཚན་ལ་ནི་གོས་སོགས་ཕྱུག །བཟང་། བཟང་།


CMR059_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་བེའུ་རིན་ཆེན་འདུད། །ཚོང་གི་ལས་བྱེད་ཀུན་ལ་འཇུག ། རྡོ་རྗེས་རྡོ་རྗེ་བརྡུང་བར་འགྱུར། །རང་བཞིན་དོན་ཀུན་བཤོལ་བ་ལེགས། །ཐོ་བ་ལ་ནི་འཆི་བར་འགྱུར། །རང་བཞིན་དོན་ཀུན་བཤོལ་བ་ལེགས། །གདུགས་ནི་དོན་ཀུན་འགྲུབ་པ་སྟེ། །མཚན་མའི་བྱ་བ་ཐམས་ཅད་འགྲུབ། །གྲོགས་ལ་གྲོགས་པོ་འབྱུང་བར་འགྱུར། །གཉེན་སྦྱོར་ཤིང་དང་སློབ་དཔོན་བསྡེབས།། ཡིད་ལ་དཔལ་ནི་ཐོབ་པར་འགྱུར། །གསོན་གཤིན་བྱ་བ་གང་ཡང་རུང་། །འདོད་བྱ་ནོར་རྣམས་ཐོབ་པར་འགྱུར། །གཤིན་པོའི་དྲག་ལས་ཐམས་ཅད་བཟང་། །དཔལ་བེ་ལནི་རིན་ཆེན་འདུ། །རྡོ་རྗེ་ཐོག་དང་དེང་ཞིང་འཇིགས། ཐོ་བས་འཆི་བའི་འཇིགས་པ་འབྱུང་། །གདུགས་ལ་དགྲ་ལ་གཞོམ་པར་འགྱུར། །གྲོགས་པོ་ལནི་གྲོགས་དང་འཕྲད། ཡིད་ལ་དཔལ་ནི་ཐོབ་པར་འགྱུར། འདོད་པའི་བྱ་བ་ཡིད་སྨོན་འགྲུབ། བཟང་བས།


CMR059_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

མགལ་མེ་ལ་ནི་བཟའ་བ་རྙེད། །མཚན་མའི་བྱ་བ་གང་ཡང་རུང་། རྩ་བ་ཕྲ་ལ་ཚེ་ཟད་དེ། །དམག་སོགས་གཞན་གཞོམ་ལམ་ལ་འཇུག འཆི་བས་ཆེ་ལ་ཐེ་ཚོམ་མེད། །གསོན་ལས་སྤང་ལ་འཆི་ལས་རུང་། མདའ་པས་ལུས་ཀྱི་ཡན་ལག་ཉམས། །བཟང་སོགས་རིག་གནས་གཞིར་མི་འཇུག ། དོན་འགྲུབ་བྱ་བ་ཐམས་ཅད་འགྲུབ། །གསོན་བཞིན་བྱ་བ་གང་ཡང་རུང་། །གསོན་ཞིངནད་མང་རབ་ཏུ་སྦྱིན། །གྲོགས་ཕྱིར་ཕྱུགས་ལྷས་ལ་སོགས་སྤང་། །བདུད་རྩི་འཆི་བ་མེད་ན་འགྱུར། །དྲག་ལས་སྤང་ལ་དགེ་བར་འགྲུབ། མགལ་མེ་ལ་ནི་འཐབ་རྩོད་འབྱུང་། རྩ་ཐོན་ལ་ནི་ཚེ་ཟད་འགྱུར། འཆི་བ་དག་ལ་འཆི་བ་འོང་། །མདའ་ལ་སྣ་དང་ཡན་ལག་ཉམས།་འགྲུབ་པ་བརྩམས་པའི་བྱ་བ་འགྲུབ། མདུང་ལ་ནད་ཀྱི་འཇིགས་པ་འབྱུང་། བདུད་རྩི་ལ་ནི་དགྲ་ཕུང་ངོ་། །བཟང་། །འབྲིང་། ངན། བཟང་།


