Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

34 occurrences of ཆུ་བཟང་
[Clear Hits]


  
  
  
 
བག་རྩིས་རྒྱ་མོ་དར་ཚག
  
  
 
  
 
 
 
 
  
  
 
  
  
  
 
  
 
13   
  
  
 
  
  
  
  
  
  
  
  
  
  


34 occurrences of ཆུ་བཟང་
[Clear Hits]

 
previousབག་རྩིས་རྒྱ་མོ་དར་ཚགnext

བག་རྩིས་རྒྱ་མོ་དར་ཚག


CMR059_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བག་རྩིས་རྒྱ་མོ་དར་ཚག་བཞུགས་སོ། །འཇམ་དཔའི་དབྱངས་ཀྱི་སྐུ་ལ་འདུད། །བག་རྩིས་རྒྱ་མོ་དར་ཚག་ལས། །མཐུན་སྦྱོར་གཉེན་གྱི་གདམས་ངག་བཤད། །སྐྱེས་པའི་སྲོག་ལུས་དབང་ཐང་དང་། །རླུང་རྟ་རུས་ཁམས་ལྔ་པོ་དང་། །བུད་མེད་སྲོག་སོགས་ལྔ་པོ་འཐབ། །སྐྱེས་པའི་སྲོག་དང་བུད་མེད་ཀྱི། །སྲོག་ལུས་དབང་ཐང་རླུང་རྟ་དང་། །རུས་ཁམས་ལྔ་པོ་འཐོབ་པར་བྱ། ༈ །དེ་བཞིན་སྐྱེས་པའི་ལུས་དང་ནི། །བུད་མེད་སྲོག་སོགས་ལྔ་པོ་འཐབ། །དེ་བཞིན་སྐྱེས་པའི་དབང་ཐང་དང་། །བུད་མེད་སྲོག་སོགས་གོང་ལྟར་འཐབ། །དེ་བཞིན་སྐྱེས་པའི་རླུང་རྟ་དང་། །བུད་མེད་སྲོག་སོགས་ལྔ་པོ་འཐབ། །དེ་བཞིན་སྐྱེས་པའི་རུས་ཁམས་དང་། །བུད་མེད་སྲོག་སོགས་ལྔ་པོ་འཐབ། །དཀར་ནག་རྩིས་་ལ་ཁ་དམར་བརྟག །ཡང་ན་སྐྱེས་པ་བུད་མེད་གཉིས། །ཕན་ཚུན་གོ་བཟློག་བྱས་ལ་འཐབ། །དེ་ལྟར་རྗེལ་བུ་ལེགས་བཀྲམ་ནས། །མན་ངག་འདི་ཡིས་བཀྲོལ་བར་བྱ། །སྐྱེས་པ་སྲོག་རྒྱལ་མཐུན་པར་འབྱུང་། །འགྲོགས་ཡུན་རིང་ཞིང་ན་ཚ་དཀོན། །ལུས་མཐུན་ན་ནི་བུ་ཚ་འཕེལ། །ན་ཚ་དཀོན་ཞིང་ཚེ་རིང་ངོ་། །དབང་ཐང་གཉིས་པོ་མཐུན་གྱུར་ན། །ཟས་


