Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of གཡར་ཁང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
དཔལ་རྒྱལ་བ་གནས་མདོ་བཀའ་བརྒྱུད་ཀྱི་བསྟན་པའི་ཤིང་རྟ་ཆེན་པོ་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་གསལ་བཤད་མདོར་བསྡུས།
  
  


2 occurrences of གཡར་ཁང་
[Clear Hits]

 
previousདཔལ་རྒྱལ་བ་གནས་མདོ་བཀའ་བརྒྱུད་ཀྱི་བསྟན་པའི་ཤིང་རྟ་ཆེན་པོ་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་གསལ་བཤད་མདོར་བསྡུས།next

དཔལ་རྒྱལ་བ་གནས་མདོ་བཀའ་བརྒྱུད་ཀྱི་བསྟན་པའི་ཤིང་རྟ་ཆེན་པོ་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་གསལ་བཤད་མདོར་བསྡུས།


CMR060_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྒྱལ་བ་གནས་མདོ་བཀའ་བརྒྱུད་ཀྱི་བསྟན་པའི་ཤིང་རྟ་ཆེན་པོ་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་གསལ་བཤད་མདོར་བསྡུས་བཞུགས་སོ། །


CMR060_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་གསུང་འབུམ་འདི་ནི་མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་རབ་ཕལ་ཆེར་དཀྱུས་གཅིག་ཏུ་བསྒྲིགས་པའི་གླེགས་བམ་གྱི་ཕྲེང་བ་ཆེས་ཐོག་མ་དེ་ཡིན་ཞེས་བཤད་ཆོག་པ་སྟེ། སྔོན་གྱི་དུས་སུ་ཁོང་གི་གསུང་ཅི་རིགས་ཕྱོགས་བསྡུས་ཀྱིས་འབྲི་བཞེངས་བྱས་པ་ཡོད་པར་གྲགས་ཀྱང་། དགོན་སྡེ་ཁག་སོ་སོར་བཞུགས་པའི་དཔེ་ཆ་ཡོངས་རྫོགས་གཅིག་བསྡུས་དང་། ཅུང་ཡིད་རྟོན་རུང་བའི་དཔེ་བསྡུར་དང་ཞུ་དག་གི་སྒོ་ནས་དཔེ་ཆ་པར་དུ་འཁོད་པ་དང་འབྲི་བཞེངས་བྱེད་པ་སོགས་ནི་མ་བྱུང་བར་སྣང་། དེའི་རྐྱེན་གྱིས་ཁོང་གི་གསུང་རྣམས་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་


CMR060_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཁག་དང་གྲོང་ཁྱིམ་སོ་སོར་ཁ་འཐོར་དུ་གྱུར་པ་མ་ཟད་དཔེ་རྒྱུན་ཡང་མི་འདྲ་བ་སྣ་ཚོགས་སུ་འཕེལ་བའི་དབང་གིས་རྡོ་རྗེའི་གསུང་རྣམས་ལ་གྱེས་འཐོར་དང་ཉམས་རྒུད་ཆེས་ཆེར་བྱུང་འདུག །ད་དུང་འདི་མུས་སུ་གནས་ན་དབང་རྒྱུན་དང་ལུང་རྒྱུན་ཁྲིད་རྒྱུན་དཔེ་རྒྱུན་བཅས་ཆ་ཚང་ལ་གསོན་ཉམས་དོད་པའི་གསུང་འབུམ་ཞིག་ས་སྟེང་དུ་གནས་ཐབས་དཀའ་བའི་ཡ་ང་བའི་ཉེན་ཁ་ལ་ཐུག་པ་ནི་ཀུན་གྱིས་ཤེས་གསལ་ལྟར་ལགས་པས། དེ་ཉིད་མྱུར་སྐྱོབ་ཀྱི་བྱ་བར་ཆེད་དམིགས་ཀྱིས་ད་ལན་གཙོ་བོར་བསྟན་འཛིན་གྱི་སྐྱེས་མཆོག་བླ་མ་སྐལ་བཟང་རིན་ཆེན་གྱི་བླ་ན་མེད་པའི་ཐུགས་ཁུར་གྱི་འགན་


CMR060_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་དང་བཀོད་སྒྲིག་གི་འོག །རང་དགོན་གྱི་གྲྭ་བཀྲ་ཤིས་ཟླ་བ་སོགས་གྲྭ་ཚང་ཡོངས་ཀྱི་ཕྱག་རོགས་ལ་བརྟེན་ནས་ངེད་རང་དོན་བཟང་དང་། ཀརྨ་བསོད་ནམས། སྙན་གྲགས། མཆན། །གསུམ་གྱིས་མ་དཔེ་འཚོལ་བསྡུ་དང་། དཔེ་བསྡུར། ཡི་གེ་འདོགས་པ། ཞུ་དག་བྱེད་པ་སོགས་ཀྱི་ལས་ཀ་ཡོད་ཚད་ཀྱི་འགན་གཙང་ལེན་གྱིས་ཕལ་ཆེར་ལོ་ངོ་བཅུ་དགུའི་རིང་དཀའ་སྤྱད་དང་འབད་བརྩོན་གྱིས་ད་ལན་དངོས་སུ་གླེགས་བམ་དྲུག་ཅུའི་མུ་འབྲེལ་པོད་ཕྲེང་དུ་པར་དུ་བསྐྲུན་ཐུབ་པ་བྱུང་སོང་ལ། ལེགས་གྲུབ་འདིས་ནི་འཛམ་གླིང་གི་ཤེས་རིག་བང་མཛོད་ནང་དུ་ལེགས་བཤད་ཀྱི་ནོར་བུ་གསར་པ་ཞིག་བསྣན་ཐུབ་པ་བྱུང་སོང་སྙམ་པའི་སྤོབས་སེམས་དང་། བོད་ཀྱི་ཤེས་རིག་གི་ཆ་ཤས་གལ་ཆེན་ཞིག་རྒྱུན་འཛིན་དང་དར་སྤེལ་བྱ་ཐུབ་སོང་སྙམ་པའི་ང་རྒྱལ་གྱིས། ཁོ་བོ་ཅག་གི་བགྲང་བྱ་བཅུ་དགུའི་ཡུན་གྱི་མི་ཚེ་དང་དཀའ་སྤྱད་ཀྱི་རྔུལ་ཆུ་ལ་ཡང་རིན་ཐང་མི་དམན་པ་དང་ལྡན་པར་ངེས་རྙེད་བྱུང་ངོ་། །དེ་ཡང་འོ་ཅག་རྣམས་ནི་སྔོན་གྱི་ལས་དང་སྨོན་ལམ་གྱི་རྟེན་འབྲེལ་བཟང་པོས་བོད་ཁ་བ་ཅན་པའི་ལྷ་འབངས་སུ་སྐྱེས་ཤིང་། མེས་དབོན་བཀའ་དྲིན་ཅན་རྣམས་ཀྱིས་ང་ཚོ་རྗེས་རབས་པ་རྣམས་ཀྱི་བགོ་སྐལ་དུ་


