Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཙང་མ་ལྷ་སེལ་ཆེན་མོ་ཞེས་བྱ་བ་ལྷ་སྲིན་སྡེ་བརྒྱད་འཁྲུག་སེལ་གྱི་ཆོ་ག་རྒྱས་པ།
   
   
   
   


 
previousགཙང་མ་ལྷ་སེལ་ཆེན་མོ་ཞེས་བྱ་བ་ལྷ་སྲིན་སྡེ་བརྒྱད་འཁྲུག་སེལ་གྱི་ཆོ་ག་རྒྱས་པ།next

གཙང་མ་ལྷ་སེལ་ཆེན་མོ་ཞེས་བྱ་བ་ལྷ་སྲིན་སྡེ་བརྒྱད་འཁྲུག་སེལ་གྱི་ཆོ་ག་རྒྱས་པ།


CMR060_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་མ་ལྷ་སེལ་ཆེན་མོ་ཞེས་བྱ་བ་ལྷ་སྲིན་སྡེ་བརྒྱད་འཁྲུག་སེལ་གྱི་ཆོ་ག་རྒྱས་པ་བཞུགས་སོ། །


CMR060_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་རིགས་གསུམ་མགོན་པོ་ལ་ཕྱག་འཚལ་ལོ། །གཙང་མ་ལྷ་སེལ་ཆེན་མོ་ལྷ་སྲིན་སྡེ་བརྒྱད་འཁྲུག་སེལ་གྱི་ཆོ་ག་ཡར་ལྷ་ལ་ཡོན་འབུལ་བ་དང་། །མར་སྲི་མནན་པ་དང་གཉིས། བར་བགེགས་ལ་གླུད་བཏང་བ་དང་གསུམ། ཁྲུས་དག་པར་བྱ་བ་དང་བཞིའོ། །དེ་ལ་བར་དུ་གླུད་བཏང་བ་ནི། སྤྱི་གླུད་རྒྱས་པ་བཏང་། རྣམ་འཇོམས་ཀྱི་ཁྲུས་བྱ། ལྷ་སྲིན་འཁྲུག་པ་སེལ་བའི་ཐབས། སྟོད་དུ་གཞི་མ་དཀར་པོའི་སྟེང་དུ། ནས་ཕུལ་བཅུ་གསུམ། གསང་ལུག་བཅུ་གསུམ། འབྲང་རྒྱས་བཅུ་གསུམ། ལྷ་བཤོས་བཅུ་གསུམ། ཏིང་ལོ་བཅུ་གསུམ། རྡོ་དཀར་བཅུ་གསུམ། ཤུག་པ་རྟིང་དཀར་བཅུ་གསུམ། བལ་བུ་རྟིང་དཀར་བཅུ་གསུམ། རྒྱང་བུ་དཀར་པོ་བཅུ་གསུམ་རྣམས་རིམ་པར་བཀོད། ༈


CMR060_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མར་ངོས་སུ་གཞི་མ་ནག་པོའི་སྟེང་དུ། སྲན་ཕུལ་བཅུ་གསུམ། རྡོ་ནག་བཅུ་གསུམ། མི་ཁའི་རྫས་ཀྱི་ཐུམ་པོ་བཅུ་གསུམ། རྒྱང་བུ་ནག་པོ་བཅུ་གསུམ། ངར་གླུད་བཅུ་གསུམ། གླང་མའི་མགལ་པ་བཅུ་གསུམ། རྭ་རྒོག་བཅུ་གསུམ། རྫ་ལུང་བཅུ་གསུམ། དབྱི་མོང་གི་མགལ་པ་བཅུ་གསུམ་དེ་རྣམས་རིམ་པར་བཀོད། སླ་ངའམ་ཟངས་སུ་དུག་སྣ་ཁྲག་སྣ་རྙེད་ཚད་དུག་ཆུ་རྣམས་བླུག་པའི་སྣོད་དུ་རྫས་འོག་མ་རྣམས་རིམ་པར་བླུག །མདའ་བྱ་རྒོད་མའི་མགུལ་དུ་དར་དཀར་དང་གྲུམ་པའི་སྡེར་མོའམ་ལྗགས་རས་རྣམས་བཏགས་ལ། ཡར་མཆོད་ཕྱིར་བསྒྱུར་བྱ་བ་རྣམས་འོག་ནས་སྒྲེང་དང་བཅས་ཏེ་རིམ་པ་ལྟར་བར་བྱའོ། །འགོ་བའི་ལྷ་རྣམས་ཀྱི་ཕྲག་དོག་བསལ་བར་བྱ་བའི་ཕྱིར། མ་གཞི་ས་གཙང་གྲུ་བཞི་པའི་སྟེང་དུ་སྨྱུག་གཙང་མ་རིན་པོ་


CMR060_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་སྣ་ལྔའི་གཞལ་ཡས་ཁང་གྲུ་བཞི་པ་བྲིས་ལ། དར་ཚོན་སྣ་ལྔས་རྒྱན་པ་འཇུགས་ཤིང་མཆོད་པའི་རྫས་རྣམས་རིམ་པར་བཀོད་ཅིང་འཛུགས་སོ། །དེ་ནས་ཡོ་བྱད་རྣམས་སྔགས་དྲུག་ཕྱག་རྒྱ་དྲུག་གི་བྱིན་གྱིས་བརླབས་ལ་འདོད་པའི་ཡོན་ཏན་རྣམས་སུ་དམིགས་ལ། རིན་པོ་ཆེ་དང་སྨན་སྣ་ཚོགས་དྲི་བཟང་རྣམས་བུམ་པར་བླུག་ལ། ལྷ་རྟེན་སོགས་ལ་ཁྲུས་གསོལ་བྱ། རང་ཉིད་ཡི་དམ་དུ་གསལ་བའི་ངང་ནས་འདི་སྐད་དོ། །ཀྱེ། ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས། །སྐྱེ་བའི་ཆོ་འཕྲུལ་འབར་བའི་སངས་རྒྱས་རྣམས། །སྐུ་ཡི་ཞིང་ཁམས་བསམ་མི་ཁྱབ། །འགྲོ་བའི་དོན་མཛད་སྤྲུལ་སྐུ་ཅིར་ཡང་སྣང་། །སྟོན་པ་ཤཱཀྱ་ཐུབ་པའི་ཞིང་ཁམས་ནས། །ལོ་ལ་མིང་བཏགས་གནམ་ལོ་རྒྱལ་པོ་ལགས། །ཟླ་བར་མིང་བཏགས་ཟླ་བ་བློན་པོ་ཡིན། །ཞག་ལ་མིང་བཏགས་ཞག་ནི་དམག་མི་ཡིན། །དུས་ལ་མིང་བཏགས་དུས་ཚོད་མཚོན་ཆ་ཡིན། །སྔགས་འཆང་རིག་འཛིན་བདག་ཅག་དང་། །ཡོན་བདག་སྐྱབས་གསོལ་འདི་དག་གིས། །ཚེ་སྲོག་བསླུ་དང་རྐྱེན་དབང་བཟློག་པའི་ཕྱིར། །མདོས་ལ་མིང་བཏགས་གཙང་མ་ལྷ་ཡི་མདོས། །གླུད་ལ་མི་བཏགས་ངར་གྱི་མི་བོ་ཆེ། །དཀའ་བ་དེ་ནི་མི་ལས་བཙལ། །སྲ་བ་དེ་ནི་བྲག་ལས་བརྐོས། །སྙི་བ་དེ་


CMR060_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆུ་ལས་བཅུས། །དཀོན་མཆོག་དེ་ནི་གསུམ་གྱི་བཀའ། །རིག་འཛིན་སྒྲུབ་པ་པོ་ཡི་ལུང་། །རྒྱུ་སྦྱོར་ཡོན་བདག་འདི་ཡིས་བཤམས། །སྔགས་འཆང་སྒྲུབ་པ་པོ་ཡི་ལུང་། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཏིང་ངེ་འཛིན་གྱིས་དབང་ཡང་བསྐུར། །ཕྱི་སྣོད་རིན་ཆེན་འོད་ཟེར་ཅན། །ཡས་རྣམས་བྱིན་གྱིས་བརླབ་པ་ནི། །རང་ཡི་དམ་ལྷར་བསྐྱེད་ལ་བསངས་སྦྱངས་བྱ་ཞིང་། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོ྅ཧཾ། གིས་སྦྱངས། སྟོང་པའི་ངང་ལས་སྟོད་དུ་གཞི་དཀར་པོའི་སྟེང་དུ་དཀོན་མཆོག་གསུམ་དང་ཡི་དམ་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་འགོ་བའི་ལྷ་ལྔ། ཕན་པར་བྱེད་པའི་ལྷ་བརྒྱད་ལ་སོགས་པ་རྣམས་ལ་མི་གཙང་བའི་ཉམས་གྲིབ་ཕོག་པ་སེལ་བའི་མཆོད་རྫས་གཙང་མ་ལྷའི་སེལ་མདོས་ཆེན་མོ་འབྲུ་ནས་དཀར་པོའི་ཚོམ་བུ་བཅུ་གསུམ། ལྷ་རྡོ་དཀར་པོ་བཅུ་གསུམ། ལྷ་བཤོས་བཅུ་གསུམ། ལྷ་རྒྱང་དཀར་པོ་བཅུ་གསུམ་། འབྲང་རྒྱས་བཅུ་གསུམ། ཏིང་ལོ་བཅུ་གསུམ། བལ་ཤུག་དཀར་པོ་བཅུ་གསུམ་ལ་སོགས་པ་མཆོད་པའི་ཡོ་བྱད་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་


