Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
ཚེ་སྒྲུབ་གསང་བ་འདུས་པ་ལས་ལས་བྱང་ཆོ་གའི་རིམ་པ་ལྷ་བཅོ་བརྒྱད་པ་པདྨའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་གསང་བ་འདུས་པ་ལས་ལས་བྱང་ཆོ་གའི་རིམ་པ་ལྷ་བཅོ་བརྒྱད་པ་པདྨའི་ཕྲེང་བ།next

ཚེ་སྒྲུབ་གསང་བ་འདུས་པ་ལས་ལས་བྱང་ཆོ་གའི་རིམ་པ་ལྷ་བཅོ་བརྒྱད་པ་པདྨའི་ཕྲེང་བ།


CMR060_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གསང་བ་འདུས་པ་ལས༔ ལས་བྱང་ཆོ་གའི་རིམ་པ་ལྷ་བཅོ་བརྒྱད་པ་པདྨའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ༔


CMR060_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མཆོག་དཀྱིལ་འཁོར་ཀུན་གྱི་གཙོ༔ སྐྱེ་འཆི་གཉིས་བྲལ་རྡོ་རྗེའི་སྐུ༔ བཅོམ་ལྡན་ཚེ་ཡི་བདག་པོ་ལ༔ མི་ཕྱེད་དད་པས་ཕྱག་འཚལ་ལོ༔ དེ་ཡི་སྤྲུལ་པ་རྒྱ་བོད་དུ༔ རྩོད་པ་མེད་པར་རབ་གྲགས་པ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཚེ་སྒྲུབ་གསང་བ་འདུས་པ་ཡི༔ ལས་བྱང་ཆོ་གའི་རིམ་པ་བསྟན༔ འདི་ལ་སྔོན་འགྲོ་དངོས་གཞི་དང་༔ རྗེས་ཀྱི་རིམ་པ་དང་གསུམ་མོ༔ ཐོག་མར་དབེན་པའི་གནས་སུ་བཀྲ་ཤིས་པའི་ས་ལ༔ དཀྱིལ་འཁོར་མདའ་གང་དྲི་ཡིས་ཆག་ཆག་གདབ༔ བུ་མོ་གཙང་མ་རིག་ལྡན་རྒྱན་དང་བཅས༔ གཟུངས་མར་མངའ་གསོལ༔ ཕར་ཐིག་སྐུད་གཏད་ལ་རྡོ་རྗེའི་གླུ་འདིས་གདབ་པར་བྱ༔ ཧཱུྃ༔ སྐྱེ་བ་


CMR060_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཆོ་འཕྲུལ་ནི༔ མི་འགྱུར་རྟག་པའི་གཡང་དྲུང་གསལ༔ གསང་བ་ཡུམ་གྱི་མཁའ་ཀློང་ནས༔ བཅུ་དྲུག་གསལ་བའི་ཐིག་ལེ་འཛིན༔ ཡིད་འོང་འཁྲིལ་ལྡན་ལྷ་མོའི་གཟུགས༔ གསང་བ་རྡོ་རྗེའི་ཐིག་ཐོབ་ཅིག༔ ཧཱུྃ་ཛྙཱ་ན་ཙཀྲ་མཎྜལ་ཧཱུྃ་ཧཱུྃ༔ ཞེས་ཐིག་གདབ་ཅིང་དཀྱིལ་འཁོར་བྲི་བ་ནི༔ ལྟེ་བ་དམར་པོ༔ དེའི་ཕྱི་རིམ་མུ་ཁྱུད་དཀར་དམར་མཐིང་གསུམ་སྐུ་གསུམ་མཚོན་པའོ༔ དེའི་ཕྱིར་པདྨ་འདབ་མ་བཞི༔ དེའི་ཕྱིར་པདྨ་འདབ་མ་བཞིའི་ཟུར་བཞི་རིན་པོ་ཆེའི་མཚན་པའོ༔ དེའི་ཕྱིར་པདྨ་འདབ་བཞི་དང་ཟུར་བཞིར་རྡོ་རྗེའི་ར་བཞིས་མཚན་པའོ༔ དེའི་ཕྱི་རིམ་པདྨ་ལྔ་དང་ཟུར་བཞི་མེ་ཏོག་གིས་མཚན་པའོ༔ དེའི་ཕྱིར་སྒོ་གྲུ་རྟ་བབས་པད་རྡོར་མེ་རི་ལ་སོགས་ཀུན་དང་མཐུན་པར་


CMR060_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བྲིའོ༔ ཕྱི་ནང་གི་པདྨ་རྣམས་ནི་ཕྱོགས་མཚོན་ཀུན་དང་མཐུན་པར་ཡོད་དོ༔ གཉིས་པ་སྒྲུབ་རྫས་བཤམས་པ་ནི༔ རིན་པོ་ཆེའི་བུམ་པ་ཚད་ལྡན་གས་ཆག་མེད་པའི་ནང་དུ་ཛ་གད་སྙིང་ཁུ་དང་༔ བུར་སྦྲང་༔ འོ་མ་བུམ༔ རྫས་ཉེར་ལྔ༔ མར་གྱི་རིལ་བུ་ལྷ་གྲངས་སོགས་གྲངས་མེད༔ མགུལ་ཆིངས་དམར་པོ༔ ཁ་རྒྱན་རྡོ་རྗེ་གཟུངས་ཐག་དང་བཅས་པ་བཤམས༔ ཁ་ཚང་ཁ་ལ་ཙཀ་ལི་རྣམས་བཀོད༔ སྨན་གཏོར་རཀྟ་ཕྱི་ནང་གི་མཆོད་གཏོར་རྒྱས་པར་བཤམས༔ ཚེ་ནས་དཀར་པོའི་སྟེང་དུ་ཚེ་ཆང་༔ ཚེ་འབྲས༔ ཕྱོགས་བཞིར་ཕྲིན་ལས་བཞིའི་འབྲང་རྒྱས༔ ཕྲིན་ལས་རྣམ་པ་རེ་རེ་ལྟར་ཆེའི་མདའ་དར༔ ཕོའི་ཚེ་རྟེན་ལ་མདའ་དར་གསེར༔ མོའི་ཚེ་རྟེན་ལ་གཡུ་དང་བལ༔ བྱིས་བའི་ཚེ་རྟེན་དུ་དུང་དང་ཚེའི་གཏོར་མ་གཡང་ཞགས་འཁྱིལ་པ་ལ་སོགས་བཤམ་མོ༔ དངོས་གཞིར་སྒྲུབ་པའི་ཆོ་གར་འཇུག་པར་བྱ་སྟེ༔ ཐོག་མར་སྐྱབས་སེམས་བསྐྱེད་ཡན་ལག་བདུན་པ་སྔོན་དུ་འགྲོ་བ་ནི༔ ཧཱུྃ༔ བླ་མ་ཚེ་དཔག་མེད་པ་དང་༔ ཚེ་དབང་རིག་པ་འཛིན་རྣམས་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ འགྲོ་བ་སེམས་ཅན་ཀུན་དོན་དུ༔ འཆི་མེད་ཚེ་ལ་དབང་བ་ཡི༔ རིག་འཛིན་ཐོབ་པར་སེམས་བསྐྱེད་དོ༔ མི་འགྱུར་རྟག་པ་རྡོ་རྗེའི་སྐུ༔ ཚེ་བདག་རྣམས་ལ་ཕྱག་འཚལ་ལོ༔ འཇིག་རྟེན་དང་ནི་འདས་པ་ཡི༔ བཅུད་རྣམས་མ་ལུས་མཆོད་པ་འབུལ༔ སྲོག་བཅད་


CMR060_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མི་དགེའི་ལས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ འཆི་མེད་ཚེ་དབང་བསྒྲུབ་ལ་སོགས༔ ཚོགས་གཉིས་རྣམས་ལ་ཡི་རང་ངོ་༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ ཚེ་ཡི་བར་ཆད་སེལ་བར་བསྐལ༔ འཁོར་བ་ཇི་སྲིད་མ་སྟོང་བར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་པ་ཚེ་ཁྲིད་རྡོ་རྗེའི་ཕྲེང་བའི་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པའོ༔ འབྱུང་གཏོར་བཏང་བ་ནི་ལྕོག་རྡོག་དང་ཆངས་བུ་བྲན་ལ༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཾ་ཨདྱ་ནུཏྤན་ནཏྟོ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ༔ བྱིན་བརླབས་ལ༔ ཧཱུྃ༔ བྱང་ཆུབ་བསྒྲུབ་ལ་མི་དགའ་ཞིང་༔ མི་དང་མི་མིན་འབྱུང་པོའི་ཚོགས༔ ལན་ཆགས་གླུད་གཏོར་འདི་ལོངས་ལ༔ གནས་འདིར་འཁོར་ཡུག་ཚུན་ཆད་དུ༔ སྐད་ཅིག་ཙམ་ཡང་འདའ་མ་བྱེད༔ གལ་ཏེ་མི་ཉན་འདུག་གྱུར་ན༔ རྡོ་རྗེའི་ཁྲོ་ཚོགས་དཔག་མེད་ཀྱིས༔ ལུས་ངག་ཡིད་གསུམ་བརླག་པར་བྱེད༔ འདིར་འདུག་འཇུག་པའི་གནས་མེད་ཀྱིས༔ དེ་བས་མ་འདུག་གཞན་དུ་དེང་༔ ཞེས་གཏོར་མ་ཕྱིར་རོལ་དོ་ར༔ བགེགས་ལ་བཀའ་བསྒོ་བ་ནི༔ དང་པོ་འདི་སྐད་དོ༔


