Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགེ་རྩ་མི་ཟད་གཏེར་དུ་སྦས་པ་བསྔོ་བའི་གདམས་ངག
   


 
previousདགེ་རྩ་མི་ཟད་གཏེར་དུ་སྦས་པ་བསྔོ་བའི་གདམས་ངགnext

དགེ་རྩ་མི་ཟད་གཏེར་དུ་སྦས་པ་བསྔོ་བའི་གདམས་ངག


CMR059_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་རྩ་མི་ཟད་གཏེར་དུ་སྦས་པ་བསྔོ་བའི་གདམས་ངག་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཀོན་མཆོག་གསུམ་དང་ཌཱཀི་ཆོས་སྐྱོང་ཚོགས། །ཆོས་ཉིད་ཆོས་ཅན་འགོག་དང་ལམ་གྱི་བདེན། །བདེ་ལྡན་ཇི་སྙེད་མཆིས་པའི་བདེན་སྟོབས་དང་། །འདི་ལྟར་བགྱིས་པའི་དགེ་བས་མཚོན་བྱས་ཏེ། །བདག་གཞན་དུས་གསུམ་དགེ་བ་ཅི་བསགས་མཐུས། །སྤྱིར་དུ་ནམ་མཁས་ཁྱབ་པའི་སེམས་ཅན་དང་། །ཁྱད་པར་བསྔོ་བའི་འབྲེལ་བ་བཞག་པ་དང་། །བདག་དང་བདག་གི་ཕ་མ་སློབ་དཔོན་དང་། །སློབ་མ་བྲན་གཡོག་ཡོན་བདག་སྒོ་ནོར་བཅས། །འོ་ཞོ་འཐུང་དང་ཤ་ཟོས་སེམས་ཅན་རིགས། །རྨོའི་ཁལ་བསྐོལ་སྤྱོད་རྟ་དྲེལ་ཞོན་པ་དང་། །སྲོག་ཆགས་བསད་དང་ཤི་ཤོར་ལ་སོགས་པ། །ཟས་ནོར་ཆོས་ཀྱིས་འབྲེལ་བའི་ཚེ་འདས་སོགས། །གཉེན་དང་ཉེ་འབྲེལ་རེ་ལྟོས་གང་ཡོད་དང་། །སྤུ་དང་ཤུན་པ་ལ་སོགས་གྱོན་པ་དང་། །བཟང་ངན་ལས་ཀྱིས་འབྲེལ་བའི་འགྲོ་བ་ཀུན། །མི་གཙང་ལུས་འདི་བོར་བ་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་དེ།


CMR059_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །ཅེས་པ་ཀརྨ་ཨ་རཱ་གས་བསྔོ་སྨོན་མ་བརྗེད་ཟེར་མཁན་མང་དུ་བྱུང་དུས་བྲིས་པའོ།། །།


previousདགེ་རྩ་མི་ཟད་གཏེར་དུ་སྦས་པ་བསྔོ་བའི་གདམས་ངགnext