Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
གུ་རུ་དྲག་པོའི་གོ་ཆ་ལྷ་ལྔའི་རྒྱན་གྱི་ཤོག་དྲིལ།
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་དྲག་པོའི་གོ་ཆ་ལྷ་ལྔའི་རྒྱན་གྱི་ཤོག་དྲིལ།next

གུ་རུ་དྲག་པོའི་གོ་ཆ་ལྷ་ལྔའི་རྒྱན་གྱི་ཤོག་དྲིལ།


CMR060_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་གོ་ཆ་ལྷ་ལྔའི་རྒྱན་གྱི་ཤོག་དྲིལ་བཞུགས་སོ།། ཤཙམཤཉནོ༔ ན་མོ་གུ་རུ༔ སྐུ་ལྔ་ཡོངས་རྫོགས་དཔལ་ཆེན་ཁྲོ་བོའི་རྒྱལ༔ སྲ་བའི་གོ་ཆ་བཙན་པའི་རྫོང་ཆེན་བརྟེན༔ དཔའ་བོའི་ངར་ཆེན་རྣོ་བའི་མཚོན་ཆ་ཐོགས༔ གུ་རུ་དྲག་པོ་མེ་རླུང་འཁྱིལ་པ་ཡི༔ ཁོག་པའི་སྙིང་འདྲའི་གོ་ཆ་ལྷ་ལྔ་འདི༔ གཞོ་སྟོད་ཏི་གྲོགསང་བའི་གནས་ཁང་དུ༔ སྣང་སྲིད་སྤྱི་འདུས་པདྨ་འབྱུང་གནས་ལ༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ མ་འོངས་སྐལ་ལྡན་ལས་འཕྲོ་ཅན་གྱི་དོན༔ གསེར་གྱི་མཎྜལ་ཕུལ་ནས་ཡང་ཡང་ཞུས༔ ཡི་གེར་མི་བཀོད་སྙན་བརྒྱུད་ངག་ཏུ་འཛིན༔ ཅེས་གསུངས་སོ༔ བདག་ཉིད་མངོན་རྫོགས་རྒྱལ་པོར་བསྒོམ་པར་འདོད་པ་ལ༔ དཔེར་ན་ས་མདོར་རྫོང་བཙན་པོ་དང་འདྲ་བའི༔ བདག་བསྐྱེད་ཡི་དམ་གྱི་ལྷ་བསྒོམ་དགོས་པས༔ དེ་ལ་གཅེས་པའི་རྫོང་དེ་བསྲུང་བའི་མི་དཔའ་བོ་གོ་ཁྲབ་ཅན་གཅིག་དགོས་པས་དེའི་ཕྱིར་ན་གུ་རུ་དྲག་པོའི་ཆ་ལག་ཏུ་བཀོད་པའོ༔ བདག་ཉིད་གསལ་བའི་ཐུགས་ཀ་རུ༔ རིན་ཆེན་འབར་བའི་དབུས་ཉིད་དུ༔ གསེར་གྱི་མཆོད་རྟེན་སེར་པོ་ནི༔ རི་རབ་བང་རིམ་བུམ་པ་བྲེ༔ ཆོས་འཁོར་གདུགས་ཏོག་འོད་ཟེར་འབར༔ བུམ་པའི་དབུས་སུ་ཉི་ཟླའི་སྟེང་༔ ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ༔ རྡོ་རྗེ་རྩེ་ལྔའི་ལྟེ་བ་ལ༔ ཉི་ཟླ་ཁ་སྦྱོར་དབུས་སུ་ཧཱུྃ༔ རྩ་བའི་སྔགས་ཀྱིས་བསྐོར་བར་བསམ༔ སྤྱི་གཙུག་རལ་པའི་སྐྲ་གསེབ་ཏུ༔ པདྨ་འབྱུང་གནས་སྐུ་