CMR060_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ བྱང་ཆུབ་བསྒྲུབ་ལ་མི་དགའ་ཞིང་༔ ལུས་སེམས་སྦྱོར་བ་ངན་པ་ཡིས༔ མི་ལ་གནོད་ཅིང་འཚེ་བྱེད་པ༔ ཚེ་ལ་རྐུ་ཞིང་སྲོག་ལ་འཇབ༔ གཤེད་དང་ལྕགས་དང་བླ་ཁྱེར་བྱེད༔ འབྱུང་པོའི་རིགས་ནི་གང་ཡང་རུང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང་༔ ནད་ཡམས་དལ་གྱི་བདག་མོ་སོགས༔ ཚེ་དང་སྲོག་ལ་གནོད་བྱེད་པའི༔ བདུད་སྡེ་དཔུང་བཅས་ཕྱིར་དེངས་ཤིག༔ ལན་ཆགས་གླུད་གཏོར་བྱིན་ནས་ཀྱང་༔ བསྒོ་བའི་བཀའ་ལ་མི་ཉན་ན༔ དབང་ཆེན་ཁྲོས་པའི་ང་རྒྱལ་གྱིས༔ རྟ་སྐད་འཚེར་ཞིང་མཚོན་ཆས་གཏུབ༔ རྡོ་རྗེ་འཛིན་ཡང་འཇིགས་ནུས་ན༔ བགེགས་ཚོགས་རྣམས་ལ་སྨོས་ཅི་དགོས༔ ལུས་ངག་ཐལ་བར་བརླག་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར༔ དེ་བས་མ་རུངས་གདུག་པའི་ཚོགས༔ སྐད་ཅིག་ཉིད་ལ་ཕྱིར་དེངས་ཤིག༔ ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ༔ གྲིཧྞ་གྲྀཧྞ་ཧཱུཾ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཱིདྨ་རཱ་ཛ་ཀྲོ་ཏ་ཡ་ཧཱུྃ་ཕཊ༔ ཚེ་དང་སྲོག་ལ་བར་དུ་གཅོད་པའི་འབྱུང་པོ་ཐམས་ཅད་ཨུཙྪཏ་ཡ་ཧཱུྃ་ཕཊ༔ ཅེས་བཀའ་


CMR060_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོས་ནས་མཚམས་བཅད་པར་བྱ་སྟེ༔ རང་ཉིད་དབང་ཆེན་དུ་གསལ་བ་ནི༔ ཧཱུྃ༔ ང་ནི་འབར་བ་དབང་གི་སྐུ༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ལས༔ ཁྲོ་བོའི་ཚོགསཀྱི་ནམ་མཁའ་ག༔ ཁྲོ་མོ་ཚོགས་ཀྱི་ས་གཞི་གང་༔ ཕྱོགས་མཚམས་མཚོན་ཆའི་འཁོར་ལོ་བསྐོར༔ མེ་ནི་སྲིད་གསུམ་ཁྱབ་པར་འབར༔ དྲེགས་ཤིང་གདུག་པ་སུ་ཡོད་ཀྱང་༔ ང་ཡི་བཀའ་ལ་འདའ་མ་བྱེད༔ ཨོཾ་ཧྲིབཛྲ་ཀྲོ་དྷ་ཧྱ་གྲི་བ་བཛྲ་ཙཀྲ་ཏིག་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་མཚམས་བཅད༔ དེ་ནས་བྱིན་དབབ་པ་བྱ་སྟེ༔ དབྱངས་སྙན་མོའི་རོལ་མོ་རྣམས་འཁྲོལ་ཏེ༔ ཧཱུྃ༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཚེ་ལ་དབང་བའི་དཀྱིལ་འཁོར་འདིར༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཚེ་ཡི་ལྷ་མོ་མགྱོགས་མ་དང་༔ ཕོ་ཉ་སྤྲུལ་པ་ཡང་སྤྲུལ་བཅས༔ ཕྱོགས་བཅུ་ནམ་མཁའི་མཐའ་མཉམ་ནས༔ འཁོར་འདས་ཀུན་གྱི་ཚེ་དང་དཔལ༔ བཀྲག་མདངས་གཟི་བརྗིད་ཀུན་བསྡུས་ནས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཚེ་དང་དཔལ་གྱི་འོད་ཟེར་འབར༔ དཀྱིལ་འཁོར་རྫ་ས་ལ་བྱིན་ཆེན་ཕོབ༔ རྣལ་འབྱོར་བདག་ལ་དབང་ཆེན་བསྐུར༔ ཧཱུཾ་ཧཱུཾ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱཿ ཨཱ་ཝེ་ཤ་ཨ་ཨཱ༔ དེ་


CMR060_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཆོད་པ་བྱིན་བརླབ་ནི༔ ཧཱུྃ༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་འདིར༔ ཕྱི་ནང་གསང་བའི་མཆོད་ཚོགས་ཀྱིས༔ སྣང་སྲིད་ཐམས་ཅད་ཡོངས་བཀང་ནས༔ ཚེ་ལྷ་མཉེས་པའི་རྒྱུར་གྱུར་ཅིག༔ ཨོཾ་བཛྲ་པུཥྛ་ཨཱཿཧཱུྃ་སྭཱ་ཧཱཿ དེ་བཞིན་དུ། དྷུ་པེ ཨཱ་ལོ་ཀེ གྷནྡྷེ ནེ་ཝི་དྱ༴ ཤབྡ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲིཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་སརྦ་པུ་ཛ་ཨཱཿཧཱུྃ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཚེ་ལྷ་རྒྱལ་བ་འཁོར་བཅས་དགོངས༔ བདག་ཅག་ལུས་ངག་ཡིད་གསུམ་གྱི༔ མི་དགེའི་ཉམས་ཆག་འགལ་འཁྲུལ་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱ། དེ་ནས་གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ༔ སྟོང་པ་ཆེན་པོ་ཆོ་འཕྲུལ་ཆེ༔ གསང་ཆེན་ཡུམ་ལྔའི་མཁའ་ཀློང་ནས༔ ཨེཡཾརསཾཀེརཾབྷྲཱུཾ༔ འབྱུང་བ་ཆེན་པོ་ལྔ་རུ་ཤར༔ སྲ་བརྟན་རྡོ་རྗེའི་རི་རབ་སྟེང་༔ པདྨ་རིན་ཆེན་རྡོ་རྗེ་དང་༔ འཁོར་ཡུག་འོད་ཀྱི་དྲ་བར་གསལ༔ རིན་ཆེན་སྣ་ལྔའི་རྩིགས་པ་ལ༔ འགྱུར་མེད་རྡོ་རྗེའི་རྒྱ་ཡིས་གདབ༔ གྲུ་ཆད་སྒོ་ཁྱམས་


CMR060_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་རྣམས་རྫོགས༔ རྟ་བབས་ཆོས་འཁོར་གདུགས་ཏོག་མཛེས༔ ཕོ་བྲང་མཉམ་ཡང་འོད་དུ་འབར༔ ཕྱི་གསལ་ནང་གསལ་དྲི་མ་མེད༔ ངོ་མཚར་རྒྱལ་བའི་ཕོ་བྲང་གསལ༔ ཧཱུཾ་ཛྙཱ་ན་ཙཀྲ་མཎྜལ་ཧཱུཾ༔ དེ་ནས་ལྷ་བསྐྱེད་པ་ནི༔ ཧཱུྃ༔ རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དབུས་རྨ་བྱ་པདྨ་ཉི་ཟླའི་སྟེང་༔ ཡི་གེ་ཧཱུྃཡི་འཕྲོ་འདུ་ལས༔ ཚེ་ཡི་བདག་པོ་སྐུ་མདོག་དམར༔ མཉམ་བཞག་ཚེ་ཡི་བུམ་པ་འཛིན༔ རིན་ཆེན་རྒྱན་རྫོགས་ཅོད་པན་ཅན༔ གོས་དཀར་ཡུམ་དང་གཉིད་མེད་འཁྲིལ༔ གསང་བ་ཡུམ་ཆེན་གོས་དཀར་མོ༔ དམར་གསལ་གཞོན་ཚུལ་བདེ་བ་རྒྱས༔ ཚེ་མདའ་གཡས་ལ་ཚེ་བུམ་གཡོན༔ བདེ་ཆེན་ཡབ་དང་གཉིས་མེད་སྦྱོར༔ ཚེ་དང་དཔལ་གྱི་འཕྲོ་འདུ་གསལ༔ སྙིང་ཁར་སྣ་ཚོགས་རྡོ་རྗེ་ཡི༔ ལྟེ་བའི་སྟེང་དུ་ཉི་ཟླ་གཉིས༔ ཁ་སྦྱོར་ནང་དུ་ཧྲིདམར་པོ༔ དབུས་སུ་ཨཱཐནི༔ཧཱུྃ་གསུམ་གསལ༔ དེ་ཡང་གཡས་སུ་ཨཱ༔དཀར་པོ་སྲོག་མི་འགྱུར་བའི་ཡི་གེ༔ གཡོན་དུ་ཧཱུྃ་མཐིང་ནག་སྲོག་བརྟན་པའི་ཡི་གེ༔ དབུས་སུ་ནཱི༔ལྗང་གུ་དེ་གསུམ་འོད་ཟེར་དང་ལྡན་པར་བསྒོམ༔ རང་གི་སྤྱི་བོར་པད་དཀར་སྟོང་ལྡན་དབུས༔ ཨུ་རྒྱན་ཚེ་དཔག་སྐུ་མདོག་དམར༔ འོད་དང་འོད་