CMR060_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ནམ་མཁའ་དང་མཉམ་པར་གྱུར། ན་མསརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷསརྦ་ཏ་ཁཾ་ཨུཏྟ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྷོ་ཙྭ་དཾ་བྷ་ལཾ་ཏ་ཡེ་སྭཱ་ཧཱ། མཆོད་པའི་ཡས་སྟགས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་དག་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། དཀོན་མཆོག་རིན་ཆེན་རྣམ་པ་གསུམ་དང་། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ནོར་ལྷ་གཏེར་བདག །འགོ་བའི་ལྷ་ལྔ། ཕན་པར་བྱེད་པའི་ལྷ་བརྒྱད། ཡུལ་ལྷ་གཞི་བདག་དང་བཅས་པ་རྣམས་ལ་འབུལ་ལོ། །ཁྱེད་རྣམས་ཀྱི་སྐུ་གསུང་ཐུགས་ལ་མི་གཙང་བའི་ཉམས་གྲིབ་ནལ་དང་རྩོག་དང་ཐབ་གཞོབ་འཁོན་གསུམ་མནའ་དང་གྲིབ་དང་བྱུར་ཡུག་ལ་སོགས་པས་ཉམས་གྲིབ་ཕོག་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་


CMR060_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པ་རྣམས་ཀྱི་མི་གཙང་བའི་ཉམས་གྲིབ་ཕོག་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་སྨད་དུ་གཞི་མ་ནག་པོའི་སྟེང་དུ་མི་གཙང་བའི་བྱུར་འདྲེ་ཐབ་འདྲེ་གཞོབ་འདྲེ་ནལ་འདྲེ་རྩོག་འདྲེ་ལ་སོགས་པ་རྣམས་ལ་འབུལ་བའི་ཡས་སྟགས་འབྲུ་ནག་བཅུ་གསུམ། རྡོ་ནག་བཅུ་གསུམ། ངར་གླུད་བཅུ་གསུམ་ཆངས་བུ་ནག་པོ་བཅུ་གསུམ། རྒྱང་བུ་ནག་པོ་བཅུ་གསུམ། མགལ་པ་བཅུ་གསུམ། རྭ་རྒོག་བཅུ་གསུམ། རྫ་ལུང་བཅུ་གསུམ། གྲི་གླུད་ལ་སོགས་པ་མི་ཁའི་ཡས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པ་ནམ་མཁའ་དང་མཉམ་པར་གྱུར། ན་མསརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ཧཱུྃ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ན་མསརྦ་


CMR060_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཏ་ཁྃ་ཨུཏྟ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྷྲྀ་ཧྣ་དཾ་བྷ་ལིཾ་ཏ་ཡེ་སྭཱ་ཧཱ། མཆོད་སྦྱིན་གྱི་ཡས་སྟགས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། སྲིད་པའི་འདྲེ་དགུ་བྱུར་འདྲེ་ཡུགས་འདྲེ་རྨུག་འདྲེ་ནལ་འདྲེ་རྩོག་འདྲེ་ཐབ་འདྲེ་གཞོབ་འདྲེ་སྣ་འདྲེ་འཁོན་འདྲེ་གོད་འདྲེ་ལ་སོགས་པ་མི་གཙང་བའི་འདྲེ་གདོན་ཐམས་ཅད་ཡས་སྟགས་འདི་རྣམས་ཁྱེར་ལ། བདག་དང་རྒྱུ་སྦྱོར་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་མ་བྱེད་པར་སོ་སོ་རང་རང་གི་གནས་སུ་ཞིག་བྲུབ་བོ་སྒྱུར་རོ། །ཕྱི་སྣོད་རིན་ཆེན་འོད་ཟེར་ཅན། །ནང་བཅུད་འདོད་ཡོན་ལྔ་དང་ལྡན། །འབུལ་ཞིང་བསྔོ་བའི་མགྲོན་རིགས་ནི། །སྲིད་ཞུའི་མགྲོན་ནི་མཆོད་གནས་དཀོན་མཆོག་ལ། །བླ་མེད་མཆོད་པའི་སྤྲིན་ཕུང་འདི། །ཕུལ་བས་བདག་དང་རྒྱུ་སྦྱོར་ཡོན་བདག་གི །སྒྲིབ་སྦྱང་སྲུང་སྐྱབ་མཛད་དུ་གསོལ། །ཡོན་ཏན་མགྲོན་ནི་ཆོས་སྐྱོང་སྲུང་མ་ལ། །འདོད་ཡོན་ལྔ་ཡི་ལོངས་སྤྱོད་བསྔོས་པ་ཡི། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག །བསྲུང་ཞིང་སྐྱོབ་པར་མཛད་དུ་གསོལ། །མི་མཐུན་གནོད་པའི་རྐྱེན་རྣམས་


CMR060_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་ཏུ་གསོལ། །སྙིང་རྗེའི་མགྲོན་རྣམས་མ་ལུས་སེམས་ཅན་ལ། །སོ་སོའི་ཡིད་ལ་ཅི་འདོད་བསྔོས་པ་ཡིས། །གནོད་འགལ་དྲེགས་པའི་ཞེ་སྡང་ཞི་གྱུར་ཅིག །ཚེ་རབས་སྔ་མའི་ལན་ཆགས་མགྲོན་རིགས་ལ། །འདོད་དགུའི་ལོངས་སྤྱོད་སྣ་ཚོགས་བསྔོས་པ་ཡི། །ལན་ཆགས་འཁོར་ནས་གནོད་འགལ་ཞི་གྱུར་ཅིག །སྲིད་པའི་རྩེ་ནས་དམྱལ་བའི་ས་གཞི་ཡན་ཆད་ཀྱི། །འཕགས་པའི་སྤྱན་གྱིས་གཟིགས་པའི་སེམས་ཅན་རྣམས། །བྱམས་ཤིང་བརྩེ་བས་མགྲོན་དུ་གཉེར་ནས་ཀྱང་། །མདོས་དང་གླུད་ཀྱི་བདག་པོ་སྤྱན་འདྲེན་ནོ། །ཞེ་སྡང་གདུག་པའི་སེམས་སུ་མ་འབྱོན་ཅིག །གཏི་མུག་རྨོངས་པའི་སེམས་ཀྱིས་མ་འབྱོན་ཅིག །ང་རྒྱལ་གདུག་པའི་སེམས་ཀྱིས་མ་འབྱོན་ཅིག །ཕྲག་དོག་ཁྲོས་པའི་སེམས་ཀྱིས་མ་འབྱོན་ཅིག །འདོད་ཆགས་གླན་པའི་སེམས་ཀྱིས་མ་འབྱོན་ཅིག །བྱམས་ཐུགས་ཕན་པའི་སེམས་དང་བཅས་ཏེ་བྱོན། །གནོད་འགལ་དྲེགས་པའི་བསམ་པ་ཞི་བར་མཛོད། །རྒྱུ་སྦྱོར་ཡོན་བདག་ཚེ་སྲོག་བསླུ་བ་དང་། །མི་མཐུན་འགལ་རྐྱེན་བར་ཆད་བཟློག་པའི་ཕྱིར། །གཙང་མ་ལྷ་མདོས་ཆེན་མོ་འདི་བཤམས་ནས། །


CMR060_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པར་བྱེད་པ་འགོ་བའི་ལྷ་ལྔ་ལ། །བཀྲ་ཤིས་གཙང་མའི་གཟུངས་ཆབ་འདི་གསོལ་བས། །ཚེ་དང་བསོད་ནམས་དབང་ཐང་བསྐྱེད་དུ་གསོལ། །གནོད་པའི་འདྲེ་དང་བྱུར་ཡུགས་མར་ལ་བྲུབ། །ལྷ་འདྲེའི་རྩུབ་འཁྲུག་བྱོལ་ཁ་གཞན་ལ་སྤོས། །འཇིག་རྟེན་སྲིད་པའི་ལྷ་འདྲེ་ཐམས་ཅད་ལ། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །ཚེ་སྲོག་ནོར་གྱི་གླུད་དུ་འབུལ། །གླུད་སྒོ་འདི་རུ་མདོས་ལ་བྱོན། །མདོས་སྒོ་འདི་རུ་ཡས་ལ་བྱོན། །རིགས་པ་ཀུན་ཀྱང་སོས་དལ་ཅིག །གཏུམ་པའི་ཐུགས་ཀྱང་ངང་སྲིངས་ཤིག །གསུང་གི་ངར་དྲག་ཞི་བར་མཛོད། །སྨེང་ལ་ཉོན་ལ་ཡས་ལ་སྟོན། །སྔགས་འཆང་བདག་གི་ངོ་མ་ཟློག །ཡང་ཅིག་མི་ཡི་སྲིད་པ་ཤོད། །སྲིད་པ་ལས་ཀྱི་རྫུ་འཕྲུལ་ཆགས། །འབྱུང་བ་ལྔ་ཡི་འཕྲོ་འདུ་ལས། །སྣོད་བཅུད་འཇིག་རྟེན་སྟོང་གནས་སུ། །འགྲོ་བ་མི་ཡི་སྐྱེ་གནས་སུ། །འབྱུང་བ་ཆེན་པོ་ལྔ་ལས་སྲིད། །དྲོད་དབུགས་ཤ་ཁྲག་རུས་པ་ལྔ། །མེ་རླུང་ས་ཆུ་རྡོ་ཡི་ངང་། །སེམས་ནི་ནམ་མཁའི་རང་བཞིན་ནོ། །འབྱུང་བ་ཕྱི་ཡི་སྤྲུལ་པ་ལས། །ཡན་ལག་སྨད་ལྔ་ལས་ཀྱི་སྲིད། །འབྱུང་བའི་ནང་གི་སྤྲུལ་པ་ལ། །དོན་སྙིང་ལྔ་དང་ནང་