CMR060_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པའི་མི་རིགས་ཀྱི་རིག་གནས་གང་ཡིན་ཡང་མི་རིགས་སྤྱི་ཡི་སྙིང་ནོར་ཡིན་པ་ལ་ཁྱད་པར་མེད་ཅིང་། ཁྱད་པར་དུ་གངས་ཅན་ལྗོངས་འདིར་དར་བའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་པ་ཡོངས་རྫོགས་བུ་རམ་གྱི་གོང་བུ་བཞིན་དུ་རོ་གཅིག་པར་ངེས་དོན་གྱི་བསྟན་པའི་ཤིང་རྟ་བ་དང་། དེའི་སྲོལ་འཛིན་པ་དག་གིས་ཞལ་གྱིས་བཞེས་ཤིང་ལུང་དང་རིགས་པས་གྲུབ་པ་ལྟར། མི་རིགས་ཀྱི་རིག་གནས་མི་འདྲ་བ་དང་། ཆོས་བརྒྱུད་ཁག་སོ་སོའི་ལྟ་གྲུབ་ཀྱི་ཆ་ལ་ཕྱོགས་དང་རིས་སུ་བཅད་པར་བྱ་བ་རྡུལ་ཙམ་ཡང་མ་མཐོང་བས་དད་པ་དང་དག་སྣང་གི་མིག་ཟུང་ཀུན་ལ་ཡངས་མོད། འོན་ཀྱང་ཁོ་བོ་ཅག་ལས་དང་སྨོན་ལམ་གྱི་དབང་གིས་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་བཀའ་རྙིང་ཟུང་འབྲེལ་གནས་མདོ་བཀའ་བརྒྱུད་པའི་གྲལ་མཐར་སྐྱེས་པའི་རྟེན་འབྲེལ་ལ་བསམ་ནས། ཕ་རྗེས་བུ་འཇུག་ཡ་རབས་དམ་པའི་ཚུལ་གྱིས་རྒྱལ་བ་གནས་མདོ་པའི་ལུང་དང་རྟོགས་པའི་བསྟན་པ་དྲི་མ་མེད་པ་དེར་དོན་སྨིན་གྱི་སྲི་ཞུ་ཞིག་འགྲུབ་ན་སྙམ་པའི་འདུན་པ་དུང་ངེ་བ་ཞིག་སྙིང་ལ་བཅངས་ནས་རང་འཁོས་ཀྱི་ཆོས་དང་འཇིག་རྟེན་གྱི་བྱ་བ་གཞན་དག་རྒྱབ་ཏུ་བསྐྱུར་ཏེ་དཔེ་ཚོགས་འདི་བསྒྲིག་པར་ཞུགས་པ་


CMR060_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་དེ་ཡང་དཔེ་ཚོགས་འདི་བསྒྲིག་པ་ལ་ཆེས་ཐོག་མའི་གལ་ཆེན་གྱི་བྱ་བ་དཔེ་ཆ་འཚོལ་བསྡུ་བྱས་ཚུལ་ནི། མངའ་རིས་ཀླུ་ཁང་དང་མངའ་རིས་ཁུལ་སྨན་རྩིས་ཁང་སོགས་སྟོད་མངའ་རིས་ཀྱི་ས་གནས། འབྲུག་རྒྱལ་བྱེད་ཚལ་དང་བསམ་འགྲུབ་ཆོས་ལྡིང་སོགས་གཙང་ཕྱོགས་ཀྱི་དགོན་ཁག །པོ་ཏ་རྩེའི་དཔེ་མཛོད་དང་སེ་འབྲས་ཁག་གི་དཔེ་མཛོད། སྟོད་ལུང་མཚུར་ཕུ་དགོན་སོགས་དབུས་ཀྱི་དགོན་པ་ཁག །ལྷོ་བྲག་གྲུ་ཤུལ་དགོན་བསམ་ཡས་དགོན་སྨིན་གྲོལ་གླིང་སོགས་ལྷོ་ཁ་ཕྱོགས་ཀྱི་དགོན་པ་ཁག །གསང་སྔགས་ཆོས་གླིང་སོགས་བྱ་ཀོང་གི་དགོན་པ་ཁག །ཆབ་མདོ་དགོན། ངོམ་གནས་མདོ་དགོན་སོགས་ངོམ་ཆུ་སྟོད་ཀྱི་དགོན་གནས་དང་ཡུལ་གྲོང་། ཀར་མའི་འབེ་གྲོང་དང་ཀརྨ་དགོན་སོགས་ཀརྨའི་ཆུ་སྟོད་སྨད། །ཁམས་པ་དགོན། ཀར་ལེབ་དགོན་གནས་མདོ་ཐར་ལམ་གླིང་སོགས་ལྷ་ཐོག་ཕྱོགས་ཀྱི་དགོན་སྡེ་ཁག་།རི་བོ་ཆེ་དགོན་པ་དང་རྡོ་ཤུལ་སྟོད་སྨད་སོགས་རི་བོ་ཆེའི་ས་གནས། གནས་བརྟན་དང་ཆོས་འཁོར་གླིང་། ར་མགོ་མཚོ་ཁ་དགོན་སོགས་རྩི་སྨད་ཕྱོགས་ཀྱི་དགོན་པ་དང་རི་ཁྲོད་ཡུལ་གྲོང་ཁག །ཚ་བ་སྒྲོལ་མ་ལྷ་ཁང་སོགས་ཚ་བ་སྒང་རྒྱུད། སྡེ་དགེའི་པར་ཁང་


CMR060_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་ཆེན་དགོན། ཀཐོག་དགོན། དཔལ་ཡུལ་དགོན། ཡ་ཆེན་དགོན། དཔལ་སྤུངས་དགོན། རྫོང་གསར་རིས་མེད་བཀའ་བསྟན་ལུང་རྒྱུན་ཚོགས་པ། རྨུགས་སངས་དགོན་སོགས་མདོ་ཁམས་སྡེ་དགེའི་ཤར་ནུབ། གསེར་རྟ་བླ་རུང་ཆོས་སྡེ་སོགས་གསེར་རྟའི་ཕྱོགས་ཀྱི་ཆོས་གྲྭ། ཧོར་བན་རྒན་དགོན་སོགས་དཀར་མཛེས་ས་གནས་ཀྱི་དགོན་པ་ཁག །དཔལ་ཡུལ་དར་ཐང་དགོན་དང་རྡོ་གཡུ་རྡོ་དགོན་སོགས་མགོ་ལོག་ཕྱོགས་ཀྱི་ཆོས་གྲྭ་ཁག །སྐྱབས་ཆེ་དགོན། བན་ཆེན་དགོན། མདོ་གཞུང་གནས་མདོ་དགོན་སོགས་སྡེ་དགེ་སུམ་འབྲོག་གི་ཡུལ་གྲུ། ཞག་གཅོད་དགོན། སེང་གེ་དགོན་སོགས་ཁྱུང་པོ་དཀར་ནག་སེར་གསུམ། མཚོ་ཁ་དགོན་སོགས་ཉག་རོང་ཡུལ་གྲུ། རྫོགས་ཆེན་དགོན་། ཞེ་ཆེན་དགོན་སོགས་བྱང་རྫ་ཆུ་ཁའི་དགོན་སྡེ་ཁག །ཁྲི་འདུ་སྐལ་བཟང་དགོན། ཨ་མྱེ་དཔལ་ཆེན་སོགས་ཁྲི་འདུ་སོགས་ཀྱི་དགོན་སྡེ་ཁག །འདམ་དཀར་དགོན། ཁྲ་འགུ་དགོན། བན་ཆེན་དགོན་སོགས་སྒ་སྐྱེ་དགུའི་ཕྱོགས་ཀྱི་དགོན་སྡེ་ཁག །སྡོམ་ཁའི་གནས་མདོ་དགོན། དད་པའི་གནས་མདོ་དགོན། རིགས་གསུམ་རྩེ་སོགས་རག་ཤུལ་སྟོད་


CMR060_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་། བསོ་ལོ་གནས་མདོ་དགོན། རྗེ་དྲུང་དགོན། སེར་རྩ་དགོན། སྤང་རྗེ་དགོན། བཀྲ་ཤིས་ལྷ་ཕུག་དགོན། རྫོགས་ཆེན་དགོན། གཟུ་རུ་དགོན་སོགས་དགེ་རྒྱལ་སྟོད་སྨད་བར་གསུམ། ལུང་དཀར་དགོན་དང་སྒེའུ་སྣ་དགོན་སོགས་འབྲོང་པ་སྟོད་སྨད་བར་གསུམ། ནང་ཆེན་ཚེས་བཅུ་དགོན། ཟུར་མང་རྣམ་རྒྱལ་རྩེ། སྐྱོ་བྲག་དགོན། དགོན་ཞབས་དགོན། དིལ་ཡག་དགོན། གད་ཆགས་དགོན། ར་ཡ་དགོན། མཁར་མགོ་དགོན། རབ་འབྱོར་གནས་མདོ་དགོན། དཔལ་མེ་དགོན། གནམ་ཚངས་གསར་དགོན། མགོན་པོ་དགོན། བྲག་སེར་དགོན། བདེ་ཆེན་གླིང་། རེ་བླ་དགོན། སྟོང་ནགས་བླ་ཆེ་ཆུང་། བདེ་མོ་དགོན། དར་རྒྱས་དགོན། སྤར་ཁའི་བླ་ཆེ་ཆུང་། ཁང་ནེ་དགོན། རྟ་རྣ་དགོན། ཧེ་རུ་དགོན། ཝཾ་ལུང་དགོན། ཀ་བཀྲ་ཤིས་དགོན། དར་རྒྱས་དགོན། ཀ་མདའ་དགོན། གོ་ཆེ་གནས་མདོ་དགོན། རོང་མགོ་དགེ་དགོན། བྱམས་མེ་དགོན། འཁྲུལ་ཞིག་དགོན། བྲག་ནག་དགོན། སྟག་ཁ་དགོན། རྫོགས་ལྕམ་དགོན། འབང་བཟོ་རིག་གནས་མདོ་དགོན་སོགས་ནང་ཆེན་ཕྱོགས་ཀྱི་དགོན་སྡེ་ཆེ་ཕྲ་