CMR060_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ངོ་བོར་གནས༔ ལོངས་སྐུའི་རྒྱན་རྫོགས་རིན་ཆེན་སྤྲས༔ མཉམ་བཞག་འཆི་མེད་ཚེ་བུམ་བསྣམས༔ དར་ཚོན་སྣ་ལྔའི་སྟོད་གཡོགས་དང་༔ དམར་པོའི་ཤམ་ཐབས་བྱས་པའོ༔ དེ་ཡི་གསང་ཡུམ་རིག་མ་ནི༔ གསང་བ་ཡེ་ཤེས་སྐུ་མདོག་དམར༔ གཅེར་བུ་རུས་རྒྱན་པད་ཕྲེང་བརྒྱན༔ ཕྱག་གཡས་པད་ཕྲེང་ཡབ་མགུལ་འཁྱུད༔ གཡོན་པས་ཚེ་ཡི་བུམ་པ་འཛིན༔ ཡབ་ཀྱི་སྙན་གྱི་ཐད་དུ་འཛིན༔ ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ༔ སྙོམས་འཇུག་མཛད་པའི་ཚུལ་དུ་གནས༔ དབུ་སྐྲ་དམར་སེར་འཁྱིལ་ཞིང་འཕྱང་༔ ཤར་དུ་ལཱ་སྱ་དཀར་མོ་ལ༔ ལྷོ་རུ་མཱ་ལེ་སྔོན་མོ་བསྐྱེད༔ ནུབ་ཏུ་གཱིརྟི་དམར་མོ་སྟེ༔ བྱང་དུ་ནཱིཏི་ལྗང་མོར་བསྐྱེད༔ དེ་ཡི་ཕྱི་རིམ་འཁོར་ཡུག་ལ༔ ཤར་ཕྱོགས་དཀར་མོ་མགྱོགས་མ་སྟེ༔ ལྷོ་ཕྱོགས་སྔོན་མོ་རྒྱས་པའི་ཚུལ༔ ནུབ་ཕྱོགས་དབང་གི་མགྱོགས་མ་དམར༔ བྱང་ཕྱོགས་ལས་ཀྱི་མགྱོགས་མ་ལྗང་༔ དེ་ཡི་ཕྱི་རིམ་པདྨ་དང་༔ མི་འགྱུར་རྡོ་རྗེའི་ཟུར་བཅས་ལ༔ ཤར་དུ་ལྕགས་ཀྱུ་ལྷོར་ཞགས་པ༔ ནུབ་ཏུ་ལྕགས་སྒྲོག་བྱང་དྲིལ་བུ༔ ཚེ་ཡི་ལྷ་མོ་མགྱོགས་མར་བཅས༔ དེ་ཡི་ཕྱི་རིམ་པདྨ་ལྔ༔ མེ་ཏོག་


CMR060_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པའི་འཛུམ་བཅས་ལ༔ ཚེ་བདག་རྒྱལ་བ་རིགས་ཀྱི་ཡུམ༔ ཤར་དུ་ཀུན་བཟང་མཱ་ཀི་དཀར༔ ལྷོ་རུ་སངས་རྒྱས་སྤྱན་མ་སེར༔ ནུབ་ཏུ་ན་བཟའ་དཀར་མོ་དམར༔ བྱང་དུ་དམ་ཚིག་སྒྲོལ་མ་ལྗང་༔ དེ་ལྟར་གཙོ་འཁོར་ལྷ་རྣམས་དང་༔ གཞན་ཡང་ཚེ་ལྷ་རིག་འཛིན་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཚེ་ཡི་འོད་ཟེར་འཕྲོ་འདུ་ཅན༔ གནས་གསུམ་འབྲུ་གསུམ་ས་བོན་ལས༔ འོད་འཕྲོས་བདེ་ཆེན་ཞིང་ཁམས་ནས༔ ཚེ་དཔག་འཁོར་ཚོགས་རྒྱ་མཚོ་དང་༔ རྔ་ཡབ་གླིང་ནས་ཨོ་རྒྱན་རྗེ༔ འཁོར་ཚོགས་དཔག་མེད་སྤྱན་དྲངས་ནས༔ བདག་མདུན་ཚེ་བུམ་རྣམས་ལ་ཐིམ༔ ཨོཾ་ཨཱ་ཡུསརྦ་ཏ་ཐཱ་ག་ཏ་ཛྷཱ་ན་མུ་ཏྲ་ས་མ་ཡ་ཛ་ཛ༔ དེ་ནས་ཚེ་མདའ་རོལ་མོ་དང་བཅས་ཏེ་སྤྱན་འདྲེན་པ་ནི༔ ཧཱུྃ༔ ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་༔ འགྱུར་བ་མེད་པའི་ཕོ་བྲང་ནས༔ རིགས་བདག་ཚེ་ཡི་མགོན་པོ་ནི༔ ཚེ་ཡི་ལྷ་མོ་མགྱོགས་མ་དང་༔ ཕོ་ཉ་ཡང་སྤྲུལ་དཔག་མེད་བཅས༔ རྣལ་འབྱོར་བདག་ཅག་སྒྲུབ་པ་པོས༔ ཚེ་ཡི་དངོས་བསྒྲུབ་བྱའི་ཕྱིར༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ ཐུགས་རྗེས་


CMR060_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་གཤེགས་སུ་གསོལ༔ ཨཱ་ཡུ༔སརྦ་ཏ་ཐཱ་ག་ཏ་ཛྷཱ་ན་མུ་ཏྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ ཉི་ཟླ་པདྨའི་གདན་སྟེང་དུ༔ དགྱེས་པའི་ཚུལ་གྱིས་བཞུགས་ནས་ཀྱང་༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ཨཱ་ཡུ༔སརྦ་ཏ་ཐཱ་ག་ཏ་ཛྷཱ་ན་མུ་ཏྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ དེང་གི་གནས་མཆོག་དམ་པ་འདིར༔ ཚེ་ཡི་ལྷ་ཚོགས་འཁོར་བཅས་ལ༔ བདག་ཅག་ལུས་ངག་རབ་དད་པས༔ རྟག་པར་རྒྱུན་གྱིས་ཕྱག་བགྱིའོ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ དེ་ནས་ཕྱི་ནང་གསང་བའི་མཆོད་པ་ནི༔ ཧཱུྃ༔ ཚེ་ཡི་བདག་པོ་གཙོ་འཁོར་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་ལ་སོགས་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ སྦྱོར་སྒྲོལ་ཏན་གན་རྨད་དུ་བྱུང་༔ ངོ་མཚར་མཆོག་གི་ཨ་མྲྀ་ཏ༔ དམ་རྫས་གཏོར་ཆེན་འདོད་ཡོན་ཚོགས༔ དུག་གསུམ་རཀྟའི་ཛ་གད་ཆང་༔ མཆོད་པའི་བྱེ་བྲག་དཔག་མེད་ནི༔ མཛེས་པའི་ལྷ་མོ་བཅུ་དྲུག་གིས༔ ས་གཞི་ཁྱབ་པར་གར་བྱེད་ཅིང་༔ ནམ་མཁའ་ཁྱབ་པའི་ཕྱག་རྒྱས་བསྒྱུར༔ རྡོ་རྗེའི་གླུ་ཡིས་བསྐུལ་ནས་ཀྱང་༔ ཚེ་ཡི་དཀྱིལ་འཁོར་


CMR060_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་ལ༔ ཚེ་ཡི་དངོས་གྲུབ་སྩོལ་ཕྱིར་འབུལ༔ ཨ་ལ་ལ་སྟེ་བཞེས་སུ་གསོལ༔ ཨོཾ་བཛྲ་ཨཱ་ཡུ་ཥཱ༔ ཨོཾ་བཛྲ་པུཥཱ་པྲ་ཏིཙྪ་སྭཱ་ཧཱ༔ ཨོཾ་བཛྲ་དྷུ་པེ་པྲ་ཏིཙྩ་སྭཱ་ཧཱ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཏིཙྪ་སྭཱ་ཧཱ༔ ཨོཾ་བཛྲ་གནྡྷེ་ཏིཙྪ་སྭཱ་ཧཱ༔ ཨོཾ་བཛྲ་ནེ་ཝིང་ཏིཙྪ་སྭཱ་ཧ༔ ཨོཾ་བཛྲ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་བ་ལཾ་ཏ༔ བོ་དྷི་ཙིཏྟ་ག་ཎ་གུ་ཧྱ༔ མ་ཧཱ་རཀྟ༔ མ་ཧཱ་མུ་ཏྲ་ཛྷཱ་ན་སརྦ་པུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྤྱི་དྲིལ་དུ་འབུལ་ལོ༔ ཚེ་སྒྲུབ་གསང་འདུས་བསྟོད་པ་ཐུགས་དམ་བསྐུལ་པ་ཟུར་དུ་བཀོད་པ་ལས་བྱང་གི་ཆོ་གའོ༔ བཅོམ་ལྡན་ཚེ་བདག་ཡབ་ཡུམ་ལ་ཕྱག་འཚལ་ལོ༔ ཚེ་སྒྲུབ་པའི་ཆོ་ག་ལས་རྡོ་རྗེའི་ཚིག་གིས་བསྐུལ་བའི་རྗེས༔ སྐབས་སུ་བསྟོད་པ་རྒྱས་པར་བྱས་ནས་དབྱངས་སྙན་པོའི་བསྟོད་དོ༔ ཧཱུྃ༔ བཅོམ་ལྡན་ཚེ་བདག་ཡབ་ཡུམ་ནི༔ དམར་གསལ་དྲི་མེད་ཚེ་བུམ་འཛིན༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཤར་གྱི་ཚེ་བདག་ཆེན་མོ་ནི༔ དཀར་མོ་ཚེ་ཡི་བུམ་པ་འཛིན༔ ཤར་གྱི་ཕྱོགས་ནས་ཚེ་ཡི་བདག༔ ལཱ་སྱ་དཀར་མོར་ཕྱག་འཚལ་བསྟོད༔ ཧཱུྃ༔ ལྷོ་ཡི་ཚེ་བདག་ཆེན་མོ་ནི༔ སྔོན་མོ་ཚེ་ཡི་བུམ་པ་འཛིན༔ ལྷོ་ཡི་ཕྱོགས་ནས་ཚེ་


