Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨོན་ལམ།


 
previousསྨོན་ལམ།no next

སྨོན་ལམ།


CMR059_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་ཏྲ་ཡཱ་ཡ། མཆོག་གསུམ་རྩ་བ་གསུམ་གྱི་བདེན་པའི་མཐུས། །གསང་སྔགས་རིག་སྔགས་གཟུངས་སྔགས་མདོ་ལུགས་དང་། །བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་བླ་མེད་རྒྱུད། །དབང་ལུང་སྒོམ་ཁྲིད་ངོ་སྤྲོད་མན་ངག་གནང་། །བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །དམ་ཆོས་ཐོས་བསམ་སྒོམ་སྒྲུབ་གང་བགྱིས་པ། །དགེ་བའི་རྩ་བ་ཕ་མ་སྤུན་ཟླ་དང་། །སློབ་མ་བྲན་གཡོག་ཡོན་མཆོག་ཉེ་འབྲེལ་བཅས། །རེ་ལྟོས་བཅས་པའི་ཤི་གསོན་འབྲེལ་ཐོགས་དང་། །དེ་དག་གཙོར་བྱས་སྒོ་ནོར་དྲིན་ཅན་གྱི། །སྤུ་གྱོན་འོ་འཐུང་མར་དང་ཤ་ཁྲག་ཟོས། །འོག་རྟ་འགེལ་ཁལ་སྒོ་བཤས་བཤའ་བཏུབ་དང་། །རིག་དང་མ་རིག་འབུ་སྲིན་བསད་པ་དང་། །སྲོག་ཆགས་བསད་དང་ཤི་ཤོར་ལ་སོགས་པ། །བཟང་ངན་ལས་ཀྱིས་འབྲེལ་བའི་སེམས་ཅན་ཀུན། །སྤྱིར་དུ་ནམ་མཁས་ཁྱབ་པའི་འགྲོ་བ་རྣམས། །བླ་མེད་བྱང་ཆུབ་ཆེན་པོ་ཐོབ་ཕྱིར་བསྔོ། །མཆོག་གསུམ་རྩ་བ་གསུམ་གྱི་བདེན་པའི་མཐུས། །སྨོན་ལམ་ཅི་བཏབ་དེང་འདིར་འགྲུབ་གྱུར་ཅིག །ཏདྱ་ཐཱ། པཉྩ་དྲི་ཡ་ཨ་ཝ་བྷོ་དྷ་ན་ཡེ་སྭཱ་ཧཱ། ཞེས་རྒྱུན་བསྔོ་རྒྱུར་རཱ་ག་ཨ་སྱས་མཛད་པའོ།


previousསྨོན་ལམ།no next