CMR060_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་མཐིང་༔ སྤྱན་གསུམ་ཐོར་ཚུགས་མཆེ་བ་གཙིགས༔ ཕྱག་གཡས་ཁ་ཊཾ་ནམ་མཁར་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྐྱིལ༔ གྲུ་མོར་གསེར་གྱི་ཌཱ་རུ་བཀལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ སྐུ་ལ་རུས་པའི་རྒྱན་དྲུག་གསོལ༔ ཞལ་ནས་ཧཱུྃ་ཕཊ་བྷྱོ་དང་ནི༔ ཨ་ར་ལི་ཡི་སྒྲ་སྒྲོག་ཅིང་༔ བླ་མ་རིག་འཛིན་བརྒྱུད་པར་བཅས་ཡི་དམ་ཞི་ཁྲོ་རབ་འབྱམས་དང་༔ དཔའ་བོ་དཔའ་མོ་ཐམས་ཅད་དང་༔ ཆོས་སྐྱོང་སྲུང་མ་མ་ལུས་ཀུན༔ ཤོག་སྐྱ་རླུང་གིས་བསྐྱོད་པ་བཞིན༔ རང་དབང་མེད་པར་བྱོན་ནས་ནི༔ གུ་རུ་པདྨའི་སྐུ་ལ་ཐིམ༔ བདག་ལ་དབང་བསྐུར་བྱིན་གྱིས་རློབས༔ སྤྱི་གཙུག་མཁའ་ལྡིང་ག་རུ་ཊ༔ གནམ་ལྕགས་འབར་བའི་མཆུ་སྡེར་ཅན༔ མེ་གཤོག་རྡེབ་ཅིང་ཀླུ་རིགས་ཟས་སུ་ཟ་སྤ་རྣམས་སྤྲུགས་པས་རྡོ་རྗེའི་ཐོག་ཆེན་འབེབས༔ རི་རབ་བསྙིལ་ཞིང་ཉི་ཟླ་འཚོགས་པོར་འཕེན༔ ཁྲོ་རྒྱལ་དག་དང་དགོངས་པ་མཉམ་པར་བཞུགས༔ རྒྱལ་སྲས་བྱང་སེམས་ཚོགས་ཀྱིས་བསྐོར༔ བདག་ལ་དབང་བསྐུར་བྱིན་གྱིས་རློབས༔ སྤྱི་གཙུག་རྭ་བར་ནོར་བུའི་ཏོག༔ ཉི་ཟླ་པདྨའི་གདན་སྟེང་དུ༔ བཅོམ་ལྡན་སྣང་བ་མཐའ་ཡས་ནི༔ ཞལ་གཅིག་ཕྱག་གཉིས་


CMR060_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་དམར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ལ་ཀྲུང་བཞུགས༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ སངས་རྒྱས་སྟོང་གི་འཁོར་གྱིས་བསྐོར༔ བདག་ལ་དབང་བསྐུར་བྱིན་གྱིས་རློབས༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ གསེར་གྱི་འཁོར་ལོ་རྩིབས་བཞིའི་དབུས༔ འཕགས་པ་འཇམ་དཔལ་སྐུ་མདོག་སེར་ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་བཞེངས༔ ཕྱག་གཡས་ཤེས་རབ་རལ་གྲི་ཕྱར༔ གཡོན་པས་པོ་ཏི་ཐུགས་ཀར་འཛིན༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ དཔྲལ་བའི་ཨོཾ་ལས་འོད་འཕྲོས་པས༔ འདས་དང་མ་བྱོན་ད་ལྟར་གྱི༔ དུས་གསུམ་སངས་རྒྱས་མཉེས་མཆོད་འབུལ༔ ཐམས་ཅད་མ་ལུས་ཀུན་བསྡུས་ནས༔ འཕགས་པ་འཇམ་དཔལ་སྐུ་ལ་ཐིམ༔ སྐུ་ཡི་ནུས་པ་བསྐྱེད་པར་བསམ༔ མགྲིན་པར་པདྨ་འདབ་བཞིའི་དབུས༔ གསུང་གི་ལྷ་མཆོག་རྟ་མགྲིན་ནི༔ ཞལ་གཅིག་ཕྱག་གཉིས་དབུ་གཙུག་ན༔ རྟ་མགོ་ལྗང་ཞུར་རྟ་སྐད་འཚེར༔ རྔོག་མ་ལེ་བརྒན་མེ་དཔུང་འབར༔ ཕྱག་གཡས་རྡོ་རྗེའི་དབྱུག་པ་ཕྱར༔ གཡོན་པས་སྡིགས་མཛུབ་སྦྲུལ་ཞགས་བསྣམས༔ ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་བཞེངས༔