CMR060_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བདག༔ མཱ་ལེ་སྔོན་མོར་ཕྱག་འཚལ་བསྟོད༔ ཧཱུྃ༔ ནུབ་ཀྱི་ཚེ་བདག་ཆེན་མོ་ནི༔ དམར་མོ་ཚེ་ཡི་བུམ་པ་འཛིན༔ ནུབ་ཀྱི་ཕྱོགས་ནས་ཚེ་ཡི་བདག༔ གིརྟི་དམར་མོར་ཕྱག་འཚལ་བསྟོད༔ ཧཱུྃ༔ བྱང་གི་ཆེ་བདག་ཆེན་མོ་ནི༔ ལྗང་མོ་ཚེ་ཡི་བུམ་པ་འཛིན༔ བྱང་གི་ཕྱོགས་ནས་ཚེ་ཡི་བདག༔ ནིརྟི་ལྗང་མོར་ཕྱག་འཚལ་བསྟོད༔ ཧཱུྃ༔ རི་རབ་ཆེན་པོའི་ཤར་ཕྱོགས་ནས༔ ལུས་འཕགས་གླིང་ལ་དབང་ཡང་སྒྱུར༔ དྲི་ཟ་ལ་སོགས་ཚེ་བདག་མོ༔ དཀར་མོ་མགྱོགས་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ རི་རབ་ཆེན་པོའི་ལྷོ་ཕྱོགས་ནས༔ འཛམ་བུ་གླིང་ལ་དབང་ཡང་སྒྱུར༔ གྲུལ་བུམ་ལ་སོགས་ཚེ་བདག་མོ༔ སྔོན་མོ་མགྱོགས་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ རི་རབ་ཆེན་པོའི་ནུབ་ཕྱོགས་ནས༔ བ་ལང་སྤྱོད་ལ་དབང་ཡང་སྒྱུར༔ ཀླུ་དབང་ལ་སོགས་ཚེ་བདག་མོ༔ དམར་མོ་མགྱོགས་མར་ཕྱག་འཚལ་བསྟོདི༔ ཧཱུྃ༔ རི་རབ་ཆེན་པོའི་བྱང་ཕྱོགས་ནས༔ སྒྲ་མི་སྙན་ལ་དབང་ཡང་སྒྱུར༔ གནོད་སྦྱིན་ལ་སོགས་ཚེ་བདག་མོ༔ ལྗང་མོ་མགྱོགས་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ ཁམས་གསུམ་ཀུན་གྱི་ཚེ་བདག་ནི༔ ཤར་ཕྱོགས་ཞི་བའི་


CMR060_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཛད་ཅིང་༔ དཀར་མོ་ལྕགས་ཀྱུ་ཕྲིན་ལས་མ༔ ཤར་གྱི་སྒོ་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ དུས་གསུམ་ཀུན་གྱི་ཚེ་བདག་ནི༔ ལྷོ་ཕྱོགས་རྒྱས་པའི་ལས་མཛད་ཅིང་༔ སྔོན་མོ་ཞགས་པ་ཕྲིན་ལས་མ་ལྷོ་ཡི་སྒོ་མར་ཕྱག་འཚལ་བསྟོད༔ སྲིད་གསུམ་ཀུན་གྱི་ཚེ་བདག་ནི༔ ནུབ་ཕྱོགས་དབང་གི་ལས་མཛད་ཅིང་༔ དམར་མོ་ལྕགས་སྒྲོག་ཕྲིན་ལས་མ༔ ནུབ་ཀྱི་སྒོ་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ སྐུ་གསུང་ཐུགས་ཀྱི་ཚེ་བདག་ནི༔ བྱང་ཕྱོགས་དྲག་པོའི་ལས་མཛད་ཅིང་༔ ལྗང་མོ་དྲིལ་བུ་ཕྲིན་ལས་མ༔ བྱང་གི་སྒོ་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ དེ་བཞིན་རིགས་ཀྱི་ལྷ་མོ་ནི༔ ནམ་མཁའི་ཁམས་ལ་དབང་ཡང་སྒྱུར༔ སྐུ་མདོག་མཐིང་ལ་འོད་ཟེར་འབར༔ ཕྱག་འཚལ་ཀུན་ཏུ་བཟང་མོ་ལའོ༔ རྡོ་རྗེ་རིགས་ཀྱི་ལྷ་མོ་ནི༔ འབྱུང་བ་ཆུ་ལ་དབང་ཡང་སྒྱུར༔ སྐུ་མདོག་དཀར་ལ་འོད་ཟེར་འབར༔ ཕྱག་འཚལ་ཡུམ་ཆེན་མཱ་ཀི་ལའོ༔ རིན་ཆེན་རིགས་ཀྱི་ལྷ་མོ་ནི༔ འབྱུང་བ་ས་ལ་དབང་ཡང་སྒྱུར༔ སྐུ་མདོག་སེར་ལ་འོད་ཟེར་འབར༔ ཕྱག་འཚལ་སངས་རྒྱས་སྤྱན་མ་ལའོ༔ པདྨ་རིགས་ཀྱི་ལྷ་མོ་ནི༔ འབྱུང་བ་


CMR060_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལ་དབང་ཡང་སྒྱུར༔ སྐུ་མདོག་དམར་ལ་འོད་ཟེར་འབར༔ ཕྱག་འཚལ་ན་བཟའ་དཀར་མོ་ལའོ༔ ལས་ཀྱི་རིགས་ཀྱི་ལྷ་མོ་ནི༔ འབྱུང་བ་རླུང་ལ་དབང་ཡང་སྒྱུར༔ སྐུ་མདོག་ལྗང་ལ་འོད་ཟེར་འབར༔ ཕྱག་འཚལ་དམ་ཚིག་སྒྲོལ་མ་ལའོ༔ དེ་ནས་ཚེ་ཡི་མདའ་དར་གཡབ༔ སྤོས་དང་གུ་གུལ་བསྲེགས༔ དབྱངས་སྙན་པོས་རོལ་མོ་དང་བཅས་ཏེ༔ ཚེ་འགུགས་ཤིང་དབང་བསྐུར་བར་བྱ་སྟེ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་ནི་ནམ་མཁའི་རྡུལ་བག་མེད༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ འགྱུར་བ་མེད་པ་རྡོ་རྗེའི་སྐྱ༔ སྐུ་མདོག་དམར་ལ་འོད་ཟེར་འཕྲོ༔ ཕྱག་གཡས་རྡོ་རྗེའི་ཚེ་དར་བསྣམས༔ གཡོན་པས་ཚེ་ཡི་བུམ་པ་འཛིན༔ གསང་བ་ཡུམ་ཆེན་གོས་དཀར་མོ༔ ཚེ་བུམ་བསྣམས་ནས་གཉིས་མེད་འཁྲིལ༔ ཡང་གསང་ཐུགས་ཀྱི་གའུ་ནས༔ སྙིང་པོ་ཐུགས་ཀྱི་ཨཱ་ཡུསྩོལ༔ མགོན་པོ་ཚེ་བཞག་གནས་འདིར་ལགས༔ བདག་ཅག་ཚེ་སྲོག་བརྟན་པར་མཛོད༔ བསྙེན་དམིགས་ནི༔ ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས༔ འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡི༔ ཕྱོགས་བཅུའི་རྒྱལ་བ་དཔག་མེད་རྣམས༔ ཚེ་དཔག་མེད་ཀྱི་ངོ་བོར་བྱོན༔ རྣམ་པ་རྒྱལ་བ་ཞི་