CMR059_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གཏུན་ཤིང་དགའ་བས་ཅ་ཅོ་འབྱུང་། །མཐུ་གཏད་དམག་ལས་ཐོག་འདེབས་ཤིས། ནད་ལ་དགྲ་ཡིས་རྣམ་པར་འཇོམས། །དགྲ་བགེགས་འདུལ་བའི་ལས་ལ་ཤིས། གླང་ཡུལ་གླང་ཆེན་ཐོབ་པར་འགྱུར། །གཞོན་པ་ཕྱུག་པོར་བླང་བར་བྱ། །ཟད་ལ་ནོར་ནི་ཟད་པར་འགྱུར། །ཀུན་ལ་སྙོམས་པར་བྱ་བ་བཞག །སྤྱོད་པ་ཀུན་ཏུ་བདེ་བར་སྤྱོད། །བཀྲ་ཤིས་ལྷ་གསོལ་རབ་གནས་བྱ། བརྟན་པས་བྱ་བ་རྟག་ཏུ་འགྲུབ། །བརྟན་པའི་བྱ་བ་གང་ཡང་འགྲུབ། བཀྲ་ཤིས་འཁྱིལ་པས་ནོར་སྲུང་འགྱུར། །ཉོ་ཚོང་བཏང་བས་གང་ཡང་འགྲུབ། །གཏུན་ལ་གཏུན་ཤིང་རིག་པར་བྱས། གླང་པའི་དོན་ཀུན་འགྲུབ་པ་སྟེ། སྟག་མྱོས་ལ་ནི་བཞོན་པ་སྟེ། ཟད་ལ་ནོར་དང་སྐྱེ་བོ་འཛད། །གཡོ་ལ་རྒྱལ་པོའི་བྱ་བ་འགྲུབ། བསྟན་ལ་སྲིད་དེ་ཕུང་བར་བྱེད། འཕེལ་བ་ལ་ནི་ཀུན་ཏུ་རྙེད། བཟང་།


CMR059_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ། །༢ ཟླ་བ། ༣ མིག་དམར། ༤ ལྷག་པ། ༥ ཕུར་བུ། ༦ པ་སངས། །༧ སྤེན་པ། ༡ བྲ་ཉེ། ༢ སྨིན་དྲུག ༣ སྣར་མ། ང མགོ ༥ ལག ས མེ་མེ་བིས་རྫི། རླུང་སྨལ་ཕོ། ༡༠ གྲེ། ༡༡ སྔོ། ༡༢ མེ་བཞི། ༡༣ ནག་པ། ༡༤ ས་རི། ༡༥ ས་ག་༡༦ ལྷ་མཚམས། ༡༧ སྒྲོན། རྟ་ཆུང་། མེ། ཁྲ། རླུང་། བྱ་མ། རླུང་བྱའུ་བྱ་རོག རླུང་སྒོ་ང་། རླུང་སྒོང་ཀོག མེ། ལག་སོར། ས་ས་༢༡ བྱི་བཞིན། །༢༢ མོན་གྲེ། ༢༣ མོན་གྲུ། ༢༤ ཁྲུམས་སྟོད། ༢༥ ཁྲུམས་སྨད། ༢༦ ནམ་གྲུ། །༠ ཐ་སྐར། ལྡེ་གུ། བྱ་སྦོ། ས། བྱ་གཞུག ཆུ་སྒྲོག ས སེ་སྟོད། མེ སེ་སྨད། ཆུ ཤེ་པ། ཆུ དབྱུག་པ། རླུང་གདུ་བུ། ༦ ནབས་སོ། ༧ རྒྱལ། ༨ སྐག །རླུང་། རྒྱལ་སྟོད། མེ་ཆུ། རྟ་ཆེན། མེ། ༡༨ སྣུབས། ༡༩ ཆུ་སྟོད། །༢༠ ཆུ་སྨད། ༢༡ གྲོ་བཞིན། །གྲུ་མོ། སོག་པ། ཆུ། །ཕུལ། ས། བྱ་སྦོ། ས


