Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
བཅུ་གགཉིས་པ། བལ་ནག་པོ་འབའ་ཞིག་གི་སྤང་བ་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅུ་གགཉིས་པ། བལ་ནག་པོ་འབའ་ཞིག་གི་སྤང་བ་བསྟན་པ།next

བཅུ་གགཉིས་པ། བལ་ནག་པོ་འབའ་ཞིག་གི་སྤང་བ་བསྟན་པ།


DKG006_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། དེའི་ཚེ་ན་དགེ་སློང་དག་ལུག་པ་ལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་དང་། བྱེད་


DKG006_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཇུད་དེ། དགེ་སློང་དག་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་དང་། བྱེད་དུ་འཇུག་པ་ན་ལུག་བལ་ནག་པོ་འབའ་ཞིག་དཀོན་ཞིང་རིན་ཆེ་བས་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་། ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་བར་བྱེད། ལུག་བ་ལ་ནག་པོ་འབའ་ཞིག་འདོད་པ་དང་། ལུག་བལ་ནག་པོ་འབའ་ཞིག་གི་དོན་ཉིད་དུ་འོངས་པ་དག་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་ཡང་དང་ཡང་དུ་རིག་པར་བྱེད་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར། དགེ་སློང་དག་ལུག་གི་བལ་ནག་པོ་འབའ་ཟིག་གི་སྟན་སར་པ་བྱེད་པ་དང་། བྱེད་དུ་འཇུད་དེ། དགེ་སློང་དག་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་དང་། བྱེད་དུ་འཇུད་པ་ན་ལུག་བལ་ནག་པོ་འབའ་ཞིག་དཀོན་ཞིང་རིན་ཆེ་བས་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་། ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་བར་བྱེད། ལུག་བལ་ནག་པོ་འབའ་ཞིག་འདོད་པ་དང་། ལུག་བལ་ནག་པོ་འབའ་ཞིག་གི་དོན་ཉིད་དུ་འོངས་པ་དག་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་ཡང་དང་ཡང་དུ་རིག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུབ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྨས་པ། དགེ་སློང་དག་ཁྱེད་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་བ་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདོད་པ་


DKG006_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་དང་། ཆོག་མི་ཤེས་པ་དང་། གསོ་དཀའ་བ་དང་། དགང་དཀའ་བ་རྣམ་པར་སྨད་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། གསོ་སླབ་དང་། དགང་སླབ་དང་། ཕྲིབ་དང་། ཡོ་བྱད་བསྙུངས་པ་དང་། སྦྱངས་པའི་ཡོན་ཏན་དང་། མཛེས་པ་དང་། དྲོད་རིག་པ་ཉིད་ཀྱི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །ལུག་བལ་ཞེས་བྱ་བ་ནི་ལུག་གི་བལ་ལོ། །ནག་པོ་འབའ་ཞིག་གི་ཞེས་བྱ་བ་ནི་ནག་པོ་བཞི་སྟེ། །རང་བཞིན་གྱིས་གནག་པ་དང་། སྔོ་བས་གནག་པ་དང་། འདམ་ཁ་དང་། ཁམ་པའོ། །སྟན་ཞེས་བྱ་ནི་སྟན་གཉིས་ཏེ། ནང་ཚངས་ཅན་དང་། རླིངས་པ་སྟེ། དོན་འདིར་ནི་རླིངས་པ་ཡིན་པར་དགོངས་སོ། །སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ། གསར་པས་སར་པ་དང་། རྙེད་པས་སར་པ་སྟེ། དོན་འདིར་ནི་གསང་པས་སར་པ་ཡིན་པར་དགོངས་སོ། །བྱེད་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ། གཞན་བྱེད་དུ་འཇུད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཆུན་པོ་དང་། འདའ་བ་དང་། ཕུང་པོ་ལས་ཏེ། དགེ་སློང་གིས་ལུག་བལ་ནག་


DKG006_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འབའ་ཞིག་དག་གི་ཆུན་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་ཇི་སྲིད་དུ་སྟན་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། སྟན་བྱས་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ལུག་བལ་ནག་པོ་འབའ་ཞིག་དག་གི་འདའ་བ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་ཇི་སྲིད་དུ་སྟན་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། སྟན་བྱས་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ལུག་བལ་ནག་པོ་འབའ་ཞིག་དག་གི་ཕུང་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་ཇི་སྲིད་དུ་སྟན་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། སྟན་བྱས་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ལུག་བལ་ནག་པོ་འབའ་ཞིག་དག་གི་ཚུན་པོ་དང་། འདའ་བ་དང་། ཆུན་པོ་དང་། ཕུང་པོ་དང་། འདའ་བ་དང་། ཆུན་པོ་དང་། ཕུང་བོ་དང་། ཕུང་པོ་དང་། ཆུན་པོ་དང་། ཕུང་པོ་དང་། འདའ་བ་དང་། ཆུན་པོ་དང་། འདའ་བ་དང་། ཕུང་པོ་འབྱེད་པར་བྱེད། འཇིག་པར་བྱེད་རྨེལ་བར་བྱེད་ཅིང་ཇི་སྲིད་དི་སྟན་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། སྟན་བྱས་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བྱས་ཟིན་པ་རྙེད་པ་དང་། བྱས་ཟིན་པ་ལ་ཡོངས་སུ་ལོངས་སྤྱོད་པ་དང་། རྙེད་པ་མངོན་པར་འདུ་བྱེད་པ་ལ་ལྟུང་བ་མེད་དོ། །ལས་དང་བོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བལ་ནག་པོ་འབའ་ཞིག་གི་སྤང་བ་སྟེ་བཅུ་གཉིས་པ་རྫོགས་སོ། །


previousབཅུ་གགཉིས་པ། བལ་ནག་པོ་འབའ་ཞིག་གི་སྤང་བ་བསྟན་པ།next