Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བརྒྱུད་འདེབས་ཐུགས་རྗེའི་སྤྲིན་ཕུང་།
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བརྒྱུད་འདེབས་ཐུགས་རྗེའི་སྤྲིན་ཕུང་།next

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བརྒྱུད་འདེབས་ཐུགས་རྗེའི་སྤྲིན་ཕུང་།


CMR060_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བརྒྱུད་འདེབས་ཐུགས་རྗེའི་སྤྲིན་ཕུང་བཞུགས་སོ། །ན་མོ་གུ་རུ། སྤྲོས་མེད་མཁའ་ལྟར་དག་པ་ཆོས་ཀྱི་དབྱིངས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །ཆོས་སྐུ་འོད་དཔག་མེད་ལ་གསོལ་བ་འདེབས། །སྟོང་ཉིད་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །ཐུགས་རྗེའི་སྤྲིན་ཚོགས་འཁྲིགས་པ་རྒྱལ་བའི་ཞིང་། །ཤར་ཕྱོགས་པོ་ཏ་ལ་ཡི་གནས་མཆོག་ཏུ། །རྒྱལ་སྲས་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་འབྱོང་བར་བྱིན་གྱིས་རློབས། །སྨོན་ལམ་རྣམ་པར་དག་པ་སྤྲུལ་པའི་ཞིང་། །དཔལ་རི་པདྨ་འོད་ཀྱི་ཞིང་ཁམས་སུ། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །རང་བཞིན་རྣམ་པར་དག་པའི་མཁའ་སྤྱོད་ནས། །མཁའ་འགྲོ་འབུམ་ཚོ་འདུས་པའི་ཕོ་བྲང་དུ། །མ་གཅིག་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །བདེ་སྟོང་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །མཁའ་འགྲོ་འབུམ་ཚོ་འདུས་པ་གནས་ཀྱི་མཆོག །ཆོས་འཁོར་བདེ་ཆེན་གླིང་གི་དབེན་གནས་སུ། །རཏྣ་གླིང་པའི་ཞབས་ལ་གསོལ་བ་འདེབས། །ཉམས་རྟོགས་མཐའ་རུ་ཕྱིན་པར་བྱིན་


CMR060_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབས། །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་གནས། །སྨོན་ལམ་ལས་འཕྲོ་ལྡན་པའི་ཕོ་བྲང་ན། །སྤྲུལ་སྐུས་རྗེས་བཟུང་གུ་རུ་བློ་གྲོས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཐུགས་རྗེས་གང་འདུལ་སྤྲུལ་པའི་ཞིང་ཁམས་ན། །སྟོང་ཉིད་སྙིང་རྗེས་འགྲོ་སྒྲོལ་ཕོ་བྲང་དུ། །དྲིན་ཅན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ལྷོ་བྲག་གནས་སྐས་ཅན་གྱི་གཏེར་གནས་སུ། །ཚེ་གཅིག་རྡོ་རྗེའི་སྐུ་འགྲུབ་ཟབ་མོའི་ལམ། །དམ་ཆོས་གསང་བ་འདུས་པ་ལ་གསོལ་བ་འདེབས། །སྒྲུབ་པ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །དངོས་གྲུབ་སྤྲིན་ལྟར་གཏིབས་པའི་གནས་མཆོག་ན། །དབང་བཞི་ཡོངས་རྫོགས་ལུས་ཀྱི་དཀྱིལ་འཁོར་དུ། །གསང་འདུས་ཞི་ཁྲོའི་ལྷ་ཚོགས་ལ་གསོལ་བ་འདེབས། །སྐུ་གསུམ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །བདེ་སྟོང་སྒྱུ་མ་ལྟ་བུའི་ཕོ་བྲང་ན། །ཕྲིན་ལས་རྣམ་བཞི་འགྲུབ་པའི་དཀྱིལ་འཁོར་དུ། །མ་ཚོགས་མཁའ་འགྲོ་རྣམས་ལ་གསོལ་བ་འདེབས། །སྣང་བ་དབང་དུ་འདུ་བར་བྱིན་གྱིས་རློབས། །ཕྲིན་ལས་དྲག་རྩ་ལ་ལྡན་པའི་བཀའ་ཆོས་


CMR060_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ཕྲིན་ལས་ཐོགས་མེད་འགྲུབ་པའི་ཕོ་བྲང་དུ། །བཀའ་སྲུང་དམ་ཅན་རྣམས་ལ་གསོལ་བ་འདེབས། །ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས། །སྨོན་ལམ་ལས་འཕྲོ་དག་པ་རྒྱལ་བའི་ཞིང་། །རང་གཞན་དོན་གཉིས་སྤྱོད་པའི་སྐྱེས་བུ་མཆོག །མཆེད་གྲོགས་ཆོས་མཛད་རྣམས་ལ་གསོལ་བ་འདེབས། །སྒྲུབ་པའི་རྒྱལ་ས་འཛིན་པར་བྱིན་གྱིས་རློབས། །ཐུགས་རྗེའི་སྐྱབས་གནས་བརྩེ་ཆེན་ཁྱེད་རྣམས་ཀྱིས། །བདག་སོགས་གསོལ་བ་འདེབས་པའི་བུ་རྣམས་ལ། །ཐུགས་རྗེའི་སྤྲིན་ཚོགས་དུས་འདིར་གཏིབས་ནས་ཀྱང་། །བྱིན་རླབས་ཆར་བཞིན་འབེབས་པར་མཛད་དུ་གསོལ། །སྙིང་མ་ལྔ་བདོ་བསྟན་པའི་མར་གཤམ་འདིར། །སེམས་ཅན་ཉོན་མོངས་ལས་ཀྱིས་མནར་བ་ལ། །བརྩེ་ཆེན་ཁྱེད་ཀྱི་ཐུགས་རྗེའི་དབལ་སྐྱེད་ལ། །བདག་སོགས་ཐར་པའི་གནས་སུ་འདྲེན་དུ་གསོལ། །ཚེ་འདི་བློས་བཏང་དབེན་པའི་རི་ཁྲོད་དུ། །སྐྱོ་ཤས་ངེས་འབྱུང་རྟག་ཏུ་མི་འབྲལ་བར། །ཡོན་ཏན་ཉམས་རྟོགས་ཟླ་བ་ཡར་ངོ་བཞིན། །གོང་ནས་གོང་དུ་འཕེལ་བར་བྱིན་གྱིས་རློབས། །བདག་སོགས་ཉོན་མོངས་སྙིང་རྗེའི་ཡུལ་རྣམས་ལ། །


CMR060_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་མགོན་ཁྱེད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས། །ལས་དང་ཉོན་མོངས་མ་རིག་བསལ་ནས་ཀྱང་། །ཡེ་ཤེས་སྣང་བ་རྒྱས་པར་བྱིན་གྱིས་རློབས། །གསོལ་བ་འདེབས་སོ་བཀའ་བརྒྱུད་དྲིན་ཅན་རྣམས། །རྗེས་འཇུག་བདག་ཅག་བྱང་ཆུབ་བསྒྲུབ་པ་ལ། །ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པ་དང་། །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་སྤྲུལ་སྐུ་རཏྣ་གླིང་པས་མཛད་པ་ལ་བརྒྱུད་པའི་ཁ་འགེངས་ཕྲན་བུ་ཡོད་པའོ།། །།


previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བརྒྱུད་འདེབས་ཐུགས་རྗེའི་སྤྲིན་ཕུང་།next