CMR060_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོའི་རྣམ་པ་ལ༔ ངོ་བོ་འཆི་མེད་ཡེ་ཤེས་བདུད་རྩིར་བསམ་མོ༔ བདག་མདུན་ཆེ་བུམ་རྣམས་ལ་ཐིམ༔ གཞན་ཡང་ལྷ་དང་དྲང་སྲོང་དང་༔ འཁོར་ལོས་སྒྱུར་རྒྱལ་ལ་སོགས་ཀྱིས༔ ཚེ་བསོད་དཔལ་དང་བཀྲག་མདངས་དང༔ ཨནཾ༔ཧཱུྃ་གསུམ་གྱི་རྣམ་པར་འོད་ཟེར་ཆི་ལི་ལི་འདུས་པར་བསམ༔ གཟི་བརྗིད་མ་ལུས་ཀུན་བསྡུས་ནས༔ བདག་དང་ཚེ་བུམ་རྣམས་ལ་ཐིམ༔ འབྱུང་ལྔའི་བཅུད་བསྡུས་དེ་ལྟར་ཐིམ༔ འཆི་མེད་ཡེ་ཤེས་བདུད་རྩིར་གྱུར༔ བདག་ལ་ཐིམ་པས་བཀྲག་མདངས་འབར༔ བུམ་པའི་ནང་དུ་ཆི་ལི་ལི༔ འཁོར་བར་དམིགས་ཤིང་སྔགས་འདི་བཟླས༔ ཨོཾ་གུ་རུ་ཨཱ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧྭ༔ ཞེས་པ་བསྙེན་པ་བརྒྱ་རྩ་བརྒྱད་བཟླས༔ དེ་ནས་གཟུངས་ཐག་འཐེན་ལ་སྤྲོ་བསྡུ་བྱ་བ་ནི༔ འཇིག་རྟེན་གྱི་ཁམས་ཐམས་ཅད་ཚེའི་རང་བཞིན་དྲི་དང་ཨདང་ཧཱུཾ་གསུམ་གྱི་རང་བཞིན་དུ་བཀྲག་མེ་རེ་རེ་སྣོད་བཅུད་ཐམས་ཅད་ཞུ་ཞིང་ཁོལ་བ་ལས༔ འུབ་ལུབ་བསྡུས་ཏེ་བུམ་པ་འབྲུ་གསུམ་གྱིས་མེར་གྱིས་གང་བདག་ལའང་ཐིམ་པར་གྱུར་ཞིང་༔ ཚེ་ཡི་ལྷ་ཚོགས་ཐམས་ཅད་ཀྱང་༔ ཕྱག་གཡས་རྣམས་ཐམས་ཅད་ཀྱི་ཚེ་ཡི་མདའ་དར་རིགས་ལྔ༔ གཡོན་ཐམས་ཅད་ཚེ་ཡི་བུམ་པ་བསྣམས་པ༔ ས་བོན་ལྔ་གོང་གིས་གཙོར་བྱས་འདྲེན་པ་རིགས་ལྔ་དང་འབྱུང་བ་ལྔའི་དྭངས་མ་འབྲུ་གསུམ་གྱིས་


CMR060_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གྱི་གསལ་བར་དབུགས་ཀྱི་རྟ་ལ་ཚུལ་དྲངས་ཏེ༔ ཤངས་རླུང་སྒྲོམ་ལས་ཀྱང་ཧཱུཾ་འཕྲོས༔ འབྲུ་གསུམ་དང་ཁྱད་པར་ཙྰའཁྱམས་པ༔ རང་གི་བླ་ཚེ་ཡར་བ༔ གདོན་བགེགས་ཀྱིས་ཁྱེར་བ་ཐམས་ཅད་རང་དབང་མེད་པར་བསྡུས་ཤིང་བཀུག་ལ༔ བུམ་པ་ལ་ཡང་ཡང་བསྟིམ་ཞིང་༔ རང་ལུས་དང་བུམ་པ་ཁེངས་ཤིང་༔ ཁྱད་པར་རང་གི་ཉི་ཟླའི་གའུའི་ཁ་སྦྱོར་གྱི་སྲོག་འབྲུ་གསུམ་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསྒོམ༔ ཨོཾ་བྷྲཱུཾ་བཛྲ་ཨཱ་ཡུཤེ་ཧཱུྃ་ཨཱ༔ ཨཱ༔ཧཱུཾ་བཛྲ་ཨཱ་ཡུཤེ་ཧཱུྃ་ཨཱ༔ ཧཱུཾ་ཧཱུཾ་བཛྲ་ཨཱ་ཡུཤེ་ཧཱུྃ་ཨཱ༔ སྭ་བྷྲཱུཾ་བཛྲ་ཨཱ་ཡུཤེ་ཧཱུྃ་ཨཱ༔ ཧཱ་ཧཱུཾ་བཛྲ་ཨཱ་ཡུའེ་ཧཱུྃ་ཨཱ༔ ཞེས་པ་རེ་རེ་ལ་བརྒྱ་རྩ་བརྒྱད་རེ་བཟླས༔ དེ་ནས་ཚེ་ཡི་ལྷ་ཚོགས་བསྐུལ་ཏེ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ ལཱ་སྱ་དཀར་མོ་ཚེ་ཡི་བདག ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང་༔ གཞལ་ཡས་ཁང་ལ་ཕྱི་ནང་མེད༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང་༔ དཔག་བསམ་ཤིང་ལ་དགོས་འདོད་འབྱུང་༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ ལེ་བརྒན་དར་ལ་འཇའ་ཚོན་ཤར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུ༔ ལུ་གུ་རྒྱུད་ལ་པདྨའི་ཕྲེང་༔ ཤར་གྱི་ཕྱོགས་ནས་ཚེ་ཁུག་ཅིག༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ མཱ་ལེ་སྔོན་


CMR060_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང་༔ གཞལ་ཡས་ཁང་ལ་ཕྱི་ནང་མེད༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང་༔ དཔག་བསམ་ཤིང་ལ་དགོས་འདོད་འབྱུང་༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ ལེ་བརྒན་དར་ལ་འཇའ་ཚོན་ཤར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨའི་ཕྲེང་༔ ལྷོ་ཡི་ཕྱོགས་ནས་ཚེ་ཁུག་ཅིག༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ་གཱིརྟི་དམར་མོ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང་༔ གཞལ་ཡས་ཁང་ལ་ཕྱི་ནང་མེད༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང་༔ དཔག་བསམ་ཤིང་ལ་དགོས་འདོད་འབྱུང་༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར་ལེ་བརྒན་དར་ལ་འཇའ་ཚོན་ཤར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨའི་ཕྲེང་༔ ནུབ་ཀྱི་ཕྱོགས་ནས་ཚེ་ཁུག་ཅིག༔ ཧཱུྃ༔ བྱང་གི་ཕྱོག་ནས་ཚེ་འགུགས་མ༔ ནཱིརྟི་ལྗང་མོ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང་༔ གཞལ་ཡས་ཁང་ལ་ཕྱི་ནང་མེད༔ བུམ་


CMR060_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁ་རྒྱུན་དཔག་བསམ་ཤིང་༔ དཔག་བསམ་ཤིང་ལ་དགོས་འདོད་འབྱུང་༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ ལེ་བརྒན་དར་ལ་འཇའ་ཚོན་ཤར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨའི་ཕྲེང་༔ བྱང་གི་ཕྱོགས་ནས་ཚེ་ཁུག་ཅིག༔ ཧཱུྃ༔ ཤར་ཕྱོགས་དཀར་མོ་ཤེལ་གྱི་གཞལ་ཡས་ནས༔ དཀར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་དཀར་མོ་མགྱོགས་མ་འབུམ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ ལྷོ་ཕྱོགས་བཻཌཱུརྱ་ཡི་ཞིང་ཁམས་ནས༔ སྔོན་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་སྔོན་མོ་མགྱོགས་མ་འབུམ༔ རིན་ཆེན་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ ནུབ་ཕྱོགས་པདྨ་རཱ་གའི་ཞིང་ཁམས་ནས༔ དམར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་དམར་མོ་མགྱོགས་མ་འབུམ༔ པདྨ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ བྱང་ཕྱོགས་ཨིནྡྲ་ནི་ལའི་ཞིང་ཁམས་ནས༔ ལྗང་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་ལྗང་མོ་མགྱོགས་མ་འབུམ༔ ལས་རབ་ཚེ་མཆོག་འགུགས་པའི་ལས་མཛོད་


CMR060_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ ད་རུང་མགྲོན་གལ་ཆེན་ལ་བང་ཆེན་བསྟན་པ་ལྟར༔ ཕྱག་རྒྱ་བཞིས་བསྐུལ་ཏེ༔ ཧཱུྃ༔ ཁམས་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་ལྕགས་ཀྱུ་མ༔ ཕྱག་ན་བསྲེ་ཡི་གའུ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ དུས་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་ཞགས་པ་མ༔ ཕྱག་ན་རིན་ཆེན་ཞགས་པ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ སྲིད་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་ལྕགས་སྒྲོག་མ༔ ཕྱག་ན་པདྨ་བྷནྡྷ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ སྐུ་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་དྲིལ་བུ་མ༔ ཕྱག་ན་གཡུ་ཡི་གའུ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ མགྱོགས་མ་རྣམས་ཀྱིས་ཚེ་དྲོངས་ལ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ལ༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ལ༔ གསང་བ་བཞི་ཡིས་རྒྱས་ཐོབ་ཅིག༔ ཨོཾ་ཧཱུཾ་བཛྲ་ཨཱ་ཡུཤེ་ཧཱུྃ༔ ཨཱ་ཡུཤེ་ཛྷ་ན་ཛ་ཛ༔ ཞེས་འདི་ཉེར་གཅིག་བཟླས༔ གོང་གི་ལྷ་མོ་རྣམས་ཀྱིས་ཚེ་ནམ་མཁའི་མཐའ་དང་མཉམ་པ་ནས་བསྡུས་ཏེ༔ གཙོ་བོ་བུམ་པའི་ནང་དུ་སིབས་སེ་བླུགས་ཤིང་༔ རྣལ་འབྱོར་པོ་ལ་དབང་