CMR060_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོལ་སྲིད། །འབྱུང་བ་ལྔ་ཡི་དྭངས་མ་ལ། །དབང་པོ་རྣམ་ཤེས་བརྒྱད་དུ་སྲིད། །བག་ཆགས་འཇིགས་པའི་སེམས་ཀྱི་གཟུགས། །རང་གི་ལུས་སེམས་བག་ཆགས་ལས། །ཞེན་པས་དུག་ལྔའི་རང་བཞིན་འབྱུང་། །ཤ་ནི་གཏི་མུག་རང་བཞིན་ཅན། །རུས་ལ་ཞེ་སྡང་རང་བཞིན་ཅན། །དྲོད་ནི་ང་རྒྱལ་རང་བཞིན་ཅན། །ཁྲག་ནི་འདོད་ཆགས་རང་བཞིན་ཅན། །དབུགས་ནི་ཕྲག་དོག་རང་བཞིན་ཅན། །འགོ་བའི་ལྷ་ལྔ་མནོལ་བ་ལས། །ཡོན་བདག་སྲོག་ལ་གནོད་པ་དང་། །གནོད་བྱེད་དུག་ལྔའི་ངང་ལས་བྱུང་། །དེ་རིང་གནས་མཆོག་དམ་པ་འདིར། །སྔགས་འཆང་རྣལ་འབྱོར་བདག་ཅག་གི །དཀོན་མཆོག་གསུམ་གྱི་བཀའ་ལ་བརྟེན། །རྒྱུ་སྦྱོར་ཡོན་བདག་རྣམ་རྟོག་གི །སྔོན་གྱི་ལན་ཆགས་དུག་ལྔ་བགེགས་སུ་གྱུར། །ཕན་བྱེད་འགོ་བའི་ལྷ་ལྔ་མནོལ་བ་ཁྲུས་ཀྱིས་བསང་། །གནོད་བྱེད་འདྲེ་གདོན་ཐུར་དུ་གྲུབ། །ལན་ཆགས་བགེགས་ལ་གླུད་འདི་འབུལ། །དུག་ལྔའི་ལས་ཀྱི་རྣམ་རྟོག་གི །རྟོག་པའི་སེམས་ཀྱི་གནོད་པར་བཟུང་། །མ་རིག་པ་ཡི་རྒྱུ་བྱས་ནས། །མེ་དང་ཆུ་ཡི་འཕྲོ་འདུ་ལས། །ཐབ་ཅེས་བྱ་བ་རྣམ་རྟོག་


CMR060_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པས་བཟུང་། །གནམ་ཐབ་དང་ནི་ས་ཐབ་དང་། །དཀར་ཐབ་དང་ནི་དམར་ཐབ་ཀྱིས། །ཕན་བྱེད་འགོ་བའི་ལྷ་ལྔ་མནོལ་སྲིད་ན། །མེ་ལོང་ངོ་ལ་ཁྲུས་གསོལ་ལོ། །བཀྲ་ཤིས་གཙང་མའི་ཁྲུས་ཆབ་འདི་གསོལ་བས། །མི་གཙང་ཐབ་ཀྱི་བག་ཆགས་དག་ནས་ཀྱང་། །ལྷ་གཉན་ཡོན་བདག་འདི་ལ་བཀྲ་ཤིས་ཤོག །ཕན་བྱེད་འགོ་བའི་ལྷ་ལྔ་ཚུལ། །ཚེ་སྲོག་དབང་ཐང་བསྐྱེད་པའི་ཡོན་དུ་འབུལ། །མི་གཙང་ཐབས་ཀྱི་གྱོད་རྡོ་ནག་པོ་འདི། །སྡང་དགྲ་གནོད་བྱེད་བགེགས་ཀྱི་ཐོག་ཏུ་བྱོན། །མི་གཙང་ཐབ་ཀྱི་བྱུར་ཡུགས་དེ་ལྟར་ཕུད། །འགོ་བའི་ལྷ་ལྔའི་བྱུར་ཡུགས་དེ་ལྟར་ཕུད། །འགོ་བའི་ལྷ་ལྔ་ཐབ་གཞོབ་བགེགས་ལས་ཐར། །རྒྱུ་སྦྱོར་ཡོན་བདག་ཐབ་གཞོབ་བགེགས་ལས་ཐར། །མི་འགྱུར་ཚེ་དང་དངོས་གྲུབ་བསྩལ་དུ་གསོལ། །ཧཱུྃ། མནར་མེད་ཞེ་སྡང་ལས་ཀྱི་བསད་བཅད་ལས། །གཏི་མུག་མ་རིག་པ་ཡི་རྒྱུ་བྱས་ནས། །དམེ་ཞེས་བྱ་བ་རྣམ་རྟོག་ངན་པས་བཟུང་། །ཁ་དམེ་ཞེ་དམེ་རྡོ་དམེ་ནང་གི་དམེ། །ཕ་མཚུན་ཞང་ཚ་ཉེ་འཁོར་འབྲེལ་པའི་དམེ། །དམེ་འདྲེས་འགོ་བའི་ལྷ་ལྔ་མནོལ་སྲིད་ན། །བཀྲ་ཤིས་གཙང་མའི་ཁྲུས་


CMR060_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་འདི་གསོལ་བས། །ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་དྲི་མ་དག་ནས་ཀྱང་། །ཡོན་བདག་ལུས་ངག་ཡིད་གསུམ་བག་ཆགས་བཟོད་པར་གསོལ། །མི་གཙང་དམེ་འདྲེའི་བག་ཆགས་དག་གྱུར་ཅིག །ལྷ་གཉེན་ཡོན་བདག་འདི་ལ་བཀྲ་ཤིས་ཤོག །ཕན་པར་བྱེད་པའི་འགོ་བའི་ལྷ་ལྔ་ལ། །ཡོན་བདག་ཚེ་སྲོག་དབང་ཐང་བསྐྱེད་པའི་ཡོན་དུ་འབུལ། །མི་གཙང་དམེ་འདྲེའི་གྱོད་རྡོ་ནག་པོ་འདི། །སྡང་དགྲ་གནོད་བགེགས་བྱད་མའི་སྟེང་དུ་བྷྱོ། །མི་གཙང་དམེ་འདྲེའི་བྱུར་ཡུགས་དེ་ལྟར་ཕུད། །འགོ་བའི་ལྷ་ལྔ་དམེ་འདྲེའི་གྱོད་ལས་ཐར། །རྒྱུ་སྦྱོར་ཡོན་བདག་དམེ་འདྲེའི་གྱོད་ལས་ཐར། །ཡོན་བདག་ཚེ་སྲོག་དབང་ཐང་བཀྲ་ཤིས་ཤོག །ཧཱུྃ། ང་རྒྱལ་ལས་ཀྱི་ཞེན་པའི་སྨོན་རྡོ་ལས། གཏི་མུག་མ་རིག་པ་ཡི་རྒྱུ་བྱས་ནས། །མནའ་ཞེས་བྱ་བ་རྣམ་རྟོག་ངན་པས་བཟུང་། །རང་གི་ཉེས་པའི་མནའ་དང་གཞན་གྱི་ཉེས་པ་དང་། །ཉེས་མེད་དགག་པའི་མནའ་དང་ཁ་མནའ་སྙིང་མནའ་དང་། །མནའ་འདྲེའི་གནོད་པས་འགོ་བའི་ལྷ་ལྔ་མནོལ་སྲིད་ན། །བཀྲ་ཤིས་གཙང་མའི་ཁྲུས་ཆབ་འདི་གསོལ་བས། །ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་དྲི་མ་དག་


CMR060_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་། །ཡོན་བདག་ལུས་ངག་ཡིད་གསུམ་བག་ཆགས་དག་གྱུར་ཅིག །མི་གཙང་མིནའ་ཡི་བག་ཆགས་དག་ནས་ཀྱང་། །ལྷ་གཉེན་ཡོན་བདག་འདི་ལ་བཀྲ་ཤིས་ཤོག །ཕན་པར་བྱེད་པ་འོག་བའི་ལྷ་ལྔ་ལ། །ཚེ་སྲོག་དཔང་ཐང་བསྐྱེད་པའི་ཡོན་དུ་འབུལ། །མི་གཙང་མནའ་ཡི་གྱོད་རྡོ་ནག་པོ་འདི། སྡང་དགྲ་གནོད་བྱེད་བྱད་མའི་ཐོག་ཏུ་བྷྱོ། །མི་གཙང་མནའ་ཡི་བྱུར་ཡུགས་དེ་ལྟར་ཕུད། །འགོ་བའི་ལྷ་ལྔ་མནའ་འདྲེའི་མནོལ་ལས་ཐར། །རྒྱུ་སྦྱོར་ཡོན་བདག་མནའ་འདྲེའི་གྱོད་ལས་ཐར། །མི་འགྱུར་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཧཱུྃ། འདོད་ཆགས་ལས་ཀྱི་དབང་གིས་ཆགས་པ་སྤྱད། །གཏི་མུག་མ་རིག་པ་ཡི་རྒྱུ་བྱས་ནས། །ནལ་ཞེས་བྱ་བ་རྣམ་རྟོག་ངན་པས་བཟུང་། །རུས་པ་གཅིག་དང་མནའ་མ་རྐུན་མོའི་ནལ། །མ་དང་སྲིང་མོའི་ནལ་དང་མ་བུ་མནོལ་བ་དང་། །རང་གིས་བྱས་དང་གཞན་གྱི་ནལ་ཡུགས་ཕོག་པ་དང་། །རང་གིས་མ་དང་སྲུ་བའི་མནོལ་ཞིང་སྒྲིབ་པ་ཡིས། །ཕན་བྱེད་འགོ་བའི་ལྷ་ལྔ་མནོལ་སྲིད་ན། །བཀྲ་ཤིས་གཙང་མའི་ཁྲུས་ཆབ་འདི་གསོལ་བས། །ཁྱེད་ཀྱི་སྐུ་གསུང་ཐུགས་ལ་གསོལ་བ་ཡིས། །ཡོན་


