Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
ཚོགས་འགུགས།
   
   
   
   
   
   
   
   


 
previousཚོགས་འགུགས།next

ཚོགས་འགུགས།


CMR060_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཐ་མའི་འགུགས་པ་ནི། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་གཞན་ཡང་སྙིང་པོ་ཕྱག་རྒྱ་གསང་སྔགས་རིག་སྔགས་གཟུངས་སྔགས་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་ཡང་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བཀའ་སྡོད་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། བླ་མའི་སྐུ་དགྲ་བསྟན་པའི་སྤྱི་དགྲ། དམ་ཚིག་ཅན་གྱི་སྡང་དགྲ། སེམས་ཅན་ཡོངས་ལ་འཚེ་བར་བྱེད་པ་གང་ན་སུ་མཆིས་པ་དེ་དག་གི་རྣམ་པར་ཤེས་པ་ཚོགས་ཐ་མ་འདི་ལ་ཁུག་ཅིག །ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྤོ་ཊ་ཐཾ། ཨོཾ་བཛྲ་གྷནྡྷེ་ཧོ༔ ཅེས་པས་འགུགས།


previousཚོགས་འགུགས།next