CMR059_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་གཟའ་དང་སྐར་མ་གཉིས། །དུས་ཚོད་ཚེས་གྲངས་འཛོམ་པའི་འཕྲོད། །ས་ནང་འཕྲད་པ་དངོས་གྲུབ་སྦྱོར། །དངོས་གྲུབ་སྦྱོར་བས་བསམ་པ་འགྲུབ། །རྟེན་བཞེངས་མཁར་བརྩེགས་ཞིང་ལས་བྱ། །ཆུ་ནང་འཕྲད་པ་བདུད་རྩི་སྦྱོར། །བདུད་རྩི་སྦྱོར་བས་ཆེ་སྟོབས་འཕེལ། །སྨན་སྦྱོར་ཁྲུས་བྱ་བག་མ་བླངས། །མེ་ནང་འཕྲད་པས་འཕེལ་འགྱུར་སྦྱོར། །འཕེལ་འགྱུར་སྦྱོར་བས་ཟས་ནོར་རྙེད། །ཚོང་བྱ་འབྲུ་བཏབ་སྦྱིན་པ་གཏོང་། །རླུང་ནང་འཕྲད་པ་ཕུན་ཚོགས་སྦྱོར། །ཕུན་ཚོགས་སྦྱོར་བས་མྱུར་དུ་འགྲུབ། །འདུལ་བྱ་དོན་གཉེར་རྟ་ཕྱུགས་འདུལ། །མེ་རླུང་འཕྲད་པས་སྟོབས་ལྡན་སྦྱོར། །སྟོབས་ལྡན་སྦྱོར་བས་བཀྲ་ཤིས་བྱ། །རིམ་གྲོ་ཆོས་སྤྱོད་ལྷ་གསོལ་བཟང་། །ས་ཆུ་འཕྲད་པས་ལང་ཚོ་སྦྱོར། །ལང་ཚོ་སྦྱོར་བས་རྟག་ཏུ་སྐྱིད། །གོས་རྒྱན་རོལ་མོ་རྩེ་གར་བསྟན། །ས་རླུང་འཕྲད་པས་མི་འཕྲོད་སྦྱོར། །མི་འཕྲོད་སྦྱོར་བས་ཟས་ནོར་འཛད། །ཇག་རྐུན་འཕྲོག་བཅོམ་བྱེད་ན་བཟང་། །ཆུ་རླུང་འཕྲད་པས་མི་མཐུན་སྦྱོར། །མི་མཐུན་སྦྱོར་བས་གཉེན་བཤེས་འབྱེད། །དབྱེན་འཇུག་ཕྲ་མ་འཇུག་ན་བཟང་། །།ས་མེ་འཕྲད་པས་སྲེག་པའི་སྦྱོར། །སྲེག་པའི་སྦྱོར་བས་སྲོག་འཇོམས་བྱེད། །དམག་འདྲེན་དགྲ་བོ་འཇོམས་ན་བཟང་། །མེ་ཆུ་འཕྲད་པ་འཆི་བའི་སྦྱོར། །འཆི་བའི་སྦྱོར་བས་སྲོག་འཇོམས་བྱེད། །སྲོག་འཇོམས་མཐུ་གཏད་འཇུག་ན་བཟང་། །དེ་ལྟར་ངན་གསུམ་ཐ་ཆད་གཅིག་དང་བཅུ། །གསོ་


CMR059_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་གསུམ་དང་བཟང་གསུམ་མོ། །བྱ་བ་ཀུན་ལ་བཟང་ངན་བྱེད། །དེ་ཕྱིར་འཕྲོད་འདི་བཟུང་བར་བྱོས། ༈ །གཟའ་སྐར་སོ་སོ་བཟང་ན་ཡང་། །འཕྲོད་ངན་དེ་ཡིས་འབྲས་བུ་འགྱུར། །གཟའ་སྐར་དེ་ལས་ལྡོག་པའི་ཚེ།། འཕྲོད་བཟང་གྱུར་ན་དེ་འབྲས་འགྲུབ། །དུས་སྦྱོར་ཉི་མ་གང་སླེབས་ཁྱིམ་ནས་ནི། །ནམ་ལངས་ཕྱིན་ཆད་རིམ་པ་བཞིན། །ཉིན་ཞག་དུས་སྦྱོར་བཅུ་གཉིས་འཁོར། །དེ་ཡང་དུས་སྦྱོར་རེ་རེའི་ཆ། །རྟག་པར་ཆུ་ཚོད་ལྔ་ལྔ་ཡིན། །དུས་སྦྱོར་རེ་རེའི་འབྲས་བུ་ཡང་། །ལུག་གི་དུས་སྦྱོར་ཤར་མ་ཐག །དགྲ་དང་འཐབ་དང་དབང་བསྐུར་དང་། །འབད་རྩོལ་ལས་དང་རང་དང་གཞན། །འབྲེལ་པ་འཇུག་པའི་ལས་བྱའོ། །གླང་གི་དུས་སྦྱོར་ཤར་མ་ཐག །བག་མ་དང་ནི་བརྟན་པའི་ལས། །ཁང་པའི་བྱ་བ་སྦྱིན་པའི་ལས། །ཞིང་ཉོ་བ་དང་ཞིང་ལས་བྱེད། །འཁྲིག་པའི་དུས་ན་སྒྱུ་རྩལ་དང་། །བཟོ་དང་རྒྱན་དང་གཞན་ཡང་ནི། །ལུག་གི་དུས་སྦྱོར་ལས་རྣམས་བྱ། །ཀརྔའི་དུས་སུ་རྒྱས་པ་དང་། །རྫིང་བུའི་ལས་དང་ཁྲོན་བུའི་ལས། །གྲུབ་པའི་ལས་རྣམས་བྱ་བ་དང་། དེའི་དུས་སྦྱོར་ཤར་མ་ཐག །གྲུབ་པའི་ལས་རྣམས་བྱ་བར་བཟང་། །སེང་གེའི་དུས་སྦྱོར་ཤར་མ་ཐག །ཤེས་པར་བྱ་བའི་ལས་དང་ནི། །མི་ཡི་བདག་པོ་བསྙེན་བཀུར་དང་། །ཚོང་དང་གཞན་དང་བསྟུན་པ་དང་། །ལུག་གི་དུས་སྦྱོར་བཤད་རྣམས་བྱ། །བུ་མོའི་དུས་སུ་སྨན་གྱི་ལས། །བཟོ་དང་བརྟན་དང་གཡོ་བ་དང་། །དེ་རིང་ཟིན་