CMR060_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་ནི་ཚེ་སྒྲུབ་བསྐུལ་བ་ལྟར་དམིགས་པ་གསལ་བར་བྱའོ༔ དེ་ལྟར་ཆེ་བཀུག་ཚར་ནས༔ ད་ནི་ཚེ་སྦ་ཞིང་སྐལ་ལྡན་གྱི་ལུས་ལ་བསྟིམ་པ་ནི༔ ཧཱུྃ༔ ནམ་མཁའི་ཁམས་ནས་ཚེ་འགུགས་མ༔ དེ་བཞིན་ལྷ་མོ་ཀུན་ཏུ་བཟང་༔ རིན་ཆེན་གཏེར་གྱི་བུམ་པ་བསྣམས༔ ཚེ་དང་བདུད་རྩིས་བཀང་ནས་ཀྱང་༔ སེམས་ཀྱི་ཁམས་ནས་ཚེ་ཉམས་ན༔ ནམ་མཁའི་ཁམས་ནས་བཅུད་སྣས་ལ༔ ལྷོའཁོར་ལོ་འབར་བས་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ རྡོ་རྗེའི་ཡུམ་སྟེ་མཱ་མ་ཀཱི༔ རིན་ཆེན་ཤེལ་གྱི་བུམ་པ་རུ༔ ཚེ་དང་བདུད་རྩིས་བཀང་ནས་ཀྱང་༔ ཁྲག་གི་ཁམས་ནས་ཚེ་ཉམས་ན༔ ཆུ་ཡི་ཁམས་ནས་བཅུད་སྡུས་ལ༔ རྡོ་རྗེ་འབར་བས་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ རིན་ཆེན་ཡུམ་སྟེ་སངས་རྒྱས་སྤྱན༔ བཻཌཱུརྱ་ཡི་བུམ་པ་རུ༔ ཚེ་དང་བདུད་རྩིས་བཀང་ནས་ཀྱང་༔ ཤ་ཡི་ཁམས་ནས་ཚེ་ཉམས་ན༔ ས་ཡི་ཁམས་ནས་བཅུད་སྡུས་ལ༔ རིན་ཆེན་འབར་བས་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་


CMR060_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

མ༔ པདྨའི་ཡུམ་སྟེ་ན་བཟའ་དཀར༔ པདྨ་རཱ་གའི་བུམ་པ་རུ༔ ཚེ་དང་བདུད་རྩིས་བཀང་ནས་ཀྱང་༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་ན༔ མེ་ཡི་ཁམས་ནས་བཅུད་སྡུས་ལ༔ པདྨ་འབར་བས་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཧཱུྃ༔ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ལས་རབ་ཡུམ་སྟེ་དམ་ཚིག་སྒྲོལ་ཨིནྡྲ་ནཱི་ལའི་བུམ་པ་རུ༔ ཚེ་དང་བདུད་རྩིས་བཀང་ནས་ཀྱང་༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་ན༔ རླུང་གི་ཁམས་ནས་བཅུད་སྡུས་ལ༔ རྒྱ་གྲམ་འབར་བས་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ དེ་ལྟར་སྣོད་ཆུད་ཚེ་ཡི་རང་བཞིན་ཨཿནྲྀཿཧཱུྃ་གསུམ་འཁྱམས་པ་ཐམས་ཅད་བདག་དང་བུམ་པ་ལ་བསྟིམ་ཞིང་༔ ཕྱི་ཡི་འབྱུང་བ་ནང་གི་ལུས་ལ་བསྟིམས་པས༔ ཚེ་སྦས་བསྟིམས་རྒྱས་གདབ་པས་བདག་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསྒོམ༔ རྗེས་ལ་ཚེ་བརྟན་པར་བྱེད་པའི་སྙིང་པོ་བརྒྱའམ་ཉེར་གཅིག་བཟླས་སོ༔ ཧཱུྃ་ཏྲ་ཏྲ་ཤག་མུ་ཏྲ་ཧཏིཥྛ་ལྷན༔ ཞེས་སོ༔ དེ་ནས་རྡོ་རྗེའི་ཚིག་འདིས་ཚེ་འགྱུར་མེད་དུ་རྒྱས་གདབ་སྟེ༔ ཧཱུྃ༔ སྙིང་པོ་བསྟན་པར་མི་ནུས་ཏེ༔ རྡོ་རྗེ་འཆང་གི་ཚེ་ཡང་ཚེ༔ སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན༔ བསྡུས་པས་ལུས་ལ་གཟི་


CMR060_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་འབར༔ བཅིངས་པས་རྡོ་རྗེ་ལུ་གུ་རྒྱུད༔ བརྟན་པས་མི་འགྱུར་རྡོ་རྗེ་འདྲ༔ བདག་ཅག་རྡོ་རྗེའི་དམ་ཚིག་ཅན༔ སྐུ་གསུང་ཐུགས་ཀྱི་ཚེ་མཆོག་སྩོལ༔ ཚེ་མཆོག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་དང་༔ ཐུགས་དམ་གནད་ནས་བསྐུལ་བ་ནི༔ ཧཱུྃ༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་འདིར༔ རྒྱལ་བ་ཚེ་བདག་གཙོ་འཁོར་དང་༔ དགའ་རབ་ཤྲཱི་སེང་ཧ་དང་༔ ཨོ་རྒྱན་ཆེན་པོ་བི་མ་ལ༔ ཧཱུཾ་ཀར་ནམ་མཁའི་སྙིང་པོ་དང་༔ ལྷ་དང་དྲང་སྲོང་ལ་སོགས་པའི༔ ཚེ་ལ་དབང་བའི་རིག་འཛིན་ཚོགས༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ༔ ལུས་ངག་ཡིད་གསུམ་གུས་པས་བསྟོད༔ ཁྱེད་རྣམས་ཐུགས་རྗེ་མངའ་དབང་ཅན༔ བདག་ཅག་སྐལ་ལྡན་སྒྲུབ་པ་པོས༔ བསྟོད་ཅིང་གསོལ་བ་བཏབ་པའི་མཐུས༔ སྐུ་ཡི་བྱིན་རླབས་ལུས་ལ་སྩོལ༔ གསུང་གི་བྱིན་རླབས་ངག་ལ་སྩོལ༔ ཐུགས་ཀྱི་བྱིན་རླབས་ཡིད་ལ་སྩོལ༔ སྐུ་གསུང་ཐུགས་ཀྱི་ཚེ་མཆོག་སྩོལ༔ ལུས་ངག་ཡིད་གསུམ་བྱིན་གྱིས་རློབས༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ སྐྱེ་ཤི་མེད་པའི་དབང་མཆོག་བསྐུར༔ འགྱུར་བ་མེད་པའི་བྱིན་ཆེན་ཕོབ༔ འབྱུང་བ་ཕྱི་ཡི་བཅུད་སྡུས་ལ༔ རྣལ་འབྱོར་ནང་གི་


CMR060_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་བསྟིམས༔ ལུས་ལ་གཟི་མདངས་བསྐྱེད་དུ་གསོལ༔ ངག་ལ་ནུས་པ་བསྐྱེད་དུ་གསོལ༔ སེམས་ལ་བདེ་བ་བསྐྱེད་དུ་གསོལ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་བསྟོད་ཅིང་ཕྲིན་ལས་གནད་ནས་བསྐུལ་ལོ༔ མདོར་ན་ཚེ་སྒྲུབ་ཆེན་མོ་བྱེད་ན༔ སྒྲུབ་ཆེན་གྱི་ཚེ་སྒྲུབ་ཆེན་པོའི་ལས་བྱང་འདིའི་འགེབ་དང་བཅས་ཏེ་རྒྱས་པར་བྱའོ༔ རྣལ་འབྱོར་པས་རྒྱུན་དེ་ཚེ་སྒྲུབ་བྱེད་དམ༔ སྤྲོས་པ་ལ་དགའ་ན་སྒྲུབ་ཆེན་ནས་བཀོལ་བ་ལྟར་ཉམས་སུ་བླང་ན་ཤིན་ཏུ་ཟབ་བོ༔ བསྟོད་བསྐུལ་རྒྱས་པ་མཁར་ཆེན་བཟས་བཀོད་པའོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ཤམཉཀཱཐ།མ༔ ཁ་ཐཾ༔ གུ་ཧྱ༔ སྤྲུལ་སྐུ་རཏྣ་གླིང་པས་གནམ་སྐས་བྲག་ནས་བཏོན་པའོ༔ དེ་ནས་ཡིག་བརྒྱ་དང་དབྱངས་གསལ་རྟེན་འབྲེལ་སྙིང་པོ་མཆོད་བསྟོད་ལ་སོགས་བྱའོ༔ དེ་ནས་ཚེའི་ལྷ་ཚོགས་རྣམས་ཐ་ཚིག་གིས་གནད་ནས་བསྐུལ་བ་ནི༔ ཧཱུྃ༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ རྡོ་རྗེ་ཚེ་སྒྲུབ་སུ་ཡིས་བསྒྲུབས༔ སྐྱེ་འཆི་མེད་པ་སུ་ཡིས་ཐོབ༔ བསྒྲེས་རྒུད་མེད་པ་སུ་ཡིས་བརྙེས་མགོན་པོ་ཚེ་དཔག་མེད་པ་དང་༔ ཡུམ་མཆོག་གསང་བ་གོས་དཀར་མོས༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་