CMR060_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་གཞི་སྟག་ཤམ་རྒྱན་དྲུག་སྤྱས༔ མགྲིན་པའི་ལས་འོད་འཕྲོས་པས༔ འདས་དང་མ་བྱོན་ད་ལྟར་གྱི༔ དུས་གསུམ་སངས་རྒྱས་མཉེས་མཆོད་འབུལ༔ ཐམས་ཅད་མ་ལུས་ཀུན་བསྡུས་ནས༔ དབང་ཆེན་རྟ་མགྲིན་གསུང་ལ་ཐིམ༔ གསུང་གི་ནུས་པ་བསྐྱེད་པར་བསམ༔ ཐུགས་ཀྱི་མཆོད་རྟེན་བུམ་པ་རུ༔ གསང་བདག་ཕྱག་ན་རྡོ་རྗེ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་ནམ་མཁར་གསོར༔ གཡོན་པས་སྡིགས་མཛུབ་འདོར་ཐབས་བསྒྲདི༔ སྦྲུལ་དང་དར་དང་སྟག་ཤམ་བརྒྱན༔ ཁྲོ་ཞིང་གཏུམ་ལ་ཐུང་ཞིང་སྒེག༔ ཐུགས་ཀར་ཧཱུྃ་ལས་འོད་འཕྲོས་པས༔ འདས་དང་མ་བྱོན་ད་ལྟར་གྱི༔ དུས་གསུམ་སངས་རྒྱས་མཉེས་མཆོད་འབུལ༔ ཐམས་ཅད་མ་ལུས་ཀུན་བསྡུས་ནས༔ ཕྱག་ན་རྡོ་རྗེའི་ཐུགས་ཀར་ཐིམ༔ ཐུགས་ཀྱི་ནུས་པ་བསྐྱེད་པར་བསམ༔ ལྟེ་བ་སྤྲུལ་པའི་འཁོར་ལོ་རུ༔ རྟོག་མེད་རོ་ཡི་གདན་སྟེང་དུ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ནི༔ མཐིང་ནག་སྤྱན་གསུམ་ཐོར་ཙུགས་ལ༔ ཕག་ཞལ་མཐིང་ཀས་ངུར་སྒྲ་སྒྲོག༔ ཕྱག་གཡས་གཅོད་བྱེད་གྲི་གུག་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྐྱིལ༔ གྲུ་མོར་ཁ་ཊཾ་གྱེན་དུ་བསླང་༔ གཡས་བརྐུམ་རྟིང་པ་བྷ་


CMR060_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གར་གཏད༔ གཡོན་པས་རོ་ཡི་སྙིང་ཁར་བརྫིས༔ སྐུ་ལ་རུས་པའི་རྒྱན་དྲུག་གསོལ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར༔ ལྷོ་རུ་རིན་ཆེ་ན་མཁའ་འགྲོ་སེར༔ ནུབ་ཏུ་པདྨ་མཁའ་འགྲོ་དམར༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་༔ རྒྱན་དང་ཆ་ལུགས་གཙོ་དང་མཐུན༔ རང་རྟགས་སྙིང་པོ་ཐུགས་ཀར་བསམ༔ ལྟེ་བའི་ཧྲིལས་འོད་འཕྲོས་པས༔ འདས་དང་མ་བྱོན་ད་ལྟར་གྱི༔ དུས་གསུམ་སངས་རྒྱས་མཉེས་མཆོད་འབུལ༔ ཐམས་ཅད་མ་ལུས་ཀུན་བསྡུས་ནས༔ མཁའ་འགྲོ་སྡེ་ལྔའི་སྐུ་ལ་ཐིམ༔ ཡོན་ཏན་ནུས་པ་བསྐྱེད་པར་བསམ༔ གསང་གནས་གྲུ་གསུམ་ཨེ་ཡི་ཀློང་༔ ཕྲིན་ལས་ཡཀཱ་མེ་དབལ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱར༔ གཡོན་པས་ཐོ་བ་མེ་ཞགས་བསྣམས༔ སྐུ་སྟོད་བསྐལ་པའི་མེ་དཔུང་འབར༔ སྐུ་སྨད་སྟག་ལྤགས་ཤམ་ཐབས་གསོལ༔ སྐུ་ལས་ཁྲོ་ཚོགས་སེར་ལྟར་འབེབས༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ འདས་དང་མ་བྱོན་ད་ལྟར་གྱི༔ དུས་གསུམ་སངས་རྒྱས་མཉེས་མཆོད་འབུལ༔ ཐམས་ཅད་མ་ལུས་ཀུན་བསྡུས་ནས༔ ཡཀཱ་མེ་དབལ་སྐུ་ལ་