CMR060_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་། རྒྱ་གར་དང་བལ་ཡུལ་འབྲུག་ལྗོངས་སོགས་ཕྱི་རྒྱལ་ཁག་ན་བཞུགས་པའི་འབྲེལ་ཡོད་ཀྱི་དགོན་སྡེ་ཁག་དང་། གོང་སྨོས་ཡུལ་གྲུ་དེ་དག་གི་དུད་ཁྱིམ་དཔེ་རྒྱུན་མང་པོ་བཞུགས་པ་བཅས་སྟོད་མངའ་རིས། བར་དབུས་གཙང་། སྨད་མདོ་ཁམས་བཅས་ཀྱི་ཁག་ཉི་ཤུ་ཡར་ལྷག་གི་དགོན་སྡེ་ཆེ་ཕྲ་ཉིས་བརྒྱ་དང་དྲུག་ཅུ་རྩ་གྲངས། དུད་ཁྱིམ་སྟོང་ཕྲག་བརྒལ་བ་རྣམས་ཕལ་ཆེ་བར་དངོས་སུ་འགྲུལ་བཞུད་ཀྱིས་བཅར་འདྲི་རྩད་གཅོད་བྱས་པ་དང་། གཞན་ལ་ལར་ཉམས་རྒྱུས་ཅན་གྱི་མི་སྣ་རྣམས་ལ་འབྲེལ་འཛུགས་ཀྱིས་འབྲི་རྟོག་བྱས་ཏེ་མ་དཔེ་འཚོལ་བསྡུས་བྱས་པ་ཡིན། དཔེ་ཆ་འཚོལ་བསྡུའི་ཆེད་འགྲུལ་བཞུད་པ་གཙོ་བོ་འབང་སྒང་མདོའི་གྲྭ་རིགས་པ་སྙན་གྲགས་དང་ཀརྨ་བསོད་ནམས་ཀུན་དགའ། །ཞི་བར་གཤེགས་པ་ཨོ་རྒྱན་བཟོད་པ་དང་། ཕྲིན་ལས་ཀུན་ཁྱབ། ངོམ་གནས་མདོའི་གྲྭ་རཏྠ་དཔལ་ལྡན་བཅས་ཡིན། དེ་ལྟར་དུས་ཡུན་རིང་པོའི་ནང་དཔེ་ཆ་འཚོལ་བསྡུའི་ཆེད་འགྲུལ་བཞུད་བྱས་སྐབས་ཀྱང་སྟབས་བདེའི་ས་གནས་རྣམས་སུ་རྟ་དང་འཕྲུལ་རྟ་རླངས་འཁོར་སོགས་གང་འཚམས་ཀྱི་མཐུན་རྐྱེན་ལ་བརྟེན་པ་དང་། ས་ཁུག་དང་རི་སུལ་གྱི་དགོན་པ་དང་ཡུལ་


CMR060_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་སོགས་འགྲིམ་འགྲུལ་དཀའ་བའི་ཡུལ་གྲུ་མང་པོར་རྐང་ཐང་གིས་བགྲོད་པ་སྟེ། དཔེར་ན་སྙན་གྲགས་ཟླ་བ་ནས་ཟླ་བ་སྦྲེལ་ཏེ་ནང་ཆེན་དང་རྫ་སྟོད། ཀརྨའི་དགེ་རུ་དང་ལྷ་ཐོག །ངོམ་རྒྱུད་དང་རྡོ་ཤུལ་སྟོད་སྨད། རི་བོ་ཆེ་དང་ལྕི་སྨད། ཁྱུང་པོ་ཞག་གཅོད་དགོན་སོགས་སུ་རྐང་ཐང་གིས་བགྲོད་པ་དང་། ཀརྨ་བསོད་ནམས་དང་ཀུན་དགའ་གཉིས། རྨུགས་སངས་སོགས་ས་གནས་འགར་རྐང་ཐང་གིས་བསྐྱོད་པ་ལྟ་བུ་ཡིན། ང་ཚོས་དཔེ་ཆ་འཚོལ་སྐབས་ཐོག་མར་དགོན་པ་ཁག་ནས་དཔེ་ཆ་དཀོན་པ་མང་པོ་རྙེད་རྒྱུ་ཡོད་པའི་རེ་བ་བཟུང་ཡང་དོན་དངོས་སུ་དེ་ལས་ལྡོག་སྟེ་དཔེ་རྒྱུན་དཀོན་པ་མང་ཆེ་བ་ཞིག་གྲོང་པའི་ཁྱིམ་ཚང་དཀྱུས་མ་རྣམས་ཀྱི་ནང་ནས་རྙེད་སོན་བྱུང་ཞིང་། ད་དུང་ཁ་སྤྲུལ་རིན་པོ་ཆེ་ཆོས་ཀྱི་ཉི་མ་མཆོག་ནས་ར་རྣ་དཔལ་ལྡན་སོགས་ཆེད་མངགས་ཀྱིས་འཚོལ་བསྡུ་གནང་བའི་ཕྱག་དཔེ་མང་པོ་གནང་སྦྱིན་བྱུང་བ་ཡང་བཀའ་དྲིན་བླ་ལྷག་ཏུ་ཆེ་བར་བྱུང་སོང་། དེ་ལྟར་ང་ཚོས་དཔེ་ཆ་མང་ཙམ་ཞིག་འཚོལ་བསྡུ་བྱུང་རྗེས་རྩིས་འཕྲུལ་ནང་དུ་བླུག་རྒྱུའི་སྟ་གོན་བྱེད་སྐབས་སུ་ཆགས་སྤྲུལ་བདུན་པ་༧ཕྲིན་ལས་ཀུན་ཁྱབ་རིན་པོ་ཆེ་མཆོག་ནས་རྩིས་འཕྲུལ་དུ་བླུག་ཟིན་པའི་གསུང་ཆོས་མང་པོ་


CMR060_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་མཁོ་སྤྲོད་མཛད་བྱུང་བ་དེས་གཞི་བྱས་ཏེ་གསར་རྙེད་སྐོར་རྣམས་ཀྱང་རྩིས་འཕྲུལ་དུ་བླུག་ཅིང་། མ་དཔེ་དང་ལན་གྲངས་བཅུ་ཕྲག་གི་བར་དུ་ཞིབ་བསྡུར་བྱས་པ་ཡིན། འོན་ཀྱང་དེ་སྔོན་གསུང་ཆོས་ཆ་ཚང་པར་དུ་མ་འཁོད་པར་མ་ཟད། བརྗོད་བྱ་རྒྱ་ཆེ་ཞིང་རྗོད་བྱེད་གྲངས་མང་བས་མདོ་དབུས་ཁམས་གསུམ་གྱི་གསར་རྙིང་གྲུབ་མཐའ་ཀུན་ལ་དར་སོ་ཅུང་ཆེ་བའི་དབང་གིས་དགོན་སྡེ་ཁག་སོ་སོ་དང་མཁས་བླུན་གྱི་གྲོང་སྔགས་པ་རྣམས་ནས་དཔེ་གཅོད་ཡང་ཡང་བགྱིས་པས་རྐྱེན་བྱས་ཏེ། ཡི་གེ་མ་དག་པ་དང་། ཆད་ལྷག་ཤོར་བ། །གོ་རིམ་འཆོལ་བ། མ་ཡིག་མི་གསལ་བ་སོགས་ཀྱི་སྐྱོན་ཆ་མང་དུ་མཆིས་པ་མ་ཟད་དཔེ་རྒྱུན་ཡང་སྣ་ཚོགས་སུ་འཕེལ་བའི་དབང་གིས་གསུང་ཆོས་སྐོར་ཕལ་ཆེ་བ་ལ་དཔེ་སྣ་མི་འདྲ་བ་མང་དུ་སྣང་སྟེ། དཔེར་ན། རང་རྣམ་པོ་ཏི་གཉིས་ཡོད་པ་དེ་ལ་མ་དཔེ་མི་འདྲ་བ་བཞི་ཙམ་ཡོད་པ་དང་། བཀའ་བརྒྱད་ལ་ཡང་དཔེ་མི་འདྲ་བ་བཞི་ཙམ་སྣང་བ་ལྟ་བུའོ། །བར་དུ་དཔེ་བསྡུར་དང་དག་སྒྲིག་ཇི་ལྟར་བགྱིས་པའི་ཚུལ་ནི། ཁ་སྤྲུལ་ཆོས་ཀྱི་ཉི་མ་མཆོག་གིས་ངོམ་གནས་མདོ་དགོན་སོགས་ནས་འཚོལ་བསྡུ་མཛད་པའི་མ་དཔེ་ཡོད་རིགས་འདོན་སྤྱོད་གནང་བ་