CMR059_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་འཕེལ་ཞིང་སྐྱིད་པར་འབྱུང་། །རླུང་རྟ་གཉིས་པོ་མཐུན་གྱུར་ན། །ཀུན་གྱིས་བཀུར་ཞིང་བསྟོད་པར་འགྱུར། །རུས་ཆེན་མཐུན་ན་འགྲོགས་ཡུན་རིང་། །ངན་པའི་མཚན་ཉིད་བཤད་པ་ལ། །ཕོ་མོ་སྲོག་གཉིས་མ་མཐུན་ན། །ན་ཚ་མང་ཞིང་འགྲོགས་ཡུན་ཐུང་། །ལུས་མ་མཐུན་ན་ནད་མང་ཞིང་། །བུ་ཚ་དབང་པོ་སྐྱོན་ཅན་སྐྱེ། །དབང་ཐང་གཉིས་པོ་མ་མཐུན་ན། །ནོར་མི་ཆགས་ཤིང་སྤྲང་པོར་འགྲོ། །གཡང་འབོད་ནོར་སྒྲུབ་གསེར་འོད་བྲི། །རླུང་རྟ་གཉིས་པོ་མི་མཐུན་ན། །མི་ཁ་ལྡང་ཞིང་དགྲ་རྐུན་ལྡང་། གཏོར་བརླག་གོད་ཁ་མང་དུ་འོང་། །བཟང་བྱས་ངོ་སོ་གཞན་གྱིས་ཁྱེར། །དགྲ་ཆོས་དགྲ་བྲུབ་དགྲ་མནན་བྱ། །རུས་ཆེན་འབྱུང་བ་གང་ཕམ་སྟེ། །སྔོན་ལ་ཤི་བ་ཐེ་ཚོམ་མེད། །དཔེར་ན་མེ་ཆུ་འཕྲད་པ་ལ། །མེ་ས་སྔོན་ལ་འཆི་བར་བཤད། །བཙས་ཀླུང་གཉིས་པོ་མཐུན་གྱུར་ན། །བུ་ཚ་རིགས་རྒྱུད་བཟང་པོར་སྐྱེ། །དེ་ལྟར་སྲོག་ལུས་དབང་ཐང་དང་། །རླུང་རྟ་རུས་ཁམས་ལྔ་པོ་ཡི། །སྐྱེས་པ་དང་ནི་བུད་མེད་གཉིས། །གང་འཐབ་རང་གི་ཞལ་ལས་ཤེས། །རྡེའུ་ཉི་ཤུ་རྩ་ལྔ་འབྱུང་། །འདི་ནི་མཐུན་སྦྱོར་མན་ངག་ཡིན། །བག་རྩིས་སྨེ་བ་ཆེན་པོ་ཡི། །


CMR059_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པ་ཁུག་པ་ཡང་ཁུག་བཤད། །ཡར་བཞི་སྲོག་གི་སྨེ་བ་ཡིན། །བར་པ་ལུས་ཀྱི་སྨེ་བ་ཡིན། །རླུང་སྨེ་རླུང་རྟ་ལོ་ཡི་སྨེ། །དེ་ནས་ཁྲ་མོ་གླིང་དགུ་ལས། །སྐྱེས་པ་བུད་མེད་གཉིས་པོ་ཡི། །སྲོག་སྨེ་གཉིས་པོ་གར་འདུག་ལྟ། །དེ་བཞིན་ལུས་སྨེ་གར་འདུག་ལྟ། །དབང་སྨེ་གཉིས་པོ་གར་འདུག་ལྟ། །རླུང་སྨེ་གཉིས་པོ་གར་འདུག་ལྟ། །དེ་བཞིན་གཏན་ལ་ཕེབས་ནས་ཀྱང་། །དང་པོ་གསུམ་ལ་བབ་པ་ན། །གནམ་ལ་སྤྲིན་ལྡིང་ཞེས་བྱ་རབས། །བར་མ་གསུམ་ལ་བབ་པ་ན། །སྤྲིན་འོག་ཉི་མ་ཤར་ཞེས་བྱ། །ཐ་མ་ཐགསུམ་ལ་བབ་པ་ན། །ས་གཞི་ལ་ནི་ཞག་ཆོགས་སོ། །སྐྱེས་པའི་སྲོག་ལ་བུད་མེད་སྐྱོབ། །འགྲོགས་ཡུན་རིང་ཞིང་ཤིན་ཏུ་བཟང་། །ཕོ་ལུས་མོ་ལུས་གྲོགས་སུ་འགྱུར། །བུ་ཚ་དབང་པོ་སྐྱོན་མེད་སྐྱེ། །སྐྱེས་པའི་དབང་ཐངལོ་ཡི་གྲོགས། །ཟས་ནོར་ལོངས་སྤྱོད་འཕེལ་བར་འགྱུར། །སྐྱེས་པའི་རླུང་རྟ་བུད་མེད་བྱམས། །གོང་མའི་བྱམས་ཤིང་དུད་འགྲོ་འཕེལ། །བུད་མེད་སྲོག་གིས་ཕོའི་སྲོག་གཅོད། །སྲོག་འཁོར་ཚེ་འཁོར་ཚེ་གཟུངས་བྱ། །བུད་མེད་ལུས་ཀྱིས་སྐྱེས་པ་གཅོད། །ལུས་བསྒྱུར་མིང་སྤོས་འཁོར་ལོ་འདོགས། །བུད་