CMR060_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ རིག་འཛིན་དགའ་རབ་རྡོ་རྗེ་དང་༔ མཁའ་འགྲོ་བདེ་ཆེན་རྒྱ་མཚོ་ཡིས༔ ཆུ་བོ་ཆེན་པོ་དན་ཏིག་ཏུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ རིག་འཛིན་ཤྲཱི་སེང་ཧ་དང་༔ མཁའ་འགྲོ་རིན་ཆེན་ཞི་བ་འཚོས༔ སོ་ས་གླིང་གི་དུར་ཁྲོད་དུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སློབ་དཔོན་པདྨ་འབྱུང་གནས་དང་༔ མཁའ་འགྲོ་ལྷ་ལྕམ་མནྡ་རས༔ བྲག་ཕུག་མ་ར་ཏི་ཀ་རུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ པཎ་ཆེན་བི་མ་མི་ཏྲ་དང་༔ མཁའ་འགྲོ་དབྱིངས་ཕྱུག་རྒྱལ་མོ་ཡིས༔ ལྷུན་གྲུབ་གཏེར་གྱི་དུར་ཁྲོད་དུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སློབ་དཔོན་ཧཱུཾ་ཆེན་ཀ་ར་དང་༔ བྲམ་ཟེའི་བུ་མོ་བདེ་ལྡན་མས༔ སྒྲུབ་གནས་བྲག་དམར་བྱ་ཁྱུང་དུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་


CMR060_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནུབས་བན་ནམ་མཁའི་སྙིང་པོ་དང་༔ མཁའ་འགྲོ་ཤེལ་དཀར་རྡོ་རྗེ་འཚོ༔ ལྷོ་བྲག་མཁར་ཆུའི་སྒྲུབ་གནས་སུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སྔོན་དུས་ཚེ་ཡི་ཁུང་རེ་བཟང་༔ ད་ལྟ་ཚེ་ཡི་དཔལ་རེ་འདུ༔ ཚེ་ཡི་ལྷ་ཚོགས་ཐམས་ཅད་དང་༔ སྒྲུབ་པའི་རིག་འཛིན་ཆེན་པོ་རྣམས༔ ནམ་མཁའི་མཐའ་དང་མཉམ་པ་ཡི༔ སྣོད་བཅུད་ཐམས་ཅད་ཚེ་རུ་སྡུས༔ བཀྲ་ཤིས་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་ཚེ་དབང་སྐུར༔ སྐུ་ཡི་སྤྲུལ་པ་གློག་སྟོང་འཁྱུག༔ གསུང་གི་སྤྲུལ་པ་འབྲུག་སྟོང་ལྡིར༔ ཐུགས་ཀྱི་སྤྲུལ་པས་ཚེ་བཅུད་སྡུས༔ དྲི་ཟ་སྐུལ་ཞིང་གཤིན་རྗེ་སྡུད༔ ཀླུ་རྣམས་འདུལ་ཞིང་གནོད་སྦྱིན་ཁོལ༔ ཚེ་སྲོག་རྐུས་པ་ཤུལ་དུ་ཆུད༔ བླ་ཚེ་ཉམས་པ་སོར་དུ་ཆུག༔ གླིང་བཞི་རྒྱ་མཚོའི་མཐའ་བསྐོར་དུ༔ ཚེ་ཡི་།དངོས་གྲུབ་བུམ་པར་བསྡུ༔ དཔལ་དང་བསོད་ནམས་བདག་ལ་བསྐྱེད༔ རྟགས་དང་མཚན་མ་བསྟན་པ་དང་༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་ཐུགས་དམ་བསྐུལ་ནས་སྐབས་འདིར་


CMR060_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དབང་བསྐུར༔ གལ་ཏེ་སྒྲུབ་མཆོད་བྱེད་ན་དམིགས་པ་རིག་འཛིན་གྱི་དབང་བླངས་ལ༔ བདག་འཇུག་ལེན་པ་ནི༔ མོས་པ་རྩེ་གཅིག་ཏུ་ཐལ་མོ་སྦྱར་ལ༔ ཀྱེེ༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད་འགྲོ་རྣམས་མ་ལུས་འདྲེན་པའི་དད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་ལན་གསུམ་གསོལ་བ་བཏབ་པས༔ ཧཱུྃ༔ ཚེ་ཡི་ལྷ་མོ་རྣམས་ཀྱི་བུམ་པ་ནས༔ བཅུད་རྣམས་དལ་གྱི་བུམ་པར་སིབ་ཀྱིས་བླུག༔ ཆིལ་གྱིས་བཀང་ནས་རྣལ་འབྱོར་བདག་ཅག་ལ༔ སྔགས་སྒྲ་ཏིར་ཏིར་དབང་བསྐུར་ཚངས་བུག་ནས༔ བདུད་རྩི་བླུགས་པས་རང་ལུས་ལྟེམས་སེ་གང་༔ བུམ་པའི་མཆུ་ནས་དཀར་ན་ར་ར་བབ་པར་བསམ༔ ཚེ་དཔག་མེད་ཀྱི་མཉམ་བཞག་བུམ་པ་ནས༔ འཆི་མེད་ཡེ་ཤེས་བདུད་རྩི་བབ་པ་དང་༔ ཡབ་ཡུམ་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས༔ བྱང་སེམས་དཀར་དམར་རང་གི་ཚངས་བུག་བབ༔ གསང་གནས་ཡན་ཆད་རྐྱལ་པ་ཞོས་བཀང་ལྟར༔ གོང་ནས་ལུས་ལ་བཀྲག་མདངས་གཟི་བརྗིད་འབར༔ སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་


CMR060_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ༔ ཨཱཿཔདྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྲ་རཏྣ་ཀཱ་ཡ་ཨ་བྷི་ཥིཉྩ་སྭཱ༔ ཧྭ་ཀརྨ་ཀ་ཡ་ཨ་བྷི་ཥིཉྩ་ཧཱ༔ སྐབས་འདིར་ཏིང་ངེ་འཛིན་གྱི་དབང་བླང་ཟེར་བའི་དོན་ནོ༔ དེ་ལྟར་ཆེ་བསྐུལ་ཚེ་བཀུག༔ སྐལ་ལྡན་གྱི་ལུས་ལ་བསྟིམས་ཚར་ནས༔ ད་ནི་ཚེ་སྔ་བ་ནི༔ དེ་ལྟར་ཚེ་དབང་བསྐུར་བས་ལུས་ཀྱི་ནང་༔ བདུད་རྩི་འོ་མ་ལྟ་བུས་བཅུད་རྣམས་ཀྱི༔ གང་བའི་དྭངས་མ་དྭངས་མའི་ཡང་སྙིང་ཀུན༔ སྙིང་ཁའི་ཉི་ཟླ་གའུ་ཁ་བྱེ་ནས༔ ཡེ་ཤེ་རླུང་བྱུང་འུབ་ལུབ་བསྡུས་ནས་ཀྱང་༔ རྡོ་ཁབ་ལེན་ལ་ལྕགས་ཕྱེ་འདུས་པ་ལྟར༔ གའུ་ནིང་གི་ཡིག་འབྲུ་གསུམ་ལ་བསྟིམས༔ བཀྲག་མདངས་འོད་ཟེར་གཟི་བརྗིད་འབར་བར་གྱུར༔ གའུ་ཁ་བསྒྲིག་འོག་གི་རྡོ་རྗེ་ཡི༔ ར་བཞི་བསྣོལ་མར་རྒྱས་བཏབ་དེ་སྟེང་དུ༔ ཚེ་དཔག་ཡེ་ཤེས་སེམས་དཔའ་ཚོན་གང་པ༔ འགྱུར་མེད་ཚེ་ཡི་རྟེན་དུ་བཞུགས་པར་གྱུར༔ ཨོཾ་ཏྲ་ཏྲ་ཤག་མུ་ཏྲ་ཧོ༔ ཏིཥྛ་ལྷན༔ ཞེས་བརྒྱ་རྩ་ལ་སོགས་ཅི་མང་བཟླས༔ ལོ་བརྒྱའི་བར་དུ་འཆི་མེད་ཀྱི་རིག་འཛིན་ཐོབ་པར་བསམ༔ བདག་ཅག་གི་ལུས་ལ་ཚེ་བསྟིམ་ཞིང་༔ རྡོ་རྗེའི་ཚེ་འཛུགས་པ་ནི༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ དེ་ལྟར་ཚེ་བཀུག་དབང་ཡང་བསྐུར༔ ད་ནི་རྡོ་རྗེའི་ཚེ་


