Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་ལས་བྱང་ཆུང་བ་ཚོར་བ་རང་གྲོལ་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་ལས་བྱང་ཆུང་བ་ཚོར་བ་རང་གྲོལ་སྙིང་པོ།next

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་ལས་བྱང་ཆུང་བ་ཚོར་བ་རང་གྲོལ་སྙིང་པོ།


CMR060_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ ལས་བྱང་ཆུང་བ་ཚོར་བ་རང་གྲོལ་སྙིང་པོ་བཞུགས་སོ༔


CMR060_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྐལ་ལྡན་བློ་དམན་དོན་དུ་ནི༔ ཞི་ཁྲོ་འདུས་པའི་ལས་བྱང་བསྟན༔ འདི་ལ་ལེའུ་གསུམ་ཡིན་ཏེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ དང་པོ་སྔོན་འགྲོ་ལ་ཡང་གསུམ༔ བཀའ་བསྒོ་མཚམས་བཅད་བྱིན་བརླབ་བོ༔ གཏ།ཡ། དང་པོ་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུ་ཀུན་ཀྱང་ཞི་ཁྲོའི་ལྷ༔ རབ་ཏུ་གང་ནས་འོད་འཕྲོས་པས༔ ལུས་ངག་སེམས་ལ་གནོད་བྱེད་ཅིང་༔ མཆོད་པའི་མདངས་འཕྲོག་མ་རིག་བགེགས༔ ཉོན་མོངས་མ་རིག་


CMR060_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ལས་བྱུང་༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ གཉིས་པ་མཚམས་གཅོད་འདི་སྐད་དོ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རྡོ་རྗེ་རིན་ཆེན་པདྨ་དང་༔ རྒྱ་གྲམ་འཁོར་ལོ་མེ་རིའི་གུར༔ རིམ་པ་དྲུག་གི་ཚུལ་དུ་བསྐོར༔ ཁྲོ་ཚོགས་སྤྲུལ་པ་དཔག་མེད་ཀྱིས༔ རབ་ཏུ་གཏམས་ཤིང་མཚམས་བཅད་དོ༔ བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གསུམ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ བསམ་བརྗོད་བྲལ་བའི་ངང་ཉིད་ལས༔ ཐམས་ཅད་སྟོང་པའི་རང་བཞིན་ཉིད༔ སྨན་རཀ་གཏོར་མཆོད་དངོས་པོ་རྣམས༔ སྟོང་ཉིད་བདག་


CMR060_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བྲལ་བ་ལས༔ རཾ་ཡཾ་ཁཾ་གསུམ་མེ་རླུང་ཆུས༔ བདག་གཞན་རྟོག་པའི་དྲི་མ་སྦྱངས༔ མེ་རླུང་ཆུ་ཡང་འོད་དུ་ཞུ༔ སྨན་རཀ་གཏོར་མཆོད་དངོས་པོར་གྱུར༔ རྟོག་གཉིས་དག་ནས་སྣོད་བཅུད་རྣམས༔ འདོད་པའི་ཡོན་ཏན་དུ་མར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲི་ཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧཱུྃ་༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲི་ཏྟཱ༔ ཨོཾ་ཨཱཿཧཱུྃ༔ བཛྲ་པུབྦེ་དྷ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝི་ཏྱཱ་ཤབྡ་ཨཱཿཧཱུྃ༔ སྔོན་དུ་འགྲོ་བའི་ལེའུའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐཱཏ།ཐ༔ གཉིས་པ་དངོས་གཞིའི་ལེའུ་བསྟན༔ ལྷ་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཞིང་༔ ཕྱག་མཆོད་བསྟོད་བཤགས་བདུན་གྱིས་བསྟན༔ དང་པོ་བསྐྱེད་པའི་རིམ་པ་ནི༔ ཧཱུྃ༔ རྟོག་བྲལ་སྒོམ་མེད་དེ་བཞིན་ཉིད༔ ཀུན་ཁྱབ་རང་གསལ་ཀུན་ཏུ་སྣང་༔ འགག་མེད་རྒྱུ་ཡི་ཨམཐིང་གསལ༔ སྟོང་གསལ་རང་བབ་གདོས་བཅས་བྲལ༔ ཨལས་ཨེཡཾ་བཻལཾའཕྲོས༔ ནམ་མཁའ་རླུང་ཆུ་ས་གཞི་བརྡལ༔ ཨལས་ཧཱུྃའཕྲོས་གཞལ་ཡས་ཁང་༔ ཟུར་བཞི་ལོགས་བཞི་སྒོ་བཞིར་ལྡན༔ སྟོང་པའི་དབྱིངས་སུ་འཇའ་ལྟར་ཤར༔ ཕྱི་དང་ནང་མེད་ཟང་ཐལ་གསལ༔ ཡིད་འོང་མཛེས་ལྡན་གཞལ་ཡས་ཁང་༔ རྒྱལ་བ་ཞི་ཁྲོའི་བཞུགས་


CMR060_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སོ༔ ཧཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ༔ ཧཱུྃ༔ བདག་ཉིད་ཐ་མལ་རང་སེམས་འདི༔ རྟོག་མེད་སྐད་ཅིག་དྲན་རྫོགས་སུ༔ ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་༔ ཆོས་ཉིད་བཟང་མོ་སྐུ་མདོག་དཀར༔ མཉམ་བཞག་སྐྱིལ་ཀྲུང་གཉིས་མེད་འཁྲིལ༔ དལ་དབུས་པད་ཉིའི་གདན་ལ་བཞུགས༔ ཧཱུྃ༔ དཀྱིལ་འཁོར་ཕྱོགས་བཞི་དབུས་དང་ལྔར༔ སེངྒེ་གླང་ཆེན་རྟ་མཆོག་དང་༔ རྨ་བྱ་ཤང་ཤང་ཁྲི་སྟེང་དུ༔ ལོངས་སྐུ་རིགས་ལྔ་ཡབ་ཡུམ་གསལ༔ ཧཱུྃ༔ རྣམ་སྣང་དབྱིངས་ཕྱུག་སྐུ་མདོག་དཀར༔ འཁོར་ལོ་དྲིལ་འཛིན་གཉིས་མེད་འཁྲིལ༔ རང་སྣང་དཀྱིལ་འཁོར་དབུས་ཕྱོགས་སུ༔ སྣང་ལ་རང་བཞིན་མེད་པར་གསལ༔ ཧཱུྃ༔ རྡོར་སེམས་སྤྱན་མ་སྐུ་མདོག་མཐིང་༔ རྡོ་རྗེ་དྲིལ་འཛིན་གཉིས་མེད་འཁྲིལ༔ གཡས་སུ་ས་སྙིང་མྱུ་གུ་དཀར༔ གཡོན་དུ་བྱམས་པ་ཀླུ་ཤིང་དཀར༔ མདུན་དུ་ལཱ་སྱ་མེ་ལོང་དཀར༔ རྒྱབ་ཏུ་པུབྦེ་མེ་ཏོག་དཀར༔ རྡོ་རྗེ་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ༔ རིན་འབྱུང་མཱ་ཀཱི་སྐུ་མདོག་སེར༔ རིན་ཆེན་དྲིལ་འཛིན་གཉིས་མེད་འཁྲིལ༔ གཡས་སུ་ཀུན་