CMR059_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་སོ་གསུམ་པའི་ལས་རྣམས་དང་། །རྒྱལ་པོའི་ལས་རྣམས་འགྲུབ་པ་ཡིན། །སྲང་གི་དུས་སུ་ས་རྣམས་དང་། །ཚོང་དང་རུ་འདུལ་ལས་རྣམས་བྱ། །སྡིག་པའི་དུས་སུ་འབད་རྩོལ་དང་། །དྲག་པོའི་ལས་རྣམས་བརྩམ་པར་བྱ། །གཞུ་ཡི་དུས་སུ་གཞན་བཏུད་དང་། །རྒྱས་པའི་ལས་དབང་བག་མའི་ལས། །ཡོངས་སུ་བཟུང་དང་ནད་གསོ་དང་། །ཕྱུགས་ཀྱི་འདུལ་སྦྱོངས་གཡོ་ལས་བྱ། །ཆུ་སྲིན་དུས་སུ་ཞིང་ལས་དང་། །ཆུ་ཡི་ལས་དང་རྒྱུ་འགྲུལ་དང་། །བཅིང་དང་བཀྲོལ་དང་གཡོག་མོ་གཞུག །རྐང་བཞི་རྔ་མོང་ལས་རྣམས་བྱ། །བུམ་པའི་དུས་སུ་འགྲུབ་པའི་ལས། །བསྟན་པའི་ལས་དང་རྩིས་ཐིག་སྡུད། །ཉ་ཡི་དུས་སུ་རྩམ་པ་ནི། །ཆོས་སློབ་པ་དང་རྒྱན་འདོགས་དང་། ཕྱུགས་ཀྱི་ལས་དང་འགྲུལ་དང་ནི། །བག་མ་གཏོང་ལེན་བྱེད་པ་བཟང་། །མི་དགེ་སྡུག་བསྔལ་རྩོད་པ་སྟེ། །ལུག་གི་དུས་སྦྱོར་སྤང་བར་བྱ། །དཔལ་དང་རྙེད་དང་མཆོག་གྱུར་བཟང་། །གླང་གི་དུས་སྦྱོར་བསྒྲུབ་པར་བྱ། །སྙན་གྲགས་ཐོབ་ཅིང་བསམ་པ་འགྲུབ། །འཁྲིག་པའི་དུས་སྦྱོར་བསྒྲུབ་པར་བྱ། །རྩོད་དང་ནོར་ཉམས་འཇིགས་པ་ཆེ། །ཀརྔའི་དུས་སྦྱོར་སྤང་བར་བྱ། །བདེ་འགྲོ་འཇིགས་མེད་རྒྱལ་པོའི་མཆོད། །སེང་གེའི་དུས་སྦྱོར་བསྒྲུབ་པར་བྱ། །ཕུན་ཚོགས་སྐལ་བཟང་བུད་མེད་ཐོབ། །བུ་མོའི་དུས་སྦྱོར་བསྒྲུབ་པ་བྱ། །བསམ་པ་མི་འགྲུབ་སྡུག་བསྔལ་བས། །སྲང་གི་དུས་སྦྱོར་སྤང་བར་བྱ། །ལམ་གྲོགས་འཇིགས་བཅས་ནོར་རྣམས་ཉམས། །