CMR059_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དབང་ཐང་སྐྱེས་པ་གཅོད། །གསེར་འོད་གཡང་སྐྱབས་གཡང་འཁོར་འདོགས། །གཉེན་པོ་མཐུན་གསུམ་ལོ་པས་བྱ། །སྲོག་གི་མ་ཡི་གྲོགས་ཀྱི་སྣ་ཁྲིད་བྱ། །ལུས་ཀྱི་མ་ཡི་རྟ་ཁྲིད་བྱ། །ལུས་ཀྱི་ཁ་དོག་རྟ་ལ་ཞོན། །རླུང་རྟའི་གཤེད་ཀྱི་སྣ་ལེན་བྱ། །དབང་ཐང་མ་་་བག་མའི། ཡི་སྣ་ཟས་བཞིན། །སྤར་ཁ་གང་བབ་ཤ་་་ལམ་ལ་མ་ནོར་ཤ་སོགས། ཟས་སྦྱིན། །སྤར་ཁ་གང་བབ་འཕྲུ་མོ་བཙུགས། །སྲོག་གི་གྲོགས་ཕྱོགས་འདུག་པ་བྱ། །ལུས་ཀྱི་མ་ཕྱོགས་ལྷ་ས་བྱ། །སྲོག་གི་ཁ་དོག་གདན་དུ་བཏིང་། །ལི་ལ་འཕྲུ་དམར། །བདུན་ཟུར་ལོ་པས་སྣ་མེ་འབུད། །ལི་ཁོན་བག་མ་འགྲོ་ས་མེད། །ཕོ་རྟ་མོ་ཉིན་མཚོན་གྲིར་འཆི། །ཕོ་གིན་མོ་ཁོན་གོད་ཁ་ཆེ། །ཕོ་ཁེན་མོ་ཉོག་སྨྱོ་འབོག་འོང་། །གཉིས་ནག་བདུན་དམར་བབ་མ་སྤང་། །ལི་ཐོག་བག་མའི་སྣར་མི་འདུག །རང་་་བག་མའི། ལོ་ཟླ་ཉི་དུས་ཚོད་འཛེམ། །ལོ་ཟླ་བག་མའི་བདུན་ཟུར་ཛེམ། །དགུ་དམར་་་་སྐྱེས་སྨེ། གཉིས་་་འཕུར་སྨེ། འཛེམ་གཡང་་་་ཕ་མྱང་གི འབོད་དགོས། །བཀྲ་ཤིས་ཁྲ་མོ་གླིང་དགུ་ཡི། །དང་པོ་ལ་ནི་བབ་པ་ན། །གནམ་སྨན་འགོ་བོ་རབསཀྱི་རབས། །ཕོ་མོ་གཉིས་ནི་གཅིག་གི་