CMR060_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལུས་ངག་ཡིད་གསུམ་བག་ཆགས་དག་གྱུར་ཅིག །ལྷ་གཉེན་ཡོན་བདག་འདི་ལ་བཀྲ་ཤིས་ཤོག །ཕན་པར་བྱེད་པ་འགོ་བའི་ལྷ་ལྔ་ལ། །ཚེ་སྲོག་དབང་ཐང་བསྐྱེད་པའི་ཡོན་དུ་འབུལ། །མི་གཙང་ནལ་གྱི་གྱོད་རྡོ་ནག་པོ་འདི། །སྡང་དགྲ་གནོད་བྱེད་བྱད་མའི་སྟེང་དུ་བྷྱོ། །མི་གཙང་ནལ་གྱི་བྱུར་ཡུགས་དེ་ལྟར་ཕུད། །འགོ་བའི་ལྷ་ལྔ་ནལ་འདྲེའི་གྱོད་ལས་ཐར། །རྒྱུ་སྦྱོར་ཡོན་བདག་ནལ་འདྲེའི་གྱོད་ལས་ཐར། །མི་འགྱུར་ཚེ་དབང་དངོས་གྲུབ་བསྩལ་དུ་གསོལ། །ཧཱུྃ། ཕྲག་དོག་ལས་ཀྱི་དབང་གིས་།ཐབ་ཕྲོག་ལས། །གཏི་མུག་མ་རིག་པ་ཡིས་རྒྱུ་བྱས་ནས། །འཁོན་ཞེས་བྱ་བ་རྣམ་རྟོག་ངན་པས་བཟུང་། །ཆོས་སྡེ་ནང་གི་འཁོན་དང་ཕ་སྤུན་ལྷ་འཁོན་དང་། །ཞང་ཚན་ཉེ་དུ་འབྲེལ་བའི་ནང་འཁོན་དང་། །ཁ་འཁོན་ཞེ་འཁོན་རང་གི་བྱས་པའི་འཁོན། །གཞན་གྱི་བག་ཆགས་འཁོན་གྱིས་ཉེས་པ་ཡིས། །ཕན་བྱེད་འགོ་བའི་ལྷ་ལྔ་མནོལ་སྲིད་ན། །བཀྲ་ཤིས་གཙང་མའི་གཟུངས་ཆབ་དམ་པ་འདི། །ཁྱེད་ཀྱི་སྐུ་གསུང་ཐུགས་ལ་གསོལ་བ་ཡིས། །ཡོན་བདག་ལུས་ངག་ཡིད་གསུམ་བག་ཆགས་དག་གྱུར་ཅིག །མི་གཙང་འཁོན་


CMR060_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བག་ཆགས་དག་གྱུར་ཅིག །ལྷ་གཉེན་ཡོན་བདག་འདི་ལ་བཀྲ་ཤིས་ཤོག །ཕན་པར་བྱེད་པ་འགོ་བའི་ལྷ་ལྔ་ལ། །ཚེ་སྲོག་དབང་ཐང་བསྐྱེད་པའི་ཡོན་དུ་འབུལ། །མི་གཙང་འཁོན་གྱི་གྱོད་རྡོ་ནག་པོ་འདི། །སྡང་དགྲ་གནོད་བགེགས་བྱད་མའི་སྟེང་དུ་བྷྱོ། །མི་གཙང་འཁོན་གྱི་བྱུར་ཡུགས་དེ་ལྟར་ཕུད། །འོག་བའི་ལྷ་ལྔ་འཁོན་གྱི་གྱོད་ལས་ཐར། །རྒྱུ་སྦྱོར་ཡོན་བདག་འཁོན་གྱི་གྱོད་ལས་ཐར། །མི་འགྱུར་ཚེ་རིང་དངོས་གྲུབ་བསྩལ་དུ་གསོལ། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །ཐབ་གཞོབ་འཁོན་གསུམ་རང་གིས་བྱས་པ་དང་། །གཞན་གྱིས་བྱས་པའི་བག་ཆགས་དང་། །སྤྱི་བྱུང་མནོལ་ཞིང་དུག་གསུམ་ལ། །ཁྲོམ་ལ་བཏབ་སྟེ་གཏེར་དུ་སྦས། །གླུད་ལ་བསྒྱུར་ཏེ་མདོས་ལ་གཏོང་། །ཁལ་དུ་བཀལ་ཏེ་དགྲ་ལ་བྷྱོ། །ཅེས་ཁྲུས་གསོལ་བྱ། བར་འདིར་གླུད་རབས་ལྷའི་བྷེཎྜི་བཏང་ལ་བསྔོའོ། །དེ་ནས་མདའ་བྱ་རྒོད་མར་དར་དཀར་དང་གྲུམ་པའི་སྡེར་མོ་བཏགས་པ་ཐོགས་པས་ཡར་མཆོད་དང་ཕྱིར་བསྒྱུར་བྱ་བ་འདི་སྐད་དོ། །ཧཱུྃ། འདས་པ་ཀུན་གྱི་སྔོན་རོལ་ནས། །དང་པོ་སྲིད་པ་ཆགས་ཙམ་ན། །སྐྱེས་པ་མི་ལུས་ཐོབ་ཙམ་ན། །ལྷན་ཅིག་སྐྱེས་པའི་ལྷ་ཡང་སྲིད། །ལྷན་ཅིག་སྐྱེས་


CMR060_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འདྲེ་ཡང་སྲིད། །ལྷ་ནི་ཡོད་ཅིང་དགའ་བར་མོས། །འདྲེ་ནི་མེད་ཅིང་ལྷག་པར་མོས། །ལྷ་དང་སྲིན་གཉིས་འཁྲུག་པ་ལས། །སྲིན་པོ་སྐུ་རིང་ཁྲག་མིག་གིས། །དུག་གི་རྐྱལ་པ་ཁུར་དུ་ཁུར། །ཆུ་བོ་ནེ་རཉྫནའི་མགོར་སོང་ནས། །དུག་ནི་ཆུ་ཡི་ནང་དུ་བླུག །ཆུ་དེ་སྐྱེ་འགྲོ་ཡོངས་ཀྱིས་འཐུང་། །རླུང་མཁྲིས་བད་ཀན་འདུས་པ་ལས། །གློ་བུར་ལྷ་བུའི་ནད་རྣམས་བྱུང་། །དང་པོ་ནད་ཀྱིས་གཉེན་པོ་དེ་ནས་ལངས། །སྲིད་པ་འཇིག་རྟེན་སྟོང་ལ་ཁད། །དེར་རིགས་གསུམ་མགོན་པོའི་སྤྱན་གྱི་གཟིགས། །སྤྱན་རས་གཟིགས་ཀྱི་བྱིན་གྱིས་རླབས། །རིགས་ལྔའི་སངས་རྒྱས་དབུ་ལ་བསྐྱེད། །དུག་ལྔ་ཡེ་ཤེས་ལྔ་ཡིས་བཅོམ། །ཧཱུྃ། ཞེ་སྡང་རྡོ་རྗེ་རིགས་ཀྱིས་བཅོམ། །གློ་བུར་ནད་རྣམས་ཞི་བར་མཛོད། །མཚོན་དབལ་དྲག་པོའི་སྔགས་ཀྱིས་བཏུལ། །ནད་རྣམས་ཐུགས་རྗེའི་ལྕགས་ཀྱུས་ཟུང་། །དབྱི་མོང་མགལ་བའི་རྟ་ལ་བསྐྱོན། །མི་ཁའི་ཐུམ་པོ་ཁལ་དུ་བཀལ། །སྲན་མ་ནག་པོ་རྫོངས་སུ་བཏབ། །འཁོན་རྡོ་ནག་པོ་ཐུར་དུ་བསྒྲིལ། །དུག་ཟངས་ནག་པོའི་ནང་དུ་བྲུབ། །སྲི་རྣམས་བསལ་ལོ་མར་ལ་མནན། །མར་འབུལ་


CMR060_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ལོ།། ཧཱུྃ། ལྷ་ལ་ཡོན་འབུལ་ཡར་ལ་འབུལ། །ལྷ་ནས་དེ་ནི་དཀར་པོ་དང་། །ལྷ་རྡོ་དེ་ནི་དཀར་པོ་དང་། །འབྲས་ལུག་དེ་ནི་འགེལ་པ་དང་། །ལྷ་རྒྱང་དེ་ནི་དཀར་པོ་དང་། །ལྷ་ཤིང་བལ་ཤུག་སུར་དཀར་གྱིས། །ཡར་གྱི་ལྷ་ལ་མཆོད་པ་འབུལ། །ལྷ་སྲིན་གཉིས་ཀྱི་འཁྲུག་ཀྱང་བསལ། །གཙང་སྨེ་གཉིས་ཀྱི་ཤན་ཡང་འབྱེད། །ལྷ་ཤུལ་རིང་ཞགས་ལྟར་རྡོག་ལ་བྱོན། །དབྱིངས་ཆེན་ཕྱིང་ལྟར་དྲིལ་ལ་བྱོན། །ལྷ་མི་གཉིས་ཀྱི་རྒྱལ་ཁ་ཟུང་། །འདྲེ་སྲིན་གཉིས་ཀྱི་གཉའ་ནོན་མཛོད། །དགྲ་གདོན་གཉིས་ཀྱི་དཔུང་པ་ཆོག །ཡར་ལ་འབུལ་ཞིང་། ཧཱུྃ། ང་རྒྱལ་རིན་ཆེན་རིགས་ཀྱིས་བཅོམ། །མཁྲིས་པའི་ནད་རྣམས་ཞི་བར་མཛོད། །གཟེར་ཟུག་དྲག་པོའི་སྔགས་ཀྱིས་བཏུལ། །ནད་རྣམས་ཐུགས་རྗེའི་ལྕགས་ཀྱུས་ཟུང་། །དབྱི་མོང་མགལ་བའི་རྟ་ལ་བསྐྱོན། །མི་ཁའི་ཐུམ་པོ་ཁལ་དུ་བཀལ། །སྲན་མ་ནག་པོ་རྫོངས་སུ་འདེབས། །འཁོན་རྡོ་ནག་པོ་ཐུར་དུ་བསྒྲིལ། །དུག་ཟངས་ནག་པོའི་ནང་དུ་བྲུབ། །སྲི་རྣམས་བསལ་ལོ་མར་ལ་མནན། །མར་འབུལ། ཧཱུྃ། ལྷ་ལ་ཡོན་འབུལ་ཡར་ལ་འབུལ། །ལྷ་ནས་དེ་ནི་དཀར་པོ་