CMR059_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་དུས་སྦྱོར་སྤང་བར་བྱ། །འགྲོ་འོང་བསམ་འཕེལ་ཙམ་ལས་རྒྱལ། །གཞུ་ཡི་དུས་སྦྱོར་བསྒྲུབ་པར་བྱ། །འཐབ་རྩོད་ཉོན་མོངས་གཟའ་ཡི་གནོད། །ཆུ་སྲིན་དུས་སྦྱོར་སྤང་བར་བྱ། །ཕུན་ཚོགས་ནོར་རྙེད་རྒྱལ་སྲིད་ཐོབ། །བུམ་པའི་དུས་སྦྱོར་བསྒྲུབ་པར་བྱ། །ལས་འགྲུབ་ནོར་རྙེད་བརྟན་པ་ཐོབ། །ཉ་ཡི་དུས་སྦྱོར་བསྒྲུབ་པར་བྱ། ༈ ལེའུ་གཅིག །འདི་རྣམས་ཀུན་གྱི་བརྩི་ཚུལ་ཡང་། །གཟའ་སྐར་བཟང་ངན་མི་འདྲ་ན། །གཟའ་ཉིད་གཙོ་བོར་ཤེས་པར་བྱ། །སྐར་ཚེས་བཟང་ངན་མི་འདྲ་ན། །སྐར་མ་གཙོ་བོར་ཤེས་པར་བྱ། །བྱེད་པ་སྦྱོར་བ་མི་འདྲ་ན། །བྱེད་པ་ཤིན་ཏུ་གཉེན་པས་གཙོ། །ཉི་མ་དུས་ཚོད་མི་འདྲ་ན། །དུས་ཚོད་མཚོན་ཆ་རྣམས་ལ་གཙོ། །ཐམས་ཅད་བཟང་ངན་མི་འདྲ་ན། །འཕྲོད་ཉིད་གཙོ་བོར་ཤེས་པར་བྱ། །དམིགས་བསལ་བྱུང་ན་དེ་ཉིད་གཙོ། །བཟང་ངན་འབྲས་བུ་མི་འདྲ་ན། །མང་ཉུང་སྟོབས་ཀྱི་ཁྱད་པར་བརྩི། །དེ་ལ་དང་པོ་རཱ་ཧུ་སྟེ། །གཟའ་སྐར་ཚེས་དང་འབྱེད་པ་དང་། །སྦྱོར་བ་ཉི་ཤུ་བདུན་པོ་རྣམས། །སྔ་མ་སྔོན་བཞིན་རིམ་པས་སྟོབས། །འོག་མ་རིམ་བཞིན་ནུས་པ་ཆུང་། །འདི་རྣམས་ཀུན་གྱི་ནུས་པ་ཡང་། །ཏཏྟཱལ་དུས་སྦྱོར་དེ་ལ་ཚང་། །དམིགས་བསལ་གཙོ་བོའི་རྒྱུ་མཚན་ནི། །དཔེར་ན་བཟོ་བའི་ལག་ཆ་འདྲ། །མཐུན་འཕྲོད་གཙོ་བའི་རྒྱུ་མཚན་ནི། །མི་གཉིས་གྲོས་མཐུན་བྱས་པ་འདྲ། །དུས་སྦྱོར་གཙོ་བའི་རྒྱུ་མཚན་ནི། །གཟའ་སྐར་བྱེད་སྦྱོར་བཞིའི་