CMR059_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །སྟེང་དུ་སྡུག་ཅིང་གསོ་བ་དང་། །དཔལ་དང་ལྷ་སྲུང་འགོ་བ་དང་། །བསམ་དགུ་འགྲུབ་སྟེ་བཟང་བའོ། །སྲོག་བསྐྱེད་པ་ནི་རབས་ཀྱི་འབྲིང་། །བུ་ཚ་ནོར་ཕྱུག་འཕེལ་བ་དང་། །ནད་དཀོན་ཚེ་ལ་བར་ཆད་མེད། །གདོན་བགེགས་དག་གིས་མི་ཚུགས་ཤིང་། །བསམ་པ་ཐམས་ཅད་འགྲུབ་པ་ཡིན། །དཔལ་བསྐྱེད་པ་ནི་རེབསཀྱི་མཐའ། །དཔལ་དང་ཟ་སྒང་ཆེ་བ་དང་། །ཉེར་དགུ་གོད་ཟད་མི་འབྱུང་ཞིང་། །བསོད་ནམས་འབྲས་བུ་ཆུད་མི་ཟ། །ནད་སྡེབ་ཕྱུ་དོན་འབྲིང་གི་རབས། །ཐ་མ་རབས་དང་ཐ་མར་དགེ །བུ་ཚའི་དབང་ཐང་འབྲིང་པོ་ཙམ། །ས་ལ་དབང་ཐང་ཆེ་བ་ཡིན། །ནོར་ནག་སྐམ་ནོར་རིགས་རྣམས་འཕྲོད། །ཕྱ་སྙོམས་འབྲིང་གི་འབྲིང་ཡིན་ཏེ། །ན་ཚ་མང་ལ་ཟ་ཐང་ཆེ། །ཁྱེའུ་ཉུང་ལ་བུ་མོ་མང་། །ནོར་སྣ་སྲོག་ཆགས་དག་རྣམས་འཕྲོད། །གནོད་པ་འབྲིང་གི་ཐ་མ་སྟེ། །བསོད་ནམས་ཁ་རྗེ་ཐམས་ཅད་ཟད། །གཉའ་མི་གཉིས་ནི་འཐབ་མང་ལ། །བུ་ནོར་ཕྱུགས་ལ་ཤི་ཆད་མང་། །འདྲེ་ལྔ་ཐ་མའི་རབས་ཡིན་ཏེ། །གཏོར་བརླག་གོད་ཁ་ན་ཚ་མང་། །ཉེ་བ་ལྡང་ལ་སྲི་མི་སྨེ། །འབད་པ་བྱས་ཀྱང་མགུ་བ་ཉུང་། །ཅི་


CMR059_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བསགས་ཀྱང་སྟོང་པར་འགྱུར། །བདུད་གཅོད་ཐ་མའི་འབྲིང་ཡིན་ཏེ། བཟའ་མི་མི་མཐུན་བྱེ་བྲལ་བྱེད། །མི་ཁ་ཟ་ཞིང་ཉན་མི་མེད། །བསོད་ནམས་འབྲས་བུ་ཤིན་ཏུ་ དཀའ། །ལུས་ཆད་ཐ་མའི་ཐ་མ་ཡིན། །ཟུང་དུ་སྡེབ་ན་རབས་ཆད་མང་། །རང་ནོར་བླ་མའི་མིང་འདེབས་ཤིང་། །ཕོ་མོ་འཆད་སྟོང་དབང་ཐང་ཆུང་། །ཁང་སྟོང་བསྲུང་བའི་མིག་སྟོང་ཡིན། །ཕོ་མོ་སྦྱར་བའི་བརྩི་བྱ་ནི། །ཟུར་དུ་ཡོད་པས་ལྟ་བར་བྱ། །བག་རྩིས་རྒྱ་མོ་དར་ཚག་གི །ཟིན་བྲིས་རཱ་གའི་མིང་གིས་བཀོད། །འགྲོ་ཀུན་བདེ་ལེགས་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།།