CMR060_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལྷ་རྡོ་དེ་ནི་དཀར་པོ་དང་། །འབྲས་ལུག་དེ་ནི་འགེལ་པ་དང་། །ལྷ་རྒྱང་དེ་ནི་དཀར་པོ་དང་། །ལྷ་ཤིང་བལ་ཤུག་སུར་དཀར་གྱིས། །ཡར་གྱི་ལྷ་ལ་མཆོད་པ་འབུལ། །ལྷ་སྲིན་གཉིས་ཀྱི་འཁྲུག་ཀྱང་བསལ། །གཙང་སྨེ་གཉིས་ཀྱི་ཤན་ཡང་འབྱེད། །ལྷ་ཤུལ་རིང་ཞགས་ལྟར་རྡོག་ལ་བྱོན། །དབྱིངས་ཆེན་ཕྱིང་ལྟར་དྲིལ་ལ་བྱོན། །ལྷ་མི་གཉིས་ཀྱི་རྒྱལ་ཁ་ཟུང་། །འདྲེ་སྲིན་གཉིས་ཀྱི་གཉའ་ནོན་མཛོད། །དགྲ་གདོན་གཉིས་ཀྱི་དཔུང་པ་ཆོག །ཧཱུྃ། འདོད་ཆགས་པདྨ་རིགས་ཀྱིས་བཅོམ། །ཁྲག་གི་ནད་རྣམས་ཞི་བར་མཛོད། །གཟེར་ཟུག་དྲག་པོ་སྔགས་ཀྱིས་བཏུལ། །ནད་རྣམས་ཐུགས་རྗེའི་ལྕགས་ཀྱུས་ཟུང་། །དབྱི་མོང་མགལ་བའི་རྟ་ལ་བསྐྱོན། །མི་ཁའི་ཐུམ་པོ་ཁལ་དུ་བཀལ། །སྲན་མ་ནག་པོ་ལྗོངས་སུ་འདེབས། །འཁོན་རྡོ་ནག་པོ་ཐུར་དུ་བསྒྲིལ། །དུག་ཟངས་ནག་པོའི་ནང་དུ་བྲུབ། །སྲི་རྣམས་བསལ་ལོ་མར་ལ་མནན། །ཡར་འབུལ་ནི། ཧཱུྃ། ལྷ་ལ་ཡོན་འབུལ་ཡར་ལ་འབུལ། །ལྷ་ནས་དེ་ནི་དཀར་པོ་དང་། །ལྷ་རྡོ་དེ་ནི་དཀར་པོ་དང་། །འབྲས་ལུག་དེ་ནི་འགེལ་པ་དང་། །ལྷ་རྒྱང་དེ་ནི་དཀར་པོ་


CMR060_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལྷ་ཤིང་བལ་ཤུག་སུར་དཀར་གྱིས། །ཡར་གྱི་ལྷ་ལ་མཆོད་པ་འབུལ། །ལྷ་སྲིན་གཉིས་ཀྱི་འཁྲུག་ཀྱང་བསལ། །གཙང་སྨེ་གཉིས་ཀྱི་ཤན་ཡང་འབྱེད། །ལྷ་ཤུལ་རིང་ཞགས་ལྟར་རྡོག་ལ་བྱོན། །དབྱིངས་ཆེན་ཕྱིང་ལྟར་དྲིལ་ལ་བྱོན། །ལྷ་མི་གཉིས་ཀྱི་རྒྱལ་ཁ་ཟུང་། །འདྲེ་སྲིན་གཉིས་ཀྱི་གཉའ་ནོན་མཛོད། །དགྲ་གདོན་གཉིས་ཀྱི་དཔུང་པ་ཆོག །ཧཱུྃ། ཕྲག་དོག་ལས་ཀྱི་རིགས་ཀྱིས་བཅོམ། །བད་རླུང་ནད་རྣམས་ཞི་བར་མཛོད། །གཟེར་ཟུག་དྲག་པོ་སྔགས་ཀྱིས་བཏུལ། །ནད་རྣམས་ཐུགས་རྗེའི་ལྕགས་ཀྱུས་ཟུང་།། །ནད་རླངས་ཡེ་ཤེས་ཆུ་ཡིས་བཀྲུས། །ནད་འདྲེ་ཞི་བའི་ཐབས་བསྟན་པ། །དབྱི་མོང་མགལ་བའི་རྟ་ལ་བསྐྱོན། །མི་ཁའི་ཐུམ་པོ་ཁལ་དུ་བཀལ། །སྲན་མ་ནག་པོ་རྫོངས་སུ་འབུལ། །འཁོན་རྡོ་ནག་པོ་ཐུར་དུ་བསྒྲིལ། །དུག་ཟངས་ནག་པོའི་ནང་དུ་བླུག །སྲི་རྣམས་བསལ་ལོ་མར་ལ་མནན། །ཡར་འབུལ་ནི། ཧཱུྃ། ལྷ་ལ་ཡོན་འབུལ་ཡར་ལ་འབུལ། །ལྷ་ནས་དེ་ནི་དཀར་པོ་དང་། །ལྷ་རྡོ་དེ་ནི་དཀར་པོ་དང་། །འབྲས་ལུག་དེ་ནི་འགེལ་པ་དང་། །ལྷ་རྒྱང་དེ་ནི་དཀར་པོ་དང་། །ལྷ་ཤིང་བལ་ཤུག་སུར་


CMR060_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གྱིས། །ཡར་གྱི་ལྷ་ལ་མཆོད་པ་འབུལ། །ལྷ་སྲིན་གཉིས་ཀྱི་འཁྲུག་ཀྱང་བསལ། །གཙང་སྨེ་གཉིས་ཀྱི་ཤན་ཡང་འབྱེད། །ལྷ་ཤུལ་རིང་ཞགས་ལྟར་རྡོག་ལ་བྱོན། །དབྱིངས་ཆེན་ཕྱིང་ལྟར་དྲིལ་ལ་བྱོན། །ལྷ་མི་གཉིས་ཀྱི་རྒྱལ་ཁ་ཟུང་། །འདྲེ་སྲིན་གཉིས་ཀྱི་གཉའ་ཡང་ནོན། །དགྲ་གདོན་གཉིས་ཀྱི་དཔུང་པ་ཆོག །ཧཱུྃ། །གཏི་མུག་དེ་བཞིན་རིགས་ཀྱིས་བཅོམ། །འདུས་པའི་ནད་རྣམས་ཞི་བར་མཛོད། །གཟེར་ཟུག་དྲག་པོ་སྔགས་ཀྱིས་བཏུལ། །ནད་རྣམས་ཐུགས་རྗེའི་ལྕགས་ཀྱུས་ཟུང་། །ནད་རླངས་ཡེ་ཤེས་ཆུ་ཡིས་བཀྲུས། །ནད་འདྲེ་ཞི་བའི་ཐབས་བསྟན་པ། །དབྱི་མོང་མགལ་བའི་རྟ་ལ་བསྐྱོན། །མི་ཁའི་ཐུམ་པོ་ཁལ་དུ་བཀལ། །སྲན་མ་ནག་པོ་ལྗོངས་སུ་འདེབས། །འཁོན་རྡོ་ནག་པོ་ཐུར་དུ་བསྒྲིལ། །དུག་ཟངས་ནག་པོའི་ནང་དུ་བླུག །སྲི་རྣམས་བསལ་ལོ་མར་ལ་མནན། །ཡར་འབུལ་ནི། ཧཱུྃ། ལྷ་ལ་ཡོན་འབུལ་ཡར་ལ་འབུལ། །ལྷ་ནས་དེ་ནི་དཀར་པོ་དང་། །ལྷ་རྡོ་དེ་ནི་དཀར་པོ་དང་། །འབྲས་ལུག་དེ་ནི་འགེལ་པ་དང་། །ལྷ་རྒྱང་དེ་ནི་དཀར་པོ་དང་། །ལྷ་ཤིང་བལ་ཤུག་སུར་དཀར་


CMR060_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་། །ཡར་གྱི་ལྷ་ལ་མཆོད་པ་འབུལ། །ལྷ་སྲིན་གཉིས་ཀྱི་འཁྲུག་ཀྱང་བསལ། །གཙང་སྨེ་གཉིས་ཀྱི་ཤན་ཡང་འབྱེད། །ལྷ་ཤུལ་རིང་ཞགས་ལྟར་རྡོག་ལ་བྱོན། །དབྱིངས་ཆེན་ཕྱིང་ལྟར་དྲིལ་ལ་བྱོན། །ལྷ་མི་གཉིས་ཀྱི་རྒྱལ་ཁ་ཟུངས། །འདྲེ་སྲིན་གཉིས་ཀྱི་གཉའ་ཡང་ནོན། །དགྲ་གདོན་གཉིས་ཀྱི་དཔུང་པ་ཆོག །རྒྱུད་བཞི་ནད་ཀྱི་སྡེ་ལྔ་དེ་ལྟར་བསལ། །ཧཱུཾ། ལྷ་སྲིན་འཁྲུག་པའི་ཁ་རླངས་ལས། །ཉེས་པའི་སྐྱོན་རྣམས་འདི་ལྟར་བྱུང་། །འགོ་བའི་ལྷ་བརྒྱད་ཁྱད་འཕགས་ཀྱིས། །ཡུལ་ལྷ་རྣམས་ཀྱི་གཞོབ་ཏུ་མཐོང་། །ཕོ་ལྷ་རྣམས་ཀྱི་དམེ་རུ་མཐོང་། །དགྲ་ལྷ་རྣམས་ཀྱི་བདུད་དུ་མཐོང་། །སྲོག་ལྷ་རྣམས་ཀྱི་མནོལ་དུ་མཐོང་། །མ་ལྷ་རྣམས་ཀྱི་ནལ་དུ་མཐོང་། །ཞང་ལྷ་རྣམས་ཀྱི་ཡུགས་སུ་མཐོང་། །ལེ་དགུ་རྣམས་ཀྱི་འཁོན་དུ་མཐོང་། །ཀླུ་རྒྱལ་འོག་མས་ཐབས་སུ་མཐོང་། །འགོ་བའི་ལྷ་བརྒྱད་ཡས་ཀྱིས་བསྔངས། །དེར་གསང་བདག་ཕྱག་ན་རྡོ་རྗེ་ཡིས། །ཏིང་འཛིན་རྣམ་གསུམ་རིམ་གྱིས་བསྒོམ། །སེམས་དཔའ་བརྒྱད་ཀྱི་སྐུ་ལ་བསྐྱེད། །སེམས་མ་བརྒྱད་ཀྱི་གསུང་ལ་བསྐྱེད། །ཕོ་ཉ་བརྒྱད་ཀྱི་ཐུགས་ལ་བསྐྱེད། །