CMR059_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དུས་སྦྱོར་རེ་རེའི་ཁྱིམ་ལ་ཚང་། ཞེས་དང་། ༈ སྤྱི་གཟའ་སྐར་གཞན་ལས་འཕྲོད་སྐར་ཚེས་གྲངས་གལ་ཆེ་སྟེ། སྒར་བཀྱག་འཇོགས་ཐམས་ཅད་འདི་དང་བསྟུན། ཚེས་༢་༨་༡༤་༢༠་༢༦རྣམས་དྲུག་ཚག༦་༡༢་༡༨་༢༤་༣༠རྣམས་ཏ་ཧོ་རྟའི་ཉི་མ་སྟེ་རྟ་ཤི་སྒ་ཆག་བོར་གཏོར་ཁ་མཆུ་དགྲ་རྐུན་དང་ཐུགས་འཕྲད་སྨྲས་འགྲམ་སོགས་འོང་བར་བཤད་པས་འཛེམ་པ་གལ་ཆེ། གཞན་ཡང་ཉི་མ་ནག་ཆེ་ཆུང་མེ་དུད་ལའང་འཛེམ་ཐུབ་ན་བཟང་། ཉི་མ་མེ་བཞི་འགྲུབ་སྦྱོར་ལ། །བྱ་བ་ཐམས་ཅད་བཟང་ལགས་ཀྱང་། །སྦྲ་གུར་ཁང་ཁྱིམ་ཕུབ་མི་བྱ། །ཟླ་བ་གྲོ་བཞིན་འགྲུབ་སྦྱོར་ལ། །བྱ་བ་ཐམས་ཅད་བཟང་ལགས་ཀྱང་། །དམག་ཇག་སོང་ན་ཁ་ཉེས་འོང་། །མིག་དམར་ཚངས་དབྱུག་འགྲུབ་སྦྱོར་ལ། །བྱ་བ་ཐམས་ཅད་བཟང་ལགས་ཀྱང་། །ནོར་བཙང་ར་བ་སྟོང་བར་འགྱུར། །ལྷག་པ་ལྷ་མཚམས་འགྲུབ་སྦྱོར་ལ། །བྱ་བ་ཐམས་ཅད་བཟང་ལགས་ཀྱང་། །བག་མ་བླངས་ན་ཁྱོ་ག་བོ་འཆི། །རྒྱལ་དང་ཕུར་བུ་འགྲུབ་སྦྱོར་ལ། །བྱ་བ་ཐམས་ཅད་བཟང་ལགས་ཀྱང་། །ཤིད་བྱས་མི་གཡང་ཉམས་པར་བཤད། །པ་སངས་ནམས་གྲུའི་འགྲུབ་སྦྱོར་ལ། །བྱ་བ་ཐམས་ཅད་བཟང་ལགས་ཀྱང་། །བག་མ་བླངས་ན་བུ་མི་འབྱུང་། །སྤེན་པ་སྣར་མའི་འགྲུབ་སྦྱོར་ལ། །བྱ་བ་ཐམས་ཅད་བཟང་ལགས་ཀྱང་། །བུ་ཚ་མི་ཡུལ་བཏོང་མི་བྱ། །ཉི་མ་སྨིན་དྲུག་རྣམ་སྒོ་འཛོམས། །ལྷ་གསོལ་བདུད་ཀྱི་ཉི་མ་ཡིན། །ཟླ་བས་ལྕགས་ཀྱི་


CMR059_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཁྲ་ཞོན། །བག་མ་བཏང་ལེན་བདུད་ཉི་ཡིན། །དམག་དཔོན་ལག་ན་སྣ་རེ་ཐོགས། །དམག་དཔོན་བདུད་ཀྱི་ཉི་མ་ཡིན། །ལྷག་པའི་ལག་ན་ཁ་རུ་བཅུག །གཏོ་མོ་བྱེད་པའི་བདུད་ཉི་ཡིན། །ཕུར་བུ་མགོ་ཡི་གདན་ལ་བབ། །བན་བོན་མི་དཔོན་བདུད་ཉི་ཡིན། །པ་བ་སངས་ཀྱིས་རྒྱལ་ལ་ཞོན། །ཆེ་བཙན་བདུད་ཀྱི་ཉི་མ་ཡིན། །སྤེན་པ་གསེར་གྱི་སྒྲོག་ཏུ་བཅུག །རྟ་ཚང་བདུད་ཀྱི་ཉི་མ་ཡིན། །ལེགས་བྱས་བྱོལ་ཞིང་དགྲ་རྒོལ་བཟང་། ཞེས་སོ། །གཏན་དུ་སྤང་བའི་ཚེས་གྲངས་ནི། དཔྱིད་གསུམ་་བཅོ་ལྔ་བཅུ་བཞི་ཉི་ཤུ་ལྔ། །དབྱར་གསུམ་བརྒྱད་དང་བཅུ་དྲུག་གནམ་གང་ལ། །སྟོན་གསུམ་དགུ་དང་བཅོ་བརྒྱད་གནམ་གང་ལ། དགུན་གསུམ་བཅུ་དང་ཉི་ཤུ་གནམ་གང་ཞེས་བྱ་བ་གང་ལ་མི་དགེ་འཛེམ་པར་བྱ། ཡང་ཅིག་ཡན་ཀྭང་འཆར་ཆེས་རྩིས་སོགས་འབྲེལ། །སྐར་མའི་ཆུ་ཚོད་འདས་པ་ཡིན། །གཟའི་ཆུ་ཚོད་མ་འོང་པར་གསུངས་པས། སྐར་མའི་འོག་གི་ཆུ་ཚོད་དེ། ནམ་ལངས་ཚར་ནས་ཡོལ་སོང་བའི། ཆུ་ཚོད་དྲུག་ཅུའི་འཕྲོད་ཇི་འདུག །སྐར་མ་དེ་ལ་དབང་བ་ཡིན། །ནམ་ལངས། ཉི་ཤར། ཉི་དྲོས། ཉིན་ཕྱེད། ཕྱེད་ཡོལ། ཉི་མྱུར། ཉི་རྒལ། ས་སྲོད། སྲོད་འཁོར། ནམ་ཕྱེད། ཕྱེད་ཡོལ། ཐོ་རངས་བཅས་དུས་ཚོད་བཅུ་གཉིས་ཀྱི་ཆུ་ཚོད་རེ་རེ་ལ་ཆུ་ཚོད་ལྔ་རེ་བརྩིས་པས་ཆུ་ཚོད་དྲུག་ཅུ་དེ་སྐར་མ་རེ་ལ་ཉིན་མཚན་ཆ་གཅིག་ལ་དབང་བར་འདུག་ཅེས་སོ།