CMR059_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྟེན་ཅིང་འབྲེལ་བའི་ཆོས་རྣམས་བསྟན་པར་བྱ། །སྐྱེས་པ་བུད་མེད་རྣམས་ཀྱི་དོན་དུ་བཤད། །ས་ཕོ་ནང་འཕྲད་ངན་ལ་ལོ་གཉིས་འབྲིང་། །ཕོ་མོ་འཕྲད་པ་བཟང་ལ་མཐུན་བུ་འབྱུང་། །མཐུན་བུ་བུ་མོ་བྱུང་ན་འཆི་བར་བཤད། །ལྕགས་ཕོ་ནང་འཕྲད་ངན་ལ་མོ་གཉིས་བཟང་། །དེ་ཡི་མཐུན་བུ་བུ་མོ་འབྱུང་བར་བཤད། །ཕོ་མོ་འཕྲད་ན་འབྲིང་སྟེ་མཐུན་བུ་ན། ། ཆུ་ཕོ་ངན་ལ་མོ་གཉིས་བཟང next hit་བར་བཤད། །ཕོ་མོ་འཕྲད་པ་བཟང་ལ་མཐུན་བུ་བུ། །ཤིང་ཕོ་ངན་ལ་མོ་གཉིས་འཕྲད་གྱུར་ན། །མཐུན་བུ་མོ་དབང་བུ་བཙས་འཆི་བར་འགྱུར། །ཕོ་མོ་འཕྲད་པ་བཟང་ལ་མཐུན་བུ་བུ། །འཆི་བའམ་ནི་དབང་པོ་སྐྱོན་ཅན་སྐྱེ། །དེ་ཡི་རྗེས་ལ་བུ་ཚ་གསུམ་དུ་བརྒྱུད། །མེ་ཕོ་ནང་འཕྲད་ཕོ་ཉུང་ལོ་མང་སྟེ། །མོ་གཉིས་འཕྲད་ན་བུ་མང་བཟང་བར་བཤད། །ཐུན་གཅིག་བུ་མོ་བྱུང་ན་འཆི་བར་བཤད། །མཐུན་བུ་ས་ལ་བཟང་ངན་གཉིས་ཡོད་དེ། །ལུས་སྲོག་དབང་ཐང་ཐམས་ཅད་ནི། །མོ་ལོ་ཕོ་ཡི་གསོ་ན་བཟང་། །ཕོ་ལ་མོ་ཡི་གསོ་ན་ངན། །མཐུན་བུ་མོ་སྟེ་འཆི་བ་རྨོངས་པར་ངེས། །མི་མཐུན་པ་ལ་བཟང་ངན་གཉིས་ཡོད་དེ། །


CMR059_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྲོག་དབང་ཐང་བུད་མེད་ཀྱི། །རང་གི་སྐྱེས་པ་ལུས་ལ་གཅོད་ན་བཟང་། ཕོ་མོ་མ་ཉུང་མཐུན་བུ་བུ། །ལུས་སྲོག་དབང་ཐང་སྐྱེས་པ་ཡི། །རང་གི་བུད་མེད་ལུས་ལ་གཅོད་ན་ངན། །འཆི་བ་མང་སྟེ་རྨང་པོ་འོང་བར་ངེས། ༈ །འདི་ལ་བྱེ་བྲག་ཏུ་བཤད་པ་ནི། སྲོག་དང་རླུང་རྟ་སྐྱེས་པ་རྒྱལ་ན་བཟང་། །ལུས་དང་དབང་ཐང་བུད་མེད་རྒྱལ་ན་བཟང་། །མཐུན་བུ་དབང་ཆོད་བཞིན་དུ་བརྟགས་པ་ནི། །ཤིང་དང་མེ་ལ་མཐུན་བུ་མང་པོ་སྟེ། །མེ་ལ་བུ་མོ་བྱུང་ན་བཞིས་བརྒྱུད་དོ། །ས་ཡི་མཐུན་བུ་མེ་དེ་རྗེས་སུ་བུ། །ལྕགས་ཀྱི་མཐུན་བུ་བུ་རེ་འཆི་ཉེན་ཡོད། །དེ་ལ་བུ་མོ་བྱུང་ན་འཚོ་བར་བཤད། །ཆུ་ཤིང་གཉིས་ཀྱི་མཐུན་བུ་བུ་འོང་སྟེ། །ཆུ་ཡི་མཐུན་བུ་ཡོང་ན་བུ་འོང་ངོ་། །ཤིང་ལྕགས་གཉིས་ཀྱི་མཐུན་བུ་འཆི་བ་སྟེ། །མེ་ཆུ་གཉིས་ཀྱི་མཐུན་བུ་བུ་དབང་ལ། །དེ་ལ་བུ་མོ་བྱུང་ན་འཆི་བར་བཤད། །ས་ཤིང་གཉིས་ཀྱི་མཐུན་བུ་གཅོང་ཅན་སྐྱེ། །ས་ལྕགས་གཉིས་ཀྱི་མཐུན་བུ་དབང་པོར་བཤད། །ཤིང་མེ་གཉིས་ཀྱི་མཐུན་ས་བྱུང་ན་ངན། །མེ་ལ་ལྕགས་ཏེ་ས་ལ་ཆུ་བྱུང་ན། །ལྕགས་ལ་ཤིང་དང་ཆུ་ལ་མེ་བྱུང་ན། །སྦྲང་རོ་འབྱུང་བའི་མཚན་ཉིད་བཤད་པར་བྱ། །མ་