CMR060_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཞིར་གཞག ཕྱོགས་གཞན་ནས་རྙེད་པའི་དཔེ་མི་འདྲ་བ་ཐམས་ཅད་ལ་དཔྱད་བསྡུར་ཞིབ་མོ་བྱས་ཏེ། ཚིག་དོན་གཉིས་ཀའི་ཆ་ནས་གང་ཞིག་ཆད་ལྷག་ཉུང་ཞིང་དག་པར་ཡིད་རྟོན་གྱི་འོས་སུ་ཆེ་བ་རྣམས་ཀྱིས་གཞི་བཟུང་། དག་པའི་ཆ་གཞན་གྱིས་ཁ་སྐོང་བའི་ཚུལ་གྱིས་གཏན་ལ་ཕབ་པ་སྟེ། དཔེར་ན། རང་རྣམ་ལ་གོ་ཆེ་དགོན་དང་གེ་ཆགས་དགོན་སོགས་ཀྱི་དཔེ་རྙིང་བཞི་ཙམ་བསྡུར་བ་དང་། ཀར་གླིང་ཞི་ཁྲོ་ལ་དཔལ་སྤུངས་དཔར་མ་དང་འབང་བཟོ་རིག་གནས་མདོ་དགོན་གྱི་དཔེ་རྙིང་དང་དགོན་ཁག་སོ་སོ་ནས་རྙེད་པའི་ཟིན་བྲིས་རྣམས་དཔེ་བསྡུར་བ་དང་། འོད་དཔག་ལ་མཚུར་ཕུའི་དཔར་མ་དང་དཔལ་སྤུངས་དཔར་མ་སོགས་དཔེ་རྙིང་ལྔ་དྲུག་ཙམ་བསྡུར། ཚེ་སྒྲུབ་གསང་འདུས་ཀྱི་ཟིན་བྲིས་ལ་ཕྱོགས་སོ་སོ་ནས་རྙེད་པའི་ལེའུ་ཚན་རྣམས་དཔེ་བསྡུར། ཐུགས་སྒྲུབ་ཡང་སྙིང་འདུས་པའི་ཟིན་བྲིས་ལ་མཁར་མགོ་དགོན་དང་གེ་ཆགས་དགོན་གྱི་དཔེ་གཉིས་ལས་ཕྱི་མ་ལ་གཞི་བཟུང་། དཀོན་མཆོག་སྤྱི་འདུས་ལ་དཔེ་མང་པོ་ལས་ངོམ་གནས་མདོ་དགོན་གྱི་དཔེ་ལ་གཞི་བཟུང་། གུ་རུ་དྲག་པོའི་སྐོར་ལ་གེ་ཆགས་ཀྱི་དཔེ་རྙིང་དང་། ལྷ་ཐོག་སོགས་ནས་བཙལ་བའི་ལེའུ་ཚན་མང་པོ་ལས་


CMR060_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གེ་ཆགས་ཀྱི་དཔེ་ལ་གཞི་བཟུང་བ་དང་། གུར་དྲག་འབྲུ་འགྲེལ་ནི་དཔེ་རྙིང་བཞི་ཙམ་ལས་ཟུར་མང་གི་དཔེ་རྙིང་ལ་གཞི་བྱས། གོ་ཆ་ལྷ་ལྔ་ནི་དཔལ་ཡུལ་དཔེ་རྙིང་ལ་གཞི་བྱས། བཀའ་བརྒྱད་སྐོར། རི་བོ་ཆེ་དང་། ངོམ་གནས་མདོ། ལྕགས་ཟམ་ཁ་ཤ་སྤྲུག་ཚང་བཅས་དཔེ་བཞི་ལས་ཕྱི་མ་ལ་གཞི་བྱས། འཇམ་དཔལ་ཁྲོ་ཆུ་ཀི་ཀང་ཚེ་བདག་ཕ་རོལ་རྒོལ་འཇོམས་འཆར་ཁ་བཅས་ཀྱི་སྐོར། མདོ་གཞུང་གནས་མདོ། ཉག་ལ་དང་སྤྱི་ཐག་ཨ་མྱེ་སོགས་ཀྱི་དཔེ་རྙིང་དང་། ཕྱོགས་གཞན་ནས་བཙལ་བའི་ལེའུ་ཚན་མང་ཙམ་ཡོད་པ་རྣམས་དཔེ་བསྡུར་ཞིང་། ཁྱད་པར་ཀཾ་ཀང་སྐོར་ནི། རྨུགས་སངས་དཔེ་རྙིང་ལ་གཞི་བྱས། ཐུགས་རྗེ་གསང་འདུས་ཀྱི་ཟིན་བྲིས་སྐོར། མགར་དགོན་གྱི་དཔེ་རྙིང་དང་འབང་གནས་མདོ་དགོན་གྱི་དཔེ་རྙིང་ཁ་ཤས། རྒྱ་གར་ནས་འབྱོར་བའི་དཔེ་རྙིང་དཔེ་དེབ་བཅས་ལས་གཙོ་བོ་མགར་དགོན་དཔེ་རྙིང་ལ་གཞི་བཟུང་། རྟ་མགྲིན་ནག་པོའི་སྐོར། ཉིག་ལའི་འཕྲག་ལུ་ཚང་། རྨུགས་སངས་དང་ཀརྨ་དགོན། ཁྱུང་པོ་ཁོག་དང་རི་ཆེའི་ཕྱོགས་ནས་རྙེད་པའི་དཔེ་རྙིང་རྣམས་ལས། ཀརྨ་དགོན་གྱི་དཔེ་རྙིང་ལ་གཞི་


CMR060_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་། ཕུར་པའི་སྐོར། སྡེ་དགེའི་དཔར་མ་དང་། འབང་གནས་མདོ་དགོན་གྱི་དཔེ་རྙིང་ཁག་དང་། རབ་འབྱོར་དགོན་དང་ཟུར་མང་གི་དཔེ་རྙིང་བཅས་བསྡུར། སེང་གདོང་མའི་སྐོར། དིལ་ཡག་དགོན་དང་གོ་ཆེ་དགོན། རྨུགས་སངས་དང་དཀར་པོ་ཚང་གི་དཔེ་རྙིང་རྣམས་ལས་ཕྱི་མ་ལ་གཞི་བཟུང་། ཁྲོས་ནག་སྐོར། རབ་འབྱོར་དགོན་དང་རིགས་གསུམ་རྩེ། ཆོས་འཁོར་གླིང་གི་དཔེ་རྙིང་རྣམས་ལས་རབ་འབྱོར་དགོན་གྱི་དཔེ་རྙིང་ལ་གཞི་བཟུང་། བཀའ་གཏེར་སྤྱི་ཁབ་སྐོར། ཚངས་གསར་བློ་གྲོས་རིན་ཆེན་གྱི་ཕྱག་དཔེ་དབང་པོད། ལྷོ་ཀུན་བཟང་གི་དབང་པོད། སྔར་གྱི་པར་རྙིང་དབང་པོད་ཅིག་སོགས་དཔེ་ཚན་མང་པོ་བསྡུར་བ་དང་། རྡོ་རྗེ་ཕྲེང་བའི་དབང་ཆོག་སྐོར། མགར་དགོན་དཔེ་རྙིང་དང་རྨུགས་སངས་ཀྱི་དཔེ་རྙིང་ལས་ཕྱི་མ་ལ་གཞི་བཟུང་། རྡོར་ཕྲེང་དབང་གི་མཚམས་སྦྱོར་ལ། དིལ་ཡག་དགོན་གྱི་དཔེ་རྙིང་དང་། འབྲུག་ལུགས་ཀྱི་རྡོར་ཕྲེང་བཅས་ཞིབ་བསྡུར་བྱས། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས། མི་གསལ་བའི་སྐོར་ཁ་ཤས་སྟག་ལུང་སྦྱོང་རྒྱུད་ལ་ཡང་བསྡུར། སྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་རྩའི་སྐོར། དཔེ་རྙིང་མཐའ་མ་