CMR060_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

འཛུགས་འཚལ༔ སྐྱེ་འཆི་མེད་པར་རྒྱས་འདེབས་འཚལ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ རི་བོ་ཏ་ལའི་ལྷོ་ནུབ་ཏུ༔ རིགས་གསུམ་མགོན་པོའི་ཕོ་བྲང་དུ༔ སློབ་དཔོན་པདྨ་འབྱུང་གནས་དང་༔ ལྷ་ལྕམ་མནྡཱ་ར་བ་ཡིས༔ རྡོ་རྗེ་ཚེ་མཆོག་བསྒྲུབ་པ་ལ༔ ཚེ་དཔག་མེད་པ་དངོས་སུ་བྱོན༔ རྡོ་རྗེ་ཚེ་ཡི་དབང་ཡང་བསྐུར༔ སྐྱེ་འཆི་མེད་པར་རྒྱ་ཡིས་གདབ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ ད་ལྟ་རྣལ་འབྱོར་བདག་ཅག་ཀྱང་༔ རྡོ་རྗེ་ཚེ་འདི་ས་ལ་འཛུགས༔ གལ་ཏེ་ས་ལ་མ་ཚུགས་ན༔ ས་ཡི་སྙིང་པོ་གསེར་ཡིན་པས༔ ཚེ་འདི་གསེར་གྱི་དཀྱིལ་དུ་འཛུགས༔ རྡོ་རྗེ་ཚེ་འདི་ཆུ་ལ་འཛུགས༔ གལ་ཏེ་ཆུ་ལ་མ་ཚུགས་ན༔ ཆུ་ཡི་སྙིང་པོ་ཚྭ་ཡིན་པས། ཚེ་འདི་ཚྭ་ཡི་དཀྱིལ་དུ་འཛུགས༔ རྡོ་རྗེ་ཚེ་འདི་མེ་ལ་འཛུགས༔ གལ་ཏེ་མེ་ལ་མ་ཚུགས་ན༔ མེ་ཡི་སྙིང་པོ་དྲོད་ཡིན་པས༔ ཚེ་འདི་དྲོད་ཀྱི་དཀྱིལ་དུ་འཛུགས༔ རྡོ་རྗེ་ཚེ་འདི་རླུང་ལ་འཛུགས༔ གལ་ཏེ་རླུང་ལ་མ་ཚུགས་ན༔ རླུང་གི་སྙིང་པོ་དབུགས་ཡིན་པས༔ ཚེ་འདི་དབུགས་ཀྱི་དཀྱིལ་དུ་འཛུགས༔ རྡོ་རྗེ་ཚེ་འདི་མཁའ་ལ་འཛུགས༔ གལ་ཏེ་


CMR060_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་མ་ཚུགས་ན༔ ནམ་མཁའི་སྙིང་པོ་སེམས་ཡིན་པས༔ ཚེ་འདི་སེམས་ཀྱི་དཀྱིལ་དུ་འཛུགས༔ རྡོ་རྗེ་ཚེ་འདི་མི་ལ་འཛུགས༔ གལ་ཏེ་མི་ལ་མ་ཚུགས་ན༔ མི་ཡི་སྙིང་པོ་ནིཡིན་པས༔ ཚེ་འདི་ནཱིཙཡི་དཀྱིལ་དུ་འཛུགས༔ ལོ་བརྒྱ་ཐུབ་པའི་ཚེ་འཛུགས་སོ༔ སྟོན་བརྒྱ་མཐོང་བའི་ཚེ་འཛུགས་སོ༔ ཨོཾ་ནི་ཡེ་ཤེས་ལྔ་དང་ལྡན༔ བློ་ནི་ཚེ་ཡི་གཞལ་ཡས་ཁང༔ ཧཱུྃ་ནི་མི་འཛད་རིན་ཆེན་གཏེར༔ ཧཱིཝནི་ཡེ་ཤེས་སྙིང་པོའི་སྲོག༔ ཨཱནི་སྐྱེ་མེད་ཆོས་ཀྱི་དབྱིངས༔ རྒྱལ་བ་རིགས་ལྔའི་ཕྱག་རྒྱ་ཡིས༔ ཚེ་འདི་འགྱུར་མེད་རྒྱ་ཡིས་གདབ༔ སྲོག་འདི་འགྱུར་མེད་བརྟན་པར་འཛུགས༔ འདིར་འདུས་སྐལ་ལྡན་བདག་ཅག་ལ༔ འཆི་མེད་རྡོ་རྗེའི་ཚེ་ཐོབ་ནས༔ སྐྱེ་འཆི་མེད་པའི་དོན་རྟོགས་ཤོག༔ ཅེས་བརྗོད་ནས་དེར་རྡོ་རྗེ་སློབ་དཔོན་གྱིས་མེ་ཏོག་དཀར་པོ་གཏོར༔ རྒྱལ་ཐེབ་ཀྱིས་ཚེ་ཆང་དྲངས་ཤིང་༔ རྡོ་རྗེ་དང་མདའ་དར་གཡབ་ནས༔ ཨོཾ་སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ༔ ཕུང་པོ་ལྔ་ལ་རབ་ཏུ་ཐིམ༔ ལྕགས་ཀྱི་དབང་པོ་མཆོག་ལ་ཐིམ༔ ཧཱུྃ་ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་ཐིམ༔ རང་བྱུང་ཡེ་ཤེས་ཐུགས་ལ་ཐིམ༔ ཉིན་མོ་བཀྲ་ཤིས་


CMR060_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བཀྲ་ཤིས༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་པ༔ སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག༔ སྙིང་པོ་ཉི་ཟླ་གསལ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཨཱ་ཡུཛྙཱ་ན་ཧཱུྃ་ཧཱུྃ༔ ཞེས་མི་འགྱུར་བའི་རྒྱས་གདབ་བོ༔ དབང་གི་གོང་གི་ཚོགས་དང་ལྷག་མ་དང་༔ རྗེས་ཀྱི་ཆད་མདོ་བརྟན་མ༔ བཀྲ་ཤིས་སྨོན་ལམ་ལ་སོགས་པ་རྣམས་ནི༔ བླ་མའི་ལས་བྱང་ངམ༔ ཐུགས་རྗེ་ཆེན་པོ་གང་ཡང་རུང་བར་བྱའོ༔ དབང་བསྐུར་ཆེ་གཏོར་བཟའ་༸༔ ཚེ་ཆང་འཐུང་༔ ཚེ་རྟེན་རྣམས་སྦྱིན་བདག་ཕོ་མོ་ལ་སོ་སོར་གཏད་དོ༔ དཀྱིལ་འཁོར་བསྡུ་བསྐང་བ་ལ་སོགས་ཚར་བའི་རྗེས་སུ༔ མཆེད་ལྕམ་རྣམས་ཀྱིས་མེ་ཏོག་བཟུང་ཞིང་ཐལ་མོ་སྦྱར་ལ༔ ཨོཾ༔ འགྲུབ་པར་གྱུར་ཅིག་རྡོ་རྗེའི་སྐུ་ནི་སྐྱེ་འཆི་བྲལ༔ ཚངས་པའི་གསུང་ནི་སྐྱེ་མེད་རྟག་པ་རྡོ་རྗེའི་གསུང་༔ སྤྲོས་བྲལ་ཐུགས་ནི་དུས་གསུམ་འགྱུར་བ་མེད་པ་རྡོ་རྗེའི་ཐུགས༔ འཆི་མེད་སྐུ་གསུང་ཐུགས་དང་ཡང་དག་ལྡན་པ་ཡི༔ རྔ་སྒྲའི་རྒྱལ་པོ་རྒྱལ་བ་འདྲེན་པ་འོད་དཔག་མེད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་འགྲུབ་གྱུར་ཏེ༔ བདག་ཅག་ཚེ་དང་སྒྲུབ་པ་མཐར་ཕྱིན་ནས༔ རླབས་ཆེན་འགྲོ་བའི་དོན་ལ་སྤྱོད་པར་ཤོག༔ ཅེས་ལན་གསུམ་བརྗོད་པར་བྱ་སྟེ༔ རྡོ་རྗེའི་ཐ་ཚིག་གོ༔ ཚེ་སྒྲུབ་གསང་བ་འདུས་པ་ལས༔ ལས་བྱང་ཆོ་གའི་རིམ་པ༔ ཨོ་རྒྱན་རིན་པོ་ཆེའི་གསུང་


CMR060_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན༔ བདག་འདྲ་མཁར་ཆེན་བཟས་བཀོད་པ་རྫོགས་སོ༔ མ་འོངས་དུས་ཀྱི་ཐ་མ་ལ༔ སྐལ་ལྡན་གཅིག་དང་འཕྲད་ནས་ཀྱང༔ འགྲོ་དོན་བསྟན་པ་མཐའ་རྒྱས་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ས་མ་ཁ་ཐཾ༔ ཤམཁགམ༔ རྒྱ་རྒྱ་རྒྱ༔ ལྷོ་བྲག་གནམ་སྐས་ཅན་ནས་གཏེར་སྟོན་རཏྣ་གླིང་པས༔ ཁྱི་ལོ་རྟ་ཟླའི་ཚེས་གཅིག་ལ་གདན་དྲངས་པའོ༔ ཤོག་སེར་མཐོ་གསུམ་ཞིང་སོར་བཞི་གཅིག་ལ་སྨན་ཆུ་དགོན་པར་བཤུས་རཱ་གའི་མིང་ཅན་དགེ་དེ་ཡི་བྲིས།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཚེ་སྒྲུབ་གསང་བ་འདུས་པ་ལས་ལས་བྱང་ཆོ་གའི་རིམ་པ་ལྷ་བཅོ་བརྒྱད་པ་པདྨའི་ཕྲེང་བ།next