CMR059_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྲོག་དང་དབང་ཐང་ཆུ་ཤིང་དུ། །སོང་བ་ཐམས་ཅད་སྦྲང་རོ་ཐམས་ཅད་ཕོ། །མ་ཡི་སྲོག་དང་དབང་ཐང་མེ་ལྕགས་སུ། །སོང་བ་རྣམས་ནི་སྦང་རོ་ཐམས་ཅད་མོ། །མ་ཡི་སྲོག་དང་དབང་ཐང་ས་ཤིང་དུ། །སོང་བ་རྣམས་ནི་སྦྲང་རོ་སྤེལ་མ་རེ། །མེ་ཆུ་འཕྲད་པ་རྣམས་ནི་ཟླ་ཞིག་མང་། །ཤིང་གཉིས་འཕྲད་ན་ཕྱེད་གསོས་བྱེད་མི་གསོ། །ཤིང་དང་ཆུ་ལ་གནོད་མལ་རྣམ་གསུམ་སྟེ། །མེ་ལ་བཞི་རེ་ས་ལ་གཉིས་སམ་བཞིས། །ལྕགས་ལ་གྱོད་མལ་གསུམ་མམ་ལྔ་རུ་བཤད། །མ་ལ་སྲིད་འཁོར་རྟག་པ་ནས། །བདུན་ཟུར་རང་གག་མ་རླུང་དང་། །ཕོ་ཡི་སྐྱེས་གནས་རྣམས་ལ་འཁོར། །གནམ་ལོ་དབང་ཐང་བཀའ་ཕབ་དང་། །སྲོག་རྒུད་ལ་ཡང་འཁོར་བར་བཤད། །ཡང་ན་ལོ་ནི་གང་ཡང་རུང་། །བར་མ་སྲོག་གི་མའམ་བུ། །མ་ཡི་དབང་ཐང་ལུས་གསོ་དང་། །དེ་ཚེ་མཁས་པ་བུ་རུ་འདོད། །གཤེད་བཞི་མཚམས་བཞིའི་ལྟོ་རུ་ཞུགས། །ཕྱོགས་བཞི་གར་སྐྱེས་སུ་རུ་འདོད། །གཤེད་བཞི་ཁམས་ལ་དེ་བཞིན་དུ། །ཡང་ན་ལོ་ནི་གང་ཡང་རུང་། །སྨེ་བ་གཉིས་ནག་སྟེང་དུ་བབས། །དེ་ཡང་བུ་ཡི་རླུང་དུ་འདོད། །ཡང་ན་ལོ་ནི་གང་ཡང་རུང་། །གཤེད་བཞི་