CMR060_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བ་གཅིག་དང་། འབྲུག་ལུགས་དང་རྒྱ་གཞུང་བཅས་ལ་བསྡུར། གཅིག་ཤེས་ཀུན་གྲོལ་སྐོར། སྟེང་ཆེན་དང་ལྕི་སྨད་ཕྱོགས་ནས་རྙེད་པའི་དཔེ་རྙིང་ལ་གཞི་བཟུང་། བདེ་མཆོག་ཟིན་བྲིས་ཇ་དགོན་རྒན་ཚེ་རྡོར་གྱི་ཕྱག་དཔེ་ཨ་རཱ་གའི་ཕྱག་བྲིས་སུ་གྲགས་པའི་དཔེ་རྙིང་ལ་གཞི་བྱས། རྒྱལ་རྒྱམ་ལྷ་དགུའི་ཟིན་བྲིས་སྐོར། དཔལ་སྤུངས་དཔར་མ་སོགས་དཔེ་རྙིང་ཁ་ཤས་དང་། བསྐང་སྤུངས་དང་ཟློག་སྤུངས་གཉིས་ལ་དཔེ་ལྔ་དྲུག་ཙམ། རྒྱལ་རྒྱམ་དོན་འགྲེལ་ནི། ལྷ་ཐོག་དཔར་མ་དང་། རབ་འབྱོར་དགོན་གྱི་དཔེ་རྙིང་ཨ་རཱ་གའི་ཕྱག་བྲིས་ལས་ཞལ་བཤུས་པར་གྲགས་པ་དང་། ཇ་དགོན་རྒན་ཚེ་རྡོར་གྱི་དཔེ་རྙིང་རྣམས་ལས་ཨ་རཱ་གའི་ཕྱག་བྲིས་ལས་ཞལ་བཤུས་པར་གྲགས་པ་ལ་གཞི་བཟུང་། རྒྱལ་རྒྱམ་ལྷ་ལྔའི་ཟིན་བྲིས་སྐོར། རྒན་ཚེ་རྡོར་གྱི་དཔེ་རྙིང་དང་འབེ་ཕུར་པའི་དཔེ་རྙིང་གཉིས་ལས་ཕྱི་མ་ལ་གཞི་བཟུང་། གསང་སྔགས་ནང་གཏོར་གྱི་བཅའ་ཐབས་ཟིན་བྲིས་དཔེ་རྙིང་བཞི་ལྔ་ཙམ་བསྡུར། ཕྱག་བཞི་པའི་སྐོར་ལས་མཚལ་མ་རྒྱས་པ་ལ་འབང་གནས་མདོ་དགོན་གྱི་དཔེ་རྙིང་དང་སྡོམ་ཁའི་གནས་མདོའི་དཔེ་རྙིང་སོགས་དཔེ་རྙིང་མང་པོ་


CMR060_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་བསྟར་བ་དང་། བེར་ཆེན་དང་མ་མགོན་ཞལ་སྦྱོར་གྱི་སྐོར། ལྷོ་བན་ཆེན་གྱི་དཔེ་རྙིང་ལ་གཞི་བཟུང་། དམ་ཅན་སྐོར་ངོམ་ཆགས་མེད་ཀྱི་ཕྱག་དཔེ་ལ་གཞི་བྱས། རི་ཆོས་ལ་དཔལ་སྤུངས་དཔར་མ། ལྷ་སའི་དཔར་མ། བྲིས་མ་དཔེ་རྙིང་འགའ་ཤས་བཅས་ལས། གཙོ་བོ་དཔལ་སྤུངས་དཔར་མ་ལ་གཞི་བཟུང་། རྒྱུད་སྡེ་རྒྱ་མཚོའི་སྦྱིན་སྲེག་ཇ་དགོན་གྱི་དཔེ་རྙིང་དང་། ལྕི་སྨད་ཕྱོགས་ནས་རྙེད་པའི་དཔེ་གཉིས་ལས་སྔོན་མ་ལ་གཞི་བཟུང་། བསང་སྐོར། འབང་གནས་མདོ་དགོན་དང་། སྡོམ་ཁའི་གནས་མདོ། རབ་འབྱོར་དགོན་བཅས་ཀྱི་དཔེ་རྙིང་རྣམས་ལས། གཙོ་བོ་སྔོན་མ་ལ་གཞི་བཟུང་། གཏོ་མདོས་སྐོར། ཕྱོགས་སོ་སོ་ནས་བཙལ་བའི་དཔེ་རྙིང་མང་ཙམ་ཡོད་པ་རྣམས་ཞིབ་བསྡུར་བྱས། མགོ་གསུམ་སྐོར། གེ་ཆགས་དཔེ་རྙིང་ལ་གཞི་བཟུང་། ཛཾ་ལྷའི་སྐོར་ཕྱོགས་ཕན་ཚུན་གྱི་དཔེ་རྙིང་བཞི་ལྔ་ཙམ་བསྡུར། ལྷག་པར་ཛ་དམར་སྐོར་ནི་སྨུགས་སངས་དཔེ་རྙིང་དང་། ལྕི་སྨད་ཕྱོགས་ཀྱི་དཔེ་རྙིང་གཉིས་དཔེ་བསྡུར། དགྲ་ཆོས་སྐོར། རྨུགས་སངས་དང་། དཀར་ལེབ་དཔེ་རྙིང་རྣམས་ལས་ཕྱི་མ་ལ་གཞི་བྱས། །བུམ་སྒྲུབ་ཞལ་


CMR060_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ནི། ཇ་དགོན་དང་རི་ཆེ། དཀར་ལེབ་དཔེ་རྙིང་སོགས་བཞི་ལས་ཕྱི་མ་ལ་གཞི་བྱས། གཅོད་སྐོར། དཔལ་སྤུངས་དཔར་མ་དང་བསྟན་རྒྱས་གླིང་དཔར་མ། དབུས་པར་གཅིག་དང་དཔེ་རྙིང་བྲིས་མ་ཁ་ཤས་ལ་དཔེ་བསྡུར། དམར་ཁྲིད་འགྲོ་དོན་རྒྱ་མཚོ། རི་ཆེའི་དཔེ་རྙིང་དང་རྟ་རྣའི་དཔེ་རྙིང་། བལ་ཡུལ་ཆགས་མེད་ཕྱག་ནས་འབྱོར་བའི་དཔེ་རྙིང་བཅས་ལས་ཕྱི་མ་གཙོ་བོར་བྱས། དམར་ཁྲིད་རྒན་མོ་མཛུབ་ཚུགས། ངོམ་གྱི་དཔེ་རྙིང་དང་། རི་ཆེའི་དཔེ་རྙིང་ལས་ཕྱི་མ་ལ་གཞི་བྱས། རྒྱལ་རབས་དང་དག་ཡིག་སྙན་ངག་ས་རྩིས་སྐོར། ལྷ་ཐོག་དཀར་ལེབ་ཀྱི་མ་དཔེ་དང་གསེར་རྟ་བླ་རུང་སོགས་ཀྱི་དཔེ་ལ་དཔྱད་བསྡུར་བྱས། རྒྱབ་ཆོས་སྐོར། དིལ་ཡག་དགོན་དང་འབང་གནས་མདོ་དགོན། ཇ་དགོན་རྒན་ཚེ་རྡོར་གྱི་དཔེ་རྙིང་སོགས་དཔེ་རྙིང་དགུ་ལས་རྒན་ཚེ་རྡོར་གྱི་དཔེ་རྙིང་ལ་གཞི་བྱས། རྫོགས་ཆེན་སངས་རྒྱས་ལག་འཆང་། འབང་གནས་མདོ་དགོན་གྱི་གྲྭ་མཁྱེན་རབ་ཀྱི་དཔེ་རྙིང་དང་། རྒྱུ་ནི་མཁན་ཚེ་དཔག་རྡོ་རྗེའི་དཔེ་རྙིང་གཉིས་ལ་དཔེ་བསྡུར་བྱས་པ་ལྟ་བུའོ། །དཔེ་བསྡུར་དང་ཞུ་དག་གི་སྐབས་སུ་རྒན་ཚེ་རྡོར་ལགས་ཀྱིས་