CMR060_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་སྙེ་མ་སེར༔ གཡོན་དུ་ནམ་སྙིང་རལ་གྲི་སེར༔ མདུན་དུ་མཱ་ལྱ་ཕྲེང་འཛིན་སེར༔ རྒྱབ་ཏུ་དྷ་པེ་སྤོས་ཕོར་སེར༔ རིན་ཆེན་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ༔ སྣང་མཐའ་གོས་དཀར་སྐུ་མདོག་དམར༔ པདྨ་དྲིལ་འཛིན་གཉིས་མེད་འཁྲིལ༔ གཡས་སུ་སྤྱན་གཟིགས་པད་འཛིན་དམར༔ གཡོན་དུ་འཇམ་དཔལ་རལ་གྲི་དམར༔ མདུན་དུ་གཱར་ཏི་པི་ཝཾ་དམར༔ རྒྱབ་ཏུ་ཨཱ་ལོ་མར་མེ་དམར༔ པདྨ་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ༔ དོན་གྲུབ་སྒྲོལ་མ་སྐུ་མདོག་ལྗང་༔ རྒྱ་གྲམ་དྲིལ་འཛིན་གཉིས་མེད་འཁྲིལ༔ གཡས་སུ་སྒྲིབ་སེལ་པུསྟི་ལྗང་༔ གཡོན་དུ་ཕྱག་རྡོར་རྡོར་དྲིལ་ལྗང་༔ མདུན་དུ་གནྡྷེ་དུང་ཕོར་ལྗང་༔ རྒྱབ་ཏུ་ནིརྟི་ཞལ་ཟས་ལྗང་༔ ལས་ཀྱི་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཞི་བའི་ལྷ་ཚོགས་དེ་རྣམས་ཀྱང་༔ ལོངས་སྤྱོད་རྫོགས་སྐུའི་ཆས་རྣམས་རྫོགས༔ སྣང་ལ་རང་བཞིན་མེད་པར་གསལ༔ འཛིན་མེད་མ་བཅོས་རང་གསལ་བསྒོམ༔ ཧཱུྃ༔ སྟེང་དུ་བརྒྱ་བྱིན་པི་ཝཾ་དཀར༔ འོག་ཏུ་ཆོས་རྒྱལ་


CMR060_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ནག༔ ཤར་ལྷོར་ཐགས་བཟང་གོ་མཚོན་ལྗང་༔ ལྷོ་ནུབ་ཤཱཀ་ཐུབ་གསེག་པར་སེར༔ ནུབ་བྱང་སེངྒེ་པུ་སྟི་མཐིང་༔ བྱང་ཤར་ཁ་འབར་སྒྲོམ་བུ་དམར་འགྲོ་དོན་མཛད་པའི་ཐུབ་པ་དྲུག༔ པད་རྐྱང་སྟེང་ན་བཞེངས་སྟབས་གསལ༔ ཧཱུྃ༔ ཤར་སྒོར་རྣམ་རྒྱལ་ལྕགས་ཀྱུ་དཀར༔ ལྷོ་སྒོར་གཤིན་རྗེ་ཞགས་པ་སེར༔ ནུབ་སྒོར་རྟ་མགྲིན་ལྕགས་སྒྲོག་དམར༔ བྱང་སྒོར་བདུད་རྩི་དྲིལ་བུ་ལྗང་༔ ཚད་མེད་བཞི་ལྡན་ཡབ་ཡུམ་བརྒྱད༔ ཁྲོ་བོའི་ཚུལ་རྫོགས་འདོར་སྟབས་བཞུགས༔ ཞི་བ་བཞི་བཅུ་རྩ་གཉིས་ནི༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ནག༔ རྡོ་རྗེ་ཁཊ་རྗེའུ་ཆུང་གཡས༔ དྲིལ་བུ་བྷནྡྷ་དམར་རྒྱུ་ཞགས་གཡོན༔ ཡུམ་ཆེན་ཀྲོ་དྷི་གཉིས་མེད་འཁྲིལ༔ ཧཱུྃ༔ དབུས་སུ་བུདྡྷ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ནག༔ འཁོར་ལོ་དགྲ་སྟ་རལ་གྲི་གཡས༔ དྲིལ་བུ་ཐོང་གཤོལ་བྷནྡྷ་གཡོན༔ བུདྡྷ་ཀྲོ་དྷི་གཉིས་མེད་འཁྲིལ༔


CMR060_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཤར་དུ་བཛྲ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རྡོ་རྗེ་བྷནྡྷ་དགྲ་སྟ་གཡས༔ དྲིལ་བུ་བྷྱོན་དམར་ཐོང་གཤོལ་གཡོན༔ བཛྲ་ཀྲོ་དྷི་གཉིས་མེད་འཁྲིལ༔ ཧཱུྃ༔ ལྷོ་རུ་རཏྣ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སེར་ནག་རིན་ཆེན་ཁ་ཊཾ་བེ་ཅོན་གཡས༔ དྲིལ་བུ་བྷནྡྷ་དམར་རྩེ་གསུམ་གཡོན༔ རཏྣ་ཀྲོ་དྷི་གཉིས་མེད་འཁྲིལ༔ ཧཱུྃ༔ ནུབ་ཏུ་པདྨ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་སྔོ་དབུས་དམར་ནག༔ པདྨ་ཁ་ཊཾ་དབྱུག་ཏོ་གཡས༔ དྲིལ་བུ་བྷནྡྷ་དམར་རྗེའུ་ཆུང་གཡོན༔ པདྨ་ཀྲོ་དྷི་གཉིས་མེད་འཁྲིལ༔ ཧཱུྃ༔ བྱང་དུ་ཀརྨ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་ལྗང་ནག༔ རྒྱ་གྲམ་རལ་གྲི་ཁ་ཊཾ་གཡས༔ དྲིལ་བུ་བྷནྡྷ་དམར་ཐོང་གཤོལ་གཡོན༔ ཀརྨ་ཀྲོ་དྷི་གཉིས་མེད་འཁྲིལ༔ ཁྲག་འཐུང་གཙོ་བོ་ཡབ་ཡུམ་བཅུ༔ ཁྲོ་བོའི་ཆ་ལུགས་རྫོགས་པར་ལྡན༔ བྱོལ་སོང་གཙོ་བོ་རིན་ཆེན་བྲག༔ པདྨ་ཉི་སྟེང་གསལ་