CMR059_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཟུར་ཕོ་རླུང་ལ། །མཐུན་གསུམ་རང་གནད་མོ་སྲུང་ངོ་། །རྫོགས་སོ། །སརྦ་མངྒ་ལཾ།། ༈ རྟ་ལུག་ལོ་པ་ཁོན་ཐོག་ཏུ་བབ་ན་བུ་སྐྱེས། གླང་ལུག་དྭ་ཐོག་བུ་སྐྱེས། བྱ་སྤྲེལ་ཁམ། བྱི་ཕག་ཟིན། སྟག་ཡོས་ཁམ། གླང་ལུག་ཟོན། བྱ་སྤྲེལ་ཁྱི་གསུམ་ལི། བྱི་ཕག་ཁེན། ཕོ་ཟླ་ལྟོ་རུ་ཞུགས་ན་བུ་མོ་སྐྱེ། ལོ་ཟླ་ལྟོ་རུ་ཞུགས་ན་བུ་ཚ་སྐྱེ། ཞེས་སོ།། ༄༅། །འདོད་པ་བཅུ་གསུམ་དབུགས་གཅིག ། དབུགས་དྲུག་ལ་ཆུ་སྲང་གཅིག །ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་གཅིག །ཆུ་ཚོད་དྲུག་ཅུ་ལ་ཞག་གཅིག་ཡིན། དེ་ལ་སྟོན་དཔྱིད་ཉིན་མཚན་མཉམ་དུས། ཉིན་སུམ་ཅུ་མཚན་སུམ་ཅུ་སྟེ། ནམ་གསལ་ཁ་དག་ནས་ནམ་ལངས་ཡོས་ནས་དགོང་ཆུང་སྤྲེལ་བར་ཉིན་ལོ་སྐོར་དྲུག །ཉི་ནུབ་ཅེས་པ་ས་སྐྱ་ནས་བྱ་སྟེ་མཚན་ལོ་སྐོར་དྲུག །དེ་རྣམས་ཀྱི་ཡུན་རིང་ཐུང་རིགས་པས་དཔག་སྟེ་ཤེས་པར་བྱ། དེ་ལ་མཚན་རིང་ཞིང་ཉིན་ཐུང་བའི་དུས་སུ་སྐྱ་རེངས་ཤར་ནས་ནམ་ལངས་ལ་བརྩི་ཞིང་། མུན་ནག་ཕྲུགས་ས་རུབ་དུས་བྱ་ལ་བརྩི་བར་བྱའོ། །ཉིང་རིང་ཞིང་མཚན་ཐུང་བའི་སྐབས་སུ་ནམ་གསལ་ཁ་དང་ཡག་ཡོས་ལ་བརྩི་ནས་ཉི་མ་ལ་བརྒྱབ་ནས་བྱ་ལ་བརྩི་བར་བྱའོ། །དེའི་བར་རིང་ཐུང་རིགས་པས་དཔྱད། ཤར་སྟོད་སྟག་སྟེ་དེ་ཡང་དུམ་བུ་ལྟར་


CMR059_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བགོས་ཏེ་ཤིང་མེ་ས་ལྕགས་ཆུ་སྟག་ལྔ་ཡིན་པས། རོ་ལམ་དཀར་ནག་བག་མའི་འདུག་བྱེད་དུས་ལས། བརྩི་རྒྱུ་མང་བས་ཕྱོགས་མི་གཙང་ན། དཔེར་ན་བརྩི་རྒྱུ་ཤིང་སྟག་མེ་སྟག་ལྟ་བུ་ཡིན་ན། ལྕགས་སྟག་ཆུ་སྟག་སྟེང་དེར་གཏད་ནས་འགྲོ། བརྩི་རྒྱུ་ལྕགས་སྟག་ཆུ་སྟག་ཡིན་ན་ཤིང་སྟག་མེ་སྟག་ལ་གཏད་ནས་འགྲོ། ཡང་ཉིན་མཚན་ལོ་སྐོར་བཅུ་གཉིས་ཀྱིས་འཁོར་ནས་འགྲོ་ས་མ་རྙེད་ན་ནམ་ཕྱེད་ཡོལ་གླང་སྟག་གཉིས་ཀྱི་བར་མཚམས་དེར་བྱ། འཛེམ་དགུས་མི་དགུས་དེ་ཡི་རིགས་པས་ཤེས་པར་དཔྱད། དེས་འགྲེས་སོ། །ཡང་བག་མའི་རྩིས་རྣམས་ཕ་མིང་གཉིས། བག་མ་རང་གི་རང་ལོ་དང་རང་ཟླ་ཉི་དུས་ལ་འགྲོ་ས་མ་རྙེད་ན། ལོ་རྙིང་གི་ཉི་ཤུ་མན་དང་། ལོ་གསར་གྱི་ཚེས་དགུ་ཚུན་ལ་ལོ་གསར་རྙིང་མཚམས་ལ་བརྩི་བ་ཡིན། ལོ་ཟླ་ཞག་དུས་གསུམ་གྱི་གནམ་ཁྱི་དང་ཁ་ཡི་རྒྱུ་ཕྱོགས་མ་ནོར་བ་གལ་ཆེ། རྩིས་མཁན་རཱ་ག་ཨ་སྱས་ཆེ་ལོང་དུ་སྨྲས་པ་རྩིས་མཁན་ཧྭ་ཤང་འདྲ་བས་བྲིས་སོ། །མངྒ་ལཾ།། ༧་ཁོམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབག་རྩིས་རྒྱ་མོ་དར་ཚགnext