CMR060_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཆོས་ཡོངས་རྫོགས་ཀྱི་མ་ཡིག་དང་བུ་དཔེ་གཉིས་ཆར་ལ་ཞིབ་གཟིགས་ཀྱིས་ཞུ་ཆེན་ལན་གཉིས་གནང་བ་དང་། མཁན་པོ་བསོད་ནམས་ཀྱིས་གསུང་ཆོས་ཕལ་ཆེ་བའི་བུ་ཡིག་ལ་ཞུ་དག་གནང་མཛད་པ་དང་། མཁན་པོ་ཨོ་རྒྱན་ཚེ་རིང་ནས་ཀྱང་གསུང་ཆོས་ཀྱི་བུ་ཡིག་མང་ཙམ་ལ་ཞུ་དག་གནང་ཞིང་། གཞན་ཡང་མཁན་པོ་ཚེ་དབང་བཀྲ་ཤིས་དང་མཁན་དབང་འདུས་སོགས་མཁན་པོ་བཅུ་ཕྲག་གཉིས་ལྷག་དང་། དགེ་རྒན་བུ་ཚེ་དང་། འཆི་མེད་དཔལ་བཟང་སོགས་དགེ་རྒན་བཅུ་གཉིས་ཙམ་གྱིས་ཀྱང་བུ་ཡིག་གི་པོ་ཏི་མང་པོ་ལ་བརྡ་དག་གི་ཆ་ནས་ཞུ་དག་བཀའ་དྲིན་སྐྱོང་གནང་མཛད་ཡོད། དེ་བཞིན་གྲྭ་ཚུལ་ཁྲིམས་ནོར་བུས་གཙོས་པའི་སྡོམ་ཁའི་གནས་མདོ་དགོན་གྱི་གྲྭ་བཙུན་རྣམས་ཀྱིས་ཀྱང་དཔེ་བསྡུར་ཚར་གཉིས་ཀྱི་ཕྱག་རོགས་གནང་ཡོད། ཐ་མ་འབྲུ་ཞུས་ཀྱི་གཏན་འབེབས་ཇི་ལྟར་བྱས་པའི་ཚུལ་ནི། ཆགས་མེད་ཉིད་ཀྱི་གསུང་འཁྲུལ་མེད་དུ་སྣང་བའི་སྔགས་ཡིག་སྐོར་དང་། བརྡ་རྙིང་། ཡུལ་སྐད་སྐོར་འགའ་རེ་ནི་དེང་སང་གི་བརྡ་དག་གི་གཞུང་དུ་མི་སྣང་ཡང་རྡོ་རྗེའི་གསུང་ལ་བཅོས་ལྷད་མི་འབྱུང་བའི་ཆེད་སོར་བཞག་བྱས་ཡོད་པ་སྟེ། དཔེར་ན། སྒོམ་ལ། བྷེ་ཞེས་པ་ལྟ་བུ་ལེགས་


CMR060_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་དང་། སླ་ང་ལ། གཙང་ང་དང་། གླེན་པ་ལ། འགྱ་ཕོ་དང་། ཆོ་ག་སྐྱར་འདོན་བྱེད་པ་ལ། འདོན་ཝིག་ཅེས་པ་ལྟ་བུ་ཡུལ་སྐད་རྣམས་ནི་མ་དཔེ་ཇི་བཞིན་སོར་འཇོག་བྱས་ཤིང་། གཞན་བོད་ཡིག་གི་བརྡ་སྤྱོད་པའི་ཆོས་ཉིད་དང་འགལ་བའི་ཕྲད་དང་བྱ་ཚིག་མིང་ཚིག་གི་སྐོར་བཅོས་པར་བློས་ལྕོགས་པ་ཕལ་ཆེ་བ་ནི་སུམ་རྟགས་དག་གསུམ་དང་མཐུན་པར་ལེགས་པར་བཅོས་ཤིང་དག་པར་གཏན་ལ་ཕབ་ཡོད་པ་ལས། གཟུ་ལུམ་དང་འོལ་ཚོད་ཀྱིས་བཅོས་པ་ནི་ཆེར་མེད་སྙམ་དུ་སེམས་མོད། འོན་ཀྱང་ཆོས་ཀྱི་མིག་དང་མི་ལྡན་པའི་དབང་གིས་རྡོ་རྗེའི་གསུང་བྱིན་རླབས་ཅན་རྣམས་ལ་ཐ་མལ་པའི་ཚིག་གིས་བསླད་པ་ཡོད་སྲིད་ན་ཆོས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་བཟོད་པར་མཛོད་ལ། ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་བཀའ་ཡི་ཆད་པ་མི་འབེབས་པར་གསོལ་བ་འདེབས་པ་ལགས། གཞན་མཐོང་རྒྱ་དང་ཐོས་རྒྱུ་ཆུང་ཞིང་ཁ་ཕོར་གཙང་འཛིན་གྱི་མངོན་ཞེན་ཅན་རྣམས་ཀྱིས་ཀྱང་འཐེན་


CMR060_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་ཉི་ཤུ་ལྷག་གིས་དཔེ་བསྡུར་དང་ཞུ་དག་གནང་བ་ལའང་ཡིད་རྟོན་རིགས་པའི་ཕྱིར་རོ།། ཡང་རྗེ་ཉིད་ཀྱི་གསུང་ཆོས་སུ་གྲགས་པ་འགའ་རེ་ནི་ཞིབ་ཏུ་དཔྱད་པ་ན་མིན་པར་སྣང་བས་དཔེ་ཚོགས་འདིའི་ནང་དུ་མ་བསྡུས་པ་སྟེ། དཔེར་ན། རཏྣའི་ཕུར་པ་ཡང་གསང་བླ་མེད་ཀྱི་ཆོག་འགྲིགས་ནག་འགྲོས་སུ་བཀོད་པ་ཆགས་མེད་ཉིད་ཀྱིས་མཛད་པར་གྲགས་པ་ཞིག་ལག་སོན་བྱུང་ཡང་། རྗེ་ཉིད་ཀྱི་ཟིན་བྲིས་ཤིག་ལས་གཏེར་གཞུང་དངོས་ལ་བཅོས་སྣོན་གནང་མེད་པར་གསུངས་འདུག་པ་ལས་དཔྱད་ན་རྗེ་ཉིད་ཀྱི་གསུང་དངོས་མིན་ངེས་སུ་འདུག་པས་གསུང་འབུམ་འདིར་བསྡུ་བའི་ཐབས་མ་བྱུང་བ་ལྟ་བུ་ཡིན། གསུང་འབུམ་གྱི་གོ་རིམ་སྒྲིག་སྟངས་ནི། བླ་མ་སྐལ་བཟང་རིན་ཆེན་ཉིད་ཀྱིས་ཆགས་སྤྲུལ་བདུན་པ་༧ཕྲིན་ལས་ཀུན་ཁྱབ་རིན་པོ་ཆེ་མཆོག་དང་། ཇ་པ་སངས་རྒྱས་བསྟན་འཛིན་རྣམ་གཉིས་སོགས་ལ་བཀའ་འདྲི་དང་དགོངས་སྐོར་ཞུས་ཤིང་། ཁྱད་པར་དུ་བླ་རྒན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་ཉིད་ནས་དཀར་ཆག་རགས་རིམ་བཀོད་དེ་གནང་བ་བཞིན་རྩ་བ་གསུམ་གྱི་རིམ་པ་ལྟར་བྱས་པ་སྟེ། ཐོག་མར་བླ་མ་དང་། དེ་ནས་ཡི་དམ། དེ་ནས་མཁའ་འགྲོ། མཇུག་ཏུ་ཆོས་སྐྱོང་གི་སྐོར་བཞག་ཡོད་