CMR060_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྷའི་མགུལ་ནས་གཞོབ་རྣམས་བྱུང་། །གཞོབ་རླངས་ཡེ་ཤེས་ཆུ་ཡིས་བསལ། །གཞོབ་འདྲེ་ཐུགས་རྗེའི་ལྕགས་ཀྱུས་ཟུང་། །གཞོབ་འདྲེ་ཞི་བའི་ཐབས་བསྟན་པ། །དབྱི་མོང་མགལ་བའི་རྟ་ལ་བསྐྱོན། །མི་ཁའི་ཐུམ་པོ་ཁལ་དུ་བཀལ། །སྲན་མ་ནག་པོ་ལྗོངས་སུ་འབུལ། །འཁོན་རྡོ་ནག་པོ་ཐུར་དུ་བསྒྲིལ། །དུག་ཟངས་ནག་པོའི་ནང་དུ་བླུག །སྲི་རྣམས་བསལ་ལོ་མར་ལ་མནན། །ཡར་འབུལ་ནི། ཧཱུྃ། ལྷ་ལ་ཡོན་འབུལ་ཡར་ལ་འབུལ། །ལྷ་ནས་དེ་ནི་དཀར་པོ་དང་། །ལྷ་རྡོ་དེ་ནི་དཀར་པོ་དང་། །འབྲས་ལུག་དེ་ནི་འགེལ་པ་དང་། །ལྷ་རྒྱང་དེ་ནི་དཀར་པོ་དང་། །ལྷ་ཤིང་བལ་ཤུག་སུར་དཀར་གྱིས། །ཡར་གྱི་ལྷ་ལ་མཆོད་པ་འབུལ། །ལྷ་རྡོ་དཀར་པོའི་རྟེན་ཡང་འཛུགས། །ལྷ་སྲིན་གཉིས་ཀྱི་འཁྲུག་ཀྱང་བསལ། །གཙང་སྨེ་གཉིས་ཀྱི་ཤན་ཡང་འབྱེད། །ལྷ་ཤུལ་རིང་ཞགས་ལྟར་རྡོག་ལ་བྱོན། །དབྱིངས་ཆེན་ཕྱིང་ལྟར་དྲིལ་ལ་བྱོན། །ལྷ་མི་གཉིས་ཀྱི་རྒྱལ་ཁ་ཟུངས། །འདྲེ་སྲིན་གཉིས་ཀྱི་གཉའ་ཡང་ནོན། །དགྲ་གདོན་གཉིས་ཀྱི་དཔུང་པ་ཆོག །ལྷ་སྲིན་འཁྲུག་པའི་ནད་རྣམས་ཞི་བར་མཛོད། །


CMR060_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། ཕོ་ལྷའི་མགུལ་ནས་དམེ་རྣམས་བྱུང་། །དམེ་འདྲེ་ཐུགས་རྗེའི་ལྕགས་ཀྱུས་ཟུང་། །དམེ་རླངས་ཡེ་ཤེས་ཆུ་ཡིས་བསལ། །དམེ་འདྲེ་ཞི་བའི་ཐབས་བསྟན་པ། །དབྱི་མོང་མགལ་བའི་རྟ་ལ་བསྐྱོན། །མི་ཁའི་ཐུམ་པོ་ཁལ་དུ་བཀལ། །སྲན་མ་ནག་པོ་རྫོགས་སུ་འབུལ། །རྨེ་རྡོ་ནག་པོ་ཐུར་དུ་བསྒྲིལ། །དུག་ཟངས་ནག་པོའི་ནང་དུ་བླུག །སྲི་རྣམས་བསལ་ལོ་མར་ལ་མནན། །ཡར་འབུལ་ནི། ཧཱུྃ། ལྷ་ལ་ཡོན་འབུལ་ཡར་ལ་འབུལ། །ལྷ་ནས་དེ་ནི་དཀར་པོ་དང་། །ལྷ་རྡོ་དེ་ནི་དཀར་པོ་དང་། །འབྲས་ལུག་དེ་ནི་འགེལ་པ་དང་། །ལྷ་རྒྱང་དེ་ནི་དཀར་པོ་དང་། །ལྷ་ཤིང་བལ་ཤུག་སུར་དཀར་གྱིས། །ཡར་གྱི་ལྷ་ལ་མཆོད་པ་འབུལ། །ལྷ་སྲིན་གཉིས་ཀྱི་འཁྲུག་ཀྱང་བསལ། །གཙང་སྨེ་གཉིས་ཀྱི་ཤན་ཡང་འབྱེད། །ལྷ་ཤུལ་རིང་ཞགས་ལྟར་རྡོག་ལ་བྱོན། །དབྱིངས་ཆེན་ཕྱིང་ལྟར་དྲིལ་ལ་བྱོན། །ལྷ་མི་གཉིས་ཀྱི་རྒྱལ་ཁ་ཟུངས། །འདྲེ་སྲིན་གཉིས་ཀྱི་གཉའ་ཡང་ནོན། །དགྲ་གདོན་གཉིས་ཀྱི་དཔུང་པ་ཆོག །ལྷ་སྲིན་འཁྲུག་པའི་ནད་རྣམས་ཞི་བར་མཛོད། །ཧཱུྃ། དགྲ་ལྷའི་མགུལ་ནས་མདུན་རྣམས་བྱུང་། །མདུན་འདྲེ་ཐུགས་རྗེའི་


CMR060_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུས་ཟུང་། །མདུན་རླངས་ཡེ་ཤེས་ཆུ་ཡིས་བསལ། །མདུན་འདྲེ་ཞི་བའི་ཐབས་བསྟན་པ། །དབྱི་མོང་མགལ་བའི་རྟ་ལ་བསྐྱོན། །མི་ཁའི་ཐུམ་པོ་ཁལ་དུ་བཀལ། །སྲན་མ་ནག་པོ་རྫོངས་སུ་འབུལ། །མདུན་རྡོ་ནག་པོ་ཐུར་དུ་བསྒྲིལ། །དུག་ཟངས་ནག་པོའི་ནང་དུ་བླུག །སྲི་རྣམས་བསལ་ལོ་མར་ལ་མནན། །ཡར་འབུལ་བ་ནི། ཧཱུྃ། ལྷ་ལ་ཡོན་འབུལ་ཡར་ལ་འབུལ། །ལྷ་ནས་དེ་ནི་དཀར་པོ་དང་། །ལྷ་རྡོ་དེ་ནི་དཀར་པོ་དང་། །འབྲས་ལུག་དེ་ནི་འགེལ་པ་དང་། །ལྷ་རྒྱང་དེ་ནི་དཀར་པོ་དང་། །ལྷ་ཤིང་བལ་ཤུག་སུར་དཀར་གྱིས། །ཡར་གྱི་ལྷ་ལ་མཆོད་པ་འབུལ། །ལྷ་སྲིན་གཉིས་ཀྱི་འཁྲུག་ཀྱང་བསལ། །གཙང་སྨེ་གཉིས་ཀྱི་ཤན་ཡང་འབྱེད། །ལྷ་ཤུལ་རིང་ཞགས་ལྟར་རྡོག་ལ་བྱོན། །དབྱིངས་ཆེན་ཕྱིང་ལྟར་དྲིལ་ལ་བྱོན། །ལྷ་མི་གཉིས་ཀྱི་རྒྱལ་ཁ་ཟུངས། །འདྲེ་སྲིན་གཉིས་ཀྱི་གཉའ་ཡང་ནོན། །དགྲ་གདོན་གཉིས་ཀྱི་དཔུང་པ་ཆོག །ལྷ་སྲིན་འཁྲུག་པའི་ནད་རྣམས་བསལ་དུ་གསོལ། །ཧཱུྃ། སྲོག་ལྷའི་མགུལ་ནས་མནའ་རྣམས་བྱུང་། །མནའ་འདྲེ་ཐུགས་རྗེའི་ལྕགས་ཀྱུས་ཟུང་། །མནའ་རླངས་ཡེ་


CMR060_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཆུ་ཡིས་བཀྲུས། །མནའ་འདྲེ་ཞི་བའི་ཐབས་བསྟན་པ། །དབྱི་མོང་མགལ་བའི་རྟ་ལ་བསྐྱོན། །མི་ཁའི་ཐུམ་པོ་ཁལ་དུ་བཀལ། །སྲན་མ་ནག་པོ་རྫོངས་སུ་འབུལ། །མནའ་རྡོ་ནག་པོ་ཐུར་དུ་བསྒྲིལ། །དུག་ཟངས་ནག་པོའི་ནང་དུ་བླུག །སྲི་རྣམས་བསལ་ལོ་མར་ལ་མནན། །ཡར་འབུལ་བ་ནི། ཧཱུྃ། ལྷ་ལ་ཡོན་འབུལ་ཡར་ལ་འབུལ། །ལྷ་ནས་དེ་ནི་དཀར་པོ་དང་། །ལྷ་རྡོ་དེ་ནི་དཀར་པོ་དང་། །འབྲས་ལུག་དེ་ནི་འགྲེལ་པ་དང་། །ལྷ་རྒྱང་དེ་ནི་དཀར་པོ་དང་། །ལྷ་ཤིང་བལ་ཤུག་སུར་དཀར་གྱིས། །ཡར་གྱི་ལྷ་ལ་མཆོད་པ་འབུལ། །ལྷ་སྲིན་གཉིས་ཀྱི་འཁྲུག་ཀྱང་བསལ། །གཙང་སྨེ་གཉིས་ཀྱི་ཤན་ཡང་འབྱེད། །ལྷ་ཤུལ་རིང་ཞགས་ལྟར་རྡོག་ལ་བྱོན། །དབྱིངས་ཆེན་ཕྱིང་ལྟར་དྲིལ་ལ་བྱོན། །ལྷ་མི་གཉིས་ཀྱི་རྒྱལ་ཁ་ཟུངས། །འདྲེ་སྲིན་གཉིས་ཀྱི་གཉའ་ཡང་ནོན། །དགྲ་གདོན་གཉིས་ཀྱི་དཔུང་པ་ཆོག །ལྷ་སྲིན་འཁྲུག་པའི་ནད་རྣམས་ཞི་བར་མཛོད། །ཧཱུྃ༔ མ་ལྷའི་མགུལ་ནས་ནལ་བྱུང་བ། །ནལ་འདྲེ་ཐུགས་རྗེའི་ལྕགས་ཀྱུས་ཟུང་། །ནལ་རླངས་ཡེ་ཤེས་ཆུ་ཡིས་བསལ། །ནལ་འདྲེ་ཞི་བའི་ཐབས་བསྟན་པ། །དབྱི་མོང་