CMR059_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཟླ་བའི་གནམ་ཁྱི་དཔྱིད་སྟག་ཡོས་འབྲུག་གསུམ་ལ་ཟླ་བ་ལ་འདི་ལྟར། ༈ དབྱར་སྦྲུལ་རྟ་ལུག་གསུམ་ཟླ་བ་གནམ་ཁྱི་འདི་ལྟར་གནས། ༈ དེ་ནས་ཟླ་བའི་གནམ་ཁྱི་འདི། །བག་མ་འགྲོ་ཕྱོགས་དག་ལ་ཁ ལྟོ་བ རྐང་པ མཇུག དཔྱིད རྒྱབ ལྟག རྒྱབ ལྟག ལག ཁ་ལྟོ་བ རྐང་པ མཇུག དཔྱིད བརྩི།།གནམ་ཁྱིའི་ཁར་སོང་རབ་འཆད་ཅིང་། །གཉའ་བར་སོང་ནུབ ནུབ་བྱང་བྱུང་། བྱང་ཤར ཤར ཤར་ལྷོ ལྷོ ལྷོ་ནུབ ནུབ ནུབ་བྱང་བྱང་བྱང་ཤར་ན་གཉའ་བ་བཅིངས། །རྒྱབ་ཏུ་སོང་ན་ཚེ་ཐུང་ལ། །དཔྱི་མགོར་༈ སྟོན་སྤེལ་བྱ་ཁྱི་གསུམ་ཟླ་བ་ལ་གནམ་ཁྱི་འདི་ལྟར་གནས།། ༈ དགུན་ཕག་བྱི་བ་གླང་གསུམ་ཟླ་བ་ལ་གནམ་ཁྱི་འདི་ལྟར། སོང་ན་ནོར་ལ་ངན། །རྔ་མར་སོང་ན་སྲིད་རྒྱུད་འཆད །རྐང་པར་མཛུག དཔྱི་ལྟ རྒྱབ ལྟག ལག ཁ ལྟོ་བ རྐང་པ་ལྟོ་བརྐང་པ མཇུག དཔྱི རྒྱབ ལྟག ལག ཁ སོང་ན་དབུལ་པོ་ཡོང་། །ལྟོ་བར་སོང་ན་དཔལ་ཆེ་བཟང་། །ཤར ཤར་ལྷོ ལྷོ ལྷོ་ནུབ ནུབ ནུབ་བྱང བྱང་བྱང་ཤར། ཤར ཤར་ལྷོ་ལྷོ ལྷོ་ནུབ ནུབ ནུབ་བྱང བྱང་བྱང་ཤར ལག་པར་སོང་ན་མི་བདག་འཆི།ལྟོ་བ་མ་གཏོཊ་ཀུན་ལ་ངན།


CMR059_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་ཕོ་དྲུག་སྟག་འབྲུག་རྟ་སྤྲེལ་ཁྱི་བྱི་ལ་ཞག་གི་གནམ་ཁྱི་ཚེས་གཅིག་མཆུ་ནས་གཡས་སུ་བསྐོར་བའོ། །ཟླ་བ་མོ་དྲུག་ཡོས་སྦྲུལ་བྱ་ཕག་གླང་ལ་ཞག་གི་གནམ་ཁྱིམ་ཚེས་གཅིག་མཇུག་མ་ནས་གཡོན་དུ་བསྐོར་བའོ།།