CMR060_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྒོམ༔ ཧཱུྃ༔ ཤར་ཕྱོགས་ཀོ་རི་ཞིང་དབྱུག་དཀར༔ ལྷོ་ཕྱོགས་ཙོ་རཱི་མདའ་འགེངས་སེར༔ ནུབ་ཕྱོགས་པྲ་མོ་ཆུ་སྲིན་དམར༔ བྱང་ཕྱོགས་བེ་ཏ་བྷནྡྷ་དམར་ལྗང་༔ ཤར་ལྷོར་པུསྐ་རྒྱུ་འདྲེན་སེར༔ ལྷོ་ནུབ་གྷསྨ་བྷནྡྷ་དམར་ལྗང་༔ ནུབ་བྱང་ཙཎྜ་རྒྱུ་ཟ་སེར༔ བྱང་ཤར་སྨེ་ཤ་རོ་ཟ་མཐིང་༔ ཞིང་ཆེན་གདན་ལ་གར་སྟབས་འགྱིངས༔ མ་ཡེངས་གསལ་བར་བསྒོམ༔ ཧཱུྃ༔ སེདྷ་སེང་གདོང་རོ་ཟ་སྨུག༔ བྱ་ཀྲི་སྟག་གདོང་ལག་བསྣོལ་དམར༔ སྲི་ལ་ཝ་གདོང་སྤུ་གྲི་ནག༔ ཤྭ་ན་སྤྱང་གདོང་རོ་ཐོགས་མཐིང་༔ ཀྲི་ཏ་བྱ་རྒོད་རྒྱུ་འདྲེན་སེར༔ ཀངྐ་དུར་བྱ་ཞིང་ཕྲག་དམར༔ ཁ་ཁུ་བྱ་རོག་བྷནྡྷ་གྱི་ནག༔ ཧུ་ལུ་འུག་གདོང་ལྕགས་ཀྱུ་མཐིང་༔ ཞིང་ཆེན་གདན་ལ་གར་སྟབས་བཞུགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ༔ ཤར་དུ་རྟ་གདོང་ལྕགས་ཀྱུ་དཀར༔ ལྷོ་རུ་ཕག་གདོང་ཞགས་པ་སེར༔ ནུབ་ཏུ་སེང་གདོང་ལྕགས་སྒྲོག་དམར༔ བྱང་དུ་སྦྲུལ་གདོང་དྲིལ་བུ་ལྗང་༔ ཚད་མེད་བཞི་ལྡན་སྒོ་མ་བཞི༔ ཞིང་ཆེན་གདན་ལ་གསལ་བར་བསྐྱེད༔ ཧཱུྃ༔ ཤར་དུ་ཞི་བའི་ལས་མཛད་བདུན༔ སྲིན་མོ་


CMR060_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་གདོང་རྡོ་རྗེ་སྨུག༔ ཚངས་པ་སྦྲུལ་གདོང་པདྨ་སེར༔ ལྷ་ཆེན་གཟིག་གདོང་ཏྲི་ཤུལ་སེར༔ གཏོགས་འདོད་སྲེ་གདོང་འཁོར་ལོ་སྔོ༔ གཞོན་ནུ་དྲེད་གདོང་མདུང་ཐུང་དམར༔ བརྒྱ་བྱིན་དོམ་མགོ་རྒྱུ་ཞགས་དཀར༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ ཧཱུྃ༔ ལྷོ་རུ་རྒྱས་པའི་ལས་མཛད་བདུན༔ རྡོ་རྗེ་ཕ་ཝཾ་སྤུ་གྲི་སེར༔ ཞི་བ་ཆུ་སྲིན་བུམ་པ་དམར༔ བདུད་རྩི་སྡིག་གདོང་པདྨ་དམར༔ ཟླ་བ་ཁྲ་མགོ་རྡོ་རྗེ་དཀར༔ བེ་ཅོན་ཝ་གདོང་དབྱུག་ཏོ་ལྗང་༔ སྲིན་མོ་སྟག་གདོང་ཐོད་ཁྲག་ནག༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ ཧཱུྃ༔ ནུབ་ཏུ་དབང་གི་ལས་མཛད་བདུན༔ ཟ་བ་བྱ་རྒོད་བེ་ཅོན་ལྗང་༔ དགའ་བ་རྟ་གདོང་ཁོག་ཆེན་དམར༔ སྟོབས་ཆེན་ཁྱུང་གདོང་དབྱུག་ཏོ་དཀར༔ སྲིན་མོ་ཁྱི་གདོང་རྡོ་རྗེ་དམར༔ འདོད་པ་པུ་ཤུད་མདའ་འགེངས་དམར༔ ནོར་སྲུང་ཤ་མགོ་བུམ་པ་ལྗང་༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ ཧཱུྃ༔ བྱང་དུ་དྲག་པོའི་ལས་མཛད་བདུན༔ རླུང་ལྷ་སྤྱང་གདོང་བ་དན་ལྗང་༔ མི་མོ་སྐྱིན་གདོང་གསལ་ཤིངདམར༔ ཕག་མོ་ཕག་གདོངམཆེ་ཞགས་ནག༔ རྡོ་རྗེ་རྭ་གདོང་ཞིང་ཆུང་


CMR060_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དམར༔ སྣ་ཆེན་གླང་ཆེན་བམ་ཆེན་ལྗང༔ ཆུ་ལྷ་སྦྲུལ་གདོང་སྦྲུལ་ཞབས་ལྗང་༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ ཧཱུྃ༔ དཀྱིལ་འཁོར་ཕྱི་རིམ་སྒོ་བན་རུ༔ ཤར་དུ་ཁུ་བྱུག་ལྕགས་ཀྱུ་དཀར༔ ལྷོ་རུ་ར་གདོང་ཞགས་པ་སེར༔ ནུབ་ཏུ་སེང་གདོང་ལྕགས་སྒྲོག་དམར༔ བྱང་དུ་སྦྲུལ་གདོང་དྲིལ་བུ་ལྗང་༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ དཀྱིལ་འཁོར་མུ་རན་སྐྱོང་བ་ཡི༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱང་༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ སྣང་ལ་རང་བཞིན་མེད་པར་གསལ༔ ཞི་ཁྲོ་དམ་པ་རིགས་བརྒྱ་ཡི༔ སྒོམ་ཁོག་འདུས་པའི་སྒྲོན་མེའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་ལྷ་ཚོགས་སྤྱན་འདྲེན་པ་ནི༔ ཧཱུྃ༔ དཔེ་མེད་བསམ་བརྗོད་བྲལ་བའི་དཀྱིལ་འཁོར་འདིར༔ བླ་མ་རིན་ཆེན་ཀུན་བཟང་ཆོས་ཀྱི་སྐུ༔ ལོངས་སྤྱོད་རྫོགས་སྐུ་བཅོམ་ལྡན་རིགས་ལྔ་ཡབ༔ འབྱུང་ལྔ་རྣམ་དག་ཡུམ་མཆོག་ལྔ་དང་སྦྱོར༔ སྐུ་གསུང་ཐུགས་ཡོན་གསལ་ལ་འགག་པ་མེད༔ འགྲོ་དོན་ཡིད་སྣང་དག་པའི་གནས་མཆོག་འདིར༔ ཀུན་བཟང་རིགས་ལྔ་ཡབ་ཡུམ་གཙོ་འཁོར་རྣམས༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔


CMR060_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས་དཔའ་བརྒྱད༔ ཡུལ་བརྒྱད་གནས་དག་སེམས་མ་ཆེན་མོ་བརྒྱད༔ འགྲོ་དོན་རྫོགས་མཛད་སྤྲུལ་སྐུ་ཐུབ་པ་དྲུག༔ ཕྲིན་ལས་འགྲོ་དོན་སྒོ་བ་ཡབ་ཡུམ་བརྒྱད༔ ཞི་བ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ ཞི་བ་བཞི་བཅུ་རྩ་གཉིས་གཤེགས་སུ་གསོལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་ས་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དཔལ༔ བཅོམ་ལྡན་དཔལ་ཆེན་རིགས་ལྔ་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཀྲོ་དྷི་ལྔ་དང་འཁྲིལ༔ དུག་ལྔ་འཇོམས་ཕྱིར་ཁྲག་འཐུང་སྤྲུལ་འཁོར་བཅས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔ ཧཱུྃ༔ ཀོ་རི་ལ་སོགས་གནས་དག་མ་མོ་བརྒྱད༔ སི་ཧ་ལ་སོགས་ཡུལ་དག་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ དཀྱིལ་འཁོར་མུ་རན་དབང་ཕྱུག་ཉི་ཤུ་བརྒྱད༔ བཀའ་སྲུང་གཏེར་བདག་དམ་ཅན་ཆོས་སྐྱོང་ཚོགས༔ ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་རྣམས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གསུམ་པ་ལྷ་ཚོགས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔


CMR060_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་ལྟར༔ འོད་ཟེར་ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ སྟོབས་ཆེན་རིན་ཆེན་པདྨ་ཉི་ཟླའི་སྟེང་༔ ཆོས་སྐུ་ཀུན་བཟང་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་ལྔ་ཡི་རིག་རྩལ་ཆོ་འཕྲུལ་ལས༔ བཅོམ་ལྡན་དཔལ་ཆེན་རིགས་ལྔ་ཡབ་ཡུམ་བཅུ༔ སེམས་དཔའ་སེམས་མ་ཡབ་ཡུམ་བཅུ་དྲུག་བཅས༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཧཱུྃ༔ རྣམ་ཐར་བརྒྱད་ལྡན་སྒོ་བ་ཡབ་ཡུམ་བརྒྱད༔ རིགས་དྲུག་དོང་སྤྲུགས་བཅོམ་ལྡན་ཐུབ་པ་དྲུག༔ ཞི་བའི་ལྷ་ཚོགས་སངས་རྒྱས་བཞི་བཅུ་གཉིས༔ རང་སྣང་གནས་ཡུལ་དག་པའི་དཀྱིལ་འཁོར་དུ༔ ཕྱོགས་མཚམས་རང་རང་བཞུགས་པའི་གདན་ཁྲི་ལ༔ གཉིས་མེད་རང་བཞིན་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ ཞི་བ་ལོངས་སྐུའི་རིག་རྩལ་ཆོ་འཕྲུལ་ལས༔ དུག་ལྔ་འཇོམས་པའི་ལྷ་ཚོགས་དཔག་མེད་འཕྲོས༔ བཅོམ་ལྡན་ཁྲག་འཐུང་རིགས་ལྔ་ཧེ་རུ་ཀ༔ ཤེས་རབ་དབྱིངས་ཕྱུག་ཀྲོ་དྷི་ལྔ་དང་སྦྱོར༔ ཡབ་ཡུམ་སྲས་དང་བཀའ་སྡོད་སྤྲུལ་འཁོར་བཅས༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཧཱུྃ༔ ཀོ་རི་ལ་སོགས་


CMR060_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བདག་མ་མོ་བརྒྱད༔ སོ་ཧ་ལ་སོགས་ཡུལ་བདག་ཕྲ་མེན་བརྒྱད༔ ཚད་མེད་བཞི་ལྡན་ཡེ་ཤེས་སྒོ་མ་བཞི༔ སྤྲུལ་པའི་ལས་མཛད་དབང་ཕྱུག་ཉི་ཤུ་རྩ་བརྒྱད༔ ཁྲག་འཐུང་ལྷ་ཚོགས་འབར་བ་ལྔ་བཅུ་བརྒྱད༔ དུ་མ་རོ་གཅིག་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཞི་པ་གུས་ཕྱག་འཚལ་བ་ནི༔ ཧཱུྃ༔ ཡིད་ཆོས་རྣམ་དག་ཀུན་བཟང་ཡབ་ཡུམ་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཧཱུྃ༔ ཕུང་ལྔ་གནས་དག་ཡེ་ཤེས་ལྔ་དང་ལྡན༔ ལོངས་སྐུ་རིགས་ལྔའི་གཙོ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ འབྱུང་ལྔ་གནས་དག་བདེ་ཆེན་ཡེ་ཤེས་ངང་༔ དབྱིངས་ཀྱི་ཡུམ་ཆེན་ལྔ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ ཚོགས་བརྒྱད་གནས་དག་སེམས་དཔའ་ཆེན་པོ་བརྒྱད༔ ཡུལ་བརྒྱད་གནས་དག་སེམས་མ་ཆེན་མོ་བརྒྱད༔ ཉེ་བའི་སྲས་མཆོག་བྱང་སེམས་བཅུ་དྲུག་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཧཱུྃ༔ རིགས་དྲུག་དོང་སྤྲུགས་སྤྲུལ་སྐུ་ཐུབ་པ་དྲུག༔ ཚད་མེད་བཞི་ལྡན་སྒོ་བ་ཡབ་ཡུམ་བརྒྱད༔ ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཧཱུྃ༔ དུག་ལྔ་འཇོམས་མཛད་