CMR060_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ༔ ཕྲིན་ལས་ནུས་པ་བསྐྱེད་པར་བསམ༔ ཕུང་པོ་ལྔ་དང་ཁམས་ཀྱི་བསྡུས་པ་རྣམས༔ དེ་བཞིན་རྡོ་རྗེ་རིན་ཆེན་པདྨ་དང་༔ ལས་ཀྱི་རིགས་ཀྱི་དཔའ་བོ་དཔའ་མོའི་ཚོགས༔ གདོད་ནས་མ་སྐྱེས་རང་བཞིན་ལྷུན་གྲུབ་གསལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་ལྷུན་གྱིས་གྲུབ༔ པགས་པ་ཡེ་ཤེས་ལྔ་ལྡན་འཇའ་འོད་གསལ༔ སྐུ་ལྔ་ལྷུན་གྲུབ་སྐུ་གདུང་འབར་བ་ལ༔ བ་སྤུ་ཆོས་འཁོར་གདུགས་ཏོག་འོད་ཟེར་འབར༔ མེ་རི་དམར་སེར་ཕྱོགས་མཚམས་ཀུན་ཏུ་འཁྲིགས༔ སྐུ་ལ་སྣ་ཚོགས་རྡོ་རྗེའི་གོ་ཁྲབ་གསོལ༔ དྲྭ་མིག་ལྕགས་ཀྱི་སྡིག་པ་ཕྲ་མོས་གཏམས༔ ཞེས་པ་ནས༔ གུ་རུ་དྲག་པོ་མེ་རླུང་འཁྱིལ་པ་ཡི༔ ཐུགས་ཀྱི་ཡང་སྙིང་རྡོ་རྗེའི་ཕྲེང་བ་འདི༔ བདག་འདྲ་བུད་མེད་མཁར་མཚོ་རྒྱལ་གྱིས༔ སྐལ་ལྡན་ལས་ཅན་དོན་དུ་གཏེར་དུ་སྦས༔ སྤུ་གྲི་མཆེད་གསུམ་གཏེར་གྱི་སྲུང་མར་བཅོལ༔ དགེ་བསྙེན་སྨྱོ་ཁ་ཕྱི་ཡི་བྱ་ར་བ༔ ཐུབ་པར་སྲུངས་ཤིག་དུས་ལ་མ་བབ་པར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤམགག།རྒ་།རྒ། དུས་མཐའི་གཏེར་སྟོན་འགྲོ་འདུལ་གླིང་ལ་གཏོད༔ ཀུན་ལ་གཅེས་པ་ལུས་ཡིན་ཏེ༔ ལུས་ལ་གཅེས་པའི་སྙིང་ཡིན་ནོ༔ སྙིང་གི་དྭངས་མ་ཁྲག་དང་འདྲ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤམཅཅ་ཊརྒ། གོ། ག། རྒ༔ གཏེར་སྟོན་རཏྣ་གླིང་པས་ཙཱ་རིའི་བླ་མཚོ་དམར་ནག་རཀྟའི་གཏེར་མའོ༔


previousགུ་རུ་དྲག་པོའི་གོ་ཆ་ལྷ་ལྔའི་རྒྱན་གྱི་ཤོག་དྲིལ།next