CMR059_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་གལ་ཆེན་གནམ་ཁྱི་རྩིས། །ཟླ་བ་ཕོ་དྲུག་ཤར་བའི་ཚེ། །ཚེས་གཅིག་མཆུ་ལ་ཚེས་གཉིས་སྣ། །དེ་བཞིན་གཡས་སུ་བསྐོར་བར་རྩིས། ༈ །ཟླ་བ་མོ་དྲུག་ཤར་བའི་ཚེ། །ཚེས་གཅིག་མཇུག་མ་ཚེས་གཉིས་རྒྱབ། །དེ་བཞིན་གཡོན་དུ་བསྐོར་བར་རྩིས། །བརྩི་ཚུལ་ལིང་ཚེ་ཉིད་དུ་གསལ། ༈ །མཆུ་ལ་ཕོག་ན་ཁ་མཆུ་འོང་། །སྣ་ལ་སྣ་སར་སྤུ་གྲི་ཐོགས། །མིག་ལ་མིག་འདྲའི་བུ་གཉིས་སྐྱེ། །རྣ་བར་བུ་གཉིས་རྣ་མཆོག་འདྲ། །ལྟག་པ་ལ་ནི་གཉའ་བ་བཅིང་། །རྒྱབ་ལ་རབས་ཆད་མི་རུང་རྒྱབ་ནས་ངན། །མཇུག་མ་ལ་ནི་བུ་མོ་དགུ །རྐང་པར་ལྕགས་ཀྱུ་བཤལ་བའི་ཕྱིར། །ཕ་མིང་ནོར་ལ་ངན་པ་ཡིན། །སྦོའམ་ལྟེ་བ་མངལ་ཚིག་སྟེ། །བུ་རྒྱུད་དཀོན་ཀྱང་ཉེས་སྐྱོན་ཆུང་། །ལྟོ་བ་འམ་ལག་པ་བུ་མང་བཟང་། །ཐོང་དཀར་རྨོངས་ཀྱང་རུང་བ་ཙམ། །ལྐོག་མར་ངན་ཏེ་རུང་ཙམ་ཡིན། ཞག་གི་གནམ་ཁྱིའི་རྩིས་སོ། ༈ །དེ་ནས་དུས་ཚོད་གནམ་ཁྱི་ནི། །ཕོ་དྲུག་མཆུ་ནས་གཡས་སུ་བསྐོར། །མོ་དྲུག་མཇུག་ནས་གཡོན་བསྐོར་རྩིས། །བརྩི་ཚུལ་ལིང་ཚེ་ནང་བཞིན་ཏེ། །བཟང་ངན་ཞག་གི་གནམ་ཁྱིར་མཚུངས། །བག་རྩིས་གཙོ་བོ་གནམ་ཁྱི་རང་། །ཡིན་ཞེས་རྩིས་གཞུང་ཀུན་ནས་བཤད། །ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་


CMR059_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ན་ཕྲ་དུས་ཁོང་ལ་ཉེ་བར་མཁོ་བའི་སྐར་ཡིག་ཉུང་བསྡུས་དོན་གསལ་བ་ཞིག་བྲི་དགོས་ཞེས་ནན་གྱིས་བསྐུལ་ནས་དགོངས་འདུས་སྐར་མཛོད། ས་སྐྱའི་སྐར་མཛོད་སོགས་ཡིག་ཁུངས་བཙུན་པ་བཞི་ལྔ་ཞིག་དོན་བསྡུས་ཏེ་ཚིག་སྦྱར་ལ་དོན་འཐུས་པར་བྱས་པའི་སྙིགས་དུས་ཀྱི་རྩིས་མཁན་མཁས་པར་གྲགས་པ། ༧ ཨ་རཱ་གས་སྦྱར་བ་སྟེ། དཀར་རྟག་འདི་ཐམས་ཅད་འཛེམ་དགོས་པ་ཁོ་ནའང་མ་ཡིན་ཏེ་ལེགས་པར་ལྟོས་དང་གསལ། རྟེན་འབྲེལ་བཅུ་གཉིས་ནི་དགོངས་དུས་སྐར་མཛོད་སོར་བཞག་ཡིན་པས་ས་རིས་དང་འགྲིག་དཀའ་བར་སྣང་། ཆད་ལྷག་དང་མེ་དུད་སོགས་ནི་ལི་ཐོར་བལྟ་དགོས། ནག་རྩིས་ལུགས་ནི་ཆད་ལྷག་འགའ་རེ་མི་སྤང་ངམ་སྙན་བརྒྱུད་འདུལ་བའི་ལུགས་དང་སྔར་གྱི་སྔགས་པ་རྣམས་ཀྱི་ཕྱག་ལེན་མ་ཤེས་ན་ཟླ་བ་དྲུག་ལ་གསལ་སྟོང་ཆད་པར་རྩིས་པའི་དོན་འགྲིགས་སོ། །མངྒ་ལཾ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱུར་ཅིག །སརྦ་མངྒ་ལཾ། །


previousསྐར་ཡིག་བསྡུས་པ་འདུས་པ་ཀུན་ཚང་བདེ་ལེགས་ཀུན་འབྱུང་།next