CMR060_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ནང་གསེས་བླ་མའི་སྐོར་ལ་ཆོས་ལོངས་སྤྲུལ་གསུམ་དང་། ཡི་དམ་སྐོར་ལ་གུ་དྲག་དང་། བཀའ་བརྒྱད། འཇམ་དཔལ་ཞི་དྲག །ཐུགས་གསང་། རྟ་ནག་སོགས་རྙིང་མའི་ཡི་དམ་གྱི་སྒྲུབ་སྐོར་དང་། སེང་གདོང་མ་དང་། ཁྲོས་ནག་སོགས་རྙིང་མའི་མཁའ་འགྲོའི་སྐོར་དང་། དེ་ནས་བཀའ་གཏེར་སྤྱི་ཁྱབ་ཀྱི་དབང་སྐོར་དང་། དེ་ནས་རྡོ་རྗེའི་ཕྲེང་བ། སྒྲུབ་ཐབས་རྒྱ་མཚོ། ངན་སོང་སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཉིས། རྒྱལ་རྒྱམ་དང་། ཕག་མོ། བདེ་མཆོག་སོགས་གསར་མའི་ཡི་དམ་གྱི་སྒྲུབ་སྐོར་དང་། ཕྱག་བཞི་པ་དང་། མ་ནིང་། བེར་ནག་ཅན། དུད་སོལ་མ་སོགས་ཆོས་སྐྱོང་དང་ནོར་ལྷའི་སྐོར་དང་། དེ་ནས་རི་ཆོས་མཚམས་ཀྱི་ཞལ་གདམས་སོགས་བསྙེན་སྒྲུབ་སྤྱིའི་ཡན་ལག་གི་སྐོར་དང་། དེ་ནས་མདོ་ལུགས་ཀྱི་ཆོ་ག་ཕྲན་ཚེགས་སྐོར་དང་། དེ་ནས་བསང་དང་། གཏོ་མདོས། ཞི་རྒྱས་དབང་དྲག་གི་ལས་ཚོགས་སྐོར། གསུང་མགུར་དང་ཁྲིད་ཀྱི་སྐོར། ཟབ་མོ་གཅོད་ཀྱི་སྐོར། དེ་ནས་དག་ཡིག་དང་སྙན་ངག་ས་དཔྱད་དང་རྩིས་སོགས་ཐུན་མོང་རིག་པའི་གནས་རྣམས་རྗེས་འབྲེལ་གྱི་ཚུལ་དུ་བཀོད་ཅིང་། དེ་ནས་བཀའ་


CMR060_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་གྱི་གདམ་གཏད། མཇུག་བསྔོ་བ་དང་སྨོན་ལམ་གྱིས་མཐའ་རྒྱན་པ་བཅས་དཀར་ཆག་གི་ནང་དུ་གསལ་བ་ལྟར་བཀའི་འབུམ་དངོས་ཀྱི་གོ་རིམ་མཐར་ཆགས་སུ་བཀོད་དེ་བསྒྲིགས་པ་དང་། མཇུག་ཏུ་དབང་དང་ཆོག་ཁྲིག་བསྙེན་ཟིན་དང་ལས་མཐའ་སྐོར་རྗེ་ཉིད་ཀྱིས་མཛད་པའི་བཀའ་གཏེར་རྩ་གཞུང་གལ་ཆེན་རྣམས་སོར་བཞག་བྱས་ཏེ་མདོར་བསྡུས་སུ་བཀོད་ཡོད། དེ་ཡང་གསུང་འབུམ་འདི་པར་དུ་བསྐྲུན་སྐབས་དཔལ་རྒྱལ་བ་གནས་མདོ་བཀའ་བརྒྱུད་ཀྱི་བསྟན་པའི་མངའ་བདག་ཆེན་མོ་ཆགས་སྤྲུལ་བདུན་པ་༧ཕྲིན་ལས་ཀུན་ཁྱབ་རིན་པོ་ཆེ་མཆོག་ནས་ཞུ་དག་གི་འགྲོ་གྲོན་སྒོར་༧༢༠༠༠། གསེར་ཊ་༣། འཛམ་གླིང་རོགས་སྐྱོར་ཚོགས་པའི་དབུ་འཛིན་མཆོག་སྤྲུལ་ཨ་དཀོན་རིན་པོ་ཆེ་ནས་བཀའ་འབུམ་གྱི་མ་དཔེ་ཚོལ་བསྡུ་དང་རྩིས་འཕྲུལ་དུ་བླུག་པ་ཞུ་དག་གི་འགྲོ་གྲོན་ཆེད་སྒོར་༦༠༠༠༠༠གནང་དེའི་ནང་ནས་རིན་མེད་པ་བཀའ་འབུམ་ཆ་༡༡༠ཕུལ། མགོན་པོ་དགོན་བསྟན་གྲགས་སྤྲུལ་སྐུ་ཚེ་དབང་རིན་པོ་ཆེ་བརྒྱུད་བསོད་ནམས་རྒྱ་མཚོའི་དུས་དེབ་ཁང་ནས་རྩིས་འཕྲུལ་ཆ་གཉིས་སོགས་དང་། དེ་བཞིན་དཔལ་ཡུལ་མ་དགོན་གྱི་སྤྲུལ་ཐུབ་བཟང་རིན་པོ་ཆེ་མཆོག་ནས་པར་བསྐྲུན་ཞལ་འདེབས་སྒོར་༢༠༠༠༠། བླ་རུང་གི་


CMR060_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་མཆོག་ནས་སྒོར་༡༠༠༠༠དང་། ལྷོ་ཆགས་མེད་ནས་སྒོར་༡༠༠༠༠། ངག་དགའ་སྤྲུལ་སྐུ་ནས་སྒོར་༡༠༠༠༠། སྡོམ་ཁའི་གནས་མདོའི་སྤྲུལ་ཆོས་གྲགས་དཔལ་བཟང་ནས་སྒོར་༥༠༠༠། སྤྲུལ་བྱང་ཆུབ་ནས་སྒོར་༥༠༠༠། སྤྲུལ་ཀུན་དགའ་བསོད་ནམས་ནས་སྒོར་༣༠༠༠། རྒྱ་གར་ཀརྨ་ནས་སྒོར་༨༥༠༠། བདེ་མོ་སྤྲུལ་སྐུ་སངས་གྲགས་ནས་སྒོར་༡༠༠༠། མགོན་པོ་མགོན་གྱི་གྲྭ་དཔལ་ལྡན་ནས་སྒོར་༡༠༠༠༠། ཟུར་མང་གར་དབང་སྒོར་༡༠༠༠། འབོང་གསར་མཁྱེན་བརྩེ་ནས་སྒོར་༡༣༠༠། མངའ་རིས་ཀླུ་ཁང་དགོན་གྱི་བཅོ་ལྔ་རིན་པོ་ཆེ་ནས་སྒོར་༡༥༠༠། ཇ་དགོན་བླ་མ་བདུད་འདུལ་ནས་སྒོར་༡༠༠༠། ར་སྤྲུལ་བླ་མ་ཕྲིན་ལས་དཔལ་བཟང་ནས་སྒོར་༡༠༠༠། ཁོང་ནེ་ཨ་བརྟན་ཕུན་ཚོགས་ནས་སྒོར་༡༠༠༠་། བླ་མ་ནོར་བུ་ནས་སྒོར་༡༠༠༠། མངའ་རིས་ལོ་བོ་བདེ་ཆེན་དགོན་གྱི་གྲྭ་ཀརྨ་ཚུལ་ཁྲིམས་ནས་སྒོར་༥༠༠། བྲག་ནག་རྗེ་དྲུང་ནས་༣༠༠། ཟུར་མང་རོལ་རྡོར་སྒོར་༥༠། ཤ་གྲགས་ཨ༎ སྤྲུལ་སྐུ་ནས་སྒོར་༥༠། ཨ་ཚོས་སྤྲུལ་སྐུ་སྒོར་༢༠། ཁྲོ་རུ་ཨ་ནམ་སྤྲུལ་སྐུ་ནས་སྒོར་༢༠། བསྟན་འཛིན་རབ་རྒྱས་སྒོར་༢༠༠། ནང་ཆེན་ཞུ་མེ་ནས་སྒོར་༡༠༠༠། ཟླ་བར་སྒར་དགའ་འབྱུང་