CMR060_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མགལ་བའི་རྟ་ལ་བསྐྱོན། །མི་ཁའི་ཐུམ་པོ་ཁལ་དུ་བཀལ། །སྲན་མ་ནག་པོ་རྫོངས་སུ་འབུལ། །ནལ་རྡོ་ནག་པོ་ཐུར་དུ་བསྒྲིལ། །དུག་ཟངས་ནག་པོའི་ནང་དུ་བླུག །སྲི་རྣམས་བསལ་ལོ་མར་ལ་མནན། །ཡར་འབུལ་བནི། ཧཱུཾ། ལྷ་ལ་ཡོན་འབུལ་ཡར་ལ་འབུལ། །ལྷ་ནས་དེ་ནི་དཀར་པོ་དང་། །ལྷ་རྡོ་དེ་ནི་དཀར་པོ་དང་། །འབྲས་ལུག་དེ་ནི་འགེལ་པ་དང་། །ལྷ་རྒྱང་དེ་ནི་དཀར་པོ་དང་། །ལྷ་ཤིང་བལ་ཤུག་སུར་དཀར་གྱིས། །ཡར་གྱི་ལྷ་ལ་མཆོད་པ་འབུལ། །ལྷ་སྲིན་གཉིས་ཀྱི་འཁྲུག་ཀྱང་བསལ། །གཙང་སྨེ་གཉིས་ཀྱི་ཤན་ཡང་འབྱེད། །ལྷ་ཤུལ་རིང་ཞགས་ལྟར་རྡོག་ལ་བྱོན། །དབྱིངས་ཆེན་ཕྱིང་ལྟར་དྲིལ་ལ་བྱོན། །ལྷ་མི་གཉིས་ཀྱི་རྒྱལ་ཁ་ཟུངས། །འདྲེ་སྲིན་གཉིས་ཀྱི་གཉའ་ཡང་ནོན། །དགྲ་གདོན་གཉིས་ཀྱི་དཔུང་པ་ཆོག །ལྷ་སྲིན་འཁྲུག་པའི་ནད་རྣམས་ཞི་བར་མཛོད། །ཧཱུྃ། ཞང་ལྷའི་མགུལ་ནས་ཡུགས་རྣམས་བྱུང་། །ཡུགས་འདྲེ་ཐུགས་རྗེའི་ལྕགས་ཀྱུས་ཟུང་། །ཡུགས་རླངས་ཡེ་ཤེས་ཆུ་ཡིས་བསལ། །ཡུགས་འདྲེ་ཞི་བའི་ཐབས་བསྟན་པ། །དབྱི་མོང་མགལ་བའི་རྟ་ལ་བསྐྱོན། །མི་ཁའི་ཐུམ་


CMR060_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཁལ་དུ་བཀལ། །སྲན་མ་ནག་པོ་རྫོངས་སུ་འབུལ། །ཡུགས་རྡོ་ནག་པོ་ཐུར་དུ་བསྒྲིལ། །དུག་ཟངས་ནག་པོའི་ནང་དུ་བླུག །སྲི་རྣམས་བསལ་ལོ་མར་ལ་མནན། །ཡར་འབུལ་བ་ནི། ཧཱུྃ། ལྷ་ལ་ཡོན་འབུལ་ཡར་ལ་འབུལ། །ལྷ་ནས་དེ་ནི་དཀར་པོ་དང་། །ལྷ་རྡོ་དེ་ནི་དཀར་པོ་དང་། །འབྲས་ལུག་དེ་ནི་འགེལ་པ་དང་། །ལྷ་རྒྱང་དེ་ནི་དཀར་དང་པོ། །ལྷ་ཤིང་བལ་ཤུག་སུར་དཀར་གྱིས། །ཡར་གྱི་ལྷ་ལ་མཆོད་པ་འབུལ། །ལྷ་སྲིན་གཉིས་ཀྱི་འཁྲུག་ཀྱང་བསལ། །གཙང་སྨེ་གཉིས་ཀྱི་ཤན་ཡང་འབྱེད། །ལྷ་ཤུལ་རིང་ཞགས་ལྟར་རྡོག་ལ་བྱོན། །དབྱིངས་ཆེན་ཕྱིང་ལྟར་དྲིལ་ལ་བྱོན། །ལྷ་མི་གཉིས་ཀྱི་རྒྱལ་ཁ་ཟུངས། །འདྲེ་སྲིན་གཉིས་ཀྱི་གཉའ་ཡང་ནོན། །དགྲ་གདོན་གཉིས་ཀྱི་དཔུང་པ་ཆོག །ལྷ་སྲིན་འཁྲུག་པའི་ནད་རྣམས་ཞི་བར་མཛོད། །ཧཱུཾ། ལེ་དགུའི་མགུལ་ནས་འཁོན་རྣམས་བྱུང་། །འཁོན་འདྲེ་ཐུགས་རྗེའི་ལྕགས་ཀྱུའི་ཟུང་། །འཁོན་རླངས་ཡེ་ཤེས་ཆུ་ཡིས་བསལ། །འཁོན་འདྲེ་ཞི་བའི་ཐབས་བསྟན་པ། །དབྱི་མོང་མགལ་བའི་རྟ་ལ་བསྐྱོན། །མི་ཁའི་ཐུམ་པོ་ཁལ་དུ་བཀལ། །སྲན་མ་ནག་པོ་རྫོངས་སུ་འབུལ། །


CMR060_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

འཁོན་རྡོ་ནག་པོ་ཐུར་དུ་བསྒྲིལ། །དུག་ཟངས་ནག་པོའི་ནང་དུ་བླུག །སྲི་རྣམས་བསལ་ལོ་མར་ལ་མནན། །ཡར་འབུལ་བ་ནི། ཧཱུྃ། ལྷ་ལ་ཡོན་འབུལ་ཡར་ལ་འབུལ། །ལྷ་ནས་དེ་ནི་དཀར་པོ་དང་། །ལྷ་རྡོ་དེ་ནི་དཀར་པོ་དང་། །འབྲས་ལུག་དེ་ནི་འགེལ་པ་དང་། །ལྷ་རྒྱང་དེ་ནི་དཀར་པོ་དང་། །ལྷ་ཤིང་བལ་ཤུག་སུར་དཀར་གྱིས། །ཡར་གྱི་ལྷ་ལ་མཆོད་པ་འབུལ། །ལྷ་སྲིན་གཉིས་ཀྱི་འཁྲུག་ཀྱང་བསལ། །གཙང་སྨེ་གཉིས་ཀྱི་ཤན་ཡང་འབྱེད། །ལྷ་ཤུལ་རིང་ཞགས་ལྟར་རྡོག་ལ་བྱོན། །དབྱིངས་ཆེན་ཕྱིང་ལྟར་དྲིལ་ལ་བྱོན། །ལྷ་མི་གཉིས་ཀྱི་རྒྱལ་ཁ་ཟུངས། །འདྲེ་སྲིན་གཉིས་ཀྱི་གཉའ་ཡང་ནོན། །དགྲ་གདོན་གཉིས་ཀྱི་དཔུང་པ་ཆོག །ལྷ་སྲིན་འཁྲུག་པའི་ནད་རྣམས་ཞི་བར་མཛོད། །ཀྱེ། ཀླུ་རྒྱལ་མགུལ་ནས་ཐབ་རྣམས་བྱུང་། །ཐབ་འདྲེ་ཐུགས་རྗེའི་ལྕགས་ཀྱུས་ཟུང་། །ཐབ་རླངས་གཉིས་ཡེ་ཤེས་ཆུ་ཡིས་བསལ། །ཐབ་འདྲེ་ཞི་བའི་ཐབས་བསྟན་པ། །དབྱི་མོང་མགལ་བའི་རྟ་ལ་བསྐྱོན། །མི་ཁའི་ཐུམ་པོ་ཁལ་དུ་བཀལ། །སྲན་མ་ནག་པོ་རྫོངས་སུ་འབུལ། །ཐབ་རྡོ་ནག་པོ་ཐུར་དུ་བསྒྲིལ། །དུག་


CMR060_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་ནག་པོའི་ནང་དུ་བླུག །སྲི་རྣམས་བསལ་ལོ་མར་ལ་མནན། །ཡར་འབུལ་བ་ནི། ཧཱུྃ། ལྷ་ལ་ཡོན་འབུལ་ཡར་ལ་འབུལ། །ལྷ་ནས་དེ་ནི་དཀར་པོ་དང་། །ལྷ་རྡོ་དེ་ནི་དཀར་པོ་དང་། །འབྲས་ལུག་དེ་ནི་འགེལ་པ་དང་། །ལྷ་རྒྱང་དེ་ནི་དཀར་པོ་དང་། །ལྷ་ཤིང་བལ་ཤུག་སུར་དཀར་གྱིས། །ཡར་གྱི་ལྷ་ལ་མཆོད་པ་འབུལ། །ལྷ་སྲིན་གཉིས་ཀྱི་འཁྲུག་ཀྱང་བསལ། །གཙང་སྨེ་གཉིས་ཀྱི་ཤན་ཡང་འབྱེད། །ལྷ་ཤུལ་རིང་ཞགས་ལྟར་རྡོག་ལ་བྱོན། །དབྱིངས་ཆེན་ཕྱིང་ལྟར་དྲིལ་ལ་བྱོན། །ལྷ་མི་གཉིས་ཀྱི་རྒྱལ་ཁ་ཟུངས། །འདྲེ་སྲིན་གཉིས་ཀྱི་གཉའ་ཡང་ནོན། །དགྲ་གདོན་གཉིས་ཀྱི་དཔུང་པ་ཆོག །སྲི་རྣམས་མར་གནོན་མར་ལ་བྲུབ། །ཅེས་ཡར་མཆོད་ཕྱིར་བསྒྱུར་བར་བྱའོ། །དེ་ལྟར་ཤུག་མགོ་བལ་ཚོན་སྣ་ལྔས་བརྒྱན་པ་དང་། གོང་གིས་མཆོད་པའི་ཡས་རྣམས་ཡར་བཏེག་ལ་ཁང་པའི་སྟེང་ངམ་ལྷ་ཚུགས་ལ་འབུལ་ཞིང་བསྟོད་པ་ནི། ཀྱཻ། དེ་རིང་ལྷ་རྫས་ཚོགས་ཀྱི་མཆོད་པ་དམ་པ་འདི། ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ལྷ་རྣམས་ལ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ལྷ་རྣམས་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་