CMR060_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཐུང་ཁྲོ་བོ་ལྔ༔ དབྱིངས་ཀྱི་ཡུམ་ཆེན་ཀྲོ་དྷི་ལྔ་དང་སྦྱོར༔ ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་བཅུ་རྣམས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ རཱི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སཾ་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ བཀའ་ཡི་ལས་བྱེད་དབང་ཕྱུག་ཉི་ཤུ་བརྒྱད༔ ང་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལྔ་པ་ཕྱི་ནང་གསང་མཆོད་ནི༔ དང་པོ་ཕྱི་མཆོད་འདི་སྐད་དོ༔ ཧཱུྃ༔ བླ་མ་ཀུན་བཟང་རྒྱལ་བ་ཞི་ཁྲོའི་ཚོགས༔ དཔག་མེད་ནམ་མཁའ་གང་བའི་ལྷ་ཚོགས་ལ༔ དག་པ་རྣམ་གསུམ་ཡིད་ཀྱིས་མཆོད་པའི་སྤྲིན༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ སྟོང་རིག་སྟོང་གསལ་སྟོང་བདེ་སྟོང་དང་༔ དྲན་སྟོང་གྲག་སྟོང་ཚོར་སྟོང་མཆོད་པའི་ཚོགས༔ མེ་ཏོག་བདུག་སྤོས་དྲི་ཞལ་རོལ་མོར་བཅས༔ བླ་མ་ཀུན་བཟང་ཞི་ཁྲོའི་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ གཉིས་པ་ནང་མཆོད་འབུལ་བ་ནི༔ ཧཱུྃ༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ ལྷ་


CMR060_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ནང་མཆོད་འབུལ་བ་ནི༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ རྡོ་རྗེ་གཟུགས་སྒྲ་དྲི་རོ་རེག༔ རྡོ་རྗེ་ཆོས་མའི་ཚོགས་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ གུས་པའི་སེམས་ཀྱིས་འབུལ་ལགས་ན༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ གསུམ་པ་གསང་མཆོད་འབུལ་བ་ནི༔ ཧཱུྃ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ གསལ་བ་ཡབ་ལ་འོད་ཟེར་ཡུམ༔ བདེ་བ་ཡབ་ལ་སྟོང་པ་ཡུམ༔ སྒྲ་གྲག་ཡབ་ལ་གྲག་སྟོང་ཡུམ༔ དྲན་པ་ཡབ་ལ་རིག་སྟོང་ཡུམ༔ སྐུ་གསུང་ཐུགས་ཡོན་ཐུགས་ཡོན་ཕྲིན་ལས་བདེ༔ རིག་མ་དཀར་སེར་དམར་ལྗང་མཐིང་༔ བདེ་བ་ཡེ་ཤེས་ཀུན་ལྡན་དུ༔ བདེ་བའི་རོ་སྙོམས་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཡོན་རྒྱས་ཕྱིར་བཞེས༔ སྨན་རཀ་གཏོར་གསུམ་འབུལ་བ་ནི༔ དང་པོ་སྨན་མཆོད་འབུལ་བ་ནི༔ ཧཱུྃ༔ རིགས་ལྔ་ཡབ་ཡུམ་གཉིས་ཀྱིས་རྒྱུ་བྱས་ནས༔ སྐུ་ལྔ་ཡེ་ཤེས་ལྔ་ཡིས་རྐྱེན་བྱས་ནས༔ ཐབས་ཤེས་རྒྱུ་ལ་མ་འགགས་རྐྱེན་སྔར་ནས༔ དམ་པ་རིགས་བརྒྱའི་འབྲུ་བཅུད་བདུད་རྩི་འདི༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ཐུགས་རྗེས་རྩེར་དགོངས་དབང་དང་དངོས་གྲུབ་


CMR060_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གཉིས་པ་རཀྟ་འབུལ་བ་ནི༔ ཧཱུྃ༔ དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ་བའི་ཁྲག༔ མ་ཆགས་ཆགས་བྲལ་ཆགས་པ་ཆེན་པོའི་ཁྲག༔ གཉིས་མེད་འཛིན་བྲལ་གསང་བའི་ཁྲག་ཆེན་འདི༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ གསུམ་པ་གཏོར་མ་འབུལ་བ་ནི༔ ཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ ནང་བཅུད་སེམས་ཅན་གཏོར་མར་བཤམས༔ རྩི་བཅུད་འབྲས་བུ་སྨན་གྱིས་བརྒྱན༔ ཞི་ཁྲོའི་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲུག་པ་བསྟོད་པ་བྱ་བ་ནི༔ ཧཱུྃ༔ སྐུ་ནི་མི་འགྱུར་ཀ་དག་ཟང་ཐལ་སྐ༔ གསུང་ནི་མི་འགགས་རང་བྱུང་ཡེ་ཤེས་གསུང་༔ ཐུགས་ནི་མི་གཡོ་སྨྲ་བསམ་བྲལ་བའི་ཐུགས༔ ཀུན་བཟང་སྐྱེ་འགགས་མེད་ལ་ཕྱག་འཚལ་ལོ༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འཕྲོ༔ གཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་


CMR060_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བའི་ཚོགས༔ མཚན་དང་དཔེ་བྱད་རྒྱན་རྣམས་མཛེས་ཚུལ་ལྡན༔ ཞི་བ་བཞི་བཅུ་གཉིས་ལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་༔ དགོད་དང་གཤེ་དང་རྔམ་པར་སྟོན་པ་དང་༔ སྙིང་རྗེ་ངོ་མཚར་ཆེ་ཚུལ་གར་དགུར་ལྡན༔ ཁྲག་འཐུང་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐལ་ཆེན་རཀྟ་ཞིག་གི་ཟོ་རིས་དང་༔ ཀོ་རློན་གཡང་གཞི་སྟག་གི་ཤམ་ཐབས་དང་༔ ཐོད་ཕྲེང་སྦྲུལ་ཆུན་མེ་དཔུང་ཆས་དགུས་བརྒྱན༔ དུར་ཁྲོད་ཆས་རྣམས་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ རྒྱལ་བའི་བསྟན་པ་སྲུང་བའི་ལས་ལ་བརྩོན༔ རྣལ་འབྱོར་ཀུན་གྱི་དམ་ཚིག་རྗེས་གཅོད་ཅིང་༔ བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་མ༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདུན་པ་བཤགས་པ་བྱ་བ་ནི༔ ཧཱུྃ༔ བླ་མ་ཀུན་བཟང་མཐའ་བྲལ་ཆོས་ཀྱི་སྐུ༔ ཉག་གཅིག་ཟང་ཐལ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ཤར་གྲོལ་འགག་མེད་སྣ་ཚོགས་སྤྲུལ་པའི་སྐུ༔ རྒྱལ་བ་ཞི་ཁྲོ་སྤྲུལ་འཁོར་དགོངས་སུ་གསོལ༔ བདག་དང་འཁོར་བའི་སེམས་ཅན་ཐམས་ཅད་ཀྱིས༔ གཏི་མུག་འཁྲུལ་སེམས་བག་སེམས་