CMR060_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྒོར་༥༠༠། རྡོ་ཁྲམ་ཚོང་པ་དབང་ཕྱུག་ཚེ་རིང་ནས་སྒོར་༡༠༠༠། ནང་ཆེན་ཉིན་ཁང་བློ་བཟང་ཚང་གིས་ལོ་ངོ་བདུན་གྱི་ཡུན་ལ་ལས་སྒྲུབ་ཁང་དང་། སྡོད་ ཁངགཡར next hit་ཞིང་། ལས་སྒྲུབ་པ་རྣམས་ལ་ཞབས་ཞུ་དང་། འཚོ་བའི་མཐུན་རྐྱེན་གྱི་ཁ་སབ་སོགས་བདག་རྐྱེན་ཕུན་སུམ་ཚོགས་པ་མཛད། ཟི་ལིང་མཁར་དུ་གནས་སྡོད་བྱས་པའི་ནང་ཆེན་ཚོང་པ་རབ་འབྱོར་ནས་པར་སྐྲུན་བགྱི་བའི་ཐོག་མཐའ་བར་གསུམ་གྱི་བྱ་བ་མཐའ་དག་གི་འགན་ལེན་བྱས་པ་དང་། ནང་ཆེན་དཀོན་མཆོག་ལྷ་སྐྱབས་ཀྱིས་ཟི་ལིང་དུ་སྡོད་previous hit ཁངགཡར ་པོ་མཛད་པ་སོགས་ལ་བརྟེན་ནས་རྣམ་དཀར་གྱི་བྱ་བ་འདི་ལེགས་གྲུབ་བྱུང་བ་ལགས། དེ་ལྟར་གསུང་འབུམ་འདི་ལེགས་གྲུབ་ཀྱི་སྐལ་བ་བཟང་པོ་དངོས་སུ་ཤར་བའི་སྐབས་འདིར་ང་ཚོས་ཆེས་ཞུ་འོས་ཤིང་ཞུ་འདོད་པ་ནི། གོང་དུ་སྨོས་པ་ལྟར་གསུང་འབུམ་འདི་ཉིད་པར་དུ་སྐྲུན་པར་མ་དངུལ་གྱི་མཐུན་རྐྱེན་སྦྱོར་མཁན་དང་། དཔེ་བསྡུར་ཞུ་དག་གི་ཕྱག་རོགས་གནང་མཁན། མ་ཡིག་སྲུང་ཉར་དང་འདོན་སྤྱོད་བྱེད་མཁན་གྱི་དགོན་པ་དང་ཁྱིམ་ཚང་ཁག ལས་ཀའི་ཞབས་ཞུ་སྒྲུབ་མཁན་གྱི་མི་སྒེར་བཅས། ལས་ཀ་འདིའི་ཐོག་མཐའ་བར་གསུམ་དང་འབྲེལ་བ་ཡོད་པའི་མི་


CMR060_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་རྣམས་ཀྱི་ལྷག་བསམ་དང་གྲོགས་དན་ལ་རྗེས་དྲན་ཞུ་རྒྱུ་དེ་ཡིན་པ་སྟེ། གལ་ཏེ་ཁོང་དག་གི་མཐུན་འགྱུར་དང་རོགས་རམ་མེད་ཚེ་གསུང་འབུམ་འདི་ཉིད་དངོས་སུ་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་བསྟར་རྒྱུ་རྨི་ལམ་ཙམ་དུ་འགྱུར་ཞིང་། ད་ལན་གསུང་འབུམ་འདི་ཉིད་ལེགས་གྲུབ་སྒོས་སྐྱེ་རྒུ་རྣམས་ཀྱི་བསོད་ནམས་ཀྱི་དཔལ་དུ་ཤར་བ་ཡང་ཁོང་ཅག་གི་ལྷག་བསམ་རྣམ་པར་དག་པས་མཐུན་རྐྱེན་བསྐྲུན་ཅིང་རོགས་རམ་གནང་བའི་རྒྱུ་རྐྱེན་རྟེན་འབྲེལ་གྱི་ནུས་པ་དུས་སུ་སྨིན་པའི་སྟོབས་ཀྱིས་བྱུང་བ་ལགས་པས་སོ། །དེས་ན་ང་ཚོས་ཀྱང་བར་སྐབས་འདི་ནས་ཁོང་རྣམས་ལ་བཀའ་དྲིན་དང་མཛད་རྗེས་སྙིང་བཅང་གི་སྒོ་ནས་བླ་ན་མེད་པའི་རྗེས་དྲན་དང་སྙིང་ཐག་པ་ནས་གུས་འདུད་ཞུ་བ་ཡིན། འོན་ཀྱང་དགོན་པ་དང་དུད་ཚང་ཉུང་ཤས་ཤིག་གིས་དཔེ་མཛོད་དག་དཔེ་ཆ་གཞན་ལ་སྟོན་པར་ཐུགས་དོག་དང་བཀའ་རྒྱ་ནན་མོ་མཛད་འདུག་པས། དེ་རྣམས་སུ་དཔེ་ཆ་གང་ཡོད་ཤེས་རྟོགས་མ་ཐུབ། དེར་བརྟེན་དཀར་ཆག་རྙིང་པ་ལས་གསལ་བ་ལྟར་ན། ཡོད་ངེས་ཀྱི་དཔེ་ཆ་རྔོག་དཀྱིལ་དང་གཅོད་དབང་བརྒྱ་རྩ་ཛམ་སེར་སོགས་མང་པོ་ཞིག་ལག་འབྱོར་མ་བྱུང་ཞིང་། སྔ་མོའི་ངག་རྒྱུན་


CMR060_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དཔག་ན་ད་དུང་དཔེ་ཆ་མང་ཙམ་ཡོད་ལས་ཆེའང་ལག་ལ་འབྱོར་ཐབས་མ་བྱུང་བས་ཡིད་ཕམ་པ་ལས་གཞན་བྱ་ཐབས་བྲལ། དེ་བས་ཁྱེད་དགོན་པ་དང་དུད་ཚང་སུ་ཡིན་རུང་གསལ་བཤད་འདིར་ཞིབ་གཟིགས་མཛོད་ལ་རྒྱུན་ཆད་ལ་ཁད་པའི་བསྟན་པ་འདི་ཉིད་ལ་ལྷག་བསམ་གྱི་ཐུགས་ཁུར་ཟབ་མོ་རེ་གནང་སྟེ། བསྟན་པ་སྲུང་བར་ཁ་གཡར་ནས་དོན་ལ་བསྟན་པ་རྩད་ནས་གཅོད་པའི་སེར་སྣ་དང་འཇུར་གེགས་ཀྱི་བཀའ་རྒྱ་དོམ་པ་ཡི་དྭགས་གཏེར་སྲུང་ལྟ་བུའི་བྱ་སྤྱོད་སྤངས་ནས་དཔེ་ཆ་རྟོག་ཞིབ་པ་རྣམས་ལ་གཟིགས་འབུལ་དང་འདོན་སྤྲོད་གནང་བར་རེ་བ་ཟློསྙིང་ནས་ཞུ། འདིར་ཁྱེད་རྣམ་པའི་མཚན་སྨོས་ན་མཁྱེན་ལྡན་རྣམས་ཀྱིས་བསྟན་པའི་སྲོག་གཅོད་ཅེས་ཁ་ཟེར་བར་འགྱུར་བས་མཚན་དངོས་སུ་སྨོས་མེད་ལ་སོ་སོས་མཁྱེན་པར་མཛོད་ཅིག །ཅེས་ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས། ནང་ལོ་༢༥༥༣ཕྱི་ལོ་༢༠༡༠བོད་རྒྱལ་ལོ་༢༡༣༦ལོའི་ཟླ་ཚེས་དགེ་བར་མདོ་སྨད་ཙོང་ཁའི་གྲོང་ཁྱེར་ཟི་ལིང་མཁར་ནས་བྲིས། དཔེ་རྫི་འདི་དཔེ་ཆ་འདི་དང་འབྲལ་དུ་མི་རུང་ངོ་།།


previousདཔལ་རྒྱལ་བ་གནས་མདོ་བཀའ་བརྒྱུད་ཀྱི་བསྟན་པའི་ཤིང་རྟ་ཆེན་པོ་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་གསལ་བཤད་མདོར་བསྡུས།next