CMR060_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །ནུབ་ཕྱོགས་པདྨ་རིགས་ཀྱི་ལྷ་རྣམས་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ལྷ་རྣམས་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །དབུས་ཕྱོགས་དེ་བཞིན་རིགས་ཀྱི་ལྷ་རྣམས་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། དཀོན་མཆོག་གསུམ་པོ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །ཡི་དམ་ལྷ་ཚོགས་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །མ་མཁའ་འགྲོ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །ཆོས་སྐྱོང་སྲུང་མ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །དམ་ཅན་རྒྱ་མཚོ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །ནོར་ལྷ་གཏེར་བདག་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །ཀྱེ། ཕོ་ལྷ་གཉེན་པོ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །དགྲ་ལྷ་གཉེན་པོ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །སྲོག་ལྷ་གཉེན་པོ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །མ་ལྷ་གཉེན་པོ་ཡར་ལ་


CMR060_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །ཞང་ལྷ་གཉེན་པོ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །ལེ་གུའི་ལྷ་སྲས་གཉེན་པོ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །ཡུལ་ལྷ་གཉེན་པོ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །ཀླུ་རྒྱལ་དགའ་བོ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས་། །མཁར་གྱི་རྩེ་ལྷ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །ཁྱིམ་ལྷ་གེ་ཐུང་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །ཐབ་ལྷ་ཡུ་མོ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །ནོར་ལྷ་མཆེད་བརྒྱད་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །སྒོ་ལྷ་སྟག་གཡག་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །ཞིང་ལྷ་ཚངས་པ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །ནམ་མཁའི་ལྷ་ཚོགས་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །བར་སྣང་གཉན་རྣམས་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །ས་གཞི་ཀླུའི་ཚོགས་རྣམས་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་


CMR060_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །དཔལ་མགོན་བདུན་ཅུའི་ལྷ་ཚོགས་རྣམས་ལ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །ལྷ་སྲིན་སྡེ་བརྒྱད་རྣམས་ལ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །རྣལ་འབྱོར་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། །འགོ་བའི་ལྷ་ལྔ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། སྐྱོབ་པའི་ལྷ་སྲུང་གཉེན་པོ་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་ལ་བཞུགས། ཡུལ་གྱི་གཞི་བདག་གཉེན་པོ་རྣམས་ཡར་ལ་གསོལ་ལོ་མཆོད་དོ་མ་འཕང་བརྟན་བཞུགས། ཞེས་ཡར་མཆོད་རྒྱས་པར་བྱས་ལ་མཁར་གྱི་རྩེ་ལྷའི་རྟེན་ལ་འབུལ་ལོ། བར་འདི་འདོད་གསོལ་སྨོན་ལམ་གཞན་ནས་འབྱུང་བ་ལྟར་བྱའོ། དེནས་འོག་གི་གླུད་རྣམས་སླ་པའམ་ཟངས་ནང་དུ་ཡོན་བདག་གྲི་གླུད་དང་ཁྲུས་ཆུ་བླུགས་ལ་ཕྱིར་བསྒྱུར་ཞིང་། གླུད་ལ་ཁྲུས་བྱས་ལ་འདི་སྐད་དོ། །ཧཱུྃ། བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །མི་མཐུན་གནོད་པའི་ཚོགས་རྣམས་ཕྱིར་ལ་བྲུབ་བོ་དགྲ་དང་བགེགས་ལ་སྒྱུར། །ཚེ་དང་སྲོག་ལ་བར་ཆད་བྱེད་པ་ཐམས་ཅད་ཕྱིར་ལ་བྲུབ་བོ་དགྲ་དང་བགེགས་ལ་སྒྱུར། །ལུས་ལ་ན་ཚ་གཏོང་བ་


CMR060_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཕྱིར་ལ་བྲུབ་བོ་དགྲ་དང་བགེགས་ལ་སྒྱུར། །ཟས་ནོར་ལ་གོད་སྲི་བྱེད་པ་ཐམས་ཅད་ཕྱིར་ལ་བྲུབ་བོ་དགྲ་དང་བགེགས་ལ་སྒྱུར། །ཁ་སྨྲས་གླེང་གཞི་གཏོང་བ་ཐམས་ཅད་ཕྱིར་ལ་བྲུབ་བོ་དགྲ་དང་བགེགས་ལ་སྒྱུར། །ཐབ་འདྲེ་གཞོབ་འདྲེ་ཐམས་ཅད་ཕྱིར་ལ་བྲུབ་བོ་དགྲ་དང་བགེགས་ལ་སྒྱུར། །ནད་འདྲེ་བཙོག་འདྲེ་ཐམས་ཅད་ཕྱིར་ལ་བྲུབ་བོ་དགྲ་དང་བགེགས་ལ་སྒྱུར། །ནལ་འདྲེ་མནའ་འདྲེ་ཐམས་ཅད་ཕྱིར་ལ་བྲུབ་བོ་དགྲ་དང་བགེགས་ལ་སྒྱུར། །དམེ་འདྲེ་འཁོན་འདྲེ་ཐམས་ཅད་ཕྱིར་ལ་བྲུབ་བོ་དགྲ་དང་བགེགས་ལ་སྒྱུར་། །བྱུར་འདྲེ་ཡུགས་འདྲེ་ཐམས་ཅད་ཕྱིར་ལ་བྲུབ་བོ་དགྲ་དང་བགེགས་ལ་སྒྱུར། །རྨིས་ལྟས་མཚན་ལྟས་ངན་པ་ཐམས་ཅད་ཕྱིར་ལ་བྲུབ་བོ་དགྲ་དང་བགེགས་ལ་སྒྱུར། །ལ་ཉེ་མོ་རྩིས་ངན་པ་ཐམས་ཅད་ཕྱིར་ལ་བྲུབ་བོ་དགྲ་དང་བགེགས་ལ་སྒྱུར། །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཐམས་ཅད་ཕྱིར་ལ་བྲུབ་བོ་དགྲ་དང་བགེགས་ལ་སྐྱར། །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཐམས་ཅད་ཕྱིར་ལ་བྲུབ་བོ་དགྲ་དང་བགེགས་ལ་སྒྱུར། །གློ་བུར་བདུན་བརྒྱ་ཉི་ཤུ་ཐམས་ཅད་ཕྱིར་ལ་བྲུབ་བོ་དགྲ་དང་བགེགས་ལ་སྒྱུར། །དུས་མིན་འཆི་བ་བཅོ་བརྒྱད་


CMR060_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ལ་བྲུབ་བོ་དགྲ་དང་བགེགས་ལ་སྒྱུར། །ཅེས་བྲུབ་ཅིང་། གར་དགོས་སར་དྲུད་ལ་རྒྱ་ལམ་སུམ་མདོར་བསྐྱལ་ལོ། གཙང་མ་ལྷ་མདོས་ཆེན་མོ་ཞེས་བྱ་བ་ཐབ་གཞོབ་འཁོན་གསུམ་རྨེ་ནག་བྱུར་ཡུགས་རྨུག་བཅིངས་ལ་སོགས་པ་མི་གཙང་བ་ཐམས་ཅད་སེལ་བའི་ཕྱིར། སེམས་ཅན་གྱི་དོན་དུ་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ་རྫོགས་སོ།། །།མེ་ཆེན་ཤོར་བ། རྦབ་འདྲིལ་བ། དམེ་འཁྲུག་བྱས་པ། ཁང་པ་འགྱེལ་བ། །མིང་སྲིང་འཁྲིག་པ། རྩོག་ནལ་གཡོས་པ་སོགས་ཀྱི་ནད་གདོན་གྲིབ་དང་མི་གཙང་བ་ཐམས་ཅད་ལ་འདི་ལས་ལྷག་པ་མེད་དོ། བཟང་དྲུག་དྲི་བཟང་ལ་སོགས་དང་དཀར་གསུམ་མངར་གསུམ་ལ་སོགས་པས་ཁྲུས་གསོལ་རྒྱས་པར་བྱའོ། །མི་གཙང་བ་ཐམས་ཅད་བྱང་ཞིང་དག་པར་གདོན་མི་ཟའོ། །སརྦ་མངྒ་ལཾ།། ༈ ཡར་མཆོད་ལ་རིན་པོ་ཆེའི་རིགས། དར་ཚོན་སྣ་ཚོགས། འབྲུ་སྣ་ཚོགས། གསེར་གཡུ། དངུལ་མཆོང་། གཟི་བྱུར། དུང་སྤུག་རྩི་ཤིང་གང་བཟང་ལྷ་ཤིང་ལ་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། ཉི་ཟླ་སྐར་གསུམ། མདའ་རྒོད་སྨུག་རྒོད། གྲི་ཁྲབ་ཟངས་ལྕགས། དཀར་གསུམ་མངར་གསུམ། ཡོས་བཀྲ་ཡར་མཆོད་པར་བྱའོ། །༈ ཕྱིར་བྲུབ་རྫས་ལ། ཆངས་བུ། ཏིང་ལོ་ནག་པོ། ཚྭ་ཡོས་རམ་རུག །ཟོ་བཤལ། སྒོ་དྲེག །ངར་མི་ཤ་དུམ། རུས་དུམ། སྦྱང་མ་རྣམས་བྲུབ་རྫས་དང་། ཁྲག་རྫ་ནང་དུ། ཡོན་བདག་གི་གྲི་ཆུ། དྲི་མའི་གླུད་ཟན། དུག་རིགས་སྣ་ཚོགས་བཏབ་


CMR060_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །མཆན་བུ་ཡིན་འདྲ། ཞལ་དྲོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགཙང་མ་ལྷ་སེལ་ཆེན་མོ་ཞེས་བྱ་བ་ལྷ་སྲིན་སྡེ་བརྒྱད་འཁྲུག་སེལ་གྱི་ཆོ་ག་རྒྱས་པ།next