CMR060_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བག་མེད་བླངས་པ་ནས༔ ད་ལྟ་ཚེ་འདིའི་ལུས་བླངས་ཡན་ཆད་དུ༔ རིག་དང་མ་རིག་འཁྲུལ་པའི་ལས་དབང་གིས༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་ཆག་ནོར་འཁྲུལ་གྱུར་པ་ཀུན༔ མི་གསང་མི་སྦེད་གནོང་འགྱོད་མཐོལ་ལོ་བཤགས༔ ཀློང་ཡངས་ཆེན་པོའི་ངང་དུ་བཟོད་པར་གསོལ༔ ཨོཾ་བཛྲ་སཏཱ་སོགས༔ བཛྲ་སཏྭ་ཨཱ༔ ཕྲིན་ལས་དངོས་གཞིའི་ལེའུ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་ལེའུ་བདུན་གྱིས་བསྟན༔ ཚོགས་ལས་བསྐུལ་དང་ཆད་མདོ་གཏོར་སྐྱོང་དང་༔ གཏོར་བྲོ་བཀྲ་ཤིས་སྨོན་ལམ་བདུན་ཡིན་ནོ༔ དང་པོ་ཚོགས་འཁོར་བཤམས་ལ་འདི་སྐད་དོ༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ཚོགས་ལ་བར་ཆད་བྱེད་པའི་བགེགས༔ ལན་ཆགས་གནས་འདིར་མ་འདུག་པར༔ སོ་སོ་རང་རང་གནས་སུ་དེངས༔ ཨུ་ཙ་ཏ་ཡ་ཕཊ༔ གཉིས་པ་ཆབ་གཏོར་བསང་སྦྱང་བྱ་བ་ནི༔ ཧཱུྃ༔ བདག་ཉིད་རྡོར་སེམས་ཐུགས་ཀ་ནས༔ ཨོཾ་དཀར་ཨཱདམར་ཧཱུྃ་མཐིང་འཕྲོས༔ ཞལ་ཟས་དངོས་པོ་ཐམས་ཅད་ཀུན༔ ཨོཾ་ཨཱཿཧཱུྃ་གསུམ་ངོ་བོར་གྱུར༔ འབྲུ་གསུམ་མེ་ཆུ་རླུང་གསུམ་འཕྲོས༔ ཚོགས་ཀྱི་རྣམ་རྟོག་བསྲེགས་གཏོར་བཀྲུས༔ མེ་ཆུ་རླུང་གསུམ་འོད་དུ་


CMR060_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ༔ སྐུ་གསུང་ཐུགས་ཀྱི་བདུད་རྩིར་གྱུར༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་རྣམས༔ དགྱེས་མཆོད་བདུད་རྩི་ཆེན་པོར་གསལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧ་ཧོ༔ གསུམ་པ་ཚོགས་ལ་སྤྱན་འདྲེན་ནི༔ ཧཱུྃ༔ མ་བཅོས་ཆོས་དབྱིངས་ཞིང་ཁམས་ནས༔ བླ་མ་ཀུན་བཟང་ཡབ་ཡུམ་དང་༔ རྒྱལ་བ་ཞི་ཁྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དེ་ནས་ཚོགས་ཕུད་གསུམ་བཅད་ནས༔ དང་པོ་མཆོད་པ་འདི་སྐད་དོ༔ ཧཱུྃ༔ བླ་མ་ཀུན་བཟང་ཐིག་ལེའི་སྐུ༔ ཉག་གཅིག་ཟང་ཐལ་ལོངས་སྤྱོད་རྫོགས༔ ཅིར་མི་དགོངས་པ་སྤྲུལ་པའི་སྐུ༔ རྒྱལ་བ་རྒྱ་མཚོ་ཞི་ཁྲོའི་ཚོགས༔ མཁའ་འགྲོ་ཆོས་སྐྱོང་སྤྲུལ་འཁོར་བཅས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ བར་པ་བཤགས་ཤིང་འབུལ་བ་ནི༔ ཧཱུྃ༔ བདག་ཅག་འཁོར་བའི་སེམས་གཞི་བླངས་པ་ནས༔ ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ༔ རིག་དང་མ་རིག་བག་ཆགས་དབང་གྱུར་པས༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་རྣམས༔ ཞལ་ཟས་ཚོགས་འབུལ་བསྐང་ཞིང་བཤགས་པར་བགྱི༔ ཨོཾ་བཛྲ་སཏྭ་ཨཱ༔ སྐབས་འདིར་ཞི་ཁྲོའི་མདངས་སྐོང་ལ་སོགས་དང་༔ ལྟ་བའི་ཀློང་བཤགས་ལ་སོགས་ཅི་རིགས་བྱ༔ ཐ་མ་ཚོགས་ཕུད་བསྒྲལ་ཞིང་བསྟབ་པ་


CMR060_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ནི༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱི་ཆོ་འཕྲུལ་རྒྱལ་བ་ཞི་ཁྲོའི་ཚོགས༔ ཁྲག་འཐུང་རྔམ་བརྗིད་འབར་བའི་སྐུར་བཞེངས་ལ༔ ཉོན་མོངས་མ་རིག་དུག་ལྔ་ཕུང་པོ་ལྔ༔ བསྟན་པ་བཤིག་པའི་དགྲ་བགེགས་མ་ལུས་པ༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ གཉིས་པ་ཕུང་པོ་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ བླ་མ་ཀུན་བཟང་ཞི་ཁྲོ་སྤྲུལ་འཁོར་བཅས༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཞལ་ཕྱེས་ཤིག༔ དུག་ལྔ་དུག་གསུམ་བསྒྲལ་བའི་ཤ་ཁྲག་རུས༔ ཡེ་ཤེས་ལྔ་ལྡན་མི་འགྱུར་ཞལ་དུ་བསྟབས༔ རྣམ་རྟོག་བག་ཆགས་ཆོས་ཉིད་ཀློང་དུ་རོལ༔ བསྟབས་སོ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕྲཊ༔ དེ་ནས་རྣལ་འབྱོར་ཕོ་མོ་ཚོགས་ལ་རོལ༔ ལས་ཀྱི་སློབ་བུས་ཚོགས་བཏེག་འདི་སྐད་དོ༔ ཧོ༔ རྣལ་འབྱོར་ཕོ་མོ་མཆེད་དང་ལྕམ་དྲལ་རྣམས༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་རང་བཞིན་སྐུ༔ དགའ་ལྡན་ལྷ་ཡི་ཚོགས་མཆོད་དཔག་ཏུ་མེད༔ འཕྲུལ་དགའ་ལྷ་ཡི་ཏིང་འཛིན་ཡིད་ཀྱིས་སྤྲུལ༔ ཚོགས་མཆོད་དག་པ་བདུད་རྩིའི་རང་བཞིན་འདི༔ དགྱེས་པ་མཆོག་གི་ལོངས་སྤྱོད་རྣལ་འབྱོར་རོལ༔ ཨ་ལ་ལ་ཧོ༔ བླ་མས་པད་


CMR060_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཀོར་ཕྱག་རྒྱས་འདི་སྐད་བླངས༔ ཧོ༔ སྐུ་རྡོ་རྗེ་མི་འགྱུར་བའི་དངོས་གྲུབ༔ གསུང་རྡོ་རྗེ་མི་འགགས་པའི་དངོས་གྲུབ༔ ཐུགས་རྡོ་རྗེ་སྤྲོས་བྲལ་གྱི་དངོས་གྲུབ༔ སྐུ་གསུང་ཐུགས་མི་འགྱུར་བའི་དངོས་གྲུབ་དམ་པ་ཨ་ལ་ལ་ཧོ༔ དེ་ནས་ཚོགས་ཀྱི་ལྷག་མའི་ཆོ་ག་ནི༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ནམ་མཁའི་རང་བཞིན་ལས༔ ལོངས་སྐུ་འགགས་མེད་བདེ་གཤེགས་ཞི་ཁྲོའི་ཚོགས༔ ཚོགས་ཕུད་དགྱེས་པ་ཆེན་པོ་ཡར་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་དེང་འདིར་སྩོལ༔ ཧཱུྃ༔ དང་པོ་གཙང་མའི་ཕུད་ཀྱིས་མི་མཆོད་རྒྱུ༔ རྒྱལ་བ་བཞི་བཅུ་རྩ་གཉིས་ཕུད་ལ་དགྱེས༔ བར་དུ་བཅུད་ལྡན་ཚོགས་ལ་མི་རོལ་རྒྱུ༔ ཁྲག་འཐུང་འབར་བའི་ཚོགས་ཀྱང་ཚོགས་ལ་དགྱེས༔ ཐོ་མ་ཚོགས་ཀྱི་ལྷག་མས་མི་བརྔན་རྒྱ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལྷག་ལ་དགྱེས༔ ཕུད་ལ་དགྱེས་པའི་བདེ་གཤེགས་ཕུད་ལ་རོལ༔ ཚོགས་ལ་དགྱེས་པའི་ཁྲག་འཐུང་ཚོགས་ལ་རོལ༔ ལྷག་ལ་དགྱེས་པའི་བྲན་མོ་ལྷག་ལ་རོལ༔ སོ་སོའི་ཐུགས་དམ་གཉེན་པོ་བསྐང་གྱུར་ཅིག༔ ཧཱུྃ༔ བར་དུ་གཉིས་མེད་གཅིག་ཏུ་མི་བསྲེ་རྒྱུ༔ ཆོས་ཉིད་རྣམ་དག་ཡེ་ནས་རྒྱུ་འབྲས་གཅིག༔ ཧཱུྃ༔ ཐ་མ་


CMR060_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་ཁ་ཆུས་མི་འདེབས་རྒྱུ༔ ཁྱོད་དང་ང་གཉིས་རྡོ་རྗེའི་ཐ་ཚིག་གཅིག༔ སྔོན་ཚེ་དཔལ་ཆེན་ཁྲག་འཐུང་སྤྱན་སྔ་རུ༔ དབུས་ནས་མི་འཚལ་དཀྱིལ་འཁོར་མུ་རན་སྐྱོང་༔ ཕུད་ལ་མི་འཚལ་ལྷག་མའི་ཞལ་ཆབ་ནུ༔ ཅི་བགྱིའི་བཀའ་ཉན་སྒྲུབ་ཅེས་ཁས་བླངས་བཞིན༔ ལྷག་མའི་བཤལ་ཆུ་གཏོར་མ་འདི་བཞེས་ལ༔ ཁས་བླངས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ བྷྱོ༔ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔ ཕྱོགས་བཞིར་གཤེགས་པའི་རྣལ་འབྱོར་ཉི་ཤུ་བརྒྱད༔ སྐུ་མདོག་སྣ་ཚོགས་མགོ་བརྙན་ཅིར་ཡང་སྟོན༔ གནས་བཟང་དུར་ཁྲོད་ཉུལ་ཞིང་ཚོགས་ཁང་འགྲིམ༔ གོས་བཟང་གཡང་གཞི་གོན་ནས་བྷནྡ་ཐོགས༔ སྐོམ་བཟང་རཀྟ་འཐུང་ཞིང་རོ་ལ་བྲ༔ དམ་ཚིག་སྲུང་མར་རྒྱུ་ཞིང་མཁའ་ལ་འགྲོ༔ ཟས་སུ་ཉམས་པའི་ཤ་དང་ཁྲག་ལ་དགྱེས༔ ལས་སུ་དགྲ་བགེགས་གསོད་དང་གཅོད་ལ་བརྩོན༔ ལྷག་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ གཉིས་པ་སྲུང་མ་ལས་ལ་བསྐུལ་བ་ནི༔ ཧཱུྃ༔ བཀའ་དང་དམ་ཚིག་གཞལ་ཡས་སུ༔ མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་རྣམས༔ ལ་ལས་བསྟན་པའི་གཞི་འཛིན་མཛད༔ ལ་


CMR060_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཀའ་ཡི་བྱ་ར་མཛད༔ ལ་ལས་ཆོས་མཛད་སྲུང་མ་མཛད༔ ལ་ལས་གཙུག་ལག་དཀོར་ཁང་སྲུང་༔ ལ་ལས་ཡུལ་དགོན་དབེན་གནས་སྲུང་༔ ལ་ལས་དམ་ཚིག་ལས་རྗེས་གཅོད༔ ལ་ལས་བསྒྲུབ་པའི་སྟོང་གྲོགས་མཛད༔ ལ་ལ་སྟོང་གསུམ་ཁྱབ་པར་རྒྱུག༔ ལ་ལ་བསམ་གཏན་ངང་ལ་གནས༔ ལ་ལས་སྐྱེ་འགྲོའི་བླ་ཚེ་རྐུ༔ ལ་ལ་སྲོག་གཅོད་སྲིན་པོའི་རིགས༔ ལ་ལ་གཙང་སྦྲ་བྲམ་ཟེའི་རིགས༔ ལ་ལ་རིམས་དང་ནད་ཀྱི་བདག༔ ལ་ལ་ལྟས་ངན་ཆོ་འཕྲུལ་བདག༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ འཁོར་དང་ལས་བྱེད་བྱེ་བ་འབུམ༔ ཀུན་ཀྱང་ཞི་ཁྲོའི་ཆོ་འཕྲུལ་ཏེ༔ རིག་རྩལ་རོལ་པ་ཐོགས་མེད་འཕྲོ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་པས་བསྐུལ་ཞིང་ཕྲིན་ལས་བཅོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་བཀའ་ཡི་ཆད་མདོ་ནི༔ ཧཱུྃ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ བཅོམ་ལྡན་ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀ༔ དྲེགས་པ་རུ་དྲའི་སྡེ་དཔོན་འདུལ་བའི་ཚེ༔ ཀོ་རི་ཕྲ་མེན་དབང་ཕྱུག་ཉེར་བརྒྱད་དང་༔ སྲུང་མ་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱིས༔ ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ༔ གཏོར་མ་འདི་བཞེས་བདག་གི་སྟོང་


CMR060_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་མཛོད༔ ཧཱུྃ༔ སྔོན་ཚེ་ཁས་བླངས་དམ་ལས་མ་འདའ་བརཿ༔ ཆད་ཐོ་དམ་ཅན་སྲུང་མ་ཐམས་ཅད་ཀུན༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ད་ལྟ་རྣལ་འབྱོར་བདག་གི་སྟོང་གྲོགས་མཛོད༔ བཞི་པ་གཏོར་སྐྱོང་བྱ་བནི༔ ཧཱུཾ་བྷྱོ༔ ཤར་གྱི་དབང་ཕྱུག་མ་བདུན་གཏོར་མ་ལོངས༔ ཉོན་མོངས་དགྲ་བགེགས་ཞི་བའི་ཕྲིན་ལས་མཛོད༔ ཧཱུཾ་བྷྱོ༔ ལྷོ་ཡི་དབང་ཕྱུག་མ་བདུན་གཏོར་མ་ལོངས༔ བསོད་ནམས་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ནུབ་ཀྱི་དབང་ཕྱུག་མ་བདུན་གཏོར་མ་ལོངས༔ འཁོར་འདས་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ ཧཱུཾ་བྷྱོ༔ བྱང་གི་དབང་ཕྱུག་མ་བདུན་གཏོར་མ་ལོངས༔ མ་རིག་སྡིག་སྒྲིབ་ཚར་གཅོད་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་པའི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་དང་༔ བྲན་གཡོག་འཁོར་བཅས་བཀའ་ཡི་གཏོར་མ་ལོངས༔ མི་མཐུན་བར་ཆད་རྐྱེན་ངན་བཟློག་ཏུ་གསོལ༔ ཉམས་རྟོགས་བསོད་ནམས་སྤེལ་བའི་གྲོགས་མཛོད་ཅིག༔ བཅོལ་བའི་ཕྲིན་ལས་ཁྱོད་ཀྱིས་གྲུབ་པར་མཛོད༔ ལྔ་པ་གཏོར་བྲོ་བརྡུང་བ་ནི་འདི་སྐད་དོ༔


CMR060_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཕྱོགས་མེད་ཕྱོགས་དང་བྲལ་བའི་ཕྱོགས་བཅུ་ནས༔ དུག་ལྔ་འཇོམས་པའི་ཡེ་ཤེས་ལྔ་ལྡན་གསལ༔ གསལ་འཚེར་སྒྱུ་མའི་ལྷ་དང་ལྷ་མོས་བསྐོར༔ ཕྱོགས་བཅུ་བདེ་གཤེགས་རིགས་ཀྱིས་བྲོ་བརྡུངས་པས༔ དུག་ལྔའི་མགོ་ལ་ཡེ་ཤེས་ཆེམས་སེ་ཆེམ༔ བྲོ་ཡང་ཡེ་ཤེས་ལྔ་ཡི་སྣང་སྟོང་བྲོ༔ གླུ་ཡང་ཡེ་ཤེས་ལྔ་ཡི་གྲུག་སྟོང་གླུ༔ ཡེ་ཤེས་ལྔ་ཡི་གླུ་བླངས་བྲོ་བརྡུངས་པས༔ རྣམ་རྟོག་མཚན་མའི་དགྲ་བགེགས་རང་སར་གྲོལ༔ མ་རིག་ཉོན་མོངས་ཀ་དག་དབྱིངས་སུ་ནོན༔ ཨོཾ་ཨཱཿཧཱུྃ༔ སྟྭཾ་བྷ་ཡ་ནན༔ དྲུག་པ་བཀྲ་ཤིས་བརྗོད་པ་ནི༔ ཨོཾ༔ ཆོས་སྐུའི་བཀྲ་ཤིས་སྟོང་ཞིང་བདག་མེད་ཤོག༔ ལོངས་སྐུ་བཀྲ་ཤིས་གསལ་ལ་འགག་མེད་ཤོག༔ ཧཱུྃ༔ སྤྲུལ་སྐུའི་བཀྲ་ཤིས་ཐུགས་རྗེའི་རྒྱུན་འབྱུང་ཤོག༔ གཞི་ཡི་བཀྲ་ཤིས་རང་རྒྱུད་དུལ་བར་ཤོག༔ ལམ་གྱི་བཀྲ་ཤིས་གཞན་རྒྱུད་སྦྱོང་བར་ཤོག༔ འབྲས་བུ་བཀྲ་ཤིས་གཞི་ཐོག་སྨིན་པར་ཤོག༔ ཅེས་བརྗོད་དབྱངས་བཅས་མེ་ཏོག་གཏོར༔ བདུན་པ་བསྔོ་བ་སྨོན་ལམ་ནི༔ ན་མོ་འཁོར་གསུམ་ཡོངས་སུ་དག་པའི་དགེ་བ་འདིས༔ ཁམས་གསུམ་འཁོར་བའི་སེམས་ཅན་མ་ལུས་པ༔ སྐུ་གསུམ་འབྲས་བུ་མྱུར་དུ་སྨིན་པར་ཤོག༔


CMR060_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་སེམས་ཅན་ཡོངས་ཀྱི་དཔལ་དུ་ཤོག༔ ལྷ་ཚོགས་གཤེགས་སུ་གསོལ་བ་ནི༔ ཨོཾ༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ༔ སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུ༔ རྗེས་སུ་རྫོགས་རིམ་བསྒོམ་པ་ནི༔ གཟུགས་སྣང་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་ལ༔ ལྷ་ཚོགས་ནམ་མཁའི་འཇའ་ཚོན་ཡལ་བ་ལྟར༔ སྣང་སྟོང་གཉིས་མེད་མཐའ་བྲལ་ངང་ལ་བཞག༔ སྒྲ་གྲག་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་གསུང་༔ གྲག་སྟོང་ནམ་མཁའི་འབྲུག་སྒྲ་ཡར་བ་ལྟར༔ གྲག་སྟོང་བརྗོད་མེད་ངང་ལ་མཉམ་པར་བཞག༔ དྲན་སེམས་ཐམས་ཅད་ཞི་ཁྲོའི་ཐུགས་སུ་ཤར༔ ཤར་གྲོལ་ཀློང་ཐིམ་མཁའ་ལ་སྤྲིན་དེངས་ལྟར༔ ཐུགས་དགོངས་མ་བཅོས་སྐྱེ་མེད་ངང་ལ་བཞག༔ ཨ་ཨ་ཨ༔ ཞི་ཁྲོ་རིགས་བརྒྱ་འདུས་པའི་ལས་བྱང་ཆུང་བ་ཚོར་བ་རང་གྲོལ་སྙིང་པོ་ཞེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྲུབ་ཐོབ་ཀརྨ་གླིང་པའི་གཏེར་མའོ༔ སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་ལས་བྱང་ཆུང་བ་ཚོར་བ་རང་གྲོལ་སྙིང་པོ།next